ལྟ་ལོག་པའི་བདེན་པ།

འཛི་གུར་ཀུམ།

"ལྟ་ལོག་པ"ལ་མིའི་མཚན་ཉིད་ཚང༌།ο

"མི"ནི་སྣོད་བཅུད་ཀྱི་བདག་པོ་དང་བདེ་དགུའི་ལེགས་ཚོགས་ཀྱི་འབྱུང་ཁུངས་དེ་ཡིན་པར་མ་ཟད། འཇིག་རྟེན་གྱི་མཛེས་སྡུག་ཡོད་ཚད་ཀྱང་མིའི་ཐབས་འཕྲུལ་ལས་བྱུང་བས། ཁ་སང་གི་མཚར་སྡུག་ལྡན་པའི་ལོ་རྒྱུས་ཀྱང་མིའི་བྱུང་རིམ་ཡིན་ལ། དེ་རིང་སང་ཉིན་གྱི་གསར་གཏོད་ཀྱི་ལམ་ཁ་དང་སྙིང་སྟོབས་ཀྱི་གོམ་སྒྲ་དེའང་མི་ལ་རག་ལས་པས་སོ། །

དེའི་ཕྱིར། ཐོག་མར་མི་འཚོལ་ཏེ་མི་ཡིན་མིན་ལ་དཔྱད་པ་གཏོང་རྒྱུ་གལ་ཆེ་བས། ངས་ཀྱང་མཚམས་འདི་ནས་རང་དང་ཉེ་ས་ནས་མི་འཚོལ་འདོད་དོ། །ང་ཚོའི་གོམས་གཤིས་ལྟར་ན། སྐད་ཆ་བཤད་ཤེས་པ་དང་གོ་བརྡ་འཕྲོད་པའི་རིགས་གཏོགས་ཤིག་ཡིན་དུས། མི་མཚན་ཉིད་ལྡན་པ་ཞིག་ཏུ་ངོས་འཛིན་དང་ཐག་ཆོད་བྱེད་ཀྱིན་ཡོད། ད་དུང་ཆོས་གྲྭ་དག་ནའང་བསྐྱར་ཟློས་དང་ཡང་ཟློས་སྒོ་ནས། མིའི་ཚད་གཞི་ལ"སྨྲ་ཤེས་དོན་གོ"བཞག་སྟེ་མི་ཡིན་ན་དེ་ཡིན་པའི་ཁྱབ་མ་ཁྱབ་གྱི་དོགས་གཞི་ཞིག ཚ་ཚ་འུར་འུར་ངང་ཆེ་མགོ་དཀར་ནས་ཆུང་སུག་དམར་ཡན་ཆད་བར་མཆེད་འདུག་ནའང༌། དེ་ཙམ་གྱིས"མིའི་ཁྱད་རྟགས"གཙོ་བོ་དེ་གཏན་འབེབས་བྱེད་ཐུབ་མེད་པར་འདོད་དེ། སྨྲ་ཤེས་དོན་གོ་ཙམ་ནི་མི་དུད་འགྲོ་མ་ཡིན་པའི་ཁྱད་འབྱེད་ཙམ་ལས་འདིའི་མིའི་རང་བཞིན་ཆ་ཚང་ཞིག་དང་མིའི་ཁྱད་རྟགས་གཙོ་བོ་འགྲེལ་བཤད་དང་གསལ་འདོན་ཡང་དག་པ་ཞིག་ཐོན་ཐུབ་མེད་པས་སོ། །དེས་ན་ཤར་ནུབ་གྱི་མཁས་དབང་ཚོས་མི་ངོས་འཛིན་ཚུལ་སྟེང་ནས་གཞིག་ན། སྨྲ་ཤེས་དོན་གོ་ཙམ་ལས་བརྒལ་ཏེ་མངོན་དུ་བྱུང་པའི"དཔྱོད་ཤེས"སམ་ཕུལ་བྱུང་གི"ཤེས་རབ"མངའ་བའི་བདག་གྲུབ་ཅིག་ལ་མི་ཟེར་ན་འགྲིག་གི་འདོད།"མི་ནི་དཔྱོད་ཤེས་ཀྱི(理性)གཞི་གྲུབ་རེད་ལ"ཞེས་པ་ལྟར་དཔྱོད་ཤེས་ཞེས་པའི་མིང་ཚིག་འདི་ནུབ་གླིང་པའི་མཁས་ཆེན་ཚོས་བཀོལ་གྱིན་པའི་ཐ་སྙད་ཅིག་ཏུ་ངེས་ལ། ཕྱི་མ་ཤེས་རབ་ཅེས་པའི་མིང་ཚིག་འདི་གཙོ་བོ་ནང་གཞུང་ནས་བསྟན་པའི་མིའི་ཁྱད་རྟགས་ཤིག་གམ་མིའི་རྒྱུད་ཀྱི་སེམས་བྱུང་ཞིག་གི་བརྡ་ཆད་ཅིག་རེད།

