སྒྱུ་འཕྲུལ་གྱི་འཇིག་རྟེན།

བསེ་རེག

—གླུ་དབྱངས་དང་གླུ་ཚིག་ལས་འཕྲོས་པ།

སྔོན་འགྲོའི་དོད་དུ།

དེང་རབས་རང་ལུགས་པའི་རྩོམ་པ་པོ་དག་ལྟར་ན་སྒྱུ་རྩལ་ནི་ནམ་ཡང་རྩོམ་གྱི་སྟེང་དུ་གབ་སྦས་དང་གབ་སྦས་མ་ཡིན་པའི་ཚུལ་གྱིས་ཡོད་དགོས་ཚུལ་དང་། ཡང་ན་འགོག་རྒོལ་དང་གསར་བཏོད་ཀྱི་ཆ་ཅི་ནས་མངོན་དགོས་པར་བཤད་ལ།

ཁོ་བོ་ནི་ཕྱིའི་ཡིག་རྨོངས་བ་ཡིན་པའི་ཁར་བོད་རིག་གཞུང་སྤྱི་དང་བྱེ་བྲག་ཐ་སྙད་རིག་གནས་སོགས་གང་ལའང་བློ་དམན་པས་དཔྱོད་ལྡན་དག་གི་ཐུགས་འཚམ་པ་དཀའ་མོད། འོན་ཀྱང་དགའ་ཕྱོགས་ལ་ཞེན་དྲགས་པའི་རྐྱེན་གྱིས་ལོ་ངོ་དུ་མར་རང་རེ་གངས་ཅན་པའི་གླུ་དབྱངས་དང་གླུ་ཚིག་ལ་ཅུང་ཟད་སེམས་ཁྲལ་གནང་བ་ལགས་ལ། མ་ཟད་ད་སྔོན་མཁས་པའི་གླུ་དང་གླུ་ཚིག་ལ་དཔྱད་གཏམ་ཡིད་ཚིམ་པ་ཞིག་སྤེལ་གནང་ཡོད་པ་མ་མཐོང་སྟབས་ཀྱིས་རྩོམ་ཡིག་འདི་འབྲི་མགོ་བཙུགས་པ་ཡིན། ཡང་གཅིག་བཤད་ན་དུས་རབས་ཉེར་གཅིག་པའི་དབུ་ནས་བཟུང་སྟེ་རང་རེའི་ན་གཞོན་གླུ་དབྱངས་པ་དུ་མ་ཞིག་གིས་དེང་རབས་བོད་ཀྱི་གླུ་དབྱངས་ལེན་གྱིན་ཡོད་མོད་ཀྱི། ཡིན་ཡང་གླུ་དབྱངས་ལེན་པ་པོ་ཕལ་ཆེར་བསམ་ན་ཚད་གཞི་དེ་འདྲ་ཡོད་པ་མ་རེད། དེ་ནི་ཅུང་ཟད་ཁག་མི་འདུག་སྙམ་སྟེ་བོད་ཀྱི་ཁོར་ཡུག་ལ་མཚོན་ན་དེང་རབས་གླུ་དབྱངས་ནི་གསར་དར་གྱི་ཆ་མངོན་པས་སྤྱི་དམངས་མང་ཆེར་དགའ་བོ་མེད་པ་དང་། ཅུང་ཟད་དགའ་བོ་ཡོད་བཞག་པའི་ནང་ནའང་གནའ་བོའི་ཚིག་དང་དབྱངས་ལྟ་ཞིག་ལས་རྣམ་པ་གཞན་ཞིག་འགྱུར་ཏེ་འགྲོ་བ་ནི་དགག་པ་གཏོང་གི་རེད། དེ་བས་ཀྱང་གླུ་ཚིག་གི་འདང་གི་མེད་པ་ནི་ཞན་ཆ་གཙོ་བོ་ཞིག་ཏུ་ཟད་ལ་དེ་ནི་རྩོམ་པ་པོ་དག་གི་ཐུགས་ཁུར་བཞེས་ཀྱིན་མེད་པ་དང་། ད་ལྟར་རིག་གནས་དགག་སྒྲུབ་ཀྱི་ཆ་ཅི་ནས་མངོན་ཀྱང་གླུ་དང་གླུ་ཚིག་ལ་བསམ་གཞིགས་གཏོང་མཁན་གྱི་སྐྱ་བོ་ཤིན་ཏུ་དཀོན་པ་རེད། གྲྭ་བ་འགའ་རེས་གླུ་དང་གླུ་ཚིག་ལ་སེམས་ཚོར་ཅུང་ཟད་བཤད་འདུག་ཨང་འགའ་རེ་གུ་དོག་གི་རྣམ་པ་མང་དྲགས་པ་དང་། འགའ་རེ་མི་སྒེར་གྱི་ཡོན་ཏན་ལ་ཞེན་དྲགས་པའི་རྐྱེན་གྱིས་གང་ལྟར་ཁོ་བོ་ཡིད་ཚིམ་གྱིན་མེད། དེས་ན་ད་ཆར་གླུ་དབྱངས་དང་གླུ་ཚིག་ལ་བསམ་སྟེ་ན་གཞོན་བདག་གི་ཚོར་ཤེས་ཀྱི་མྱོང་སྟངས་ལས་གྲུབ་པའི་སྐད་ཆ་གཞན་ཞིག་བཤད་ཁུལ་བྱས་པ་ཡིན།

སྒྱུ་རྩལ་གྱི་སྦུབས་སུ་རང་གི་འདུ་ཤེས་འཛིན་པ།

སྒྱུ་རྩལ་ནི་སྤྱི་ཁྱབ་རང་བཞིན་གྱི་ཐ་སྙད་ཅིག་སྟེ། སྒྱུ་རྩལ་གླུ་དབྱངས། སྒྱུ་རྩལ་རི་མོ། སྒྱུ་རྩལ་སྙན་ངག སྒྱུ་རྩལ་ཟློས་གར་ལྟ་བུ་སོགས་རིགས་པའི་གཞུང་ལུགས་ཤིག་དང་ཁ་དབྱེ་རྒྱུ་མེད་པའི་དངོས་པོའི་མཛེས་ཆ་གཙོ་བོར་འདོན་བྱེད་ཀྱི་ཉམས་ཁྱད་པར་བ་ཞིག་ཏུ་བཤད་ན་ཨེ་ཆོག་སྙམ། དེ་མིན་མིང་མཛོད་ཀྱི་འགྲེལ་སྟངས་དང་མཁས་པ་གཞན་གྱིས་བཤད་སྟངས་དེ་འདྲ་དངོས་མ་མཐོང་སོང་། སྒྱུ་རྩལ་དང་ཁ་མི་འབྲལ་བར་རང་གི་འདུ་ཤེས་འཛིན་པ་ནི་གླུ་དབྱངས་པ་དང་སྙན་ངག་པ་སུ་ཡིན་ནའང་མི་གཞིའི་རྩ་དོན་དང་འབྲེལ་བ་ཡོད་པའི་ཁར་ཉེར་ལེན་རིག་གནས་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད་སྙམ། དེ་ཡང་རང་གི་འདུ་ཤེས་ནི་གཞན་གྱིས་ཤུགས་རྐྱེན་མ་ཐེབས་པའི་མི་བུ་རང་ཉིད་ལྷན་སྐྱེས་ཀྱི་ཚུལ་དུ་མངའ་བའི་སེམས་གཤིས་ལྷད་མེད་ཅིག་ཏུ་བཤད་ཀྱིན་ཡོད། དེ་ལྟ་བུའི་མི་བུ་རང་གི་འདུ་ཤེས་ཀྱིས་མི་བུ་རང་ཉིད་མཚོན་ཐུབ་པ་དང་། ས་གནས་རང་གི་འདུ་ཤེས་ཀྱིས་ས་གནས་རང་ཉིད་མཚོན་ཐུབ་པ། མི་རིགས་རང་གི་འདུ་ཤེས་ཀྱིས་མི་རིགས་རང་ཉིད་མཚོན་ཐུབ་པའི་འདུ་ཤེས་ཁྱད་པར་བ་ཞིག་ཏུའང་བཤད་ཀྱིན་ཡོད། ཡང་ན་འགྲེལ་བཤད་གཞན་ཞིག་ཞུས་ན་རང་གི་འདུ་ཤེས་ནི་མ་གཞི་ནས་རང་ངོ་མ་སྟོན་བྱེད་ཀྱི་ཤེས་པ་ཞིག་ཏུ་བཤད་ཀྱིན་ལགས་ལ། དེ་ཡང་རང་ཉིད་མི་རུ་སྟོན་བྱེད་ཀྱི་ཤེས་པ་ཞིག་ལ་མི་རང་གི་འདུ་ཤེས་དང་། རང་ཉིད་མི་རིགས་གང་ཞིག་ཏུ་སྟོན་བྱེད་ཀྱི་ཤེས་པ་དེ་ལ་མི་རིགས་རང་གི་འདུ་ཤེས་ཟེར་གྱིན་ལགས། འདུ་ཤེས་དེ་འདྲ་ཞིག་ཡོད་ཕྱིན་དེས་ནི་མི་སྒེར་ནས་མི་རིགས་བར་དང་མི་རིགས་ནས་གླིང་ཆེན་གྱི་བར་དུ་ལྟ་བ་མཁྲེགས་པོར་འཛིན་ཐུབ་པ་དང་། དེས་ནི་མི་སྒེར་ནས་མི་རིགས་ཀྱི་འགན་འཁྲི་ཐེགས་པ། མི་སྒེར་ནས་མི་རིགས་ཀྱི་ཚབ་མཚོན་མི་སྣར་འོང་བ་ཞིག་རེད། རྒྱུ་མཚན་དེས་ན་རང་གི་འདུ་ཤེས་ཞེས་ཤིན་ཏུ་གོ་སླ་བ་ཞིག་གིས་མི་རིགས་ཀྱི་འདུ་ཤེས་ལ་འགྲེལ་བཤད་ཅུང་ཟད་རྒྱབ་གནང་བ་ཡིན་པ་ལས་དོན་དམ་ད་སྔོན་མཁས་པས་བཤད་བཞག་པའི་མི་རིགས་ཀྱི་འདུ་ཤེས་དང་དགོས་ནུས་མཐུན་པར་སྣང་གི། དེ་མིན་མི་རིགས་ཀྱི་འདུ་ཤེས་དགོས་པ་རེད་ཅེས་ནམ་ནམ་ཞར་ཞར་བཤད་བཞག་ནའང་མི་རིགས་འདུ་ཤེས་ཟེར་བ་ག་འདྲ་ཞིག་ལ་ཟེར་གྱིན་ཡོད་མ་རྟོགས་ཕྱིན་རྨོངས་ནས་རྨོངས་བར་འགྲོ་བ་དོགས་ཀྱི་ཡོད། བཤད་བཞིན་པའི་འདུ་ཤེས་དེ་འདྲ་ཞིག་ཡོད་ཕྱིན་རང་སྟེང་གི་ཤེས་རབ་འཚོལ་ནས་རང་གིས་གླུ་དབྱངས་ཤིག་བརྩམས་ཏེ་མི་རིགས་གཞན་པའི་སྐད་ཀྱིས་གླུ་དབྱངས་ལེན་པ་ནི་ལད་ཟློས་དང་གཡམ་རྒྱུགས་གང་ཡང་མིན་ལ། མི་རིགས་གཞན་པའི་ཕྱོགས་ནས་མི་བུའི་བསམ་བློ་ལ་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད། གཞན་གྱི་གླུ་དབྱངས་པ་ཞིག་གིས་ལེན་ཟིན་པའི་གླུ་དབྱངས་ཤིག་བོད་ཀྱི་སྐད་དུ་ལེན་འོང་བ་ནི་ལད་ཟློས་ཀྱི་ཆ་དང་གཡམ་རྒྱུགས་ཀྱི་ཆ་ལོས་ཡོད་མོད། འོན་ཀྱང་འདུ་ཤེས་གཞན་གྱིས་ཤུགས་རྐྱེན་ཐེབས་འགྲོ་བར་དོགས་དགོས་ཀྱི་མ་རེད། རྒྱུ་མཚན་དེས་ན་སྒྱུ་རྩལ་གྱི་སྦུབས་སུ་རང་གི་འདུ་ཤེས་འཛིན་པ་ནི་གླུ་དབྱངས་པ་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་སྙམ་མོ།

