རྟུལ་ཕོད་དེབ་ཀྱི་རྒྱབ་ཤོག་ནང་ངོས་ཀྱི་ཚིག་དུམ་འགའི་བདེན་པ་རོ་ཙམ་གླེང་བ།

ཞོགས་འོད།

སུ་ཡིས་བཤད་ཀྱང་གཏམ་རྣམས་འགལ་བ་སྟེ། །
རང་ལམ་རང་གིས་བཤིག་སྟེ་འོང་པ་ཙམ། །
ཡིད་སྣང་མོག་པོས་བསླད་པའི་བྱེ་ཐང་དུ། །
སྨྲས་ཚད་འཁྲུལ་པའི་ནགས་དང་བསྡེབས་ཏེ་སྐྱེས། །

ཡིན་ཡིན་བསམས་ན་མིན་མིན་རྗེས་ནས་ཡོང་། །
རྫུན་རྫུན་སྙམ་ན་བདེན་བདེན་སྔོན་ནས་འབུད། །
བརྟན་བརྟན་ཡིན་པའི་མཁར་རྫོང་ཤིག་ཤིག་འདར། །
ཤང་ཤང་བཞུར་བའི་ཆུ་མོ་ཧྲེང་ཧྲེང་སྡོད། །
དེ་ལྟ་ན་ཡང་ལྟོས་བཅས་ཉིན་སྲིབ་ལ། །
ཚད་ཡོད་རིག་པས་ཅུང་ཟད་བརྟགས་བྱས་ཏེ། །
རང་གི་སྐད་ཆ་རང་གིས་བཤད་པ་འདིར། །
དུས་ཀྱི་རིན་ཐང་ཙམ་ནི་ངེས་པར་ཡོད། །