རྒྱུ་མཚན། འགྲོ་བ་རི་དྲུག་ནང་ནས་ཆོས་སྒྲུབ་པའི་གཞི་རྟེན་གཙོ་བོ་མི་ཡིན་པར་བཤད་པ་ལས་དཔགས་ན། མི་ལ་ཤེས་རབ་གྱི་འཇུག་ལྡོག་ཁྱད་པར་བ་མངའ་སྟབས། དེ་འདྲའི་ཁྱད་མཚར་ལྡན་པ་ཞིག་ཏུ་འགྱུར་ཐུབ་སོང་བ་མ་ཡིན་ནམ། དེར་བརྟེན། དཔྱོད་ཤེས་དང་ཤེས་རབ་ཅེས་པའི་མིང་ཚིག་འདི་གཉིས་ཐ་སྙད་བཀོད་ཚུལ་ཙམ་མ་གཏོགས་དོན་ལ་གཅིག་མཚུངས་རེད་འདུག་གོ ། ད་དུང་དབྱེ་ཞིབ་བྱེད་འདོད་པ་ཞིག་ནི། རང་བཞིན་གྱི་དཔྱོད་ཤེས་དང་ཤེས་རབ་ཡོད་པ་ཙམ་ལ་གོ་རྒྱུ་མ་ཡིན་ལ། རང་བཀུར་དང༌། དོགས་སློང༌། དགག་སྒྲུབ་སོགས་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་བསམ་བློའི་གཞི་རྟེན་དུ་གྱུར་པའི་དཔྱོད་ཤེས་ཁྱད་པར་བ་དང༌། ཤེས་རབ་དམིགས་བསལ་བ་ཞིག་ལ་གོ་ན། མི་ཆ་ཚང་ཞིག་ཏུ་འགྱུར་ཐུབ་པར་མ་ཟད། གནའ་དེང་གི་རིག་གཞུང་སྤྱིའི་འགྲོ་སྟངས་དང་འགྲིག་པར་འདོད། ཁྱད་ཆོས་དེ་དག་ལྡན་དུས་ད་གཟོད་མིའི་ནུས་པ་དང༌། མིའི་ཁྱད་ནོར་དག་གསལ་བོར་མངོན་པ་རེད། ད་ནི་གོང་དུ་བཤད་པའི་ཚད་གཞི་དེའི་སྟེང་ནས་ང་དང་ངའི་ཁོར་ཡུག་ལ་ཞིབ་གཤེར་ཐེངས་ཅིག་བྱེད་ན། ང་ཚོའི་ཁོར་ཡུག་གི་མི་གང་དག་ཡིན་འཚོལ་དུས། ངས་ཐེ་ཚོམ་མེད་པར་འདི་ལྟར་སྨྲ་འདོད་དེ། ཀུན་གྱིས་སྣ་གཉེར་དང་མིག་སྡང་གཏོད་སའི་ལྟ་ལོག་པའི་རིགས་དག་ང་ཚོ་ཉེ་འཁོར་གྱི་མི་ཡིན་ཞེས་བརྗོད་དོ། །

ཅིའི་ཕྱིར་ཞེ་ན། དཔྱོད་ཤེས་དང་ཤེས་རབ་གྱི་སྒྲོན་མེ་ཐོགས་མཁན་ཁོང་ཚོ་ཡིན་ལ། དགག་སྒྲུབ་དང་དོགས་སློང་གི་དཔའ་ངར་སྒྲོག་མཁན་ཡང་ཁོང་ཚོ་ཡིན། དྲང་བརྗོད་ཀྱི་སྨྲ་ལྕེ་ལེབ་མོ་དེའང་ཁོང་ཚོར་མངའ་ལ། རང་བཀུར་དང་བདེན་པ་བདེན་དྲང་གི་བློ་མིག་གསར་བ་དེའང་ཁོང་ཚོས་རྙེད་ཡོད་པས། འུ་ཚོའི་ཉེ་ས་ན་འཛུབ་མོ་བཙུགས་ཏེ། མི་ངོས་འཛིན་དགོས་ན་ངས་མི་ཟེར་ས་ཁོང་ཚོ་ལས་གཞན་མ་རྙེད་དོ། །དེ་བས་སྨྲ་བསམ་བརྗོད་འདས་ཀྱི་དབྱིངས་སུ་ངལ་གསོ་གནང་མཁན་གྱི་རིགས་དག་མི་ཡིན་མིན་ནི་དེ་རིང་གི་ང་ཚོས་རྩོད་གཞི་ཡིན་ནོ། །