ལྡོག་ཏེ་གླེང་ན་རང་གི་འདུ་ཤེས་དོར་བ་ན་སྒྱུ་རྩལ་ཀྱང་ཆ་ཚང་གི་ཡོད་པ་མ་རེད། གལ་ཏེ་གླུ་བ་ཞིག་གི་རང་གི་འདུ་ཤེས་དོར་ནས་གླུ་ལེན་པ་ན་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་སྒྱུ་རྩལ་དང་། མི་སྒེར་གྱི་ཁྱད་ཆོས་ཡོད་པའི་སྒྱུ་རྩལ་དག་ཀྱང་དོར་ཟིན་པ་འདྲ། དེ་ནི་རྒྱུ་མཚན་འདི་ཡོད་དེ་རང་གི་འདུ་ཤེས་ནི་མི་སྒེར་གྱི་གཤིས་ཀ་དང་མི་རིགས་ཁྱད་ཆོས་སོགས་དང་འབྲེལ་བ་དམ་ཟབ་ཡོད་རྐྱེན་གྱིས་འདུ་ཤེས་དོར་བ་ན་རང་གི་གཤིས་ཀ་དང་མི་རིགས་ཀྱི་ཁྱད་ཆོས་སོགས་ཀྱང་རང་ཤུགས་ཀྱིས་འདོར་འགྲོ་བར་སྣང་གི དེ་འདྲའི་ངེས་སླ་བའི་དཔེར་འཇོག་ཅིག་བཞག་ན་གླུ་མ་རྒན་མོ་ཚེ་བརྟན་སྒྲོལ་མས་བོད་ལྭ་གྱོན་ནས་བོད་སྐད་ཀྱིས་གླུ་ལེན་པ་མང་ཨང་དོན་དམ་ཚེ་བརྟན་སྒྲོལ་མ་ནི་རང་གཤིས་དང་རང་གི་འདུ་ཤེས་དོར་བའི་རྒྱ་མོ་རྒན་པ་ཞིག་ལས་བོད་མི་དམངས་ཀྱིས་ཅི་ཡང་མཐོང་གིན་མེད་པ་དེ་ལྟ་ཞིག་དོན་དུའང་སོང་ཡོད། གཞི་ནས་ཚེ་བརྟན་སྒྲོལ་མ་རང་གི་འདུ་ཤེས་མེད་པ་ཞིག་ཨེ་ཡིན་སྙམ་ན་གཏན་མིན་ཏེ་ཁོ་མོས་མི་སྒེར་གྱི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས་འཛིན་མ་ཐུབ་པ་དེ་གས་རྐྱེན་གྱིས་ད་ལམ་རང་གི་འདུ་ཤེས་མེད་པ་ལྟ་བུ་ཞིག་གི་སྒོ་ནས་ལངས་ཡོད་པའམ་ཡང་ན་ཁོ་མོ་མི་རིགས་གཞན་གྱི་འདུ་ཤེས་ཀྱིས་ལངས་ཡོད་པ་རེད། གང་ལྟར་ཁོ་མོ་འགྲོ་བ་མི་ཞིག་གི་ངོས་ནས་བཤད་ནའང་མི་སྒེར་ཆ་ཚང་ཞིག་འགྲོ་ཡིན་ཡོད་པ་མ་རེད་སྙམ། བཤད་དོན་ཁོ་མོ་ལྟ་བུར་རང་གཤིས་དང་བྲལ་ཕྱིན་དེ་མཚུངས་ཀྱིས་སྒྱུ་རྩལ་ཀྱང་ལུས་ནས་འགྲོ་ཡིན་ཡོད་པ་ནི་ཆོས་ཉིད་ཅིག་ཏུ་སྣང་གི་འདུག དེས་ན་ཁོ་བོའི་འདི་རུ་ཡང་སྒྱུ་རྩལ་གྱི་ཕྱེད་ཀ་འཚོལ་དགོས་པ་ལ་རང་གི་འདུ་ཤེས་དང་ཁ་འབྲལ་ཐབས་མེད་ཅེས་བཤད་པ་དེའོ།།

