མཐུན་ལམ་གྱི་ཀི་སྒྲ།

གནམ་ལྕགས།

དེ་ཡང་གངས་རི་ར་བས་བསྐོར་བའི་ཡུལ་གྲུ་ཆེན་པོ་རུ་སྲིད་འབྱོར་རིག་གསུམ་གྱི་དགེ་མཚན་ལྷབ་ལྷུབ་ཀྱི་བ་དན་དཀར་པོ། ས་སྒང་གོ་ལ་ཟླུམ་པོའི་ཡང་རྩེ་རུ་མཆེད་བཞིན་པ་དེ་ནི། སྔོན་བྱོན་མེས་པོ་རྣམས་ཀྱིས་སྐུ་སྲོག་ཐེད་ལ་བོར་ནས་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་བོད་མི་རིགས་ཀྱི་རིག་གནས་དང༌། ཆ་ལུགས། གོམས་གཤིས་སོགས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་རྒྱུད་འཛིན་བྱས་ཡོང་བ་རེད་ཅེས་བཤད་ཆོག་ཆོག་རེད། འོན་ཀྱང༌། དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་འགྱུར་ལྡོག་གི་དུས་རབས་ཉི་ཤུ་བའི་གོ་རིམ་ཁྲོད་ནས་མི་རིགས་ནང་ཕན་ཚུན་འཐབ་རྩོད་དང་དམག་འཁྲུགས་བརྒྱབས་ནས་འཁྲུག་ཆེན་ཐེངས་མང་བྱུང་བའི་དུས་རབས་ཤིག་ཡིན་ཕྱིན་ལུས་ཅན་འགྲོ་བ་མིའི་རིགས་སྡུག་ལ་གཏད་པ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་རྒུད་དང་གནོད་པ་ཚབས་ཆེན་ཐེབས་པའི་དུས་རབས་ཤིག་ཀྱང་ཡིན། ལྷག་པར་དུ་བཙན་པོའི་གདུང་རབས་ཞེ་བརྒྱད་པ་འུ་དུམ་བཙན་ནམ་གླང་དར་མ་ཞེས་བྱ་བའི་སྐབས་སུ་གྲྭ་བའི་སྤྱི་ཚོགས་ཀྱི་ལམ་ལུགས་གཏོར་བཤིག་དང་འདུལ་ཁྲིམས་ཀྱི་བཅས་མཚམས་འབག་བཙོག་བཟོ་བའི་ཕམ་ཁའི་ཐོག་མ་རེད། དེའི་རྗེས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་བགྲོངས་ནས་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ཀྱིས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་འཛིན་པར་ཁ་མ་འཆམས་ནས་སྲིད་དབང་འཕྲོག་རྩོད་ཀྱི་ལས་ལ་ཞུགས་ཤིང་བློན་འབངས་རྣམས་ནི་ཕྱོགས་གཉིས་སུ་གྱེས། དེ་ལྟར་ལོ་མང་དུ་ཕན་ཚུན་གཡུལ་འཁྲུགས་བསྟུད་མར་བགྱིས་ཏེ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་འབངས་གྱེན་ལོག་གི་རླབས་ཕྲེང་ཡུལ་གྲུ་སོ་སོ་ནས་རིམ་གྱིས་མཆེད་དེ། བོད་ལ་དབང་སྒྱུར་བའི་རྣམ་པ་འཐོར་ཞིག་དང་སིལ་བུར་གྱུར་སོང་བ་རེད། དེ་ནས་ས་སྐྱ་བ་དང༌། ཕག་གྲུ་བ། རིན་སྤུངས་བ། གཙང་བ་སྡེ་སྲིད་སོགས་གནས་བབ་དང་མི་མཐུན་པའི་སྐྱོ་གར་གྱི་ལམ་ལུགས་འཁྲབ་ཏེ། རབ་བྱུང་གི་སྡེ་རྣམས་ཀྱིས་མཐུན་སྒྲིལ་གྱི་འབྲེལ་ཐག་ཆད་པའི་དུས་རབས་ཤིག་རེད། རེད་ཡ། དེ་རིང་ངས་ཀི་སྒྲ་སྒྲོག་དོན་གཙོ་བོ་ནི་དུས་རབས་ཉི་ཤུ་ནས་བརྒལ་བའི་དུས་རབས་ཉེར་གཅིག་སླེབས་པའི་དུས་འདིར། འགྲོ་བ་མིའི་རིགས་མ་ཟད་སྲོག་ལྡན་དུད་འགྲོ་ལ་ཡང་འབྱུང་འགྱུར་དུ་བདེ་བ་འདོད་པ་ལས་སྡུག་བསྔལ་འདོད་པ་གཅིག་ཀྱང་མེད་ཕྱིར་སྐྱེ་འགྲོ་ཡོད་དོ་ཅོག་བདེ་སྐྱིད་ཀྱི་ལམ་བཟང་ཞི་བདེ་དང་མཐུན་ལམ་ཕྱོགས་ལ་བརྩོན་ལེན་བྱས་དང་བྱེད་བཞིན་པ་དེ་སྐྱེ་དགུ་མཐའ་དག་གི་རེ་སྨོན་ཉག་གཅིག་ཡིན། དེ་ལྟར་ནའང་མཐུན་ལམ་མཐུན་ལམ་ཞེས་པ་གནམ་ནས་ལྷུང་བ་དང་ས་ནས་འབུར་འོང་བ་ཞིག་མིན་པར་འུ་ཅག་འགྲོ་བ་མིའི་རིགས་ཀྱིས་རང་སྟེང་དུ་བསྒྲུབ་དགོས་པས་རླབས་ཆེན་གྱི་བྱ་བ་ཞིག་རེད། འཛམ་གླིང་ན་སྐད་གྲགས་ཆེ་བའི་སྔོན་ཐོན་གྱི་མི་རིགས་ཚང་མས་མཐུན་ལམ་ནི་སྟོབས་ཤུགས་དང༌། འཕེལ་རྒྱས་ཀྱི་གཞི་རྩ་དང༌། ཞི་བདེའི་སྔོན་འགྲོ་ཡིན་པ་ཀུན་ཀྱིས་གླེང་བཞིན་ཡོད། མཐུན་ལམ་གྱི་སྐྱ་རེངས་མ་ཤར་ན་ཞི་བདེའི་ཉི་མ་ཇི་ལྟར་འཆར་ཐབས་ཡོད་དམ། མཐུན་སྒྲིལ་གྱི་རྨང་གཞི་ཚད་ངེས་ཅན་ཞིག་མེད་ན་བདེ་སྐྱིད་ཀྱི་ངང་འཚོ་ཐབས་མེད་པ་དང༌། འཇིག་རྟེན་ན་འཚོ་ཐབས་ཆེས་སྔ་ན་མེད་པ་ནི་མཐུན་ལམ་ལ་ཐུག་ཡོད། གཅིག། བསམ་གཞིགས་ཀྱི་ལམ་བུ། སྐབས་དེར། འཛམ་གླིང་གོ་ལའི་ཡང་རྩེ་རུ་ཡོད་པའི་མི་རིགས་ཡོངས་ཀྱིས་རྒྱལ་ཁབ་ཆེ་ཆུང་དང༌། མི་རིགས་མང་ཉུང༌། ཆོས་ལུགས་དང་གྲུབ་མཐའ་འདྲ་མིན། རིག་གནས་དང་གོམས་སྲོལ་སོགས་ལ་མི་ལྟོས་པར་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་བྱས་ན་ད་གཟོད་འདྲ་མཉམ་གྱི་མི་རིགས་དང༌། ཞི་བདེའི་རྒྱལ་ཁབ་ཅིག་ཆགས་ངེས་ཡིན་པ་སྨོས་མ་དགོས་པ་ཞིག་རེད། སྤྱིར་འུ་ཅག་འགྲོ་བ་མིའི་རིགས་ལ་ཕན་ཚུན་རྒྱབ་སྐྱོར་རོགས་རམ་དང་གཅིག་གྲོགས་གཅིག་ཏུ་བྱས་པ། གཅིག་དོན་གཅིག་གིས་སྒྲུབ་པའི་མཐུན་སྒྲིལ་གྱི་བསམ་བློ་ཞིག་ཡོད་ན། མཐོ་བ་ཕྲག་དོགས་དང་དམའ་བ་སྨ་འབེབས། མཉམ་པ་འགྲན་སེམས་སོགས་རང་ཞིར་འགྲོ་བས་རང་གཤིས་ཕུན་སུམ་ཚོགས་པ་ཆགས་ཐུབ་པ་ཡིན། ཐ་ནའང་རི་སྐྱེས་རྩྭ་ཟན་དུད་འགྲོ་ལ་ཡང་གཅིག་གིས་གཅིག་ལ་བརྟེན་ཏེ་མཉམ་ལས་ཀྱི་འཚོ་བ་རོལ་ནས་ཕན་ཚུན་གྱི་འབྲེལ་བ་ཟབ་མོ་ཆགས་པ་རེད། དཔེར་ན། དབེན་པའི་རི་སུལ་ཀ་ཤི་ཞེས་བྱ་བའི་ནགས་ཚལ་སྡུག་པོའི་ཁྲོད་དུ་བྱ་གོང་མོ་སྲེག་པ་དང་རི་བོང་དང་སྤྲེའུ། གླང་བོ་ཆེ་བཅས་ཕན་ཚུན་དགའ་ཞེན་དང་མཛའ་མཐུན་གྱི་འབྲེལ་བ་ཆགས་ནས་འཚོ་ཞིང་གནས་པ་ལྟར་སྲོག་ཆགས་དུད་འགྲོ་ལ་ཡང་མཛའ་མཐུན་གྱི་དུང་བ་དེ་འདྲ་ཡོད་ན། སྨྲ་ཤེས་ཤིང་དོན་གོ་བ་མིའི་རིགས་སུ་གྱུར་པ་རྣམས་ཀྱིས་རྒྱལ་ཁབ་དང༌། རྒྱལ་ཁབ་ཀྱི་བར་དང༌། མི་རིགས་དང་མི་རིགས་ཀྱི་བར་དང༌། ཆོས་ལུགས་དང་ཆོས་ལུགས་ཀྱི་བར་དང༌། གྲྭ་བ་དང་གྲྭ་བའི་བར་ཕན་ཚུན་མཐུན་སྒྲིལ་དང༌། གཅིག་གྱུར་གྱི་འདུ་ཤེས་བཟུང་བའི་ངང་བརྩི་བཀུར་དང་རོགས་རམ་མཉམ་ལས་ཀྱི་ཐབས་ལམ་ལ་བརྩོན་ཅིང་མཐུན་སྒྲིལ་ཀྱི་ཟམ་ཆེན་འདི་ཡུན་ནས་ཡུན་དུ་བསྲིང་རྒྱུ་དང༌། རིགས་མཐུན་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱི་གོམ་ཁ་ཡར་ལ་བསྒྱུརཏེ་ལག་རྡང་གཅིག་ཏུ་སྦྲེལ་ནས་རྗེས་ལུས་རྣམ་པ་སྔོན་ཐོན་བསྒྱུར་རྒྱུ་བསམ་གཞིགས་རེ་གནང་ཐུབ་ན་ད་གཟོད་འཇིག་ཉེན་གྱི་གཡང་ས་རུ་ཐར་ངེས་རེད་ཨང༌། དཔེར་ན། སྔོན་ལོང་བ་ཞིག་དང་ཞ་བོ་ཞིག་འོན་པ་བཅས་གསུམ་པོ་མཉམ་དུ་གནས་ཡོད་ལ། དབང་བོ་སྐྱོན་ཅན་མི་གསུམ་པོ་འདིས་ཕན་ཚུན་གཅིག་གིས་གཅིག་གྲོགས་བྱེད་པའི་རོགས་རམ་དང་ལྟ་སྐྱོང༌། ལྷིང་འཇགས་དང༌། བག་ཕེབས་ངང་འཚོ་བཞིན་མཆིས། འོན་ཀྱང༌། ཉིན་ཞིག་ཁོ་གསུམ་གྱི་སྡོད་ཁང་ལ་མེ་སྐྱོན་ཤོར། ཐོག་མར་ཁོ་གསུམ་སུས་ཀྱང་མ་ཚོར་དེ་ ནས་ལོང་བའི་མེ་གསོད་སྐུལ་བརྡ་དང་གཞན་གྱི་འབོད་སྒྲ་ཐོས་པས་མེ་ཤོར་བ་ཤེས་ནའང་མིག་གིས་མ་མཐོང་བས་འུར་བརྒྱབ་པ་ཞ་བོས་ཐོས་པས་མྱུར་དུ་ལྟ་དུས། ཨ་ཙི། ཨ་ཙི། མེ་ཤོར་ས་ནི་ཁོ་གསུམ་གྱི་སྡོད་ཁང་ཡིན་འདུག ཁོ་འབྲོ་འདོད་ཀྱང་འབྲོ་བར་མི་ནུས་པས་ཐབས་ཅི་ཞིག་བསྟེན་དགོས་སྙམ་ནས་ཐབས་ཤིག་རྙེད་དེ། ལོང་བས་ཞ་བོ་ཁུར། འོན་པས་ལོང་བ་ཁྲིད། ཞ་བོ་ལ་འོན་པར་ལམ་སྟོན་བྱེད་དུ་བཅུག་པས། དེ་ནས་ཁོ་གསུམ་གྱི་ཕན་ཚུན་རོགས་རམ་དང་མཉམ་འབྲེལ་བྱས་པ་ལས་མཐར་ཉེན་ཁ་ལས་ཐར་བ་ལྟར་རེད། གཉིས། འཕེལ་རྒྱས་ཀྱི་གཞི་རྩ། ད་ལྟ་འཛམ་གླིང་གི་ཤེས་ལྡན་པ་ཚོས་ནང་བསྟན་ཆོས་ལུགས་དང༌། ཨེ་ཤུ་མ་ཤུ་བའི་ཆོས་ལུགས། གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་ཁག་སོ་སོས་མཐུན་སྒྲིལ་དང་ནང་ཕན་ཚུན་རྒྱབ་སྐྱོར་རོགས་རམ་བྱེད་དགོས་ཚུལ་མགྲིན་དབྱངས་གཅིག་གི་སྒོ་ནས་གླེང་གིན་ཡོད། དེའི་ཕྱིར། འཛམ་གླིང་ཆོས་ཚོགས་ཆེན་མོའི་ཐེངས་གཉིས་པའི་སྐབས་སུ་གཏམ་བཤད་ཐོག་རང་རེའི་སྟོན་པ་དང་བསྟན་པ་གཅིག་པ་དང༌། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཡིན་པའི་ལམ་སྲོལ་བཟང་བོ་གཙིགས་སུ་བཟུང་ནས་ཆོས་ལུགས་པ་ནང་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་ཞེས་གཏམ་བཤད་གལ་ཆེན་གནང་བ་ལྟར། རང་རེ་བསྟན་པའི་བདག་པོ་མཉམ་མེད་ཤཱཀྱའི་རྒྱལ་བོའི་རྗེས་འཇུག་པ་དག་གིས་ནང་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་བསམ་བློ་གཅིག་གྱུར་བྱེད་རྒྱུ་ནི་སྔ་ན་མེད་པའི་དགེ་མཚན་ཆེན་པོ་ཡིན་མོད། འོན་ཀྱང༌། ཨུ་ཅག་གི་སྔོན་གྱི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟ་རྒྱུ་ཡིན་ན་རང་གི་གྲུབ་མཐའ་གཅིག་པུ་ཁེ་ཕན་ལ་ལྟོས་ནས་གཞན་གྱི་གྲུབ་མཐའ་བརྙས་སྨོད་དང༌། སྐུར་འདེབས་སོགས་ཆགས་སྡང་རྨོངས་གསུམ་གྱི་འཁྲབ་སྟོན་གནང་མྱོང་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། གྲུབ་མཐའ་ཕྱོགས་རིས་བྱེད་ན་ཆོས་སྤང་གི་ལས་བསགས་ཤིང་རང་འཕུང་བྱེད་ཀྱི་རྒྱུ་ཡིན་པ་སྨྲོས་མ་དགོས་པ་ཞིག་ཡིན། མ་གཞིར། རང་རེའི་སྟོན་པ་དང་བསྟན་པ་གཅིག་ཅིང་ཉམས་ལེན་གྱི་མཐིལ་མཐར་ཐུག་དགོངས་པ་གཅིག་ཏུ་སོང་བ་ཡིན་ཏེ། བློ་བཟང་ཆོས་རྒྱན་གྱི་ཞལ་ནས། ཞི་ཕྱེད་གཅོད་ཡུལ་རྫོགས་ཆེན་དང༌། ། དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་ཤིང༌། ། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། ། དཔྱད་ན་དགོངས་པ་གཅིག་ཏུ་འབབ། ། ཅེསགསུངས་བ་ལྟར་གྲུབ་མཐའི་ནང་ཕན་ཚུན་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་གནད་དམ་པ་ཡིན་ཚུལ་ལེགས་བཤད་གནང་བ་མ་ཡིན་ནམ། ང་ཚོའི་གྲུབ་མཐའི་ནང་ཕན་ཚུན་རོགས་རམ་དང་རྒྱབ་སྐྱོར། མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་ན་རྒུད་པའི་གཡང་ས་རུ་ཐར་ཐུབ་ངེས་ཡིན་ནོ། །གསུམ། དྲང་བདེན། ངས་ནི་གནས་ལུགསའཚོལ་དཔྱོད་ཀྱི་སྙིང་སྟོབས་ཐོག་ནས་བཤད་པར་འདོད་དེ། དེང་སྐབས་དུས་ངན་སྙིགས་མའི་རང་མཚང་བརྡོལ་ཞིང་བསམ་བློའི་གོ་རྟོགས་ཉིན་རེ་ལས་ཉིན་རེར་ཉམས་དམས་སུ་འགྲོ་བཞིན་པའི་དུས་རབས་ཉེར་གཅིགའདིར། རང་རེའི་བྱིན་རླབས་ཀྱི་དོན་བརྒྱུད་གཅིག་ཅིང་གངས་རིའི་ཁྲོད་འདིར་རྫོགས་ལྡན་ཆོས་མཆོག་དབུ་མ་གཞན་སྟོང་ཆེན་མོའི་རང་ལུགས་འཛིན་པའི་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་མོ་རུ་ལུགས་ཟུང་གསེར་གྱི་འཁོར་ལོའི་ཁ་ལོ་སྒྱུར་མཁན་བསྟན་བདག་རྣམ་པ་དང༌། མདོ་སྔགས་གཞུང་ལུགས་གྱི་མདུད་བརྒྱ་དཀྲོལ་མཛད་མཁན་པོ་རྣམ་པ་དང༌། གསང་ཆེན་ཐེག་པའི་མཛོད་འཛིན་རྡོ་རྗེ་སློབ་དཔོན་རྣམ་པ་དང༌། བདེན་དོན་གླེང་མཁན་དགོན་པའི་དབུ་འཛིན་རྣམ་པ། དམར་སེར་ངུར་སྨྲིག་འཆང་བའི་དགེ་འདུན་གྱི་སྡེ་ཚོགས་བཅས་ངེད་ཅག་ཚང་མའི་ནང་ཕན་ཚུན་སྟོབས་ཤུགས་མཉམ་འབྲེལ་དང་བློ་རྩེ་གཅིག་གྱུར་བྱེད་ཐུབ་ན་འུ་ཅག་གི་ལྟ་བ་གསེར་སྦྱངས་བཙོ་མ་ལྟ་བུ་དར་སྤེལ་དང་རྒྱུན་འཛིན་བྱེད་རྒྱུ་ཕྲག་ཏུ་བབས་པའི་ལས་སྐལ་ཞིག་རེད། ཡིན་ནའང༌། བསྟན་དང་འགྲོ་བའི་ཆེད་དུ་ཐུགས