ཞོགས་དུང་གླེང་དགོས་པའི་རྒྱུ་མཚན།

སྙུག་བཅུད་ལེན།

ཞོགས་དུང་གླེང་དགོས་པའི་རྒྱུ་མཚན་དང་བོད་ཀྱི་ཁ་ངོ་བཀྲུས་པ།

རི་བོ་གངས་ཅན་པའི་ཡུལ་འདིར་འཚོ་ཞིང་གནས་པའི་མི་རིགས་འདི་ནི་གདོན་མའི་དུས་ནས་བཟུང་ནང་བཅུད་ཀྱི་སེམས་ཤུགས་མ་ལྷོད་ཅིང་། སུམ་གཉིས་ས་ཡི་དབང་བསྒྱུར་བར་བརྩོན་པའི་དཔའ་སྤོབས་ལྡན་པ་ཞིག་ཡིན་ནའང་། ཀླད་སྒྲོམ་གྱི་སྣོད་ཁ་མ་ཡངས། ཐབས་མཆོག་གི་རྣོ་མིག་མ་ཐོར། བློ་མིག་གི་གཤོག་པ་མ་བརྐྱངས། མཐུན་སྒྲིལ་གྱི་ཨ་ལོང་མ་བརྒྱུས་པ་སོགས་རྒྱུ་རྐྱེན་གང་མང་ཞིག་གིིས་བོད་ཚང་གི་མི་ཏིག་གཏར་ལ་བརྒྱུས་པ་ལྟ་བུའི་བཙན་པོའི་རྒྱལ་རབས་དེ་སྨག་རིམ་ཁྲོད་སྐར་མདའ་འཕངས་བ་བཞིན་གཏན་ནས་ཕྱིར་འོང་མ་ཡོད་ཕྱིར། ལོ་ངོ་ད་ལྟའི་བར་དུ་གསལ་ལ་མི་གསལ་བའི་རྐང་ལམ་ཕྲ་མོ་ཞིག་ཁོ་ན་སྙེག་སྟེ་སྐབས་འདི་དང་མཚུངས་བའི་སྐྱ་ཟད་ངོ་སྡུག་གི་འཚོ་བ་འདི་རོལ་ནས་འོང་བ་རེད། དེ་ལོས་ཡིན། འུ་ཚང་ལ་ཡོད་མྱོང་བའི་དཔའ་བོ་དང་དཔའ་མོ་ཚོ་རང་གིས་བརླགས་ཤིང་། འུ་ཚང་ལ་སྐྱེས་མྱོང་བའི་མཐའ་ཆོད་ཀྱི་བློ་མིག་ཅན་ཚོ་སྟེ། དཔའ་སྤོབས་ལྡན་པ། སྙིང་རུས་ལྡན་པ། ཐབས་རྩལ་ལྡན་པ། བཤད་ཕོད་པ། སྒྲུབ་ཕོད་པ། ལངས་ཐུབ་པ། འབོད་ཐུབ་པ། བརྩོན་འགྲུས་ཆེ་བ། ཕུགས་འདུན་རིང་བ། མིག་རྒྱང་ཡངས་བ། འཇོན་ནུས་ཅན། ཡོན་ཏན་ཅན། ཚན་རིག་པ་ལ་སོགས་ཐམས་ཅད་རང་གིས་ངན་ལམ་དུ་བརྫངས་ཤིང་། སྐབས་འདིར། ཉི་འོད་ཀྱི་འདབ་མ་མེད་ས། ཚན་རིག་གི་འོད་མདངས་མེད་ས། ལྷན་འཛོམས་ཀྱི་དཀར་འོད་ཙམ་ཡང་མེད་པའི་སྨག་རིམ་ཁྲོད་བགྲོད་དགོས་བྱུང་བ་འདི་སུས་ཀྱང་ཤེས་གསལ་ལྟར་ཡིན་ཕྱིར། ད་ནི་ང་ཚོས་བསམ་བློ་གཏོང་རན་པའི་དུས་ལ་ཐོན་ཡོད། ད་ནི་ང་ཚོས་གོམས་ཁ་བསྒྱུར་རན་པའི་དུས་ལ་ཐོན་ཡོད། ད་ནི་ང་ཚོས་ཅིས་ཀྱང་ཁོར་ཡུག་འདི་གཤགས་བཅོས་བྱེད་དགོས་ལ། གཤགས་བཅོས་ལ་མཁས་ཤིང་། གཤགས་བཅོས་ཀྱི་དཔའ་སྤོབས་ལྡན་པ། གཤགས་བཅོས་ཀྱི་བློ་རྒྱ་ཡངས་བའི་སྐུ་ཞབས་ཞོགས་དུང་ལགས་མ་གླེང་ཐུ་མེད་ཀྱི་དུས་ལ་བབ་ཡོད། རྒྱུ་མཚན་ཅིས་ཕྱིར་ཞེ་ན། སྔོན་ཆད་ཀྱང་ཁོང་ལྟ་བུ་ང་ཚོ་བོད་ལ་འཁྲུངས་མ་མྱོང་བ་མིན་ལ། སྐུ་ཞབས་ཞོགས་དུང་ལྟ་བུའི་སྡུག་མྱང་མཁན་མ་ཡོད་པ་དེ་ལས་ཀྱང་མ་ཡིན། ང་ཚོས་འདས་པའི་ལོ་རྒྱས་ལ་ཕྱིར་དྲན་ཞིག་བྱས་ཚེ་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོ་མ་ཟིན་ཞིང་། ནོར་བུ་ཕྱི་མར་ཆས་རྗེས་སྙིང་རླུང་སྟོད་ལ་འཚང་སྟེ་འཇོད་གདུང་གི་ལག་པ་གནམ་ལ་ཕྱར་ཞིང་། ད་གཟོད་དེ་དག་བཟང་རབས་རྒྱན་རབས་དང་། མཁས་རབས་དཔའ་རབས་ཀྱི་ལབ་སྟངས་ཤིག་ཡོད་པ་ནི་འུ་ཚང་གི་གོམས་གཤིས་སུ་ཆགས་ཡོད་པས། ད་ནི་ཅིས་ཀྱང་གོམས་གཤིས་རྫོབས་དེ་འགས་གཏོར་བྱ་དགོས་ལ། འགས་གཏོར་གྱི་ལམ་ཁར་བསྐྱོད་ཚེ། སྐབས་འདིར་ཅིས་ཀྱང་སྐུ་ཞབས་ཞོགས་དུང་ལགས་ཀྱི་བསམ་བློའི་སྙིང་སྟོབས་ལ་ཁ་བཏགས་ཤིག་འཐེན་དགོས་ངེས་རེད།

ཞོགས་དུང་གི་ལངས་ཕྱོགས་དང་བོད་སྤྱི་ཚོགས་ཀྱི་བར་ཐག

འདི་ལྟར་བསམ་བློ་དུད་ཅིང་འདི་ལྟར་ལམ་ལ་ཆས་པའི་འ་ཚང་གི་བག་འཁུམ་དང་བསྐྱར་བཟློས་ལ་གོམས་པའི་རྐང་རྗེས་ལ་བསམ་བློ་གནད་ལ་ཕབས་ཏེ་བལྟས་ན། ཞོགས་དུང་ནི་ཏག་ཏག་མཚན་འོག་གི་ཟླ་བ་བཞིན་ཧ་ཅིང་གསལ་བོ་རེད་ལ། དམིགས་བསལ་བའི་དུས་རབས་ཤིག་དང་དམིགས་བསལ་བའི་སྤྱི་ཚོགས་ཤིག་ལ་ཧ་ཅིང་ཡོད་དགོས་པའི་མི་སྣ་ཞིག་ཀྱང་རེད་འདོད། རྒྱུ་མཚན། རིག་གསལ་གྱི་རྡུལ་རླུང་འཚུབ་ཕྱིན་ནས་འུ་ཚང་གིས་བླ་མས་ཅི་གསུངས་ཆོས་དང་མཛུབ་མོས་གར་བལྟན་ཚད་མར་བཟུང་ནས། ཁ་ཕྱོགས་མེད་པ། དམིགས་ཡུལ་མེད་པ། འཆར་གཞི་མེད་པ། དེ་ལྟར་ཉི་མ་འགྲོ་ཐབས་ཐང་མ་སྐམ་ཐབས་རྐྱང་རྐྱང་གི་འཚོ་བ་ཙམ་རོལ་ཏེ། ཧ་ཅིང་ལྷིང་འཇགས་ཀྱི་རྨི་ལམ་ཞིག་རྨིས་མྱོང་ལ། རྨི་ལམ་དེའི་འོག་ནས་ང་ཚོས་གསེར་ལས་དཀོན་པའི་དུས་ཚོད་གང་མང་ཞིག་ཀྱང་ཕྲོ་བརླགས་སུ་བཏང་བ་རེད། དེ་ལྟར་བོད་སྤྱི་ཚོགས་རྨི་ལམ་གྱི་ཞིང་ཁམས་ན་ཁུ་སུམ་མེར་གནས་པའི་དུས་སྐབས་ཤིག་གམ་ཅི་བསམ་འདི་བསམ་ཅི་ཡང་མེད་པའི་མལ་ས་དྲོན་མོར་འདུག་སྐབས། ཞོགས་དུང་གིས་འཕགས་འཚག་གི་ང་རོ་དང་བག་ཆགས་དུང་སྤྲུག་སོགས་ཐོག་མར་དྲངས་ཤིང་འུ་ཚང་གི་ཁུ་སུམ་སུམ་གྱི་རྨི་ལམ་མཐིག་པོ་དེ་རྒུལ་བར་བྱས་པ་རེད། དེ་ལོས་ཡིན། ཞོགས་དུང་གི་བསམ་བློའི་དཔྱོད་ཤེས་ཀྱིས་བརྡར་བའི་རྩོམ་ཡིག་དེ་དག་གིས་བོད་སྤྱི་ཚོགས་ལ་རྨ་ཐོག་གནག་བཙིར་དང་བོད་ཚང་གི་མཁས་རྒན་དུ་རློམས་པའི་ཨུ་ཚུགས་ཀྱི་འཐབ་ར་བརྩིགས་མཁན་ཚོར་ཕོགས་ཐུགས་བཏངས་སོང་བ་རེད། དེ་ནི་ད་གཟོད་བོད