ཡང་ཕྱོགས་གཞན་ཞིག་ནས་འདུ་ཤེས་འཛིན་སྟངས་སྐོར་ཅུང་ཟད་ཞུ་ན་རང་གི་འདུ་ཤེས་འཛིན་པའང་གུ་དོག་པོར་འགྲོ་མི་དགོས་པ་ནི་ཤིན་ཏུ་ནས་ཀྱང་རྟོགས་དགོས་ཏེ་མཐའ་གཅིག་ཏུ་གནའ་བོའི་ཆོས་ཉིད་ལས་བརྒལ་མི་ཉན་པར་འདོད་ན་དེ་ནི་ཤིན་ཏུ་ནོར་འཁྲུལ་རེད། གླུ་མ་དབྱངས་ཕྱུག་མཚོས¡°ངས་ནམ་རྒྱུན་རུས་པའི་གསེང་གི་བོད་རིགས་ཀྱི་གཞས་ཏེ་གླུ་ལེན་མི་འདོད། དེ་ལས་ལེན་སྟངས་དང་ལེན་བྱ་བསྒྱུར་བ་ཡིན¡±①ཟེར་བ་ནི་འཐད་པར་འདོད་ཀི། རུས་པའི་གསེང་གི་བོད་རིགས་ཀྱི་གཞས་དེ་ནི་གདོད་མ་ནས་ཡོད་བཞག་པའི་གླུ་ཡི་ཚིག་དང་། དབྱངས་ལྟ། ལེན་སྟངས་ལས་སྔོན་ཐོན་རང་བཞིན་གྱི་གླུ་ནི་གཅིག་ཀྱང་ཡོད་པ་མ་རེད། དེ་ནི་དེང་རབས་ན་གཞོན་གླུ་དབྱངས་པ་ཞིག་གི་ཤིན་ཏུ་ལེན་མི་འདོད་པ་དང་། དེ་ལས་ཐོལ་བརྒལ་དགོས་པ་ནི་དུས་རབས་ཀྱིས་ར་སྤྲད་པ་ཞིག་རེད་ཅེས་བཤད་ཀྱིན་ཡོད། དེང་རབས་གླུ་དབྱངས་ནི་དེང་རབས་པའི་ངོ་མཚམས་པ་ཞིག་དགོས་པ་ཤིན་ཏུ་གལ་འགངས་ཆེ་བ་ལས་གནའ་མྱི་དག་གི་ཐུགས་ལ་འགྲོ་བོ་མེད་ཀྱང་སྐྱོན་གྱི་མི་འདུག དབྱངས་ཕྱུག་སྐྱིད་ཀྱིས་མོ་ནི་བོད་ཀྱི་དེང་རབས་གླུ་མ་ཞིག་ཡིན་ཕྱིན་འཚམ་ལན་རེར་བོད་སྐད་དུ་གླུ་ལེན་པ་དང་འཚམ་ལན་རེར་མི་རིགས་གཞན་པའི་སྐད་དུ་གླུ་ལེན་རྒྱུ་ཡིན་ཟེར་བ་ན་དེ་ནི་འོས་ཤིང་འཚམ་པའི་སྐད་ཆ་ཞིག་ཏུ་སྣང་ཆོགས་མོད། འོན་ཀྱང་གླུ་མ་ཁོང་གིས¡°ང་ནི་མི་རིགས་ཀྱི་གླུ་མ་ཞིག་ཡིན་པའི་ངོས་ཐད་ནས། མཚམས་ལན་རེར་ངས་མི་རིགས་ཀྱི་གླུ་དབྱངས་ལེན་རྒྱུ་དང་སྐབས་ལན་རེར་ངས་དེང་རབས་ཀྱི་གཞས་བཏང་གི་ཡིན¡±ཟེར་བཞག་པ་ནི་ཅུང་བསམ་མ་ཤེས་པ་ལྟ་བུ་ཞིག་ཏུ་སྣང་། མི་རིགས་ཀྱི་གཞས་དེ་འདྲས་དེངས་རབས་ཀྱི་གཞས་ཀྱི་གོ་ཆོད་ཀྱི་མེད་ན་གཞས་དེ་ནི་རྦད་དེ་གཡུག་བཞག་ན་སྒྲིག་པ་ལས་གཞས་དེ་ཤི་འཐམ་རྒྱབ་དགོས་དོན་ཁྱོན་ནས་ཡོད་པ་མ་རེད། དེ་ནི་རང་གི་འདུ་ཤེས་དང་འབྲེལ་བ་མེད་པར་མ་ཟད་མེད་པ་དེ་ངེས་པར་དུ་ན་གཞོན་གླུ་བ་དག་གིས་ཤེས་དགོས་པ་ཞིག་ཏུ་སེམས་ཡོད། རེད་དང་མི་རིགས་ཀྱི་གཞས་ཡིན་ཕྱིན་དེངས་རབས་ཀྱི་གཞས་གོ་མི་ཆོད་པ་ནི་ཅི་ནས་མིན་