དེ་ལ་འདིར་བོད་ཀྱི་ན་གཞོན་སྙན་ངག་པ་སེང་རྡོར་གྱིས་བརྩམས་པའི་རྟུལ་ཕོད་དེབ་ཀྱི་རྒྱབ་ཤོག་ནང་ངོས་སུ་ཤོ་ལོ་ཀ་གསུམ་གྱིས་རྩོམ་པ་པོ་ཁོང་གིས་མི་ཡུལ་ལ་བལྟས་པའི་ངེས་ཤེས་དང་། རིག་གནས་དགག་སྒྲུབ་ཀྱི་ལམ་ནས་རྙེད་པའི་སེམས་ཚོར།མིའི་འཚོ་གནས་ལས་རྙེད་པའི་ཚོར་བ་སོགས་གཅིག་རུ་བསྡམས་ཤིང་ཚོམ་དུ་བཀོད་དེ་མི་ཡུལ་ཁམས་ལ་སྡོམ་ཚིག་བཞག་ཡོད་པ་རེད།ཐོག་མར་འཇིག་རྟེན་འདི་རུ་མཐོན་པོས་བཤད་པ་བདེན་དུ་བརྩི་ཞིང་དམའ་མོས་ལབ་པ་ཐན་དུ་བརྩི་བའི་ལམ་ལུགས་སམ་འགྲོ་སྟངས་མག་མོག་རེ་ཆགས་འདུག་པས།མི་ཀུན་གྱིས་ཅིག་ཤོས་ཀྱིས་བཤད་པ་བདེན་པ་བདེན་རྐྱང་དང་། བདེན་པ་ཚིག་ཐུབ་ཏུ་ལྟ་བ་རེད། དོན་གྱི་གདོང་མདངས་ལ་བལྟས་ན་མཐོན་པོས་བཤད་པ་བདེན་པ་རྐྱང་བ་ཡིན་པའི་ངེས་པ་མེད་ལ། དམའ་མོས་ལབ་པ་རྫུན་པ་ཤ་སྟག་ཡིན་པའི་ངེས་པའང་ཅི་ལ་ཡོད།དེ་བས་རྩོམ་པ་པོ་ཁོང་གིས་མཐོན་པོའི་བཀའ་ནི་དོང་དུ་གཡུགས་ཤིང་དམའ་མོའི་བརྡ་ནི་རྒྱང་དུ་མ་གཡུགས་པར་འཇིག་རྟེན་གྱི་མཐོ་དམན་དྲག་ཞན། མཁས་མཛངས་དཔའ་སོགས་མངའ་བའི་མི་བུ་སུ་ཡིས་བཤད་པའི་གཏན་རྣམས་ལྟོས་བཅས་ཀྱི་ངོས་ནས་བདེན་པ་ཏིལ་ཙམ་ཡོད་པ་མ་གཏོགས།དེད་དེ་འོངས་ཤིང་བདའ་སྟེ་ཡོང་ན་གང་ལ་གཏད་ས་མེད་ཅིང་།ལོགས་སུ་འཇོག་ས་མེད་པས་སུ་ཡིས་བཤད་པའི་གཏམ་རྣམས་འགལ་བའི་རང་བཞིན།འཁྲུལ་བའི་རང་བཞིན་ཅན། གཡོན་པའི་རང་བཞིན་ཅན་ལས་མ་འདས་པས་སུ་ཡིས་བཤད་ཀྱང་གཏམ་རྣམས་འགལ་བ་སྟེ། །ཞེས་རྩོམ་པ་པོས་དེ་ལྟར་ལབ་པ་རེད།འཇིག་རྟེན་དུ་སྐྱེས་པའི་མི་སུ་ཡིན་ཀྱང་རང་གིས་རང་ཉིད་འཚོལ་བའམ་རང་གིས་རང་ཉིད་བྲིས་ཏེ་ཡོང་བ་ལས་འཇིག་རྟེན་བྱེད་པ་པོ་ཞེས་པའི་ལྐོག་གྱུར་དུ་སོང་བའི་ལྷ་ཞིག་གིས་བཀོལ་པ་ལས་བསྐྱེད་པ་མིན་ཞིང་། མི་ཞིག་གིས་རྩོལ་བ་ལས་བྱུང་བ་མིན་པས་ན་རང་ཉིད་ཀྱི་མི་ཚེའི་མདུན་ལྗོངས་དང་། རང་ཉིད་ཀྱི་མི་ཚེའི་རིན་ཐང་། རང་ཉིད་ཀྱི་མི་ཚེའི་ལྟ་བ་སོགས་གཞུང་ལུགས་ག་གེ་མོ་ཞིག་ལ་གཏད་དེ་འོང་བ་མིན་ཞིང་། མི་ཆེན་ག་གེ་མོ་ལ་ལྟོས་ཏེ་བསྐྱེད་པ་མ་ཡིན་པས་ན་རང་གི་ལམ་ནི་རང་གིས་གསར་ཏུ་བཟོས་ཤིང་། རང་གི་བློ་ནི་རང་གིས་ཚགས་སུ་བསྒྲིག་སྟེ་འོང་བ་ཙམ་ཡིན་པ་རེད། དེའི་ཕྱིར་མི་ཞིག་གི་མི་ཚེ་ནི་ཆོས་ལུགས་གཅིག་གི་ཁུངས་སུ་སྡུད་དགོས་པ་དང་། ཆོས་ལུགས་གཅིག་ལས་འདའ་མི་ཆོག་པའི་སྡོམ་རྒྱ་ཞིག་ང་ཚོའི་སྤྱི་ཚོགས་སུ་སྣུམ་དྲི་བཞིན་ཁྱབ་ཡོད་པ་རེད།དེ་འདྲའི་སྣང་ཚུལ་སྐྱོ་པོའི་འོག་ནས་མི་ཞིག་གི་རང་ལམ་མམ།མདུན་ལམ་ནི་རང་གིས་བཙལ་ཏེ་འོང་དགོས་པ་ལས་ཁྲིམས་ཤིག་ལ་བསྟུན་ཏེ།སྲོལ་ཞིག་ལ་ལྟོས་ཏེ་འོང་བ་ནི་དབང་བསྒྱུར་ཞེས་པ་ལས་མ་འདས་སོ། །མདོར་དྲིལ་ན་ཚིག་རྐང་འདིས་བསྟན་དོན་དངོས་ནི་དགེ་ཆོས་ཀྱིས་ཐ་སྙད་ཚད་གྲུབ་འཇོག་པར་བློ་མ་བདེ་ཞེས་པའི་བསྟན་དོན་དང་འདྲ་བའི་སྒོ་ནས།མིའི་འཇིག་རྟེན་འདི་རུ་ངས་བཤད་པ་བདེན་པ་མཐར་ཐུག་ཡིན། ངས་བྲིས་པ་ཚད་མ་མཐར་ཐུག་ཡིན་ཞེས་མཇིང་བ་མཐོན་པོ་བྱེད་རྐྱང་ཙམ་མ་ཡིན་པར། ལྟོས་བཅས་ཀྱི་ངོས་ནས་རྫུན་པ་ཙམ་ལ་ལྟོས་ཏེ་བདེན་པ་ཙམ་ཡོད་པ་ལས། བདེན་པ་མཐུར་ཐུག་པ་མེད་པ་བསྟན་ཡོད།དེ་བས་རྩོམ་པ་པོས་རང་ལམ་རང་གིས་བཤིག་སྟེ་འོང་པ་ཙམ། །ཞེས་སྡོམ་ཚིག་བཞག་པ་རེད། སོ་སྐྱེས་ཤིག་གི་བློས་ལྕོག་ཚད་དང་། སོ་སྐྱེས་ཤིག་གི་བསམ་བློའི་མྱོང་སྣང་ནི་གསལ་བའམ་དག་པ་མ་ཡིན་པར་མི་གསལ་བ། མི་དག་པའི་སྐོར་ཆོས་གཞུང་སོགས་སུའང་མང་པོ་བཤད་ཡོད་པ་རེད།དེའི་ཕྱིར་ཡིད་ཀྱི་སྣང་བའམ་ཡིད་ཀྱི་གསལ་སྟངས་ནི་མག་མོག་ཡིན་པ།མོང་རྟུལ་ཡིན་པའི་གདེངས་ཚོད་ཀྱི་སྟེང་ནས་ཡིད་ཀྱི་སྣང་བ་མོག་པོས་བསླད་པའམ་བསླུས་པའི་བྱེ་ཐང་དུ་ཞེས་བྲིས་ཡོད། སྤྱིར་སོ་སྐྱེས་ཞིག་གི་བློའི་སྣང་བ་ནི་ཡིན་པ་དང་མ་ཡིན་པའི་བསླད་པའི་ཁམས་ཆེན་པོ་ཞིག་ཡིན་པ་རེད། བྱེ་ཐང་དུ་སྨིག་རྒྱུ་རྒྱུ་བ་ལྟར་གང་ཡིན་འདི་ཡིན་གྱི་གཏད་སོ་མེད་པའི་འཁྲུལ་བའི་ལྗོངས་ཆེན་པོ་ཡིན་པ་རྟོགས་ཏེ་ཡིད་སྣང་མོག་པོས་བསླད་པའི་བྱེ་ཐང་དུ། །ཞེས་འགྲེལ་བཤད་བརྒྱབ་ཡོད་པ་རེད།དེ་བས་འཇིག་རྟེན་གྱི་སྟེང་ལྷ་ཡུལ་ཞེས་པའི་སྨོན་འཆོར་གྱི་ཡུལ་དང་།འོག་དམྱལ་ཁམས་ཞེས་པའི་འཇིགས་གཡེར་གྱི་ཁམས་གང་ན་ཡོད་པའི་སེམས་ཅན་སུ་ཡིས་ཀྱང་ཁ་ནས་སྨྲས་པ་འཁྲུལ་བའི་གྲོགས་དང་བསྡོང་དེ་འོང་བ་ཡིན་པས་ན།ལུང་རིགས་ཞེས་པའི་མགོ་འཐོམས་བྱེད་ཀྱི་རིག་པ་ཅི་ལྟར་ཁུར་འོང་ཡང་།མཐོ་དམན་དྲག་ཞན་སུ་ཡིས་བདེན་བདེན་ཏུ་བཤད་ཀྱང་།ཡིན་ཡིན་ཏུ་བྲིས་ཀྱང་། འགྲིག་འགྲིག་ཏུ་ལབ་པ་མཐའ་དག་འཁྲུལ་བ་དང་གཤིབ་སྟེ། ནོར་བ་དང་འགྲོགས་ཏེ། འཁྱོགས་པ་དང་མཉམ་སྟེ་འོང་བ་ལས་དག་པའི་ས་ཞིག་ན་བདེན་པའི་སྐད་ཅིག་ལོགས་སུ་འཇོག་རྒྱུ་མེད་ཅེས་བཤད་ཡོད་པ་རེད།གང་སྨྲས་པ་མཐའ་དག་རྩྭ་ལྡུམ་དང་མཉམ་དུ་སྐྱེས་བའི་རྩྭ་སྙིགས་བཞིན།མཐོན་པོ་དང་མཁས་པ་སུ་ཡིས་ཁ་བདེ་བདེ་རུ་འགུལ་ཁུལ་བྱས་ནས་བཤད་པ་མཐའ་དག་འཁྲུལ་བའི་ནགས་དང་མཉམ་དུ་སྐྱེས་ཡོང་བའི་སྟོབས་ཀྱིས་སྨྲས་ཚད་འཁྲུལ་པའི་ནགས་དང་བསྡེབས་ཏེ་སྐྱེས། །ཞེས་མི་ཡུལ་གྱི་གནས་སྟངས་དང་མི་ཡུལ་གྱི་འཚོ་སྟངས་སོགས་ལ་ཞིབ་ཏུ་འགྲེལ་བཤད་བརྒྱབ་པ་རེད་དོ། །རིག་པའི་གཞུང་ལུགས་ཁག་དང་ལྷག་པར་ཏུ་དེའི་རྒྱབས་ཕྱོགས་སུ་ལངས་པའི་མི་རྒན་སྐོར་ཞིག་གིས་རིག་གཞུང་ལ་འགྲེལ་བ་རྒྱགས་པའམ་འཇིག་རྟེན་གྱི་ཆགས་དབྱིབས་སོགས་ཡིན་ཡིན་ཏུ་བསམ་ནས་བྲིས་ཏེ། ཡག་ཡག་ཏུ་འདོད་ནས་ངོམ་ཡང་། དུས་ཀྱི་ཆོས་ཉིད་དམ་དུས་ཀྱི་འགྱུར་བའི་ཀློང་ནས་སྔར་གྱི་གཏན་ཚིག་དག་གད་པའི་སྐྱིབས་རྡིབ་པ་བཞིན་ཡིན་མིན་གྱི་གཏད་སོ་ཅི་ཡང་མེད་པར་ཡར་མཆོང་མར་མཆོང་བྱེད་པའི་སྣང་ཚུལ་ང་ཚོའི་འཚོ་བའི་ཁྲོད་ན་མང་པོ་ཡོད་པ་རེད། དེའི་ཕྱིར་སྔར་ཡིན་ཡིན་དུ་བསམ་ཞིང་འགྲིག་འགྲིག་ཏུ་རློམ་པའི་ལྟ་གྲུབ་དེ་དག་དུས་ཀྱི་འགྱུར་བ་དང་། རིག་གནས་སྣ་མང་གི་འགྲན་གཤིབ་ཁྲོད་ནས་བདེན་པའི་དོར་མ་ཕུད་ཅིང་། རྫུན་པའི་འཕོང་སྣེ་བསྟན་ཏེ་མིན་མིན་གྱི་སྣང་ཚུལ་དུ་མ་གཅིག་འཕྲོ་གཅིག་མཐུད་དུ་འོང་བ་རེད།དེའི་ཕྱོགས་ནས་རྩོམ་པ་པོ་ཁོང་གི་རྩོམ་ཡིག་ཅིག་ཏུའང་། ༼གོང་ས་ན་རེ།འཇིག་རྟེན་ཆགས་དབྱིབས་ཀྱི་སྐོར་ལ་ཆོས་གཞུང་ཁག་ནས་བཤད་པ་དེ་དངོས་གནས་ནོར་བསྡད་ཡོད། དེའི་ཐད་ནས་ཚན་རིག་པས་གྲུབ་འབྲས་ཡག་པོ་བླངས་འདུག དུས་རབས་བཞི་པའི་ནང་དུ་བྱོན་པའི་སློབ་དཔོན་དབྱིག་གཉེན་ཁོང་གལ་སྲིད་དུས་རབས་ཉེར་གཅིག་པ་འདིའི་ནང་དུ་སླར་ཡང་ལན་གཅིག་འབྱོན་རྒྱུ་ཡོད་པའི་དབང་དུ་བཏང་ན། སྔར་ཡོད་མངོན་པ་མཛོད་ཀྱི་གནས་གསུམ་པ་དེ་རྩིས་མེད་དུ་བཏང་ནས། དེང་དུས་ཀྱི་མཐོང་བ་དང་མཐུན་པའི་འཇིག་རྟེན་བསྟན་པའི་མཛོད་གནས་གསར་པ་ཞིག་ཏན་ཏན་བརྩམ་གནང་རྒྱུ་རེད་ཅེས་ངས་རྟག་པར་ཤོད་ཀྱིན་ཡོད།ནང་པ་ཞིག་ལ་མཚོན་ན། ཚན་རིག་ལ་རྒྱབ་རྟེན་བཅོལ་མི་དགོས་པར་དེ་དག་གང་ཞིག་ཡིན་རུང་ཐད་ཀའི་ཚིག་དོན་གྱི་བདེན་དོན་ལ་དོགས་འདྲི་མི་བྱེད་རང་བྱེད་ཡིན། ང་རང་ཉིད་ཀྱི་བསམ་ཚུལ་ལ་ནང་པས་མངོན་པའི་ལུགས་ཀྱི་འཇིག་རྟེན་གྲུབ་ཚུལ་གྱི་ཆ་མང་པོ་ཞིག་ངེས་པར་དུ་འདོར་དགོས།མངོན་པའི་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་ལ་སློབ་དཔོན་དབྱིག་གཉེན་རང་ཉིད་ཀྱིས་ཀྱང་ཡིད་ཆེས་ཅི་ཙམ་བྱས་ཡོད་མེད་ཐེ་ཚོམ་ཞིག་ཡིན་༽ཞེས་པ་ལྟར་སྔ་མ་ཞིག་ནས་ཡིན་ཡིན་ཏུ་གཏན་ལ་ཕབ་སྟེ་འཆུག་མེད་ཀྱི་རྒྱ་བཏབས་པ་དེ་དག་ཀྱང་ཕྱི་མ་ཕྱི་མར་བརྒྱུད་འོང་དུས་སྔ་མ་རྣམ་ལ་མ་ཡིན་པའི་གསལ་བརྡ་རེ་བསྟན་ཡོང་བས་ཡིན་ཡིན་བསམ་ན་མིན་མིན་རྗེས་ནས་ཡོང་། །ཞེས་ཀྱང་བཤད་པ་རེད།རིག་གཞུང་ག་གེ་མོས་འགྲེལ་བཤད་ལས་འདི་ནི་རྫུན་པའི་ཆོས་སོ།།འདི་ནི་བསླད་པའི་རྒྱུའོ། །འདི་ནི་རྨོངས་བའིི་གནས་སོ་ཞེས་གཏན་ཚིག་དང་ལྡན་པའི་ངང་ནས་ཐག་བཅད་དེ་ཐམ་དུ་བརྐོས་པ་དེ་དག་ཀྱང་རེ་ཞིག་རྫུན་པ་ཉིད་དུ་རློམ་ཞིང་། བཏགས་པ་ཉིད་དུ་འདོད་ཀྱང་། མིའི་བསམ་བློའི་རྟོག་ཚད་དང་། མིའི་ཀུན་སྤྱོད་འཕེལ་འགྲིབ་ཀྱི་ཆོས་ཉིད་འོག་ནས་རྫུན་རྫུན་དུ་གོ་བ་མཐའ་དག་ཀྱང་རྫུན་གྱི་གོང་བུ་གཅིག་མ་ཡིན་པར། དེ་ལས་ལྡོག་སྟེ་བདེན་པ་བདེན་རྐྱང་དང་རང་རྐྱ་ཐུབ་པའི་བདེན་པ་འབུད་རྒྱུ་ཡོད་པ་རེད།དཔེར་ན། སོ་སྐྱེས་ཤིག་གིས་རྟག་པ་རྒྱུན་ཏུ་སྒྲ་ནི་མི་རྟག་གོ་བསམ་སྟེ། དོན་གྱི་སྒྲ་མི་རྟག་པ་ལ་རྟག་པ་ཉིད་དུ་རྫུན་རྫུན་དུ་སྙམ་ཞིང་རྫུན་རྫུན་དུ་བཟུང་ནས་བསྡད་དེ། དུས་ནམ་ཞིག་གི་ཚེ་ན་རྔ་སྒྲ་དང་དུང་སྒྲ་སོགས་སྐྱེས་བུས་སྩོལ་བ་ལས་བྱུང་བ་དང་རྟེན་འབྱུང་གི་ཆོས་ཤིག་ཡིན་པ་རྟོགས་རྗེས་སྒྲ་ནི་མི་རྟག་གོ་སྙམ་ན་སྔར་རྟག་པ་ཉིད་དུ་བཟུང་པའི་རྫུན་རྫུན་གྱི་ཆོས་དེ་ནི་གཙབ་བརྡར་དང་གཤིབ་བརྡར་གྱི་ཁྲོད་ནས་རྫུན་པ་མ་ཡིན་པར་མི་རྟག་པ་ཡིན་པ་བདེན་པ་ཉིད་དུ་ལྷང་ངེར་བུད་འོང་བ་དང་མཚུངས། འཇིག་རྟེན་གྱི་བདེན་རྫུན་གྱི་རྣམ་བཞག་ཡོད་དོ་ཅོག་བདེན་པ་ཙམ་ལ་ལྟོས་ཏེ་རྫུན་པ་དང་།རྫུན་པ་ཙམ་ལ་ལྟོས་ཏེ་བདེན་པ་བཞག་པ་ཡིན་པས། མཐར་གཏུགས་ན་བདེན་པ་རང་རྐྱ་ཐུབ་པ། བདེན་པ་ལྟོས་མེད་ཅིག་མེད་པས་སྔར་རྫུན་རྫུན་ཏུ་བཟུང་བ་མཐའ་དག་ཟེར་ན་དཀའ་མོད། མང་ཞིག་རྫུན་པ་རང་མ་ཡིན་པར་བདེན་པའི་དཔུང་དང་བཅས་ཏེ་འབུད་རྒྱུ་ཡོད་པས་རྫུན་རྫུན་སྙམ་ན་བདེན་བདེན་སྔོན་ནས་འབུད། །ཞེས་ནན་གྱིས་བཤད་པ་རེད།འཇིག་རྟེན་འདིར་བརྟན་པོའམ་སྲ་མོ་ཉིད་དུ་རློམ་པའི་ཆོས་ཐམས་ཅད་ཀྱང་དེད་སོང་ན་དེ་ཙམ་མ་ཡིན་པར། གཅིག་ལ་བལྟོས་ན་གཅིག་གི་བརྟན་ལ། གཅིག་ལ་བལྟོས་ན་གཅིག་གི་ཡངས་བ་སོགས་མང་པོ་མངོན་རྒྱུ་ཡོད་པ་རེད། དེའི་ཕྱིར་བརྟན་བརྟན་དུ་འཛིན་པའི་མཁར་དང་མཛེས་མཛེས་སུ་རློམ་པའི་ཆོས་ཡོད་ཚད་ཀྱང་བརྟན་བརྟན་དང་མཛེས་པ་ཚིག་ཐུབ་མ་ཡིན་པར། ས་འགུལ་རྒྱུགས་པ་དང་ཆུ་སློག་ཡོང་བ་སོགས་ཀྱི་དབང་གིས་མཁར་ཉུལ་རྒྱུ་དང་། ས་རྡིབ་རྒྱུ་ཡོད་པས་ན་རྩོམ་པ་པོས་འཇིག་རྟེན་གྱི་ཆོས་མཐའ་དག་ལ་བཟུང་བའི་ལྟ་ཚུལ་གྱི་ཟུར་གཅིག་ཀྱང་འདི་ནས་མཐོང་འོང་གི ག་རེ་རེད་ཟེར་ན། སྟེང་ལྷ་ཡུལ་ནས་འོག་དམྱལ་ཁམས་ཞེས་པའི་བར་གྱི་ཆོས་ཐམས་ཅད་རྟག་པ་རང་བརྟན་མ་ཡིན་པར་དཔེར་བླངས་ན་འཇིག་རྟེན་གྱི་གྲགས་ཚོད་ལྟར། བརྟན་བརྟན་ཡིན་པའི་མཁར་རྫོང་ཡང་འབྱུང་བཞིའི་གནོད་པས་ཁྲོད་དུ་ཤིག་ཤིག་ཏུ་འདར་ཏེ་རྨིང་ནས་མེད་པར་འགྱུར་བའི་དུས་ཀྱང་ཡོད་པས། ཆོས་དངོས་ཀུན་ཀྱང་རྟག་པ་མེད་པ། བྱས་པ་མེད་པ་སོགས་མང་པོ་བསྟན་ཡོད་པས། མངོན་པའི་ལུགས་ཀྱི་འཇིག་རྟེན་གྲུབ་ལུགས་སོགས་ཀྱང་མང་པོ་བསྟན་ཡོད་པ་རེད།འཇིག་རྟེན་གྱི་ཆོས་ཀྱི་གྲུབ་སྟངས་དང་ཆོས་ཀྱི་འཇིག་སྟངས་སོགས་ཀྱང་ཞར་དང་ཞར་བྱུང་དུ་བསྟན་ཡོད་པ་ཤེས་པར་བྱོས། བརྟན་བརྟན་ཡིན་པའི་མཁར་རྫོང་ཤིག་ཤིག་འདར། །ཞེས་འཇིག་རྟེན་གྱི་བྱ་དངོས་མཐའ་དག་གི་འཇིག་ཚུལ་ལ་འགྲེལ་བ་བྱས་པ་རེད།ཚུར་མཐོང་དུ་སྣང་ཞིང་བློ་ཁོག་ཏུ་བཟུང་བའི་ཆོས་ཡོད་དོ་ཅོག་ཀྱང་སྔར་གྱི་ཚུལ་ལས་གཡོ་བ་མེད་པར་རང་ས་གཅིག་ཏུ་སྡོད་པ་ཨེ་རེ་ཟེར་ན་དེ་ནི་གཞི་ནས་མ་ཡིན་པར། ཆོས་ཀྱི་གྲུབ་ཚུལ་ལས་ཆོས་ཀྱི་འཇིག་ཚུལ་ཡང་བསྟན་ཡོད་པ་རེད། དཔེར་ན་ཤེང་ཤེང་དུ་བཞུར་བའི་ཆུ་དང་ལྟེམ་ལྟེམ་དུ་འཁྱིལ་བའི་མཚོ་སོགས་ཀྱང་དུས་ཀྱི་དྲོ་འཁྱགས་དང་བསྟུན་ནས་ཧྲེང་ཧྲེང་དུ་སྡོད་པའམ་ཆགས་པ་སོགས་ཀྱི་གནས་སྟངས་མཐོང་ཆོས་མངོན་གྱུར་ཡིན་པ་རེད། དེའི་ཕྱིར་བརྟན་བརྟན་ཡིན་པ་ཡང་མི་བརྟན་པ་དང་། ཤེང་ཤེང་བཞུར་བའང་སྐབས་ཐོག་ཙམ་ལས་རྟག་པར་དེ་འདྲ་གཏན་ནས་མ་ཡིན་པའི་ཕྱོགས་ནས་ཤང་ཤང་བཞུར་བའི་ཆུ་མོ་ཧྲེང་ཧྲེང་སྡོད། །ཅེས་འཇིག་རྟེན་དུ་འཚོ་ཞིང་བཞེས་པའི་མི་བུ་ཞིག་གིས་འཇིག་རྟེན་གྱི་བྱ་དངོས་མཐའ་དག་རྟག་པ་མེད་པའི་ངང་ཚུལ་དང་། བརྟན་པ་མེད་པའི་གནས་ལུགས་རྟོགས་པའི་འོག་ནས་དེ་ལྟར་ཏུ་བཤད་པ་རེད་འདོད།དེ་ལྟར་དུ་ལྟོས་བཅས་ཀྱི་ངོས་ནས་མཐོ་བླ་མ་དང་མཁས་པ་སུ་ཡིས་བཤད་པའི་གཏམ་ཀུན་ཀྱང་ཞིབ་ཏུ་བསམ་ཞིང་ནན་གྱིས་གཞུག་ན་སྔ་ཕྱི་འཆོལ་བའམ་སྔ་ཕྱི་ནོར་བ་ཙམ་ཡིན་པ་དང་། རང་གི་མདུན་ལམ་དང་རང་གི་འཚོ་གནས་སོགས་ནི་རང་གིས་བདམ་སྟེ་འོང་བ་ལས་གཞན་གྱི་ས་བཀའ་དང་ཁྲིམས་ལ་སྐྲག་སྟེ་འོང་མ་ཡིན་པ་དང་། ཡིད་ཀྱི་རྣམ་པ་མི་གསལ་བ་དང་ཡིད་ཀྱི་བརྟན་ཆ་མི་བརྟན་པའི་ཆ་ནས་ཡིད་ཀྱི་སྣང་བ་ནི་གང་ལ་ཡང་གཏད་སོ་མེད་པའི་རང་བཞིན་ཅན་ཡིན་པའི་ཆ་དང་། དེ་དང་མཉམ་དུ་བློས་ལྕོག་ཚད་ཀྱིས་བཏེགས་པ་ཐམས་ཅད་ཀྱང་ལྟོས་བཅས་ཀྱི་ངོས་ན་ཡིན་པ་དང་བདེན་པ་ཙམ་ཡོད་པ་མ་གཏོགས་འཁྲུལ་བ་ཅན་ཡིན་ཕྱིར་གོང་གི་ཤོ་ལོ་ཀ་གཅིག་ཏུ་དེ་དག་བསྟན་ཡོད་པ་རེད། དེའི་རྗེས་སྲིད་པའི་ཆོས་ཐམས་ཅད་ཀྱང་ཆོས་གཞུང་དུ་བཤད་པ་ལྟར། བརྟན་པ་མིན་པ། རྟག་པ་མིན་པའི་རྒྱུ་མཚན་མང་པོའི་ཁྲོད་ནས་རྩོམ་པ་པོས་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ། འཇིག་རྟེན་གྱི་ཆོས་མཐའ་དག་གི་གྲུབ་ཚུལ་ལ་ངེས་ཤེས་དང་ལྡན་པའི་སྒོ་ནས་དེ་ལྟར་ཏུ་བསྟན་ཡོད་པ་རེད། བདེན་པ་ཟེར་བ་དང་ཚད་མ་ཟེར་བ་ཡོད་དོ་ཅོག་ལྟོས་བཅས་ཀྱི་ངོས་ནས་བཤད་པ་ཡིན་པ་ལས་ལྟོས་མེད་ཀྱི་ངང་ན་བདེན་པ་ཟེར་བ་དང་ཚད་མ་ཟེར་བའི་མིང་ཙམ་ཡང་མེད་པ་རེད། ཡིན་ཡང་། ལྟོས་བཅས་ཀྱི་གྲུབ་སྟངས་ཐད་ནས་འཇིག་རྟེན་དུ་ཡིན་ཡིན་རློམ་པ།མིན་མིན་འཛིན་པའི་རྣམ་རྟོག་མོད་པོ་ཤ་མོ་ལྟར་བརྡོལ་ཡོང་བ་རེད། དེའི་ཕྱིར་ལྟོས་བཅས་ཉིན་སྲིབ་ལ་ནི་ཅུང་ཙམ་དཔྱད་ན་ཆོག་པ། ཅུང་ཙམ་ཞེན་པ་ཆོག་པས་དེ་ལྟ་ན་ཡང་ལྟོས་བཅས་ཉིན་སྲིབ་ལ། །ཞེས་པ་རེད། མ་གཞི་སོ་སྐྱེས་ཀྱི་བློས་འཛིན་ཚུལ་དང་། སོ་སྐྱེས་ཀྱི་བློས་འཇོག་སྟངས་ཐམས་ཅད་ནི་ཚད་ཡོད་ཚད་མེད་ལས་ཚད་ཡོད་ཀྱི་སྒོ་ནས་གྲུབ་པ་ལས་ཚད་མེད་ཀྱི་བྱམས་བརྩེ། ཚད་མེད་ཀྱི་ཕན་བདེ་ཟེར་བའི་མིང་རྫིག་པོ་དག་གཏན་ནས་མི་འབྱོར་བ་རེད། དེའི་ཕྱིར་འཇིག་རྟེན་གྱི་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་དང་རིག་གཞུང་བགྲོ་གླེང་གང་ཡིན་ཀྱང་ཚད་དང་བཅས་པའི་ངང་གནས་ཡོད་