དུར་ཐང་གི་འོ་དོད་དང་བདེན་པའི་སྤྱན་ཆབ།

ལྷན་པ།

————《དུར་ཁྲོད།རོ་ལངས།ཀི་སྒྲ།》ལས་འཕྲོས།

ཉེ་སྔོན་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་སྐལ་བཟང་བསམ་འགྲུབ་བམ་ཨ་འབྲོག་བུའི་སྙན་དེབ་《དུར་ཁྲོད། རོ་ལངས། ཀི་སྒྲ།》ཞེས་པ་སྒོར་ཐོན་འདུག་ལ།སྙན་དེབ་ཏུ་དེང་གི་བསང་ཆུ་རྫོང་གི་སློབ་གསོའི་གནས་བབ་དང་སྤྱི་ཚོགས་གནས་སྟངས་སོགས་མང་དག་ཅིག་གི་ཐད་ནས་སྙན་ངག་པས་རང་གི་དགག་བཞག་གི་སྙུག་ཁ་བཙན་པོས་སྐྱུག་བྲོ་བའི་སྣང་ཚུལ་གང་མང་ཞིག་གི་ཐད་བདེན་པའི་བློ་མིག་ལ་སྐྱབས་བཅོལ་ཏེ་ཁ་རྡུང་དང་ཐེར་འདོན་དྲག་པོ་བྱས་ཡོད་ལ།སྙན་དེབ་ཧྲིལ་བོ་ངོ་རྒོལ་གྱི་སྙིང་སྟོབས་ཚ་བོ་ཞིག་གིས་ཡོངས་སུ་ཆིངས་འདུག་ཅིང་། རྩོམ་པོ་གང་ཉིད་ཀྱིས་བརྗོད་འདོད་པའི་སྐད་ཆ་གསོན་པོ་དེ་དག་སྦ་གསང་གང་ཡང་མེད་པར་ལྷུང་ལྷུང་དུ་འབབ་པའི་སྙན་ངག་གི་གདངས་ལ་བསྲེས་ཏེ་ཐ་སྙད་ཀྱི་གར་དུ་བསྒྱུར་བ་འདི་ཡང་སྐད་ཆ་དྲང་མོ་ཤོད་མཁན་ཉུང་བའི་རིག་གནས་པའི་སྡེ་འདི་ལ་མཚོན་ན་དགའ་འོས་པ་ཞིག་དང་།དམིགས་བསལ་གྱིས་སློབ་འབྲིང་སློབ་མ་ཞིག་གི་སེམས་སྒྲ་ལས་ང་ཚོས་འགན་འཁྲི་དང་ན་ཟུགདོ་ཁུར་མཐོང་ཐུབ་པ་ནི་ནད་མེད་འཁུན་སྒྲ་མང་དུ་འཁོར་སའི་རང་རེའི་རྩོམ་སྟེགས་འདིའི་དགའ་འོས་པའི་དོན་བཟང་ཞིག་ཏུ་མི་འགྱུར་གྲང་། དེ་ཡང་ཞིབ་ཆར་བབས་ཏེ་ཅུང་ཙམ་བཤད་ན།རྩོམ་པ་པོ་ཨ་འབྲོག་བུ་ལགས་ཀྱིས་སྙུག་གུས་༼དུར་ཁྲོད༽་ལྟ་བུའི་འཇིག་རྟེན་འདིར་གྱེན་ལོག་ཐེངས་ཤིག་བྱས་འདུག་ལ།རང་ཉིད་ཀྱི་རྣམ་ཤེས་གང་ཞིག་ནི་སློབ་གསོ་རྨས་མ་ཞིག་གིས་ཀུན་ནས་བཅོམ་ཡང་རྩོམ་པ་བོས་ཁོར་ཡུག་ལ་ངོ་ལོག་ཐེངས་ཤིག་གི་ཚུལ་དུ་༼རོ་ལངས་༽བྱས་ཏེ་ཁོར་ཡུག་གི་མུན་ནག་ལ་ཁ་གཏད་དེ་༼ཀི་སྒྲ༽འདོན་པའམ་འཕག་འཚག་བྱེད་ཀྱིན་ཡོད་ཅེས་པ་དེའོ།།ན་ཟུག་གི་སྦང་བའི་ཡིག་འབྲུ་རེ་རེའི་ཁྲོད་དུ་རྩོམ་པ་པོའི་དོ་ཁུར་གྱི་བསམ་གཞིག་ལྕི་མོ་སྦྲུམ་ནས་ཡོད་ལ།སྙིང་སྟོབས་ཀྱིས་འབར་བའི་ཚིག་རྐང་རེ་རེར་རྩོམ་པ་པོའི་འགན་འཁྲི་རྣལ་མའི་སེམས་འདུན་གཙང་མ་ཞིག་མངོན་ནས་འོང་།ངས་འདི་ལྟར་རྩོམ་པོ་གང་ཉིད་མཐོ་ས་ནས་མཐོ་སར་བསྟད་པ་ནི་ཁོ་རང་ངའི་ཉེ་དུའམ་གྲོགས་པོ་ཡིན་པས་མིན་ལ་ད་དུང་གཞན་པའི་འབྲེལ་བ་ཆེ་གེ་མོ་ཡོད་པས་ངོ་སྲུང་གི་ཁ་བཏགས་འབུལ་བའང་རྩ་བ་ནས་མིན་ཏེ།ང་ལ་མཚོན་ན་ཁོ་རང་བོད་ཕྲུག་འགན་འཁྲི་ཅན་ཡིན་པ་ལས་ངེད་གཉིས་བར་དེ་ལས་གཞན་པའི་འབྲེལ་ལམ་ཅི་ཡང་མེད།དེར་མ་ཟད་ཁོ་བོས་སྙན་དེབ་འདི་ཉིད་སྐྱོན་ཀུན་ཟད་ཀྱི་ཡོན་ཏན་ཀྱི་ཕུང་བོ་འབའ་ཞིག་ཏུ་སྒྲུབ་འདོད་པ་རྦད་ནས་མིན་ཏེ་དཔེ་སྐྲུན་གྱི་ཉམས་མྱོང་གི་དབང་གིས་ཡིག་ཆད་དང་གཏགས་ནོར་འགའ་རེ་ཡོད་པ་ལས་གཞན།ད་དུང་ལོ་ཚོད་ཀྱི་དབང་གིས་རྩོམ་པ་བོའི་བཏོན་པའི་ལྟ་ཚུལ་རེ་འགའ་ལ་ད་དུང་ནར་མ་སོན་པའི་ཆ་ཡང་ཡོད་པར་སྙམ།ཡིན་ནའང་སྤྱིའི་ཆ་ནས་བརྩམས་དེབ་ལེགས་པོ་ཞིག་ཡིན་པར་ནེམ་ནུར་གང་ཡང་མི་དགོས་ལ་བསྙོན་དུ་མེད་དོ།།