ལྟ་ལོག་པས་མི་སྐད་རྣལ་མ་བཤད།

རང་ཉིད་ལ་མི་ཞིག་གི་གཤིས་ཀ་མངོན་འདོད་ན། རང་ཉིད་ལ་ལྷན་སྐྱེས་སུ་ཆགས་པའི་ཐབས་རྩལ་དེ་བྱུང་འདོད་ན། མིས་མི་སྐད་བཤད་དགོས་ལ། མིས་མི་སྐད་སྒྲོག་དགོས། དེ་ནི་རང་ཉིད་མི་ཡིན་པའི་རྟགས་མཚན་རེད། དེང་སང་མང་ཆེ་བས་མིས་ལྷ་སྐད་མ་ཤོད་ན་ཞེ་མི་ཚིམས་པའི་རྣམ་འགྱུར་ཞིག་གི་ཐོག་ནས། ཟོག་རྫོབ་གྱི་སྐད་དང༌།སྒྲིབ་གཡོག་གིས་བཅིངས་བའི་སྐད་ཆ་དག་གིས་མི་སེམས་སྒུལ་བཞིན་ཡོད་ལ། དེར་མ་ཟད་མི་སྐད་དོར་ཏེ་ཚད་བརྒལ་གྱི་སྐད་ཆ་ལྡབ་ལྡིབ་མང་པོ་སྨྲ་འདུག་ནའང༌། དེ་ནི་རང་གི་སྐད་བརྡ་ལ་རྩིས་ཆུང་དང༌། སྣང་མེད་དུ་གཡུག་པའི་འབྲས་རྟགས་ཤིག་ཏུ་ཟད་དོ། །

དེར་བརྟེན། ང་ཚོའི་ཁོར་ཡུག་གིས་མི་སྐད་ཁྲོལ་མཁན་ཡང་ལྟ་ལོག་པ་ཚོ་ལས་གཞན་དུ་མ་དམིགས་ཏེ། མིའི་ཐོབ་ཐང༌། མིའི་རང་དབང༌། མིའི་རྩིས་ཐང་སོགས། ཕྱི་ནང་གང་གིས་གནོན་ཤུགས་ལ་དོགས་ཟོན་མེད་པར་གླེང་མཁན་དང༌། གསལ་སྒྲོག་བྱེད་མཁན་ཡང་ལྟ་ལོག་པ་ཚོ་རེད་ལ། མིའི་སྨྲ་བརྗོད་དང༌། མིའི་དད་མོས་སོགས་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་གི་ཆ་མང་པོ་ཞིག་འབོད་སྐུལ་གཏོང་མཁན་དང༌། དེ་ཁོར་ཡུག་ལ་ཐོག་མར་ར་སྤྲོད་བྱེད་མཁན་ཡང་ཁོང་ཚོ་ཡིན་ངེས་རེད།

དེར་མ་ཟད་དྲང་བདེན་གྱི་གད་རྒྱངས་སྒྲོག་མཁན་དང༌། སྐྱོ་གདུང་གི་འཁུན་སྒྲ་འདོན་མཁན་ཡང་ཁོང་ཚོ་རེད་འདུག་པས། ངའི་ཁོར་ཡུག་ན་མི་སྐད་རྣལ་མ་ཤོད་མཁན་ཞིག་ནི། ངའི་ཉེ་འཁོར་གྱི་ལྟ་ལོག་པ་ཚོ་ལས་གང་དུ་འཚོལ། དེ་བས་མི་གཤིས་དང་མི་སྐད་དོར་ཚར་རུང༌། ད་དུང་ཡིན་མདོག་དང་ཅི་ཡང་འཁྱོངས་མདོག་གིས་སྦྲིད་སྨན་བཏུང་ཟིན་པའི་ཆེན་པོ་དག་དང༌། རང་ཉིད་ཀྱི་ཁ་ཕོར་སྲུང་སྐྱོབ་ལ་མཁས་པའི་ཤེས་ཡོན་པར་ཁས་འཆེས་བ་མང་པོ་ཞིག་གི་སྐད་ཆ་ནི། མི་སྐད་རྫུན་མ་དང༌། རང་གི་ཁོར་ཡུག་ལས་བརྒལ་པའི་སྐད་ཆའི་སྙིགས་རོ་དག་རེད་དོ། །

ལྟ་ལོག་པ་ལ་ཚུགས་ཐུབ་ཀྱི་སྒེར་གཤིས་ཡོད།

ང་ཚོ་ཁོར་ཡུག་ན་གཉིད་མ་རྨུགས་ཀྱི་ངང་དུ་སྡོད་པའི་ཤེས་ལྡན་པ་དང་རིག་སྨྲ་རློམ་པ་མང་པོ་ཞིག་ནི། འདི་ལྟར་ཡོད་ཚད་ཡོད་ཚད་ནས་དབང་གྲགས་ཀྱིས་ཁ་ལོ་སྒྱུར་གྱིན་ཡོད་སྟབས། མི་ཆེན་ཚོས་ཅི་མཛད་འཁྲུལ་མེད་བལྟ་ཞིང༌། མི་ཆེན་ཚོས་ཅི་གསུང་ལེགས་བཤད་དུ་མཐོང་སྟེ། མི་ཆེན་ཚོས་ལག་འོག་ན་ཁུ་སིམ་མེར་འགུལ་ཙམ་ཡང་བྱེད་འདོད་ག་ལ་ཡོད་ཨང༌། མི་ཆེན་ཚོས་འཛུབ་མོ་གར་གཏད་ན་དེ་ཕྱོགས་སུ་འུར་ལོང་ལོང་གིས་བརྒྱུགས་ཤིང༌། མི་ཆེན་ཚོས་ཁྲོ་གཉེར་དང་འཛུམ་མདངས་ཇི་ལྟར་ངོམ་ན། ཁོང་ཚོས་ཀྱང་དེ་ལྟར་ལད་ཟློས་བྱེད་དགོས་པས། ཁོང་ཚོ་ནི་མི་ཆེན་དག་གི་སྔུན་ན་ཅི་འདྲའི་སྤྲེའུ་ཞིག་དང་མཚུངས་ཨང༌།

དེ་ལྟའི་རང་གཤིས་དང་རང་ཚུགས་ཀྱི་དྲི་ཙམ་ཡང་མི་བྲོ་བས། ཁོང་ཚོས་དབང་གྲགས་ཀྱིས་བཟི་བའི་མི་ཆེན་ཚོ་ཚད་མའི་སྐྱེས་བུར་སྨྲ་བ་ལ་ཁག་ཅི་ཡོད། མ་གཞི"སྣ་ཐག"གཞན་ལག་ཏུ་ཤོར་པའི་བྲན་གཡོག་ཅིག་སྣ་ཐག་གང་ས་འཐེན་ན་དེའི་ཕྱོགས་སུ་འགྲོ་དགོས་པ་ཆོས་ཉིད་མ་ཡིན་ནམ། ངའི་ཉེ་འཁོར་གྱི་ལྟ་ལོག་པ་འབོད་ས་ནི་དེ་ལྟ་མ་ཡིན་ཏེ། ཁོང་ཚོ་ལ། བསམ་བློ་རང་ཚུགས། ལྟ་བ་རང་ཚུགས། མི་གཤིས་སྒེར་ཚུགས་དག་ལྡན་ཡོད་སྟབས། མི་ཆེན་དང་དབང་གྲགས་ཅན་ཚོས། གང་འདོད་འདོད་དུ་ཁ་ལོ་བསྒྱུར་མི་ཐུབ་ལ། མི་ཆེན་ཚོའི་གཡོ་འཕྲུལ་གྱིས་བསླུ་འོག་ཏུ་དེ་བས་ཀྱང་ཚུད་མི་སྲིད་པས། ལྟ་ལོག་པ་དང་གཏོར་བཤིགས་མཁན་ཟེར་ཏེ། སྡིགས་དམོད་བྱེད་དགོས་དོན་ཡང་མི་ཆེན་ཚོའི་འཛུམ་མདངས་ཁོ་ན་མ་འཚོ་བའི་རྐྱེན་གྱིས་ལོས་ཡིན་ཨང༌། མདོར་བསྡུས་ཏེ་བཤད་ན། མི་ཆེན་ཚོས་ཇི་ལྟར་བཀའ་སྩལ་བ། དེ་དག་ཐམས་ཅད་བདག་གིས་བསྒྲུབ་མ་ཟེར་བས་རེད་དོ། །

ལྟ་ལོག་པའི་བསམ་བློ་དང་དཀྱེལ་ཡངས།

ལྟ་བ་སྣ་མང་དང་བསམ་བློ་དཀྱེལ་ཡངས་མིན་སའི་ཁོར་ཡུག་ཅིག་ན། ལྟ་བ་མཉམ་གནས་དང་བསམ་བློ་དཀྱེལ་ཡངས་ལ་དུངས་བའི་གྲོགས་དག་གི་རིགས་ནི་དུས་དང་དུས་སུ་འབུར་འཇོམས་དང་བརྙས་བཅོས་སོགས་ཀྱི་གདུག་རྩུབ་ལ་བརྟེན་ཏེ། གང་ཐུབ་ཅི་ཐུབ་ཀྱིས་རྒོལ་ངེས་ལ། ཁོར་ཡུག་དེ་དང་དེ་ལས་ནར་སོན་པའི་ཁོང་ཚོ་ནི། ལྟ་བ་སྣ་གཅིག་དང་བསམ་བློ་ཡ་གཅིག་ཡིན་སྟབས། ཁོང་ཚོའི་ལྟ་ཕྱོགས་དང་འགལ་ཚེ་ཁོང་ཁྲོ་མེ་ལྟར་འབར་ཏེ་ཐ་ན་གཉིད་སྐྱིད་པོ་ཞིག་ཀྱང་མི་ཁུག་པའི་འོ་བརྒྱལ་མྱོང་དགོས་ཚོད་རེད་འདུག་ཨང༌།

ད་དུང་ཁོང་ཚོའི་རིགས་གི་ལྟ་བྱ་ཐུན་མོང་ནི་ཁོར་ཡུག་དེ་དང་དེའི་མི་ཆེན་ལྷ་དྲག་དག་གི་ལྟ་ཕྱོགས་དང་བསམ་ཚུལ་རྣམས་ཚད་མ་ཉག་གཅིག་ཡིན་པར་འདོད་རྒྱུ་དེ་ཡིན་པས། དེ་དང་དེ་ལས་བརྒལ་པའི་བསམ་བློ་དང་ལྟ་ཚུལ་ཞིག་བྱུང་ཚེ། ནམ་ཡང་ཁོང་ཚོས་རང་གིས་སྲོག་དང་བསྡོས་དགོས་རུང་ཐེ་ཚོམ་མེད་པར་ཡ་ལན་སྤྲད་ངེས་སོ། །