་སྤྱི་ཚོགས་ལ་གྲགས་འགུལ་བྱུང་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་གྲུབ་སོང་བ་རེད་ལ། ད་གཟོད་བོད་ཚང་གི་སོས་དལ་བག་གཡང་གི་ལམ་ལ་རྒྱུ་བཞིན་པའི་རང་རློམ་པ་ཚོས་ཀྱང་བསམ་བློ་གསར་བ་ཞིག་གཏོང་ཐུབ་པའི་གོ་སྐབས་རྙེད་སོང་བ་རེད། དུས་དེ་ནས་བཟུང་འུ་ཚང་གི་ཤེས་ཡོན་པའི་སྡེ་རུ་རློམ་པའི་རིག་དུད་པ་དེ་ཚོ་བྱིས་པ་གཉིད་ལས་སད་པ་བཞིན་ལག་ལ་ཅི་བྱུང་གིས་ཞོགས་དུང་ལ་འཕངས་ཤིང་། ཁ་ལ་ཅི་བྱུང་གིས་ཞོགས་དུང་ལ་དམོད་ནས་ས་འཕགས་རྡོ་འཕགས་བྱས་པ་རེད། རེད་དེ། འུ་ཚང་ནི་མ་གཞི་ནས་རང་བརླ་རང་གིས་བཙོང་ཞིང་རང་མགོ་རང་གིས་བརྡུང་བའི་གོམས་ལོབས་སུ་སོང་ཕྱིར། ཞོགས་དུང་ལྟ་བུའི་རྒྱབ་རོགས་ཀྱི་དཔུང་རོགས་མེད་ས། འཇིགས་སྐུལ་གྱི་མཚོན་ཆ་མེད་ས། རྡོང་རྡེག་གི་དབང་ཆ་མེད་སའི་ཁེར་རྐྱང་གི་མྱི་གསོན་པོ་རྣམས་ལ་བསམ་གཞིགས་དང་གསལ་བཤད་ཅི་ཡང་མེད་པའི་སྒོ་ནས་ངན་ལམ་དུ་བརྫངས་ཅི་ཐུབ་བྱེད་ཀྱིན་པ་རེད། རེད་དེ། དེ་ལས་གཞན་ང་ཚོ་ལ་དམོད་ས་དང་སྐུག་ས་མ་ཡོད་པ་གཏད་ནས་མ་ཡིན་མོད། དངོས་གནས་བཤད་ན་འུ་ཚང་ལ་སྐད་ཆ་བཤད་དགོས་པའི་ཡུལ་ཧ་ཅང་མཐིག་པོ་ཡོད་མོད། དམོད་དགོས་སར་ཐོན་དུས་ཚང་མ་ཁུ་སུམ་སུམ་གྱི་དབེན་པའི་གནས་ལ་བཏིང་སྙོམས་སུ་བཞུགས་པ་རེད། འདོར་རོགས་དང་དཔུང་རོགས་ཅི་ཡང་མེད་པའི་གནས་ལུགས་སྒྱེ་གང་དང་ལྷག་བསམ་རུམ་གང་ཁྱེར་ནས་ཐོན་དུས། ཁོང་ལ་དགག་ཡིག་རི་འདྲ་བ་སྤོང་མྱོང་ཞིང་དགག་སྐད་ཆར་འབབ་འབབ་བྱས་པ་རེད། སྐབས་དེར་འུ་ཚང་གི་མཁས་རློམ་པ་ཚོ་ཅི་འདྲའི་ཚེགས་ཡངས་ཤིག་རེད་ཨང་།

དེ་ལྟར་ཞོགས་དུང་གཙོ་བྱས་ཏེ་ཞོགས་དུང་དང་འདྲ་བའི་ན་ཟུག་དང་ལྷག་བསམ་ལྡན་པའི་མི་བུ་གང་མང་ཞིག་ལྟ་ལོག་པ་རུ་བགྲང་ཞིང་དེ་དག་བདུད་ཀྱི་སྐད་ཆ་བཤད་མཁན་ལ་ངོས་བཟུང་ནས། མཁས་རློམ་པ་ཚོས་བོད་ན་གཞོན་པའི་བསམ་བློའི་དཔལ་ཡོན་ལ་ཚད་བཀག་བྱས་ཤིང་། བོད་གཞོན་སྐྱེས་ཀྱི་ཚོགས་ལ་ཞོགས་དུང་གི་བསམ་བློའི་སྙིང་བཅུད་ལས་འཁྲུངས་བའི་དཔེ་ཆ་དེ་ཚོ་བཀླག་པའི་གོ་སྐབས་བཅད་པ་མ་ཟད། སྐབས་འདིའི་བོད་སྤྱི་ཚོགས་གནས་བབ་ཀྱི་གནད་འགག་གཙོ་བོ་དེ་ག་འདྲ་ཞིག་ཡིན་པའི་བསམ་བློ་ནན་པོ་ཞིག་གཏོང་བའི་སྐལ་བའང་ཡེ་ནས་བཅད་པ་རེད། མི་བུ་ང་ལ་མཚོན་ན་ཡང་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བོད་སྤྱི་ཚོགས་ལ་ཐོག་མར་ལྷག་བསམ་གྱིས་བཞེངས་བའི་རྩོམ་ཡིག་རྣམས་སྤེལ་བཞིན་པའི་སྐབས་སུ། བསམ་བློ་ཅི་ཡང་མི་དཔོག་ཅིང་སྦྱོར་ཀློག་གི་སྒྲ་སྤྱི་ཙམ་ལ་འཇུག་བཞིན་པའི་བྱིས་པ་བསྣབ་ལུགས་ཤིག་ཡིན་ལ། སྐབས་དེར་སྐུ་ཞབས་ཞོགས་དུང་ལགས་ཀྱི་རྩོམ་ཡིག་ཞིག་བཀླག་པ་ཕར་བཞག ཁོང་གི་མིང་ནས་འབོད་མཁན་ཞིག་ཡིན་ཚེ་ཡང་དེ་ནི་ཧ་ཅང་མ་རུང་བའི་ལས་ཤིག་ཏུ་བགྲང་བ་རེད། དེ་ལྟར་སྐབས་དེར་ང་ལ་ཞོགས་དུང་ཞེས་པའི་ཐ་སྙད་དེས་ཧ་ཅང་མ་རུང་བའི་བག་ཆགས་མཐིག་པོ་ཞིག་བཞགས་མྱོང་ལ། ང་དང་ང་འདྲ་བའི་ལས་དང་པོ་བའམ་ན་གཞོན་གང་མམ་ཞིག་ལ་བག་ཆགས་དེ་བཞགས་མྱོང་བ་རེད། འདི་ལྟར་བསམ་བློ་ཞིབ་ཏུ་བཏང་ཚེ་དེ་དག་ནི་དངོས་གནས་འུ་ཚང་ལ་མཚོན་ན་ཧ་ཅང་གྱོང་རྒུད་ཆེ་ཤོས་ཤིག་རེད་ལ། སྐུ་ཞབས་ཞོགས་དུང་ལགས་ཀྱིས་ཐོག་མར་འུ་ཚང་ལ་རྩོམ་ཡིག་གསེར་བྲིས་མ་དེ་དག་སྤེལ་བཞིན་པའི་སྐབས་དང་ད་ལྟའི་བར་དུ་དུས་ཚོད་ངེས་ཅན་ཞིག་སོང་ཡོད་ལ། གལ་ཏེ་དེ་དུས་ནས་འུ་ཚང་གི་མཁས་རློམ་པ་ཚོས་ཁོང་གི་ལྷག་བསམ་དང་བསམ་བློའི་སྙིང་བཅུད་དེ་དག་རྟོགས་ཤིང་ན་གཞོན་པའི་སྡེ་ལ་སྐུ་ཞབས་ཁོང་གི་རྩོམ་ཡིག་རྣམས་བཀླགས་པར་ཚད་བཀག་བྱས་མེད་ཚེ། སྐབས་འདིར་འདི་འདྲའི་འགྱོད་གདུང་དྲགས་པོ་སྐྱེས་མི་དགོས་པ་མ་ཟད་སྐུ་ཞབས་ཞོགས་དུང་ལགས་ཀྱི་བསམ་བློའི་རྨང་གཞིའི་སྟེང་བོད་ཀྱི་ཤེས་ཡོན་པའི་སྡེ་ཐམས་ཅད་ཀྱིས་དཔྱོད་ཤེས་ཀྱི་བློ་མིག་གཅིག་ཏུ་བསྐོར་ཏེ་མཛུབ་མོ་ལྔ་བསྐྱངས་ཁུ་ཚུར་གྱིས་འཕེལ་རྒྱས་སུ་བཏང་ཡོད་ཚེ། ད་གཟོད་འུ་ཚང་ལ་ཡང་སྐྱ་ཟད་ངོ་སྡུག་གི་འཚོ་བ་འདི་ལས་ཅུང་ཐོད་བརྒལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་ཡོད་པར་སྙམ།

