ཚེ་སྲོག་གི་ཆེད་དུ།

བསྟན་འཛིན།

4.14ཁམས་ཡུལ་ཤུལ་སྐྱེ་དགུ་མདོའི་ས་འགུལ་དུས་དྲན་ལ་ཕུལ།

1.རང་བྱུང་གི་གནོད་ཚེ།ས་འགུལ།
ས་འགུལ་ནི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་ཚབ་ཤིན་ཏུ་ཆེ་བའི་མིའི་རིགས་ཀྱིས་ཟློག་ཐབས་མེད་པའི་རང་བྱུང་གི་གནོད་ཚེ་ཞིག་སྟེ།དེའི་འབྱུང་རྐྱེན་ནི་མེ་རི་འབར་གས་ཀྱིས་རྐྱེན་པ་དང་།སྐར་རྡོ་ས་ཐོག་ཏུ་ལྷུང་བས་འབྱུང་བ།ས་འོག་གི་འབར་རྫས་གཞན་འབར་ཞི་ལས་ས་ཁུང་བརྡིབ་པ།ཚད་འཐུག་པའི་ས་འོག་གི་འཁྱགས་རོམ་ཞུ་བས་དུང་ཁ་བརྡིབ་པ།ས་འོག་གི་གཏེར་ཁ་སྔོག་འདོན་བྱས་པས་བྱུང་བ་སོགས་ཚད་རིམ་ཆེ་ཆུང་གང་རུང་ཡིན་པའི་རང་བྱུང་གི་གོད་ཆག་གཅིག་ཡིན།