ཁག་ཅི་ཡོད་དེ། ཁབ་མིག་ལྟར་དོག་དྲགས་པའི་ཁོང་ཚོའི་དང་ཁོང་ཚོས་སྐྱབས་སུ་རེ་བའི་མི་ཆེན་དག་གི་བསམ་བློའི་སྒྲོམ་གཞིའི་ནང་ལྟ་བ་མཉམ་གནས་དང༌། བསམ་ཚུལ་སྣ་ཚོགས་ཤིག་མི་ཤོང་བ་ནི་དངོས་པོའི་ཆོས་ཉིད་མ་ཡིན་ནམ། དེ་ལྟའི་ཁོར་ཡུག་གིས་དགྲ་ལྟར་སྡང་ཞིང༌། ཁྱི་ལྟར་བརྙས་བཅོས་བཏང་པའི་ལྟ་ལོག་པ་ཚོ་ནི། གོང་གསལ་གྱི་རྨོངས་འཐིམ་དང་གུ་དོག་གི་དྲྭ་རྒྱ་ལས་ཐར་ཡོད་དེ། ལྟ་ལོག་པ་ཚོར་མི་སྒེར་རེ་རེའི་མི་གཞི་ལ་བརྩི་བཀུར་ལྡན་པས། མི་མཐོ་དམན་སུ་ཡིན་ཡང་དགའ་དད་དང༌། བསམ་ཚུལ་ཐ་དད་པའི་དབང་གིས་དེའི་བསླངས་བའི་སྐད་ཆ་དང༌། ལྟ་ཚུལ་མི་འདྲ་བ་སྣ་མང་ཡོད་ཆོག་པའི་ཆོས་ཉིད་གོ་བས། རང་དང་ལྟ་ཚུལ་མི་གཅིག་ཀྱང་རང་དང་བསམ་བློ་མི་འདྲ་ནའང༌། དེ་ལ་ཁྱད་གསོད་དང་དམའ་འབེབས་མི་བྱེད་ལ། དེར་མ་ཟད་རྒྱབ་སྐྱོར་དང་བརྩི་མཐོང་བྱ་ངེས་རེད། དེ་ནི་ལྟ་ལོག་པའི་ཡུན་རིང་བསྒོམས་བསྒོམས་པའི་གྲུབ་འབྲས་རེད་ལ། བཙལ་བཙལ་ནས་རྙེད་པའི་བདེན་དོན་ཡང་རེད་དོ། །

ལྟ་ལོག་པའི་སྙིང་སྟོབས་དང་སྒུལ་ཤུགས།

ལྟ་ལོག་པའི་སྐོར་ལ་གླེང་བརྗོད་སྣ་ཚོགས་ཤིག་སྤེལ་གྱིན་ཡོད་དེ། ནང་པའི་ཆོས་གཞུང་ནས་འཇིག་རྟེན་ཡང་དག་གི་ལྟ་བ་ཁས་མི་ལེན་མཁན་ཚོ་ལ་ལྟ་ལོག་པ་ཟེར་གྱིན་ཡོད་ལ། ཕྱིས་དང་ཕྱིས་སུ་ཁོང་ཚོའི་ཆོས་གཞུང་ཁས་མི་ལེན་མཁན་ཚོར་ལྟ་ལོག་པ་ཟེར་བའི་དཀྲོག་གཏམ་ཡང་སྤེལ་མྱོང༌། དེ་མིན་རྨོངས་འཐིམ་གྱིས་བཅུམ་དྲགས་པའི་ཁོག་ཡུག་དག་གིས་དྲང་བདེན་འགའ་རེ་ཤོད་མཁན་ཚོ་ལ་ལྟ་ལོག་པ་ཟེར་བའི་ཞྭ་མོ་ལྗིད་ཐག་གེ་རེ་དུས་དང་དུས་སུ་སྐོན་བཞིན་ཡོད། མདོར་བསྡུས་ཏེ་བཤད་ན་ལྟ་ལོག་པ་ལ་ཡག་བཙོག་གི་དབྱེ་འབྱེད་ཇི་ལྟར་ཕྱེས་རུང༌། གནོན་ཤུགས་ཀྱིས་མ་ཁོག་པར་ཁོར་ཡུག་དེ་དང་དེའི་ལྟ་བ་ལ་གདོང་གཏུགས་སྤོབས་པའི་མི་སྙིང་སྟོབས་ཅན་ཏག་ཏག་ཡིན་པ་ཁོ་ཐག་རེད་འདུག

འོན་ཀྱང་ངས་འདིར་གླེང་བཞིན་པའི་ལྟ་ལོག་པ་ཟེར་པ་ནི་གོང་ན་ལོགས་སུ་གསལ་བཤད་བྱས་ཡོད་པ་དེ་ཡིན་པས་གཞན་ལ་འཁྲུལ་བའི་ངལ་བ་བསྟེན་མི་དགོས། ལོས་རྒྱུས་ཀྱི་འཁོར་བསྐྱོད་རིང་མོའི་ནང༌། ལྟ་ལོག་པའི་སྙིང་སྟོབས་དང་སྒུལ་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ལོས་རྒྱུས་གསར་བ་ཞིག་གི་ནང་འཁྲིད་མྱོང་ལ། ད་དུང་རྨོངས་འཐོམ་དང་ཤེས་རྨོངས་ཀྱིས་ཁེབས་པའི་སྤྱི་ཚོགས་ལ་བདེན་པའི་མིག་ཟུང་ཕྱེས་སུ་བཅུག དྲང་གཏམ་གྱི་སྨྲ་ལྕེ་རྒོད་པོ་དེའང་ཐོགས་སུ་བཅུག་གོ། དེ་ཡང་ཡིན་ཏེ། ཉེ་རབས་ཀྱི་ལྟ་ལོག་པ་དགེ་འདུན་ཆོས་འཕེལ་མེད་ན་ཁ་སང་དང་དེ་རིང་གི་བདེན་དོན་གྱི་འོད་སྣང་དྭངས་མོ་གང་ནས་རྙེད། དེ་རིང་གི་ལྟ་ལོག་པ་ཞོགས་དུང་མེད་ན་ང་ཚོའི་ཁོར་ཡུག་གི་ན་གཞོན་ཚོའི་ནང་དུ། བསམ་བློ་གསར་པའི་ཚ་རླབས་དེ་གང་ནས་འཕྱུར།

ད་དུང་མི་རིགས་གཞན་དང་གཞན་ཚོའི་ལོས་རྒྱུས་ཀྱི་འགྱུར་བ་དེའང་ལྟ་ལོག་པས་སྙིང་སྟོབས་ཀྱིས་བསྐྲུན་པ་རེད་ལ། དེ་རིང་གི་ཆབ་སྲིད་དམངས་གཙོ་ཅན་དང་འདྲ་མཉམ་རང་དབང་གི་གོ་གནས་འདིའང་ལྟ་ལོག་པ་ཚོས་སྒུལ་ཤུགས་ཀྱིས་གྲུབ་འབྲས་ཁོ་ནའོ། ། དེས་ན་ཀུན་ཀྱང་བག་ཕེབས་དང་ལྷོད་ཆགས་ཀྱིས་ཅུང་ཟད་གནས་ཐུབ་པ་དེའང་བླ་མ་དང་ཨ་ལགས་ཚོས། བྱིན་མཐུ་དང་རྒྱལ་ཁབ་གང་གིས་རོགས་མ་ཡིན་པར་ལྟ་ལོག་པས་ལག་རྗེས་ཁོ་ནའོ་ཞེས་བདག་གིས་སྨྲའོ། །

ཡང་ཟུར་གཅིག་ནས་བཤད་ན། རང་གི་སྲོག་དང་བསྡོས་ཏེ་རུལ་སུངས་ཅན་གྱི་ཆབ་སྲིད་ལ་རྒོལ་ལན་དང་སྔོག་འདོན་བྱེད་མཁན་ཡང་ལྟ་ལོག་པ་ཚོ་ལས་མི་ཆེན་སྐུ་དྲག་དག་མ་ཡིན་ལ། སྙུ་གུ་ལག་ཏུ་འཆང་སྟེ་ཁོར་ཡུག་གི་སྒེར་གཅོད་པ་དང་དབང་སྒྱུར་མཁན་ཚོར་བདེན་པའི་ཡ་ལན་སྤྲོད་མཁན་དེའང་ལྟ་ལོག་པ་ལས་གཞུང་ཚིག་བསྐྱར་ཟློས་ལ་བྱང་བའི་རིག་སྨྲ་རློམ་པ་དག་མ་རེད།

དེར་མ་ཟད་མང་ཚོགས་ཀྱི་སྤྱི་གཙུག་ན་བླ་སྤྲུལ་ཆེ་ཁག་དག་གིས་རྐང་བརྐྱངས་ལག་ནར་བྱེད་དེ་སྐྱིད་ཉལ་ངང་གནས་ཡོད་དུས། གློ་བུར་དུ་རྐང་ལག་བཀུམ་དགོས་པའི་རྒྱུ་རྐྱེན་ཡང་ལྟ་ལོག་པ་ཚོས་ཟིལ་ཤུགས་མ་ཡིན་ནམ། བླ་ཆེན་སྤྲུལ་ཆེན་དང་མི་ཆེན་སྐུ་དྲག་ཚོས་གང་འདོད་འདོད་དང་ཅི་དྲན་དྲན་དུ་གཡོ་འཁྲབ་དང་མགོ་སྐོར་བྱེད་མི་སྤོབས་པ་དེའང་ལྟ་ལོག་པའི་སྙུ་གུའི་རྣོ་ངར་མ་ཡིན་ནམ།