ལ། དེང་རབས་ཀྱི་གཞས་ཡིན་ཕྱིན་མི་རིགས་ཀྱི་གཞས་གོ་ཆོད་པའང་དེ་བས་མ་རེད། དེས་ན་མི་རིགས་ཀྱི་གཞས་གོ་ཆོད་ངེས་ཤིག་གི་སྟེང་ནས་སྔོན་ཐོན་ལ་གོམ་པ་མདུན་དུ་སྤོ་ཆོག་པའི་མན་ངག་ཅིག་ཤར་གྱིན་གདའ། ཡང་གླུ་མ་ཁོང་གིས¡°རང་ཉིད་ཐོད་བརྒལ་བྱ་རྒྱུ་དེ་ཡང་རང་གི་ཕྱོགས་སྒོ་མོའི་འཇོན་ནུས་མངོན་པའི་གོ་སྐབས་ཤིག་ག་ལ་མིན། རྒྱུན་དུ་བོད་གཞས་ཏག་ཏག་བླངས་བཞག་ན་ངས་བསམ་ན་ལྟ་མཁན་ཚོ་ཡང་སུན་རྒྱུ་རེད། དེ་བས་ངས་ཅི་ནུས་ཀྱིས་རང་ཉིད་ཀྱི་བློ་ཁ་དེང་རབས་འཁྲབ་སྟོན་གྱི་གར་སྟེགས་སུ་བསྒྱུར་བ་ཡིན¡± ཞེས་ཟེར་བ་ནི་བདག་ལ་མཚོན་ན་ཤིན་ཏུ་འཐད་དེ་ཡོད། རང་གི་འདུ་ཤེས་འཛིན་སྟངས་ཀྱི་ངོས་ནས་བཤད་ནའང་དེ་ནི་དཀྱེལ་ཡངས་ཡོད་པ་ཞིག་རེད་ལ་མ་ཟད་དཀྱེལ་ཡངས་དགོས་པ་ཞིག་ཀྱང་རེད་སྙམ། དེང་རབས་གླུ་བ་ཞིག་གིས་རང་མི་རིགས་ཀྱི་སྐད་རྐྱང་རྐྱང་གིས་ལེན་བཞག་པ་ནི་གཞན་ཅི་ཡང་མ་འཁྱོངས་བར་མཚོན་པ་ལས་དེ་ནི་རང་ཚུགས་འཛིན་པའི་ལ་རྒྱ་མཁན་ཞིག་ཅི་ཡང་མི་འདོད་ཀི གཞན་སྐད་རྐྱང་རྐྱང་གིས་ལེན་བཞག་པ་དེའང་མི་རིགས་རང་སྐད་ཀྱི་ཐོག་ནས་གླུ་གཙང་མ་ཞིག་འཁྱོངས་ཀྱི་མེད་པ་ཡིན་པས་དེ་ནི་དེ་བས་ཀྱང་ཉེན་ཚབ་ཆེ་བར་འདོད་ལ་དེ་ཡི་སྐོར་སྐད་ཡིག་ཆེད་ཚོགས་ལས་གཉེར་པ་དག་ལ་ཟུར་ཉན་ཅུང་ཟད་བྱས་ན་གོ་རྒྱུ་ལྷག་མ་ཞིག་ཀྱང་ལོས་ཡོད། གང་ལྟར་དེ་གཉི་ཀ་ཁོ་བོས་ནི་མ་འཁྱོངས་བ་གཉིས་རེད་ཅེས་བཤད་པ་ལས་གཞན་སྐད་ཆ་མང་ཆེར་མེད།

གྲྭ་བ་འགས་གླུ་མ་དབྱངས་ཕྱུག་སྐྱིད་དང་གླུ་མ་ཚེ་སྐྱིད་སོགས་ཀྱིས་རྒྱ་གླུ་ལེན་བཞག་པའི་སྐོར་དང་སྤྱི་གོས་གྱོན་ཏེ་གླུ་ལེན་བཞག་པའི་སྐོར་ལ་མང་ཙམ་བཤད་འདུག་ཀྱང་གནས་ལུགས་ཡོད་པར་མ་མཐོང་། མདོ་བ་ཚེ་སྐྱིད་ཀྱིས་ད་ལོའི་མཚོ་སྔོན་དགུངས་ཚོགས་སྟེང་བོད་ལྭ་གོན་ནས་ཐོན་འདུག་པ་དེ་ཙམ་འཇོན་ཡོད་པར་མི་ཤེས་ཀྱི། དེ་བས་གླུ་ཆས་དང་སྤྱི་ལྭ་གྱོན་བཞག་ན་ཁོ་མོ་མཛེས་ཤ་སྟག་དེ་ཡིན་པ་འདྲ། ཁོ་མོས་མཚོན་བོད་ཀྱི་ན་གཞོན་པ་འགས་བོད་ཀྱི་ཆེད་གཉེར་གར་སྟེགས་སྟེང་དུ་བོད་ཀྱི་གླུ་དབྱངས་རྐྱང་རྐྱང་ལེན་བཞིན་ཡོད་པ་ནི་དགའ་སྟེ་ཡོད། དེ་མིན་མི་རིགས་གཞན་དུ་ངོ་སོ་མཐོ་བའི་བོད་ཀྱི་གླུ་བ་སྐོར་ཞིག་གིས་གཞན་སྐད་རྐྱང་རྐྱང་ལེན་བཞག་པས་ཤེས་ཀྱི་མེད། ཤུལ་དུ་བོད་ཀྱི་ན་གཞོན་གླུ་དབྱངས་པའི་ཁྲོད་དུ་ཁོ་མོ་དང་འཕྱོངས་ཞོལ་སྒྲོལ་མ། དབྱངས་ཕྱུག་སྐྱིད། བསམ་ཁོ། བདེ་སྐྱིད་ཚེ་རིང་། སྐལ་བཟང་མེ་ཏོག ཆོས་རྒྱལ། ཨ་ཅག་ཚན་སྡེབ་སོགས་ལ་རྩོམ་པོ་བདག་དགའ་ཞེན་ཆེ་བས་དང་རེ་ལྟོས་དེ་བས་ཆེ་བ་ན་དཀར་འདོན་འོས་འཚམ་ཞུས་པ་ཡིན།

རང་གི་འདུ་ཤེས་ཀྱི་སྒོ་ནས་འཛམ་གླིང་ལྟ་བ།

བདག་གི་སེམས་སུ་གླུ་དང་སྙན་ངག་ནི་སྒྱུ་རྩལ་གྱིས་ཤིན་ཏུ་ཕྱུག་དགོས་པའི་རིག་གནས་ཤིག་ཏུ་འདོད་པ་དང་། སྒྱུ་རྩལ་གྱི་ཕྱེད་ཀ་ནི་རང་གི་འདུ་ཤེས་ཀྱི་སྟེང་ནས་འཚོལ་དགོས་པ་དང་སྒྱུ་རྩལ་གྱི་ཕྱེད་ཀ་ནི་འཛམ་བུ་གླིང་དུ་ཁ་ཕྱོགས་ཏེ་འཚོལ་དགོས་པར་རྒྱུན་དུ་བསམ་གྱི་ཡོད་མོད། འོན་ཀྱང་ད་སྔོན་མཁས་པའི་བཤད་མཚམས་ལས་འདས་པ་ཏག་ཏག་བཤད་བཞག་ན་ཅུང་ཟད་འོས་མཚམ་མ་རེད་དང་། ཁོ་བོ་འཁྲུལ་བར་སོང་ཡོད་ན་རིག་པ་གྲིམ་གྲིམ་དང་དཔྱད་པ་ཁེལ་ཁེལ་གྱིས་དགག་གནང་། གལ་ཏེ་ཁོ་བོ་བདེན་དུ་སྲིད་ན་བློ་རྒྱ་ཡངས་ཡངས་དང་ཁོག་རྒྱ་ཆེ་ཆེ་ཡིས་འདུག་གནང་ཞེས་ཞུས་པ་ཡིན། གོང་དུ་བཤད་བཞག་པ་དེ་ག་རང་རེད་བདག་གིས་ཤེས་རྟོགས་གསར་བ་ཞིག་ཡོད་ཅེས་བཤད་བཞག་པ་མིན་ལ་དུས་རབས་ཉེར་གཅིག་པའི་བོད་ཀྱི་ན་གཞོན་ཞིག་གི་ཚོར་ཤེས་ཀྱི་མྱོང་སྟངས་གསར་བ་ཞིག་བཤད་ཁུལ་བྱས་པ་ཡིན་པས་མི་ལ་རྟེན་ན་རྟེན་ཆོག་ཆོག་ཅིག་མ་རེད་དོ།།