2.ས་འགུལ་རྒྱུན་ཤེས།
1༽སྔོན་དཔག་བྱེད་ཐུབ་མིན། མིག་སྔའི་ཚན་རིག་ལས་རིགས་ཁག་གིས་བརྟག་འབྲས་ལྟར་ན་དུས་ཚོད་འདི་དང་ས་ཆ་འདི་ཞེས་ས་འགུལ་བརྟག་ཆས་སོགས་ཀྱིས་ཤེས་རྟོགས་ཚད་ངེས་ཅན་ཞིག་བྱེད་ཐུབ་ཀྱིན་མེད་པ་མངོན་གསལ་ཡིན་པ་དང་།ས་འགུལ་བྱུང་རྗེས་ཀྱི་ཚད་རིམ་ཆེ་ཆུང་ཤེས་ཀྱི་ཡོད་མོད།འདིར་རང་བྱུང་ཁམས་ཀྱི་སྐྱེ་དངོས་སྲོག་ཆག་གཞན་དག་གི་ཚོར་ནུས་ཀྱིས་ཤེས་ཐུབ་ཀྱི་ཡོད་པ།དཔེར་ན།ས་འགུལ་མ་བྱུང་སྔོན་བྱ་རིགས་སོགས་ས་གཞན་དུ་འགྲོ་བ།ཁྱི་འུར་བ།བྱི་བ་སོགས་ས་འོག་གི་སྲོག་ཆག་ས་ཁར་ཐོན་པ་སོགས་མངོན་བརྟག་མངཔོ་འབྱུང་བར་བཤད་འདུག།
2༽གནོད་ཚེ་སྔོན་འགོག་བྱེད་ཐབས། ས་འགུལ་གཏན་ནས་འགོག་པའི་ཐབས་མེད་མོད།སྲིད་གཞུང་སྡེ་ཁག་དང་དུད་ཁྱིམ་རེ་རེའི་རང་ས་ནས་སྤྱི་སྤྱོད་གཞུང་ལས་ཁང་པ་དང་སློབ་ཁང་སོགས་ས་འགུལ་སྔོན་འགོག་ཐུབ་པའི་ཁང་པ་བཟོ་བསྐྲུན་བྱེད་པ་དང་།བརྙན་འཕྲིན་ཚག་དེབ་སོགས་ཀྱི་སྟེང་ས་འགུལ་རྒྱུན་ཤེས་སྔོན་བསྒྲགས་ཀྱིས་སྤྱི་དམངས་ཀྱི་རང་སྲུང་ཤེས་རྟོགས་གོང་འཕེལ་གཏོང་བ།མི་བཟོས་རང་བཞིན་ཅན་གྱི་ས་འགུལ་འགོག་པའི་ལས་གཞི་སྤེལ་བ།ཆོས་ལུགས་བྱེད་སྒོའི་ཐོག་ནས་སྨོན་ལམ་འདེབས་པ་སོགས་བྱེད་དགོས།།
3༽ས་འགུལ་རྗེས་ཀྱི་འཚོལ་སྙེལ།ས་ཞིག་ཁང་བརྡེབ་ཀྱི་ཁྲོད་དུ་མིའི་ཚེ་སྲོག་གང་ལྟར་ན་འཚོ་ལམ་དུ་སྙེལ་དགོས་པས་ན།དང་པོ།གནོད་ཐེབས་མི་དམངས་རང་ཉིད་ནས་ཁང་འོག་ཏུ་ཤོར་བའི་ཚེ་སྲོག་སྐྱོབ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་དང་པོ་རེད།དེའང་ཚེ་སྲོག་སྐྱོབ་པའི་གསེར་ལྟ་བུ་དུས་ཚོད་72རིང་ལ་རེ་བ་གཏན་ནས་ལྷོད་མི་རུང་།གཉིས་པ།བརྙན་འཕྲིན་གསར་འགྱུར་ལས་རིག་གིས་ཀྱང་གཙོ་སྒྲོགས་བྱེད་རྒྱུ་སྐབས་ཐོག་དེའི་ས་འགུལ་སྐོར་ཁོ་ན་ཡིན་པ་རེད།རང་བྱུང་གི་གནོད་ཚེར་རྒྱལ་འཚམས་མེད་པར་སྙིང་རྗེའི་རོག་སྐྱོར་ཚོགས་པ་དང་།མི་སྒེར་དང་བླང་བ་སུ་ཞིག་གི་བརྩེ་བ་ཡིན་ན་དུས་སྐབས་དེར་སྲིད་གཞུང་སྡེ་ཁག་གིས་བཀག་འགོག་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད།གསུམ་པ།སྨན་བཅོས་དང་བཟའ་འབྲུ་གྱོན་པ་སྡོད་གུར་སོགས་གནོད་ཐེབས་ས་ཁུལ་ལ་འབོར་འདྲེན་བྱེད་པ་དང་སྨད་མ་ཚབ་ཆེན་རིགས་ས་གནས་གཞན་པའི་སྨན་ཁང་སོགས་ལ་སྐྱལ་ཐབས་བྱེད་པ།བཞི་པ།སྐྱོབ་མ་ཐུབ་པའི་ས་འོག་གི་མི་རང་ཉིད་ཟ་མ་དང་ཆུ་ཉེ་ས་རུ་ཡོད་ན་འདངས་ཚོད་དང་རྟེན་ནས་ཟ་བ།ཟུར་གྱི་ཤིང་ཆག་རྡོ་སོགས་ཡོད་ན་ལུས་ཐོག་ཏུ་ཁང་ཞིག་བརྡབ་མི་ཡོང་ཆེད་རང་གི་ཉེ་འཁོར་དུ་སྐྱོར་འདེག་པ།ལྔ་པ།བྲག་གཟར་སྦབ་རྡོ་མི་ཡོང་ས་ས་དང་གྱང་སོགས་མི་བརྡེབ་པའི་ཐང་ཆེན་དཀྱིལ་སོགས་སུ་སྡོད་སྒར་བྱེད་དགོས་པ་སོགས་མང་པོ་ཞིག་ས་འགུལ་རྒྱུ་ཤེས་སྐོར་གཞན་ནས་ཤེས་པར་བྱའོ།།

3.འཇུག་བསྡུ་བའི་ཚུལ་གྱིས་གོང་གི་སྔོན་འགོག་སྐོར་སྐྱར་བཤད་བྱེད་པའི་ཆེད་དོན།
དེ་སྔ་བྱུང་ཟིན་པའི་འདས་དོན་ནི་འདས་དོན་རང་ཡིན་ཏེ་མྱ་ངན་དང་བཅས་འཇོག་པ་ལས་མ་འོང་པར་ཕྱིར་ལྡོག་བྱེད་རྒྱུ་གང་ནས་ཡོད།ངས་འདིར་བཤད་དོན་པའི་གཙོ་གནད་དེ་ནི་ང་ཚོའི་མ་འོང་པའི་ཚེ་སྲོག་རྒྱུ་ནོར་ལ་གོད་ཆག་ཆེན་པོ་མི་འབྱུང་བའི་ཆེད་༼ཚེ་སྲོག་གི་ཆེད་དུ༽ཞེས་ཁ་བྱང་སྤྱད་དེ་དཔྱད་གླེང་གསུམ་གྱི་ཐོག་ནས་རེ་སྐུལ་ཞིག་བྱེད་འདོད་པ་དེ་ཡིན།
དང་པོ།སློབ་ཁང་སོགས་སྤྱི་ཚོགས་ཀྱི་ལས་འགུལ་སྤེལ་སའི་གཞུང་སྒྲུབ་ཁང་བདེ་འཇག་དང་སྤུས་ཚད་ལྡན་པར་བཟོ་བསྐྲུན་བྱེད་རྒྱུ་ནི་སྲིད་གཞུང་སྡེ་ཁག་གང་རུང་ཞིག་གི་རང་ཉིད་གཞུང་ཞབས་པ་ཞིག་ཡིན་པའི་ཚད་ནས་སྤྱི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་ཡོད་པའི་འོས་འགན་ཡིན།དེ་ལྟར་མ་ཡིན་པར་ཁོ་ཚོ་སྒེར་གྱིས་སྐོག་དངུལ་ཟོས་ནས་ཁང་པའི་བཟོ་བསྐྲུན་ཚད་གཞི་ཅན་མ་གྲུབ་པ་ཡིན་ན།ཚེ་སྲོག་བརྒྱ་སྟོང་ལ་སྤྱན་ཚབ་སྤྲོད་དགོས་ངེས་རེད།ང་ཚོ་སྤྱི་དམངས་ཀྱི་ངོས་ནས་ཉེས་འགལ་ཅན་དེ་དག་ཁྲིམས་ཐོག་ལ་སྐྱེལ་བའི་ཐོབ་ཐང་ཡང་ཡོད།
གཉིས་པ། འཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་ཡོད་པ།མི་འགའ་ཤས་ཀྱིས་བཤད་ན་གཏེར་ཁ་སྔོག་འདོན་གྱིས་ས་བདག་འཁྲུག་པ་དང་ས་བཅུད་ཉམས་པ་སོགས་ཀྱི་རྐྱེན་པས་ས་འགུལ་འབྱུང་བར་བཤད་མོད་བདེན་མིན་མི་ཤེས།ཐག་ཆོད་པ་ཞིག་ལ་ས་འོག་ཏུ་ཡོད་པའི་ཕོན་ཆེན་པོའི་གཏེར་ཁ་སྔོག་པ་ལ་བརྟེན་ནས་ས་གཅིག་ལ་གཅིག་འབྲེལ་བའི་བཅུས་འཁྲུག་དང་དུང་ཁ་བརྡིབ་པས་ས་འགུལ་འབྱུང་གི་ཡོད་པ་ནི་མངོན་གསལ་རེད་པས་འཁོར་ཡུལ་སྲུང་སྐྱོབ་བྱེད་དགོས།
གསུམ་པ།སྤྱི་དམངས་རེ་རེའི་རང་སྲུང་གི་འདུ་ཤེས་སད་རྟོགས་ཡོངས་རྒྱུ་ནི་རྩ་བའི་ནང་གི་རྩ་བ་ཡིན་པར་འདོད།རྒྱལ་དམངས་རེ་རེའི་སྤུས་ཚད་ཀྱིས་རྒྱལ་ཁབ་དེའི་བདེ་འཇག་དང་སྟོབས་ཤུག་ཀྱང་མཚོན་ཐུབ་ཀྱི་ཡོད་པས་དེའི་ཕྱིར་ས་འགུལ་རྒྱུན་ཤེས་ལ་སྤྱི་དམངས་རེ་རེ་ནས་ཤེས་ཤིང་རྟོགས་པའི་དགོས་གལ་ཆེའོ།།

Making a fashion splash with ladies t shirts
VIDEO PORNO XXX as were ties and blazers

Put a little 'TWIST' into your fashion
Wedding Dresses 6 items secretly have you act like a jerk

The Benefits of Owning a Leather Jacket
VIDEOS PORNO but if you want real originality and special drive towards cuteness

raw denim with kevlar and removable armor intrigued me xpost from r
Free Games Some rooms and two room suites feature refrigerators and microwaves

Barriers in Making the Classroom Interactive and Integrated
pornos Even as the DVDs were released in the 2000s

Beauty Lifestyle Expo in DC on September 10
PORNO FRANCAIS new york magazine's form vit page

Cloud Plays Critical Role in NCOIC Disaster Response Demonstration
PORNO XXX So get your radiance on and try the french cut

Best Jeans For Curvy Women
Free Porno Wife Preheat oven to 375F
བསྟོད།6

抱歉,评论已关闭!