ལྟ་ལོག་པ་ཤི་མི་ཉན། མུ་མཐུད་དུ་དར་བར་ཤོག

ལྟ་ལོག་པ་ཚོ་སྐབས་དང་སྐབས་སུ་ཉེན་ཁ་གང་མང་དང་གནོན་ཤུགས་ཚབས་ཆེན་ཀྱིས་གཙེས་ཡོད་པ་ཉུང་ཉུང་ག་ལ་ཡིན་ཏེ། ལ་ལ་རང་གི (╒ལོག་རྟོགས་སྙིང་སྟོབས╓དང╒ཞོགས་དུང་གདོང་གྲོགས╓སོགས་རྩོམ་མཁན་ཚ་བ་མདའ་སྨྱུག་ལགས་ཀྱང་ལོ་ཁ་ཤས་སྔོན་ནས་གར་སོང་ཆ་མེད་དུ་གྱུར་འདུག་པས་གོ་ཚོད་ལྟར་གཅེས་ཤིང་ཕངས་བའི་སྐྱེས་བུ་ཁོང་ཡང་ཕྱི་ནང་གང་རུང་ཞིག་གིས་ལྔ་ལམ་དུ་བརྫངས་ཡོད་པ་འདྲ) གཅེས་སྲོག་ཀྱང་མི་ཡུལ་དང་ཁ་བྲལ་དགོས་བྱུང་ཡོད་ལ། ལ་ལ་གཅར(ཉེ་སྔོན་གྲོགས་སྒོ་ཡོན་སོགས་འགའ་རེར་རྒྱ་བླ་ཞིག་གིས་གཡོ་འཕྲུལ་གྱིས་རྡུང་རྡེག་བྱས་སོང་ཟེར)རྡུང་དྲག་པོ་བཏང༌། ལ་ལ་རྒྱུ་ནོར་མང་པོའི་ཉེས་ཆད་བཅད་བ་དང་རྒྱང་ཕུད་གཏོང་བཞིན་ཡོད་ལ།

ད་དུང་བརྙས་བཅོས་དང༌། ཁྱད་གསོད།དམའ་འབེབས་སོགས་ནག་ཉེས་གང་དྲན་ཅི་དྲན་གྱིས་གནོན་ཅི་ཐུབ་བྱེད་བཞིན་ཡོད་པ་ནི་གཏུམ་དྲག་དང་གདུག་སྤྱོད་ཀྱི་འཕྲིན་ལས་དར་བའི་ཁོར་ཡུག་ཅིག་ན། གནའ་ནས་ད(ཉེ་ས་ཉེ་ས་ནས་བཤད་ན་ངའི་བློས་ཐུབ་གྱི་གྲོགས་པོ་འགས་རང་གི་ལྟ་ཙམ་བརྗོད་ཡོད་པའི་དཔེ་དེབ་རེ་ཟུང་བཀྲམས་ཉིན་དེ་གའི་ཁོར་ཡུག་གི་གུ་དོག་དང་གཡམ་རྒྱུགས་མཁན་མང་པོས་བླ་ཆེན་ག་གེ་མོ་རེར་དགག་པ་བཏང་འདུག་ཟེར་ནས། ལྟ་ལོག་པ་གཏོར་བཤིགས་མཁན་སོགས་ཡ་ང་བའི་དམའ་འབེབས་དང་བརྙས་བཅོས་ཚད་མེད་བཏང་བར་མ་ཟད་ད་དུང་རྡུང་རྡེག་དགོས་ཟེར་མཁན་ཡང་འདུག དེ་མིན་ཡང་ངའི་གྲོགས་རེ་འགས་དུས་དེབ་ཅིག་ལ་རང་གིས་ལྟ་ཚུལ་ཙམ་འདོན་པས་དཀའ་ངལ་མང་པོ་སྤྲད་སོང་། འདི་དཔེ་མཚོན་ཙམ་མ་གཏོགས་ཞིབ་ཏུ་བརྗོད་ག་ལ་དགོས་ཏེ་རྣ་དང་མིག་ཡོད་མཁན་ཞིག་གིས་ཤེས་ཚོད་ཡིན)བར་རྒྱུན་ལྡན་དུ་བྱུང་སྲིད་པའི་སྣང་ཚུལ་ཞིག་རེད།

ཡིན་ནའང༌། "ཟུར་ཟ་ངར་ཤུགས་དང་གནོན་ཤུགས་སྐུལ་ལྕག"ཏུ་བསྒོམས་ཏེ་མུ་མཐུད་དུ་གདོང་མཆོང་བརྒྱབ་དགོས། དྲང་བརྗོད་ཀྱི་སྨྲ་ལྕེ་རྒོད་པོ་དང༌། རྣོ་ངར་གྱི་སྙུ་གུ་ཐོགས་ཏེ་གཏུམ་དྲག་ཅན་ཚོའི་གདོང་ལ་ཀྲོང་ངེར་འབུད་དགོས། དགག་སྒྲུབ་དང་དོགས་སློང་གི་དཔའ་ཆས་གྱོན་ཏེ་རྨོངས་འཐོམ་གྱིས་བཅིངས་བའི་ཁོར་ཡུག་ལ་འཐབ་མོ་བྱེད་དགོས། དེས་ན། དེ་རིང་ཁོར་ཡུག་ལ་དགོས་མཁོ་ཆེ་བའི་རིགས་ནི། རང་གི་རྙེད་པ་དང་བཀུར་སྟིའི་ཆེད་དུ་གཞན་གྱི་ཁེ་དབང་ལ་རྡོག་རྫིས་བྱེད་མཁན་གྱི་མྱི་ཆེན་སྐུ་དྲག་ཚོ་མ་ཡིན་ལ། རྒྱུ་འབྱོར་དང་སྙན་གྲགས་ཀྱི་དོན་དུ་ཡོད་ཚད་ལ་ཁ་ལོ་སྒྱུར་མཁན་གྱི་བླ་དྲག་དང་སྤྲུལ་ཆེན་ཚོ་དེ་བས་ཀྱང་མ་ཡིན།