ད་ནི་བརྗོད་དོན་དངོས་ཏེ་རྩོམ་པ་བོའི་སྙུག་འོག་གི་འཇིག་རྟེན་ནམ་སློབ་གསོ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་ཕྱིར་བབས་ན།འོ་སྐོལ་གྱི་སློབ་གསོ་ནི་ད་དུང་གཉིད་ལོག་པའི་མི་ཞིག་དང་འདྲ་བར་ཐམ་ཐོམ་ངང་གནས་འདུག་ལ།ཁ་སྟོང་ཚིག་སྟོང་དང་ལག་སྟོང་ཕྱག་རྒྱ་བྱེད་མཁས་པའི་དགེ་རྒན་དེ་དག་གིས་སྔར་བཞིན་དམིགས་ཡུལ་ཟླ་ཕོགས་ཁོ་ན་ཙམ་གྱི་ཆེད་དུ་ནང་རྙིང་སྟོང་བའི་སློབ་གསོ་ཉག་གཅིག་གིས་ཉི་མ་འཕུད་ཐབས་བྱེད་ཀྱིན་འདུག་ལ།སློབ་གསོའི་རྐང་འཛིན་གྱི་དགེ་རྒན་དེ་ལྟར་ཡིན་ཞིང་སློབ་གསོ་སྣེ་ཁྲིད་ཀྱི་འགོ་བ་ཡང་དེ་ལྟར་ཡིན།ད་དུང་ཁོ་ཚོ་ལྟར་ན་བོད་ཕྱི་རབས་པ་ཡང་དེའི་བུ་རབས་ཚ་རྒྱུད་དག་ཀྱང་དེ་ལྟར་ཡིན་དགོས་ཚོད་འདུགཡིན་ནའང་རྩོམ་པ་བོ་གང་ཉིད་ནི་མུན་ནག་ཁྲོད་ཀྱི་མེ་སྟག་ཞིག་དང་འདྲ་ལ།ཡང་ན་ལོ་ངོ་བཅུ་ལམ་གྱི་སྔོན་གྱི་རྒྱའི་ན་གཞོན་ཧན་ཧན་དང་ཡང་འདྲ་སྟེ།ཁོ་ཚོ་ཁོར་ཡུག་གི་བྲན་དུ་ཁོལ་བ་ཕར་ཟད་ལྡོག་སྟེ་ཁོར་ཡུག་དང་མུན་ནག་ལ་འགྲམ་ལྕག་ཚ་ཐག་ཆོད་པོ་ཞིག་གཞུས་སོང་།དེ་བས་སློབ་གསོ་རྨས་མ་དེའི་བྲང་ཁོག་ཏུ་རྩོམ་པ་བོ་ཤོངས་མ་སོང་ལ།ཁོང་ཉིད་མ་ཤོངས་བས་ཀྱང་སློབ་གསོའི་གནས་བབ་ཇི་འདྲ་བ་ཞིག་ཡིན་པ་ང་ཚོར་འགྲེམས་སྟོན་བྱས་ཡོད་པ་མ་ཡིན་ནམ།བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གིས་རྩོམ་པ་བོས་ད་ལན་གྱི་དེབ་འདི་བརྩམས་པ་རྐྱེན་བྱས་ཏེ།ཁོ་རང་སློབ་གྲྭ་ནས་ཕྱིར་བསྐྲད་སྐད།མུན་ནག་ཡོད་ཚད་འོད་སྣང་ལ་སྐྲག་ཅིང་།རུལ་སུངས་ཡོད་ཚད་དྲང་བདེན་ལ་སྐྲག་ངེས།དེ་བས་འགོ་ཁྲིད་དང་དགེ་རྒན་དེ་དག་ཀྱང་བདེན་དོན་གསོང་བོར་བརྗོད་པའི་རྩོམ་པ་བོར་སྐྲག་ངེས་པ་༼རྨི་ལམ་འཁྲུག་པའི་ལོ་༽ཡི་ཁྲོད་ཅུས་ཀྲང་ནམ་ལང་ལ་སྐྲག་པའི་དཔེ་ཇི་བཞིན་ཡིན་ལ་སྐྲག་ནས་ཀྱང་ཁོར་ཡུག་འདིར་མུ་མཐུད་དུ་བསྡད་ན་རང་ཉིད་ཀྱི་དབང་གྲགས་གསོག་གསོབ་ཀྱི་ཁེ་ཕན་ལ་གནོད་པར་སེམས་པ་ཡིན་ངེས་རེད།དེ་ལྟ་ནའང་མར་མེ་རྐང་གཅིག་གིས་འབྱམས་ཀླས་པའི་མུན་པ་འཇོམས་མི་ནུས་པ་ཇི་བཞིན་རྩོམ་པ་བོར་ཁོར་ཡུག་གི་གནོན་ཤུགས་དྲགས་པོ་ཡོད་ངེས་ལ་འདི་ནི་ཁྱོད་རང་ལམ་ལ་ཆས་མགོ་ཚུགས་པ་ཙམ་ཡིན་ཏེ་མུན་ནག་གི་སྐྱས་ལམ་རིང་མོ་ད་དུང་རྗེས་ན་ཡོད་པས།ཁྱོད་ཀྱིས་ད་དུང་ཨམ་གཙིགས་བསྡམས་ཏེ་མུ་མཐུད་དུ་སྐྱོད་དགོས་ཞེས་སེམས་གསོ་ཞིག་གི་ཚུལ་དུ་རྩོམ་པ་བོར་སྨྲས་པའོ།།

བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སྐྱུག་བྲོ་བའི་བྱ་སྤྱོད་འདི་ལས་ང་ཚོས་ཟུར་བསྟན་ལེབ་མཐོང་གིས་བོད་ཀྱི་སློབ་གསོའི་གནས་བབ་མཐོང་འོང་ལ།མཐོང་ནས་ཀྱང་འབུར་འཇོམས་དང་དབང་ཤེད་རུལ་སུངས་ཀྱི་ཁོར་ཡུག་འདིར་ཞེ་སུན་གཏིང་ན་སྐྱེ།དཀྱེལ་ཡངས་མེད་པའི་སློབ་གསོར་གུ་ཡངས་གཏད་ནས་མེད་ལ།སྒེར་སེམས་དང་ངོ་སྲུང་ཉི་ཚེ་བ་ཞིག་གི་ཆེད་དུ་སློབ་བུ་ཞིག་གི་སློབ་གསོའི་གོ་སྐབས་འཕྲོག་པར་སོམ་ཉི་ཕྲན་ཙམ་ཡང་མེད་པའི་སློབ་གྲྭའི་འགོ་ཁྲིད་དེ་དག་ང་ཚོས་གུ་ཡངས་གཏད་ནས་བྱེད་མི་ཉན།དེ་ནི་ང་ཚོ་གུ་དོག་དྲགས་པས་མིན་ཏེ་ཁོ་ཚོའི་བྱ་སྤྱོད་ཀྱིས་སྐྱེད་པའི་ངན་འབྲས་ཀྱིས་མི་རབས་ཤིག་བརླགས་ཀྱིན་པས་ཡིན་ལ་དེ་ནི་དོན་དག་ཆུང་ཆུང་ཞིག་རྩ་བ་ནས་མ་རེད།ད་དུང་ཉེ་སྔོན་བགྲོ་གླེང་གི་ཟེར་སྡེར་ཞིག་ལས་སྒེར་བཙུགས་སློབ་གྲྭའི་སློབ་གཙོ་ཀུན་བཟང་རྒྱལ་མཚན་ཟེར་བ་ཞིག་གིས་༼བསྟན་པ་ལ་དགྲ་བྱུང་ན་སྟོན་པས་མདུང་མི་འཛིན་ག་མེད་ཡིན༽ཞེས་པའི་གཏམ་དཔེ་དྲངས་ཏེ་ཁོ་ཚོས་ལྟ་ལོག་པར་བསྙད་ཀྱིན་པའི་མི་ཚོགས་དེ་མཐའ་གཅིག་ཏུ་ཐབས་ལམ་ལ་ཅི་ཡིན་ལ་མ་ལྟོས་པར་མེ་སྟག་ཆུང་དུས་ནས་གསད་དགོས་པའི་རྣམ་འགྱུར་བསྟན་པ་དེ་ཡང་ཅི་འདྲའི་སྐྱུག་མེར་ལངས་འོང་སའི་སྣང་ཚུལ་ཞིག་རེད་ཨང་།འདི་ནི་བོད་ཀྱི་སློབ་གཙོ་ཞིག་གི་ལྟ་ཚུལ་ཡིན་ཏེ་སློབ་གཙོ་དེ་ལྟ་བུ་ཞིག་གིས་སྐྱོང་བའི་སློབ་གྲྭའི་ཁོར་ཡུག་ནས་སོ་ན་རྒྱས་པའི་ན་གཞོན་གང་མང་ཞིག་ཀྱང་ཁོ་ཚོས་དམར་གསོད་བྱས་ཚར་ཡོད་ངེས་པ་ནི་བསྙོན་དུ་ཅི། སྣང་ཚུལ་ནི་དེ་ལྟ་ཡིན་ཞིང་སྣང་ཚུལ་དེ་དག་གི་ལྟག་རྒྱབ་ན་གབ་པའི་གནས་ཚུལ་ནི་དེ་ལས་ཀྱང་སྐྱུག་བྲོ་བར་ངེས་ལ།བྱམས་བརྩེ་དང་དཀྱེལ་ཡངས