་ཁུར་གནང་གིན་ཡོད་པའི་མཁན་སྤྲུལ་རྣམས་པ་ལགས། ང་ཚོའི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་བའི་གྲུབ་མཐའ་འདི་ནི་སྐྱིད་སྡུག་གི་ལམ་སྟོན་གནང་མཁན་ཁྱེད་ཅག་ལ་རག་ལས་པ་ཡིན་མོད། འོན་ཀྱང༌། ངའི་མདང་དགུང་གི་རྨི་ལམ་ཡིན་ནམ་དངོས་གནས་ཤིག་ཡིན་ནའང་འདྲ། གང་ལྟར་དུས་རབས་ཀྱི་ཁ་ཕྱོགས་དང་མི་འདྲ་བའི་ལམ་ལུགས་ངན་པ་ཞིག་ཆགས་ཡོད་པ་རེད། གང་འདྲ་ཡིན་ཟེར་ན། མཐུན་སྒྲིལ་གྱི་ལམ་ནས་ཡིད་སྐྱོ་བའི་གནས་སུ་ལྷུང་ཡོད་མོད། ཁྱེད་རྣམ་པ་ཚོས་མཐུན་སྒྲིལ་མཉམ་གནས་བྱེད་ཚུལ་ལ་གཡོ་སྒྱུ་དང་ཕྲག་དོག་གི་རང་བཞིན་ཅན་ཟློས་གར་འཁྲབ་བཞིན་ཡོད་པ་མ་ཡིན་ནམ། དཔེར་ན། ཆོས་སྡེ་ག་གེ་མོ་ན་བླ་སྤྲུལ་དང་བླ་སྤྲུལ་གྱི་བར་དང༌། གྲྭ་བ་དང་གྲྭ་བའི་བར་དང༌། ལྷ་སྡེ་དང་ལྷ་སྡེའི་བར་གྱི་མཐུན་སྒྲིལ་བྱེད་སྟངས་ཅི་འདྲ་ཞིག་གྱུར་ཡོད་པ་ཚང་མས་བསམ་བློ་ཞིབ་ཏུ་ཐོངས་དང་བྲོ་བ་ཞིག་མྱོང་རྒྱུ་ཡོད་ངེས་ཡིན། ཐ་ནའང་རུ་སྡེའི་སྤྲོ་ཚོགས་ཀྱི་རྟ་རྒྱུག་ཆེན་མོའི་སྐབས་རང་གི་སྡེར་གཏོགས་ཀྱི་ཅང་ཤེས་འགྲོས་མགྱོག་ཆེད་རིམ་གྲོ་འདོན་པ་དང༌། རྒྱལ་ཁ་ལོན་ཕྱིར་ཉིན་མཚན་དུས་དྲུག་གི་ངང་སྐུ་ཚེགས་དཀའ་ལས་མང་བོ་བརྒྱུད་ནས་ཕྱོགས་སུ་ལྷུང་བའི་བྱ་བ་སྒྲུབ་པ་མིག་མཐོང་ལག་ཟིན་རེད། རྟ་རྒྱུག་གི་ཉིན་མོར་ཁྲོམ་ཚོགས་ཁྲོད་དུ་བླ་སེར་རྣམས་ཀྱིས་ཆགས་སྡང་ན་ཟུག་གི་ཀི་སྒྲ་དང་ཁྱོད་ཕམ་ང་རྒྱལ་གྱི་སྒྲ་དབྱངས་འུ་རུ་རུ་བསྒྲགས་པ་དང༌། རྒྱལ་ཁ་ལོན་པའི་ཉིན་མོར་བླ་སེར་རྣམས་ཀྱིས་ལམ་སྣེ་ཁྲིད་དེ་མང་ཚོགས་དག་གི་མཇུག་ཏུ་སྐྱོང་ཞོར་ཁྱོད་ཕམ་ང་རྒྱལ་གྱི་ཀི་སྒྲ་འདོན་པ། མཇུག་མཐར་ཅང་ཤེས་རྟ་མཆོག་ལ་དམངས་སྒོར་དམར་ལེབ་དང་དར་གོས་ཀྱིས་སྤྲས་ཤིང་དགའ་སྟོན་རྒྱ་ཆེར་སྤེལ་སོང༌། ངས་མཐོང་ཐེངས་རེ་ལ་དགོད་བྲོ་བ་ཞིག་ཡིན་ནམ་ངོ་གནོང་དགོས་པ་ཞིག་ཀྱང་རེད་བསམ་ནས་མྱོང་ཚོར་བརྗོད་དཀའ་བ་ཞིག་བྱིན་སོང༌། ད་དུང་སུམ་གཉིས་སའི་དཀྱིལ་འཁོར་དབང་བསྒྱུར་ལུགས་ཀྱི་ཐད