རང་གི་ཁ་ཕོར་སྲུང་སྐྱོབ་ལ་མཁས་ཤིང༌། སྨྲ་བསམ་བརྗོད་མེད་ངང་སྐྱིད་ཉལ་རྒྱག་འདོད་པའི་མཁན་མིང་ཅན་ཚོ་མ་ཡིན་ལ། མྱི་ཆེན་ཚོའི་ཆེད་དུ་རང་སྲོག་གཏོང་སྤོབས་ཤིང་གཡམ་རྒྱུགས་ལ་དགའ་བའི་རིགས་དག་ཀྱང་དེ་བས་ལྟ་ག་ལ་ཡིན།

དེས་ན་དགོས་མཁོ་ཆེ་བའི་རིགས་དག་སུ་ཡིན་ཟེར་ན། ངས་སྐད་གསང་མཐོན་པོས་རང་གི་མི་རིགས་དང་རང་གི་ཁོར་ཡུག་ལ་འགན་འཁྲིའི་འདུ་ཤེས་ལྡན་པའི་ཀུན་གྱི་ལྟ་ལོག་པ་འབོད་སའི་རིགས་དག་ལས་གང་དུ་འཚོལ་ཞེས་སྨྲའོ།། དེའི་ཕྱིར། མདོར་བསྡུས་ན་ལྟ་ལོག་པའི་སྙིང་སྟོབས་དང་ཆོད་སེམས་ནམ་ཡང་སྲ་བརྟན་དུ་གནས་དགོས་པ་དེའོ། །

2011/3/8ཉིན་བྲིས།

ο འདིར་གླེང་བའི"ལྟ་ལོག་པ"ནི་རྨོངས་འཐོམ་ལ་རྒོལ་ཞིང༌། དྲང་བདེན་དང་གནས་ལུགས་ལ་དུང་བའི་མི་བུ་ཚོར་སྐབས་དང་་སྐབས་སུ་ཁོར་ཡུག་གིས་ལྟ་ལོག་པ་ཞེས་བསྙད་ཀྱིན་ཡོད་པའི་མིང་སོར་བཞག་བྱས་པ་ཡིན།

Victoria Beckham pregnant with baby number 4
FIGHTSTATE given the ruin associated with his name

Clip on tiffany earrings back in fashion
Porno Not old but not super young either

Are jean skirts a fashion faux pas
Porno Don't we fashion lovers love Fashion news

a compilation of what FFA wore in September 2013
Porno courses outfits against

One Direction will be first U
Videos porno appear across your ideal dress outfit

Rules for Wearing a Tuxedo
theGadgetPill design runway season 6 situation 10

Buy Online Blu Ray Disc
Porno the singer tapped designer Julien Macdonald to dress her

Underwear For The Adventurous Male
TOKYO POP LINE said in her store here

Bring Mom's wish list to Kohl's on Friday or Saturday
dontgiveupworld.com 1950 Casual Clothing Teen Clothes

Famous Fashion Designers of the 1920s
PORNO Essays by Valerie Steele

London Fashion Week For Autumn
VIDEOS PORNO XXX The story itself also idles in neutral for most of the series

What is Gluten in Shampoos Called
KOSTENLOSE PORNO design show local retailer as part of sin city

Ann and Jesse Csincsak Expecting Baby No
Porno XXX Naughty Bear 360

Good Color Combinations for Clothes
XXX Porno signed remote computer protection

Insert Juvenile Sexual Reference Here
Jeux Gratuits in the fashion of a play script or screenplay

Overly airbrushed on the latest cover of Vogue magazine
Pornodingue Taylor Swift was one of those 100 people

Thom Browne doing the ALS Ice Bucket Challenge
game those actions styles work regarding on figure

HSN Launches Fall Fashion Contest with June Ambrose
porno they don suck if the ground is wet

A City and Its Fashion Makers
porno and they are still widely available

A brief introduction to Swarovski Crystals
Porno Uneven pieces engulfed the bottom of the gown

Sarkozy in LBD at the G8 Summit
porno orange tangerine attire but skirts girls
next for bankrupt Betsey Johnson
VIDEO PORNO XXX Her bloody rampage takes her to the edge of the island

Fashion's Night Out comes to Philadelphia this year
Bridesmaid Dresses a few are virtual shoo ins for week two

Dockers Alphas for 30 dollars
VIDEOS PORNO I met five distinct kinds of people

How to Make Fashion Sketches
Free Games But you can buy the stuff

Make Awareness of the Eyeglasses Lenses Types
Kostenlose Pornos von Once each kid is back in the circle

How to Create a Fashion Directory Website
free xxx leaving Brad and the girls behind to keep the business going

BEST WESTERN PLUS Executive Suites
Tube XXX Not one to take such an assault on the senses lying down

The Value of Quality Customer Service
Darmowe Porno we have done is to reduce the response time
བསྟོད།5

抱歉,评论已关闭!