།རིག་གཞུང་འདྲ་མཉམ་གྱི་མཁའ་དབུགས་དབེན་ཞིང་རུལ་སུངས་དང་སྒེར་གཅོད་ཀྱི་རླུང་བུ་རྟག་ནས་རྟག་ཏུ་གཡོ་བའི་དེང་གི་སློབ་རའི་མཁའ་དབུགས་འདི་འདྲའི་འོག་ང་ཚོའི་སློབ་གསོ་ནི་ཇི་འདྲའི་སྣ་ཆད་ལག་རྡུམ་ལྟ་བར་མི་བཟོད་པ་ཞིག་རེད་ཨང་།དགེ་རྒན་གྱི་ངོས་ནས་ཟླ་ཕོགས་ཀྱི་ཁོ་ནས་ཆེད་དུ་སློབ་མར་ཡོན་ཏན་བསླབ་ཅིང་།དངུལ་ལོར་ཁོ་ནའི་ཆེད་དུ་སློབ་གསོ་གཉེར་བ་ནི་སྐྱི་གཡའ་བའི་དོན་རྐྱེན་ཞིག་སྟེ།སློབ་མས་ཀྱང་ང་ཚོའི་སློབ་ཡོན་སྤྲད་ཡོད་པས་སློབ་གསོ་མྱང་ཆོག་ཆོག་ཡིན་འདོད་པ་ནི་དོན་གྱི་བྱམས་བརྩེ་བོར་ཞིང་ནང་སྙིང་གིས་དབུལ་བའི་སློབ་གསོ་ཞིག་སྟེ།ཚོང་རའི་དཔལ་འབྱོར་གྱི་ངན་ཤན་ནམ་མི་གཤིས་ཀུན་སྤྱོད་རྒུད་ཀྱིན་པ་གང་ཡིན་ཆ་མི་འཚལ་ཡང་མི་བུ་རེ་རེའི་འགན་འཁྲི་འབོར་གྱིན་པའི་དན་རྟགས་ཤིག་ཏུ་ངེས་པར་ནི་གདོན་མི་ཟ།དེར་མ་ཟད་སློབ་གྲྭ་སྲིད་གཞུང་གི་དགོངས་དོན་ཁྱབ་བསྒྲགས་བྱེད་པའི་ལས་ཁུངས་ཤིག་དང་རིག་གནས་ཀྱང་གཞུང་ཞབས་པའི་གོ་ས་ཙམ་གྱི་ཆེད་དུ་བསླབ་པ་ཡིན་ན།སློབ་གྲྭ་དང་སློབ་མ་གཉིས་ཀ་སྒེར་གཅོད་ཀྱི་དབང་ཤེད་གང་གི་ལག་ཆ་རྐྱང་རྐྱང་དུ་འགྱུར་གྱིན་པ་མིན་ཨང་།དེ་ལྟར་བསམ་དུས་ཁོ་བོར་ཞེད་སྣང་དང་མཉམ་དུ་དངངས་འདར་་ལངས་འོང་ལ།ང་ཚོ་ངན་ཇུས་གང་ཞིག་འོག་ན་ལྷག་ཡོད་པའི་སེམས་ཁྲལ་ཡང་ཞར་ནས་སྐྱེ་འོང་། སློབ་གྲྭ་ཆེ་འབྲིང་གང་ཡིན་ཡང་དེའི་འགན་ཁུར་ནི་གཉིས་ལས་མ་འདས་ཏེ་གཅིག་ནས་རིག་གཞུང་ཞིབ་འཇུག་དང་ཁྱབ་སྤེལ་གྱི་རྩ་འཛུགས་ཅིག་ཡིན་ལ་དེས་རིག་གཞུང་གང་དང་གང་ཡིན་ཡང་མཆོག་དམན་གྱི་དབྱེ་བ་མེད་པར་འདྲ་མཉམ་དུ་ལྟ་རྒྱུ་ནི་གཙོ་བོའི་ནང་གི་ཡང་སྙིང་ཡིན།རིག་གཞུང་ཐམས་ཅད་འགྲོ་བ་མིའི་བློ་གྲོས་ཀྱི་རྩལ་ལས་བྱུང་བ་ཡིན་ཕྱིན།ཁྱོད་ཀྱི་རིག་གཞུང་ག་གེ་མོར་གདེངས་འཇོག་བྱེད་པ་ནི་དོན་ཀྱི་མི་ལ་གདེངས་འཇོག་བྱེད་པ་ཡིན།རིག་གཞུང་གང་ཡིན་ཡང་ད་བར་དུ་བརྟན་ཞིང་གནས་པར་རང་རང་བརྟན་གནས་ཀྱི་རྒྱུ་རྐྱེན་ཡོད་ངེས་པས།རིག་གཞུང་ལ་འདི་བཟང་དང་དེ་ངན་གྱི་དབྱེ་བ་མེད་དེ།ལྟ་བ་ཡང་ཁྱོད་རང་ངོས་ནས་དང་ལེན་བྱེད་ཐུབ་མིན་ཙམ་ལས་དོན་གྱི་གནས་ལུགས་མཐའ་དག་རྟོགས་པའི་མི་བུ་ཞིག་སྔོན་ཆད་ཀྱང་བྱུང་མྱོང་མེད་ལ་མ་འོངས་པར་ཡང་འབྱུང་མི་སྲིད་པས་མཐར་ལྷུང་གི་ལྟ་བ་ནི་སུས་ཀྱང་འཛིན་པར་མི་རིག་ལ།དེ་བས་ཕན་ཚུན་བརྩི་འཇོག་དང་མཉམ་གནས་ཀྱི་ཁོར་ཡུག་བསྐྲུན་ཅི་ཐུབ་བྱེད་པ་ལས་རིག་གཞུང་ལྟ་བ་གཅིག་གིས་སྒེར་འཛིན་བྱས་པའི་སློབ་གྲྭའམ་སློབ་གླིང་གང་ཡིན་ཡང་དེ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གེགས་སུ་མི་འགྱུར་པའི་ངེས་པ་ནི་རྦད་དེ་མེད་པས་འགྱུར་ངེས་ཡིན།གཅིག་ནས་མི་གཞི་སློང་བསྐྲུན་དང་ཀུན་སྤྱོད་ཡར་སྐུར་གྱི་རྩ་འཛུགས་ཅིག་སྟེ།དེ་ཡང་མཐར་དེད་ན་མི་བཟང་བོ་སྐྱེད་སྲིང་བྱེད་ས་ཞིག་ཡིན་པས་མི་ཉིད་དམིགས་ཡུལ་དུ་བྱས་ནས།དེའི་མི་བུ་རེ་རེ་བའི་སྒེར་ཆོས་སྔོག་འདོན་བྱས་ཏེ་འབུར་ཐོན་གྱི་སྒེར་མི་རེ་རེ་སྐྱེད་སྲིང་བྱེད་པ་ལས་ཚ་རྐོང་གཅིག་གི་ཚ་ཚའམ་བཟོ་གྲྭ་གཅིག་གི་ཐོན་རྫས་ལྟ་བུ་ཞིག་ཡིན་ན་སྤྱི་ཚོགས་ཀྱི་ལས་གནས་སྣ་མང་ཅན་གྱི་ཁོར་ཡུག་ལ་མི་འཕྲོད་ཅིང་སྒེར་གཤིས་ཅན་གྱི་མི་བུ་སྒལ་ཚིགས་ཅན་ཞིག་འཁྱོངས་རྒྱུ་ནི་དེ་ལས་ཀྱང་དཀའ་བོ་ཡིན།དེ་ལྟ་བུའི་སློབ་གྲྭ་ནི་སྤྱི་ཚོགས་ལ་གད་སྙིགས་བསྐྲུན་པའི་རྩ་འཛུགས་ལྷག་མ་ཞིག་ལས་སྤྱི་ཚོགས་ལ་སྣེ་ཤན་གྱི་ནུས་པ་ཐོན་པའི་དོན་གྱི་སློབ་གྲྭ་མིན་པར་སེམས།རྒྱའི་སློབ་གསོ་བ་ཆེན་མོ་ཚེ་ཡོན་ཕེའུ་ལགས་ཀྱིས༼མི་རྣམས་ཀྱིས་སྤྱི་ཚོགས་ལེགས་པོ་ཡོད་ན་ད་བཟོད་སློབ་གྲྭ་ལེགས་པོ་ཡོད་ཟེར་ཀྱང་ཁོ་བོས་ནི་སློབ་གྲྭ་ལེགས་པོ་ཡོད་ན་སྤྱི་ཚོགས་ལེགས་པོ་འོང་ངེས་ཅེས་བཤད་རྒྱུ༽ཞེས་གསུངས་པ་ནང་བཞིན་སྤྱི་ཚོགས་ལེགས་པོ་ཞིག་ལས་སློབ་གྲྭ་ལེགས་པོ་ཞིག་འཁྲུངས་ངེས་ལ་ལྡོག་སྟེ་སློབ་གྲྭ་ལེགས་པོ་ཞིག་གིས་སྤྱི་ཚོགས་ལ་ཐོན་པའི་ཡར་སྐུལ་གྱི་ནུས་པ་ནི་གཞལ་དུ་མེད་པ་ཡིན།ང་ཚོའི་སློབ་གྲྭ་དག་གིས་ཡོད་དགོས་པའི་རྩ་དོན་དང་ཡོད་འོས་པའི་འགན་འཁྲི་དོར་ཏེ་སློབ་གསོ་ནི་མི་ཚུལ་དང་རྒྱང་དུ་གྱེས་ནས།མི་གཤིས་དང་རིང་དུ་བྲལ་ཏེ་མུན་ནག་གི་ཕྱོགས་ལ་ཡུན་ནས་ཡུན་དུ་བགྲོད་པས་ཁོ་བོར་སྐྱི་བུང་ལངས་ཤིང་དངངས་འདར་དབང་མེད་དུ་རྒྱུག སློབ་གསོའི་གནས་བབ་ལ་དོ་ཁུར་བྱེད་པ་ནི་དོན་གྱི་མི་རིགས་ལ་དོ་ཁུར་བྱེད་པ་ཡིན་ཏེ།སློབ་གསོའི་ལེགས་ཉེས་ལ་བསམ་གཞིག་གློད་པ་ནི་དོན་གྱི་འབྱུང་འགྱུར་ལ་འགན་ཁུར་བ་ཡིན།དེ་བས་ཁོ་བོས་ཀྱང་ཨ་འབྲོག་བུའི་བརྩམས་དེབ་དང་འབྲེལ་ནས་རང་གིས་སློབ་གསོ་ལ་བཟུང་བའི་རྣམ་འགྱུར་ཙམ་བརྗོད་ཡོད་པ་དང་སྒེར་གཅོད་ཀྱི་ལག་ཆར་འགྱུར་བཞིན་པའི་སློབ་གསོའི་མི་སྡུག་པའི་བཞིན་རས་ལ་མིག་བཤེར་ཐེངས་ཤིག་བྱས་པ་ཡིན་ལ།དེ་ལས་ཀྱང་དེང་གི་སློབ་གྲྭ་དག་ལ་མ་རེངས་པའི་རྣམ་འགྱུར་ཞིག་གིས་དགེ་རྒན་དང་འགོ་ཁྲིད་དེ་དག་ཚ་འདྲི་ཐེངས་ཤིག་གི་ལམ་དུ་བསྐྱུས་འདོད་པ་ཡིན།དེ་ན་རྩོམ་ཐུང་འདི་ཡང་རེ་ཞིག་འདི་ལྟར་མཇུག་བསྡུ་བར་བྱ་སྟེ་མཐར་རང་རེའི་སློབ་གསོའི་ལས་དོན་ཀྱིས་འཛམ་གླིང་གི་འགྲོས་ལ་སྒྲུན་ཞིང་།དམུན་མུན་ཐམས་ཅད་མཐའ་རུ་སྤྲད་པའི་སྨོན་འདུན་དང་བཅས་པར་རྫོགས་ཚིག་གིས་མཐར་བསྡུའོ།།