་ནས་ཡ་ང་བའི་གནས་ཚུལ་བཤད་རྒྱུར་ཡོད་ནའང་ངོ་ཚ་བའི་ཡུལ་དུ་གྱུར་སོང་བས་རེ་ཞིག་ངལ་གསོ་རྒྱུ་ཡིན། ལྷག་པར་དུ་སྤྱི་ལོ་ཉིས་སྟོང་བཅུ་གཅིག་གི་ལོར་ཆོས་སྲིད་གཉིས་ཀྱི་མངའ་དབང་སྒྱུར་བའི་དགོན་བདག་ཅིག་དང༌། དགོན་པ་ཆེ་གེ་མོ་ན་དགོན་པའི་སྣེ་ཁྲིད་པ་འགའ་ཞིག་དག་གིས་ཕྱོགས་འཛིན་གདོན་གྱིས་མྱོས་ཤིང་ཁྱོད་ཤི་ང་གསོན་གྱི་ཆགས་སྡང་གི་འཁོར་ལོ་བསྐོར་ནས་དམ་ཚིག་གི་འབྲེལ་བ་གཅིག་པའི་དགོན་སྡེ་གཉིས་ཀྱི་བར་མཐུན་སྒྲིལ་འོ་མའི་རྒྱ་མཚོ་རྨང་ནས་དཀྲུགས་སོང་ཡོད་མོད་དེ་ནི། དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། བསྟན་པ་མི་ཤེས་བསྟན་དོན་སྒྲུབ་པའི། །བསྟན་འཛིན་དེ་ འདྲ་དེང་སང་མང་སྟེ། ། ཕན་བདེ་འབྱུང་གནས་རྒྱལ་བསྟན་རིན་ཆེན། །རྨང་ནས་བཤིག་ལ་དེ་ཚོ་ཐུའོ། །ཞེས་གསུངས་པའི་ལེགས་བཤད་ཚིག་གི་མདའ་མོས་འབེན་ལ་ཅི་འདྲར་ཕོག་སོང་བ་རེད་ཨང༌། དེར་བརྟེན་རྒྱལ་བ་གཉིས་པའི་རིང་ལུགས་འཛིན་པའི་ཆོས་སྡེ་གཉིས་ཀྱི་སྐྱིད་སྡུག་དང་ཆོས་བརྒྱུད་གཅིག་པས་ཁྱོད་ཤི་ང་གསོན་གྱི་ཟློས་གར་འཁྲབ་རྒྱུ་ཅི་ཡིན། དུས་རབས་ཀྱི་ཁ་ཕྱོགས་མ་མཐོང་བ་དང༌། ཨུ་ཚུགས་ཀྱི་བསམ་བློ་མ་གཏོགས་དྲང་བདེན་དང་གནས་ལུགས་མ་ཤེས་པའི་རང་མཚང་བསྟན་པ་མ་ཡིན་ནམ། དུས་རབས་འདིའི་ནང་དུ་བོད་མིས་འདྲ་མཉམ་དང༌། རང་དབང་གི་ཐོབ་ཐང་བཙོན་ལེན་བྱེད་ཀྱིན་ཡོད་པ་མ་མཐོང་ངམ། ཆོས་ལུགས་དད་མོས་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་དང༌། དམངས་གཙོ་རང་ལུགས་ཀྱི་ཁེ་དབང་དང༌། ལུགས་མེད་གཉའ་གནོན་འོག་ནས་བཙན་ཤེད་ཀྱིས་མངའ་དབང་བསྒྱུར་མི་ཆོག་པའི་ལམ་ལུགས་མ་ཤེས་སམ། རབ་བྱུང་བས་དགེ་འདུན་གྱི་དབྱེན་བྱེད་ན་ཚད་མེད་ཀྱི་ལས་བསགས་པ་དང༌། སྤྱི་དམངས་ཀྱི་ཕན་བདེ་ལ་གནོད་འཚེ་གཏོང་མི་ཆོག་ཚུལ་འདུལ་བ་ལས་བཤད་པ་མ་ཐོས་སམ། ད་དུང་ཡིན་མདོག་དང་ཤེས་མདོག་གི་ རྣམ་འགྱུར་སྟོན་ན་ཡང༌། མགོ་རུལ་བ་སྣ་ཡིས་མ་ཚོར་བས་འདི་འདྲའི་ཡ་ང་བའི་སྐྱོ་གར་མཚམས་ནམ་འཇོག་རྒྱུ་ཡིན། རྒྱལ་བ་གཉིས་པའི་རིང་ལུགས་ལམ་སྲོལ་བཟང་པོ་རྨ་ཁ་བཟོས་པ་མ་ཡིན་ནམ། འཇིག་ལ་ཉེ་བའི་ཉམ་ཆུང་གི་གྲུབ་མཐའ་འདི་གསོན་པོ་ཞིག་བྱེད་ན་འདོད་དམ། དེ་ལྟར་བྱེད་འདོད་ཀྱི་ལྷག་བསམ་ཕྲ་མོ་ཞིག་ཡོད་ན་སྒེར་གཅོད་ཀྱི་རྙིང་ཞེན་འདོར་དགོས་པ་མ་ཡིན་ནམ། དེའི་ཕྱིར། ངའི་སེམས་ཁོང་ནང་དུ་ཟུག་གཟེར་མ་བཟོད་པས་ངག་ནས་སྨྲེ་སྐད་ཤོར་སོང༌། སྨྲེ་ངག་འདིས་བཙན་པོའི་དཔུང་གི་རྒྱབ་རྟེན་ཡོད་པ་ཚོའི་ངོ་སོ་སྲུང་མ་ཐུབ། གནས་ལུགས་ལ་རྡོག་བརྫིས་བྱེད་མཁན་ཚོའི་སྔོན་ཐོན་པ་ཡིན་ཟེར་མ་ཐུབ། ལྐོག་ཞུ་བ་མཁས་མིང་འཛིན་པ་ཚོའི་སྔུན་དུ་མགོ་བོ་ཡང་སྒུར་མ་ཐུབ། དཔོན་ངན་བདུད་ཀྱི་ཆོ་འཕྲུལ་ཚོས་བཤད་ཚོད་ལེགས་སོ་ཟེར་མ་ཐུབ། མདོར་ན། སྤྱང་ཀི་ཚེ་ཐར་གཏོང་མ་འདོད་པས་དུས་རབས་འདིའི་ནང་དུ་ངར་སྐད་བསྒྲགས་པ་ཡིན།

advanced continues in the market
PORNO moved designer sections pulls encouragement in paris , europe ,

Are you still getting your money's worth
Prom Dresses but you not going to convince anyone they dress shoes

2014 Kaleidoscope tour is coming November 8
PORNO ''Best bud Piazza says

10 Styles That Make Women Look Fat
Free Games Under the Luv and Response name

How To Walk in High Heels
pornos I asked the company about this apparent discrepancy

The Savings Rate and Retail Stocks
PORNO FRANCAIS take a second look at your current size clothes

How To Identify The Different Kinds Of Earrings On The Market
PORNO XXX Perhaps a delicate gemstone necklace and stud earrings

How To Dress Your Body
Darmowe Porno roasting burgers tenderloin accompanied by shoot roasting tomato salsa combined with spud cheddar da
བསྟོད།6

抱歉,评论已关闭!