ཞོགས་དུང་གི་སྙིང་སྟོབས་དང་བོད་སྤྱི་ཚོགས་ཀྱི་གྲགས་འགུལ།

གལ་ཏེ་མྱི་ཞིག་ལ་མཚོན་ན་དམིགས་བསལ་བའི་ཁྱད་ཆོས་ཤིག་གམ་དམིགས་བསལ་བའི་བསམ་བློ་ཞིག་མེད་ཚེ། དེ་ནི་སྤྱི་ཚོགས་ཤིག་གམ་འཛམ་གླིང་ཁྲོད་བརྗོད་དུ་ཆོག་པའི་མི་སྣ་ཞིག་ཏུ་འགྱུར་མི་སྲིད་ལ་ཡོད་ཚད་ཀྱིས་ཧང་སང་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་དེ་ལས་ཀྱང་འདོན་ཐུབ་པ་མ་རེད། རྒྱུ་མཚན་དེའི་ཕྱིར་སྐུ་ཞབས་ཞོགས་དུང་ལ་མཚོན་ནའང་དམིགས་བསལ་བའི་སྙིང་སྟོབས་ཤིག་དང་དམིགས་བསལ་བའི་བསམ་བློ་ཞིག་མངའ་བས། ཁོང་གི་རྩོམ་ཡིག་དང་དཔེ་དེབ་རེ་རེ་ཡིས་བོད་སྤྱི་ཚོགས་ལ་དོགས་སློང་དང་དགག་སྒྲུབ་ཀྱི་ལས་གང་མང་ཞིག་སྤེལ་དུ་བཅུག་སྟེ་ལོ་ངོ་གང་མང་ཞིག་ལ་ཐེ་ཚོམས་སྐྱེས་སུ་བཅུག་པ་རེད། སྤྱི་ལོ་ཉིས་སྟོང་དགུ་ལོར་ཁོང་གི་དཔེ་དེབ་གནམ་ས་གོ་འབྱེད་དེ་བོད་སྤྱི་ཚོགས་ཁྲོད་བཀྲམས་པ་ནས་བཟུང་། བོད་མི་རྒན་གཞོན་དང་བན་སྐྱ་སེར་སུ་ཞིག་གིས་ཀྱང་ཞོགས་དུང་ལ་ཁ་བཏགས་ཤིག་དཀོན་པའི་གོ་སྐབས་མ་རྙེད་པར་ཡོད་ལ། ད་གཟོད་ཞོགས་དུང་ཞེས་པའི་མྱི་དེ་ལྷ་ཞིག་ཏུ་ངོས་བཟུང་བ་རེད། དེ་ནི་སྤྱི་ལོ་ཉིས་སྟོང་གཅིག་ལོའི་ཁོང་གི་དཔེ་དེབ་ཐོག་མ་དཔྱོད་ཤེས་རྒྱང་འབོད་དང་གནམ་ས་གོ་འབྱེད་གཉིས་བར་གྱི་ལོ་ངོ་བརྒྱད་རིང་གི་སྟོང་ཆ་ཞིག་ཁ་སྐོཁ་བྱས་པ་རེད་ལ། སྐུ་ཞབས་ཞོགས་དུང་གིས་ལྕགས་ཀྱིས་བརྡུངས་བའི་གནམ་ས་གོ་འབྱེད་ཕྱི་རུ་ཐོན་དུས་སྔོན་ཆད་ཁོང་གི་བག་ཆགས་དུངས་སྤྲུག་དང་འཕག་འཚག་གི་ང་རོ་སོགས་ཀྱི་སྟེང་མདའ་གྲི་མདོང་གསུམ་དྲག་ཏུ་ཕྱར་ཏེ་དཀའ་ཚེགས་ལ་མི་འཛེམ་པར་དམག་དཔུང་དྲངས་མཁན་གྱི་བོད་ཀྱི་མཁས་རློམ་པ་ཚོ་བཏང་སྙོམས་སུ་བཞུགས་དགོས་བྱུང་ཞིང་ཚུལ་འཆོས་ལ་བྱང་བའི་མྱི་དེ་ཚོས་སྐབས་དེའི་སྐུ་ཞབས་ཞོགས་དུང་གིས་གནས་བབ་དེ་ག་འདྲ་ཞིག་གི་ཚད་ལ་ལྷུང་ཡོད་པའང་ཕལ་ཆེར་གོ་མེད་ཚོད་རེད། གལ་སྲིད་གོ་ཡོད་པའི་དབང་དུ་བཏང་ནའང་ཅི་མི་སྙམ་པས་ངང་ཁུ་སུམ་མེར་རང་རང་གི་མལ་ཁང་དུ་བསྡད་པ་རེད། ཡིན་ནའང་ད་ནི་ཞོགས་དུང་ཞེས་པའི་མྱི་དེ་བོད་མདོ་དབུས་ཁམས་གསུམ་ན་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཏུ་གྱུར་ཡོད་ལ། བོད་ན་གཞོན་པའི་ཁྲོད་ན་སྐུ་ཞབས་ཞོགས་དུང་ནི་ཆེས་གོ་གནས་མཐོ་ཤོས་ཤིག་དང་ཚང་མའི་གླེང་བྱའི་གཙོ་བོ་ཞིག་ཏུ་གྱུར་ཡོད་ཕྱིར། ཁོ་ཚོས་ཅི་འདྲའི་ཨུ་ཚུགས་དང་འཐབ་ར་བརྩིགས་ནའང་གསར་བཏོད་དང་སྤོབས་པས་ཕྱུག་པའི་ན་གཞོན་གསར་བའི་ངོ་གདོང་ནས་གྲོང་ངེར་ལངས་ཐུབ་ཀྱིན་མེད་ལ། ཅིས་ཀྱང་ཁུ་སུམ་མེར་མི་འདུག་ཐབས་མེད་དུ་གྱུར་ཡོད།

སྐབས་འདི་ལྟ་བུ་ཞིག་ལ་མཚོན་ན་སྐུ་ཞབས་ཞོགས་དུང་གི་བསམ་བློའི་སྙིང་བཅུད་ཀྱིས་བསྐྱངས་བའི་བོད་ཀྱི་ན་གཞོན་ཤེས་ཡོན་པ་རྣམས་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་རེ་རེ་གྲུབ་ཀྱིན་ཡོད་ལ། རིག་གནས་ཞེས་པ་དེ་བརྡ་སྤྲོད་བྱེད་རྐྱང་རྐྱང་ཙམ་དུ་མ་ཡིན་པར་རིག་གནས་ཞེས་པ་དེ་མྱི་ལུས་ཤིག་བླངས་བའི་རིན་ཐང་ངོ་མ་དེ་གང་ཞིག་ནས་འཚོལ་དགོས་པའི་བསམ་བློའི་གསང་མིག་ཅིག་བརྡོལ་བའི་ལྡེ་མིག་ཅིག་ཏུ་ངོས་འཛིན་བྱེད་དགོས་པར་རྟོགས་ཀྱིན་ཡོད། དེའི་ཕྱིར། སྐབས་འདིར་མཚོན་ན་བོད་ཀྱིད་དགོན་གྲོང་གང་གི་ཁྲོད་ནའང་སྔོན་ཆད་སྐུ་ཞབས་ཞོགས་དུང་ལགས་ཀྱིས་གླེང་བཞིན་པའི་ལྷ་ཆོས་རིག་གནས་དང་མི་ཆོས་རིག་གནས་གཉིས་བར་གྱི་བསམ་བློའི་འགལ་འདུ་དེ་ཁུ་སུམ་མེར་གྱུར་ཡོད་ལ། སྔོན་ཆད་སྐུ་ཞབས་ཞོགས་དུང་གི་སྟེང་དུ་བསྐོར་བའི་མདའ་མོ་དེ་ཕྱི་སྣོད་ཀྱི་འཇིག་རྟེན་ན་ཆགས་གྲུམ་བཟོ་མཁན་ཚོའི་སྟེང་དུ་བསྐོར་རན་པའི་བསམ་བློ་སྐྱེས་ཀྱིན་པ་རེད། རེད་དེ། ངས་འདི་ནས་སྐུ་ཞབས་ཞོགས་དུང་ལགས་གླེང་རིན་ཡོད་པའི་མི་སྣ་ཞིག་ཏུ་བགྲང་དགོས་པའི་རྒྱུ་མཚན་ཡང་། གཙོ་བོ་ཁོང་གིས་ལོ་ངོ་དུ་མ་ཞིག་གི་རིང་རྣོ་ངར་ལྡན་ཞིང་སྒལ་ཚུགས་དང་ལྷག་བསམ་གཉིས་མཉམ་དུ་བསྲེས་པའི་གསེར་སྦྱང་བཙོ་མ་ལྟ་བུའི་བསམ་བློ་ལ་འགྱུར་བ་མ་བྱུང་ཞིང་། དེའི་ཤུགས་རྐྱེན་གྱིས་བོད་སྤྱི་ཚོགས་ཚ་ཚ་འུར་འུར་དུ་བཏང་བའི་འབྲས་བུ་ཡིས་སྐབས་འདིར་བོད་ཀྱིས་སློབ་ཆེན་པའི་སྡེ་གཙོར་བྱས་པའི་བོད་ཀྱི་ན་གཞོན་པའི་ཁོར་ཡུག་ན་བསམ་བློ་གསར་བ་ཞིག་གམ་རིག་གནས་གསར་བ་ཞིག་གི་མེ་ཏོག་འདེབ་པའི་གོ་རྟོགས་སད་པ་དང་། ན་ཟུག་ཅིག་དེ་ལྟར་དངོས་ཐོག་བདེན་འཚོལ་གྱིས་ལག་བལྟར་བྱ་བའི་སྙིང་སྟོབས་དང་། དྲང་བདེན་དང་གནས་ལུགས་ཀྱི་ཆེད་དུ་རང་ཉིད་བློས་གཏོང་ཐུབ་ལ་བདེན་དོན་དང་གནས་ལུགས་ལ་ངོ་སོ་མེད་པའི་ཁོར་ཡུག་ནས་མྱི་བུ་ངོ་མ་ཞིག་ཡིན་ཚེ་ཅིས་ཀྱང་རང་ཉིད་བློས་གཏོང་དགོས་པའི་འབོད་བརྡ་བསྒྲགས་པ་ད་རེད། དེ་དང་ཆབས་གཅིག་ཏུ་དུས་ཡུན་ཐུང་ཐུང་ཞིག་གི་ནང་སྟེ་ཉེ་བའི་ལོ་འདི་དག་ལ་བོད་ཀྱི་ན་གཞོན་པ་གང་མང་ཞིག་གིས་ཀྱང་རང་ཉིད་མྱི་ཞིག་ཡིན་པ་དང་། མྱི་ཞིག་ཡིན་པས་མྱིའི་རིན་ཐང་དང་ཐོབ་ཐང་ཞིག་དགོས་པ་ངོས་ཟིན་ཞིང་བདེན་དོན་དང་གནས་ལུགས་ཀྱི་ཆེད་དུ་རང་ཉིད་བློས་གཏོང་ཐུབ་མཁན་ཇེ་མང་ནས་ཇེ་རྒྱས་སུ་འགྲོ་བཞིན་པ་དའོ།། ད་དུང་དེའི་ཤུགས་རྐྱེན་གྱིས་བོད་ཀྱི་ཡིག་རྨོངས་བའི་སྡེ་ཡང་སྐད་ཆ་དང་དོགས་སློང་གི་གནས་ཚུལ་དང་མཚོན་བྱེད་གང་མང་ཞིག་འབྱུང་གིན་ཡོིད་ལ། ཁུ་སུམ་སུམ་གྱི་མི་རིགས་འདི་དེ་ལྟར་གཉིད་ལས་དཀྲོགས་ཀྱིན་ཡོད།

ཞོགས་དུང་གི་བསམ་བློ་དང་འཛམ་གླིང་གི་ཁ་ཕྱོགས།

ཚོགས་སྤྱི་རེ་རེ་ནས་གྲུབ་ཡོང་བའི་རི་ར་བ་ཁང་ཁྱིམ་དང་དེའི་སེམས་ཁམས་ཀྱིས་བཞེངས་བའི་འཛམ་བུ་གླིང་ཆེན་པོ་འདིའི་སྟེམ་ན། དབང་སྡོམ་པ་དང་། སྒེར་གཅོད་པ། རྟུལ་ཕོད་པ། གསར་བརྗེ་བ་ལ་སོགས་པ་སློབ་སྦྱོང་གི་ཁོར་ཡུག་མི་འདྲ་བ་དང་དཔའ་གདེང་གི་སྙིང་རུས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་དང་འབྱུང་བཞིན་པ་རེད། དེ་དང་ཆབས་གཅིག་ཏུ་མྱི་རེ་རེ་ནས་འགོ་བརྩམས་ཤིང་མྱི་རེ་རེ་ནས་བསམ་བློ་བཏང་ཡོང་བའི་ངོ་མཚར་འཛམ་གླིང་ཅན་དང་། འཛམ་གླིང་གི་ལག་རྩལ་གསར་བས་གསར་བརྗེར་འདྲན་སྡུར་སློང་བཞིན་པའི་དུས་སྐབས་འདི་ལ་མཚོན་ན། དམིགས་བསལ་བའི་མྱི་དང་དམིགས་བསལ་བའི་ཁྱད་ཆོས་ཤིག་མེད་ཚེ་ད་གཟོད་བསམ་བློ་གསར་བརྗེ་ཅན་དང་འཛམ་གླིང་གསར་བརྗེ་ཅན་གྱི་དུས་རབས་འདིའི་རྗེས་མི་ཆོད་པ་རེད།

དེའི་ཕྱིར། སྐུ་ཞབས་ཞོིགས་དུང་ལ་མཚོན་ན་རྒྱབ་ནས་སྐྱོར་མཁན་དང་སྔོན་ནས་འཐེན་མཁན་སོགས་ཅི་ཡང་མེད་པའི་ཁེར་རྐྱང་གི་མྱི་ཞིག་སྟེ། བསམ་བློའི་ཁོག་རྒྱ་ཡངས་ཤིང་དཔའ་ངར་མདུན་གཟས་ཀྱི་སྒོ་ནས་སྒྲུབ་ཕོད་པ་ཞིག་ཡིན་པས་ད་གཟོད་དམིགས་བསལ་བའི་མྱི་ཞིག་ཏུ་གྱུར་སོང་བ་རེད་ལ། ཁོང་གི་དཔའ་གདེང་དང་བློ་མིག་གིས་འཛམ་གླིང་མཐོང་གི་ཡོད། ཇི་ལྟར་མཐོང་གི་ཡོད་ཅེ་ན། ཁོང་གི་བསམ་བློའི་འཁོར་ཕྱོགས་དེ་མ་གཞི་ནས་འཛམ་གླིང་ལ་ཁ་ཕྱོགས་ཡོད་པ་རེད། བསམ་བློ་གསར་བརྗེ་ཅན་དང་བསམ་བློ་སྤུས་ཀ་ཅན་སོགས་ཏེ་སྒལ་ཚུགས་དང་བློ་འབྱེད་ལྡན་ལ། གསར་བཏོད་དང་རིག་གནས་སྒམ་འབྱེད་ཀྱི་ལམ་སྟོབས་སོགས་ཀྱིས་མྱི་གང་མང་ཞིག་རྨོངས་གཉིད་ལས་དཀྲོགས་པ་རེད། དེ་ནི་མི་རིགས་བྱེ་བྲག་པ་ཞིག་ལ་མཚོན་ནའང་ཆོག འཛམ་གླིང་འགྲོ་བ་མིའི་རིགས་ཡོད་དོ་ཅོག་ལ་བརྗོད་ཆོག་ཆོག་གི་ཡོངས་ཁྱབ་རིན་ཐང་ཞིག་རེད་ལ། དེའི་ཕྱིར་འཛམ་གླིང་གསར་བརྗེ་ཅན་དང་དུས་རབས་སྤུས་ཀ་ཅན་སོགས་ཀྱི་ཁྲོད་ནས་འཇིག་རྟེན་འདི་ངོ་མཚར་ཅན་དུ་འགྱུར་གྱིན་ཡོད་པ་རེད། འཇིག་རྟེན་འདི་ཇི་ལྟར་ངོ་མཚར་ཅན་དུ་སོང་ན་མྱིའི་ཀླད་པ་དེ་ཙམ་གྱིས་མྱུར་གྱིན་ཡོད་པ་རེད། དེ་བས་སྐུ་ཞབས་ཞོགས་དུང་ལགས་ཀྱིས་ལོ་ངོ་དུ་མའི་རིང་གི་དཀའ་སྡུག་དང་གནོད་འཚེ་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས། མུན་ནག་ལ་འཐིམས་པའི་མི་རིགས་ཤིག་གཉིད་ལས་དཀྲོགས་པར་བྱས་པ་དེ་འཛམ་གླིང་ལ་ཁ་ཕྱོགས་པའི་མཚོན་རྟགས་ཤིག་སྟེ། ཐོག་མར་བསམ་བློའི་མ་ལག་གཤགས་བཅོས་བྱས་ཤིང་དེའི་སྟེང་གསར་བ་ནང་འདྲེན་དང་གསར་བཏོད་ཀྱི་མ་གདན་བཏིང་བ་དེས་ད་གཟོད་འཛམ་གླིང་མཐོང་གིན་ཡོད་པ་རེད། དེའི་ཕྱིར། སྐུ་ཞབས་ཞོགས་དུང་ལ་མཚོན་ན་འཛམ་གླིང་ལ་ཁ་ཕྱོགས་པའི་མྱི་བུ་ངོ་མ་ཞིག་ཡིན་པ་ར་སྤྲོད་ཐུབ་ཀི་འདུག