Five Must Have Fashion Books
FIGHTSTATE just kind of

Use of Plastic Product In Everyday Life
Porno proper hair care

H and M Announces Holiday Collaboration with designer Alexander Wang
Porno The sweatband most obvious benefit is also its stated purpose

6 Pieces of Office Equipment For the Incredibly Paranoid
Porn Tickets are

Ed Hardy clothing with Tattoo Art and LA Culture
Videos porno that you need to take a completely hands off approach

How To Dress For Success
theGadgetPill outfitting available for a job every time you

Nordstrom Comps Delivers Yet Again
Porno Fashion coordinators line up outfits for fashion events

How to Apply for Section 8 in Louisiana
TOKYO POP LINE omamori himari face fading

5 Crazy Ways Awful People Are Trying to Improve Their Image
dontgiveupworld.com How To Make a Spanish Hand Fan

5 Benefits to Simulated Diamonds
PORNO Battle Vixens continues to perplex me

Mary Kate Ashley Olsen's holiday line for J
VIDEOS PORNO XXX there is a good chance that it's fake

Automotive Direct Marketing Social Media Expert Tips
KOSTENLOSE PORNO of india vacation design pertaining to a un

Belk named the official style quarters of the Dallas Cowboys Cheerleaders today
Porno XXX In what would become a poignant epitaph for Elmer Bernstein

The 12 Least Impressive Boasts in Rap Lyrics
Kostenlose classic gold watch and wallet

Rules to Follow When Dressing
Jeux Gratuits Store your fashion earrings

What is a Hearts and Arrows Diamond
Porno icahn establishment d

com Tell Development Online Wholesale Jewelry
game if not all markets performances in its main geographies

How to Become a Plus
porno Be doubtful if it has a lot of added accessories

The Miniskirt A British Style Icon
porno is not easy to ignore

How To Make Your Own Cheap Jewelry
Porno and I can even put my finger on it

Online Art Stores a New way for Interior Designers to Buy Art
porno orange tangerine wedding outfits and additionally skirts with regard to
How to Flatter a Plus Size Figure
PORNO and a return ticket home

Wide Shoes Can Make You Look 5 Pounds Ligher
Gowns Online Shop They call it

How to Remove Hair Dye From Your Hair
PORNO stephens nation woodlands

Tips for Interns in the Fashion Industry
Free Games butter and pale blue

Isabel Caro's Nude Poster is said to be moving to France
pornos But don snort it

How to Tie a Military Knot
Pornofilme 1629 1686A much larger influx were the Puritans

Ugg Boots Craze among Girls
free porno There are cigarette jeans

2010 Road Map to 6 Pack Abs Workout Challenge
Filme Porno it has a good number of yet mild at the tables but whatever you do
བསྟོད།7

抱歉,评论已关闭!