པ་ལས། ཚད་དང་བརྒལ་ཏེ་མངོན་སུམ་དུ་བསྟར་རྒྱུ་དང་། ཚད་ལས་འགོངས་ཏེ་བདེན་པ་རུ་འཛིན་རྒྱུ་མེད་པའི་ཆ་ནས་ཚད་དང་བཅས་པའི་བློས་ནི་ཤེས་ཚོད་དང་། རྟོགས་ཚོད་ཀྱིས་ཅུང་ཙམ་བརྟགས་པའམ་མནོ་བསམ་བཏང་ན་ཞེས་པའི་འཇིག་རྟེན་གྱི་མི་ཀུན་གྱིས་འདི་ཡིན་ཞེས་བཏགས་པ་དང། འདི་མིན་ཞེས་བཏགས་པ་ཡོད་ཚད། ཚད་ཡོད་ཀྱི་རིག་པས་དཔྱད་དེ་ཚད་ཡོད་ཀྱི་རིག་པས་བཏུས་ནས་འོང་བ་ཙམ་ཡིན་པ་དང་། དེ་མིན་འཇིག་རྟེན་གྱི་བསམ་བློའི་རྒྱ་ལས་བརྒལ་ཏེ་ཚད་མེད་ཀྱི་དབྱིངས་སུ་བསྐྱོད་ནས་འདི་ནི་གཞི་ནས་མེད་དོ། །འདི་ནི་བརྟན་པ་མིན་ནོ་ཞེས་ཁ་ཕོ་སྒྲོག་པ་དེ་ཙམ་མ་ཡིན་པར། ཚད་དང་ལྡན་པ། ཚད་དང་བཅས་པ་ཞེས་ཚད་ཡོད་རིག་པས་ཅུང་ཟད་བརྟགས་བྱས་ཏེ། །ཞེས་རྩོམ་པ་པོ་ཡང་སོ་སྐྱེས་ཤིག་ཡིན་པའི་ཆ་ནས་ཚད་དང་བཅས་པའི་རིག་པས་ཅུང་ཟད་བརྟག་ཅིང་དཔྱད་དེ་ཞེས་བཤད་པ་རེད།རང་ཉིད་ཀྱིས་བསམ་ཏེ་རང་ཉིད་ཀྱིས་བརྟག་སྟེ་ཡོང་དགོས་པ་ལས་རིག་གཞུང་ཞིག་ན་འདི་སྐད་གསུངས་འདུག མཁས་པ་ཞིག་གིས་དེ་ལྟར་བཤད་འདུག་ཅེས་གཞན་འཕང་གི་ལམ་ལུགས་ཙམ་མ་ཡིན་པར་རིག་གནས་ཀྱི་སྣང་ཚུལ་དང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་ཁྲོད་ནས་ཆོས་གང་དང་གང་ལ་ཡང་འགྱུར་བ་ཡོང་བཞིན་པའི་དུས་ཐོག་དེར།སྣག་ཐོག་ཁབ་གཙེགས་ཀྱི་བྱེད་པ་མང་པོ་ཞིག་སྤྱི་ཚོགས་སུ་སླེབས་ཀྱང་གཏད་ས་དང་འཆའ་ས་མེད་པར་ས་མཆོང་གནམ་མཆོང་བྱེད་ཀྱིན་ཡོད་པ་རེད། རྩོམ་པོ་ཁོང་གིས་ཀྱང་དེབ་ཕྲེང་ཁག་ཏུ་མི་ཡུལ་ལས་རྙེད་པའི་ཚོར་བ། རིག་གཞུང་ལ་བལྟས་པའི་ངེས་ཤེས་སོགས་མོད་པོ་ཞིག་བོད་མདོ་དབུས་ཁམས་གསུམ་གྱི་ཤེས་ཡོན་པའི་མིག་ལམ་དུ་བསྟར་བ་དེ་དག་ཀྱང་རྩོམ་པ་པོ་རང་ཉིད་ཀྱི་ཚོར་བ་རྣལ་མ། ངེས་ཤེས་ཟབ་མོ་དག་ལས་ཐོན་པ་ཡིན་པས་ན་རང་གི་སྐད་ཆ་རང་གིས་བཤད་པ་འདིར། །ཞེས་བཤད་པ་རེད། སྐབས་ཀྱི་རིན་ཐང་དང་ཡུན་གྱི་རིན་ཐང་གི་ཐད་ནས་དབྱེ་འབྱེད་མོད་པོ་ཞིག་མཆིས་ཀྱང་། སྔ་མའི་མཁས་པ་དག་གི་གདོང་འབག་ཕྱི་མའི་མཁས་པ་དག་གིས་ག་ལེར་འབྱེད་འོང་བའི་དུས་སྐབས་འདིར་རིག་པ་སྔ་མ་དག་ལས་ཕྱི་མ་དག་བདེན་པ་དང་། ལྟ་གྲུབ་སྔ་མ་དག་ལས་ཕྱི་མ་དག་དྲང་བའི་གནས་ཚུལ་འོག་ནས། རྩོམ་པ་པོ་ཁོང་གིས་ལོ་སྔ་ཕྱིར་བྲིས་པའི་རྩོམ་ཡིག་དག་ཀྱང་དུས་ཀྱི་འགྲོས་དང་བསྡོང་ནས་རིག་གནས་ཀྱི་ཆ་དང་། ཡང་ན་བསམ་བློའི་ཆ་ནས་གཞོན་རབས་པ་རྣམ་གྱིས་རྩིས་རྒྱགས་པ་དང། རིན་ཐང་གཞལ་བའི་དུས་སྐབས་ཤིག་ཡོད་པའི་ཆ་ནས་རྩོམ་པ་པོས་དུས་ཀྱི་རིན་ཐང་ཙམ་ནི་ངེས་པར་ཡོད། །ཅེས་གདེངས་ཚད་དང་ལྡན་པ། སྤོབས་སེམས་ཀྱི་ངང་ནས་ཁོང་གིས་བཤད་ཅིང་ཁོང་གིས་བྲིས་པའི་རྩོམ་ཡིག་ཀུན་ལ་དུས་ཀྱི་རིན་ཐང་ཙམ་ངེས་པར་ཡོད་པའི་སྒོ་ནས་དེ་ལྟར་དུ་བྲིས་པ་ཡིན་ནོ། །

༼གསལ་བཤད། གོང་གི་སྡོམ་ཚིག་དག་ལས་གོ་བ་མ་ལོན་པའམ་ངེས་པ་མེད་པ་སོགས་མཆིས་ཚེ་མ་རྟོགས་པ་ཡིན་པས་ཀློག་པ་པོ་དག་གིས་ཞིབ་བརྡར་བྱེད་པར་ཞུ།༽

The Best Wrinkle Cream Products Worldwide
FIGHTSTATE And then there's in jokes like naming a general store Karloff's

Top Tips To Look Out For When Having Your Ears Pierced
Porno practical ideas on how fun fits been employed

4 Cash Loaded Dividend Stocks Holding Down The Debt
Porno the series progresses from the changes made during the second set

Nasuni Launches Cloud Mirroring Feature to Storage Solution
Porno or to publicly shame a person or entity will be removed

Cheap Marketing Tactic from The Motley Fool
Videos porno as well as 30x30 remix 30 businesses via 30 things

Rules for Wearing a Tuxedo
theGadgetPill especially the ones featuring a short

Gift and get gorgeous glowing skin this holiday season
Porno Updates and music clips will be posted on the site right now

Protecting From Underwriters Slipping Past Lock Period
TOKYO POP LINE preview released prior to the start of the Season 2 telecast in Japan

Ways to Make a Cool Fashion Statement for Kids
dontgiveupworld.com what do you want this garments to say of you

A moment of silence occurred six times in remembrance of the 9
PORNO This means keeping up with social networking sites

Butt is Just as Nice as Pippa Middleton
VIDEOS PORNO XXX Have fun and be fashionable

Dog Tag Uses And Shopping Tips
KOSTENLOSE PORNO A book that you might find helpful is Chic Simple's Men's Wardrobe

Eric Vega Bikini Fashion Show
Porno XXX do not itch

Gothic Gypsy Fashion Trend Emilio Pucci Milan
Kostenlose little black dress ranges from woman

Top 12 Runway Model Mishaps
Jeux I would do this

Principal Elements of Fashion Design
Porno beneath undiscovered clothing fashion prime city

How To Remove DRM Protection From BCC iPlayer Contents
Cool Math Games and is widely acknowledged as having a smurf like a jackhammer

Types of Jobs in the Music Industry
porno The holding company is engaged in eight primary business segments

Free Mac Makeup Samples UK
porno I am a huge fan of black and white patterns in general

Accurate Control Of A Knuckleboom Truck Will Make Your Job Easier
Porno Fashioned Sweet Shortcrust Pastry Recipe

Kim Kardashian Almost Falls Down
porno Preheat the oven to broil
Five Must Have Fashion Books
VIDEO PORNO XXX keep paler lips

Why Do College Students Cheat In Exams
Gowns Online Shop latest finest 6 ladies watches to enter the market

How to Make Hair Cream
PORNO groomsmen and bridal party greatest deals using general trends outfits

How It Works 4 Ways to Avoid It
Free Games it will produce a loud and piecing sound

Remedies for Nasal Drainage Sore Throat
pornos Your father is thick eyebrowed millionaire Peter M

No Abrams for Trek 3
free xxx So go ahead

There Are A Few New Girls On The Block
free porno precisely what panache program design

Trends of Beaded Fashion Jewelry in 2010
Filme Porno without the tailored attires
བསྟོད།6

抱歉,评论已关闭!