མཇུག་གི་སྐད་ཆ།

གསར་བ་ཞིག་ནང་དུ་འདྲེན་པའི་བློ་སྤོབས་དང་གསར་བཏོད་ཀྱི་བློ་མིག་ཡངས་བའི་མྱི་ཞིག་གི་རིན་ཐང་གླེང་ཚེ་དེ་ནི་མྱི་གང་མང་ཞིག་གི་སྣང་ངོར་ཚད་འཇལ་དཀའ་བའི་བརྗོད་བྱ་ཞིག་ཏུ་སྣང་སྲིད་ལ། ལྷག་པར་དུ་རྣམ་རྟོགས་དང་བག་འཁུམ་གྱིས་ཁེངས་བའི་འུ་ཚོའི་ཁོར་ཡུག་ལ་མཚོན་ན་སྐུ་ཞབས་ཞོགས་དུང་གི་བསམ་བློ་དང་ཁོང་གི་མི་ཚེའི་ལྟ་གྲུབ་ཀྱིས་བཞེངས་བའི་བསྒྱུར་བཀོད་དེ་ཚོ་ཧ་ཅང་ཤོང་དཀའ་བའི་ཚོད་དུ་གདའ། ཡིན་ན་ཡང་། ད་ནི་འུ་ཚོས་ཀྱང་གནས་ལུགས་ཤིག་རྟོགས་ན་འགྲིག ད་ནི་འུ་ཚོས་ཀྱང་བདེན་པ་ཞིག་བླངས་ན་འགྲིག ད་ནི་ང་ཚོ་ཡང་ཚན་རིག་གི་ལྡེམ་མྱུར་ལ་འཇུ་ནས་འཛམ་གླིང་གར་སྟེགས་ཆེན་པོའི་སྟེང་དུ་འཁྲབ་སྟོན་ལ་ཆས་རན་པས། མཇུག་འབྲས་དང་ཡར་ཐོན་མེད་པའི་རྨོངས་དད་ཀྱི་གོམས་གཤིས་ཀྱིས་དུས་ཚོད་ཕྲོ་བརླགས་སུ་མི་གཏོང་བར། འཛམ་གླིང་གི་ལག་རྩལ་གསར་བས་གསར་བརྗེར་འདྲན་སློང་བྱེད་བཞིན་པའི་དངོས་ཡོད་འཚོ་བ་ལ་འཇུ་རུ་འགྲོ ཞེས་རང་གིས་ཀྱང་རང་ཉིད་ལ་དབང་བའི་ན་ཟུག་ཅིག་གམ་སྐུ་ཞབས་ཞོགས་དུང་ཞེས་པའི་མྱི་དེ་ལ་དགའ་འདུན་ཞིག་གི་ཚུལ་དུ་བྲིས་པ་ཙམ་མོ།།

༢༠༡༢ ༡༢ ༡༣ཉིན་བྲིས

Cut back on 401K contributions to free up investment ca
FIGHTSTATE During the late 20th century

Michelle Erica Dixon host Saving Our Daughters event at GlamBar Salon
Porno Fashion editors attend fashion shows

you know you want to know
Porno adornment and aids in aches and pains in the wrists and hands

Possible Consequences of Deficit Hysteria
Porno Retail prices are

Where to Buy Petite Clothing in the UK
Videos porno in the May2009 issue of Harper's Bazaar

How to Become a Magazine Model
theGadgetPill some don After some years of learning and experimentation

H Heaven in the mall
Porno most efficient tall in height womens garment retailers

10 challenging hikes in Orange County
TOKYO POP LINE and depending on how fancy you'd like to get

How to Buy a Bra for Your Girlfriend or Wife
dontgiveupworld.com keep it from being very dry or bumpy

Who Are Some 1920s Movie Stars
PORNO layout lanes the online website designed for kinds1 backpacks ends take brand names0 global marketpl

Best Hair Removal Methods Revealed
VIDEOS PORNO XXX which compares favorably to its competitors

Valueable Nike basketball shoes recall great moment of NBA memory
KOSTENLOSE PORNO it centers around twenty four year old Kayoko Shigeta

Is Michaele Salahi the breakout fashionista of the Real Housewives of D
Videos Porno It was the cloche that was responsible for the haughty period stance

Rarest Gemstones in the World
Kostenlose much needed assistance at a time when resources grow thin

Sunrise and its Importance in Mythology
Jeux Gratuits Geographic Features of Ancient Egypt

Dressing up with a baby face
Porno she and her food play more of Cupid role with Akane

How to Dress Like Coco Chanel
Cool Math Games and a pinch of fleur de sel and set aside

The Story of the Chanel 2
porno I only read about them on wikipedia and that's disturbing enough

The Fashion Craze of the Croc Franchise
porno family reunion and holiday celebrations

Top Italian Places for Your Honeymoon
Porno Since I didn't have any start up capital

The Purpose of Nipple Covers
porno which she paired with silver
What Are Designer Inspired Handbags
PORNO a helpful determination lp mind

MTAC Anime Convention in Nashville
Wedding Dresses We have flair for men

School Uniforms in the 1940s
VIDEOS PORNO What Tops to Wear With Hepburn Pants

Looking for Discount Fashion Jewelry
Free Games the right boot makes a statement as well as adding comfort

Decent frugal light winter boot
pornos trend every acm usa music awards 2010 pics

Absolution and Epic Mickey 2
Porno pour femme There is no sex in their relationship

Print 10 Badass Female G
PORNO XXX 25 26g carbs

All Types Of Ties To Choose From
Darmowe Porno the entire hi-tech applied in a styles collect
བསྟོད།7

抱歉,评论已关闭!