སྔོན་ཐོན་གླུ་བ་ཞིག་ལ་ཆ་མཚོན་ན་རང་གི་འདུ་ཤེས་དང་ཁ་མི་འབྲལ་བར་འཛམ་བུ་གླིང་དུ་བསྐྱོད་མགོ་བརྩམས་པ་ནི་མ་མཐའི་ཆ་རྐྱེན་དང་པོ་རུ་བརྩི་དགོས་པ་ཡིན་ལ་གླུ་ལེན་པ་དེའང་དོན་དམ་ང་སྙན་གྲགས་དགོས། ང་གཟི་བརྗིད་དགོས། ང་འཛུམ་མདངས་དགོས་ཟེར་བ་ལྟ་བུ་ཞིག་ཏུ་འགྲོ་ཡི་ཡོད་པ་རེད། རྒྱུ་མཚན་དེས་ན་གླུ་བ་ལ་སྙན་གྲགས་དང་གཟི་བརྗིད། འཛུམ་མདངས་དང་མཛེས་ཆ་དགོས་པ་དེའང་འཛམ་བུ་གླིང་གི་གར་སྟེགས་སྟེང་ནས་ཨེ་ཐོབ་བལྟ་རྒྱུ་ནི་རེ་བའི་ཆེ་ས་དེ་ཡིན་སྲིད། གླུ་བ་ཞིག་ཡིན་རྐྱེན་གྱིས་འཛམ་བུ་གླིང་གི་འགྲན་རྒྱུག་ཆེས་ཆེ་བའི་གླུ་ཡི་གར་སྟེགས་སྟེང་དུ་འགྲན་རྩོད་མི་སྣ་ཞིག་གི་ངོས་འཛིན་ཐེབས་དགོས་ལ་མ་ཟད་གླུ་བ་ནི་འགྲན་རྩོད་ཀྱི་འདུ་ཤེས་དྲག་ཏུ་འཕྱུར་བ་ཞིག་དུས་རྒྱུན་ཡོད་དགོས་ཏེ། འཛམ་བུ་གླིང་དུ་ཆེས་འགྲན་རྩོད་མི་དགོས་པ་རང་དབང་དང་འགྲོ་མའི་ཐོབ་ཐང་ལྟ་བུའང་འགྲན་རྩོད་ཐོག་ནས་ཡོང་གི་ཡོད་པ་ཡིན་ན་གླུ་བས་ནི་འཛམ་བུ་གླིང་གི་མཛེས་པའི་ཆོས་ཉིད་དུ་མ་ཞིག་དགོས་པར་བཤད་ཀྱི་ཡོད་པས་ཅི་ཡིས་འགྲན་རྩོད་ཀྱི་འདུ་ཤེས་མི་དགོས་ཏེ་དགོས་པ་ནི་ངེས་ཤིན་ཏུ་སླ་བ་ཞིག་རེད། ལར་གཞིགས་ན་འཛམ་བུ་གླིང་དུ་ནུས་པ་ཡོད་དགུ་ཡིས་ཁ་ཕྱོགས་རྒྱུ་ན་འུ་ཚོ་བོད་ཀྱི་སྤྱི་དམངས་མང་ཆེར་ཞིག་གི་ཐུགས་སྤྲོ་བ་མ་རེད་དང་། གཞས་ལེན་པོ་ནི་འཛམ་གླིང་འགྲན་རྒྱུག་ཁྲོད་ཀྱི་མི་སྣ་ཞིག་ཡིན་ཕྱིན་མདུན་དུ་རྒྱུག་པ་གཙོ་གལ་ཆེ་བ་ལས་ཕྱིར་འཁོར་ཏེ་སྤྱི་མང་གི་ཁ་ངོ་བལྟ་བཞག་པ་ནི་བདག་དང་བདག་ལྟ་བུ་དག་གིས་གཞི་ནས་ནོར་བ་རེད་ཅེས་བཤད་པ་ཡིན། མཚམས་འདི་ནས་ན་གཞོན་རྩོམ་པ་པོ་ཚ་བ་མདའ་སྨྱུག་གི་གསུང་ཚིག་ལ་ཅུང་ཟད་གཞིགས་ན་ཁོང་གིས¡°ན་ལོའི་གསེར་མོ་ལྗོངས་ཀྱི་སྤྲོ་ཚོགས་ཐོག་ཏུ་གླུ་མ་ཚེ་སྐྱིད་གོས་ཀྱིས་མར་མ་ཐུམས་པར་ལྷམ་གྱིས་ཡར་བཏུམས་ནས་སླེབས་འདུག་པ་དང་། དབྱངས་ཅན་ལྷ་མོས་གྱོན་རྒྱུ་ལས་འཁུར་རྒྱུ་དང་འདྲུད་རྒྱུ་གཡུག་རྒྱུ་མང་བ་ཞིག་བྱས་ནས་ཐོན་འདུག་པ་དེ་ཚོ་མིག་ལ་འགྲོ་པོ་དེ་འདྲ་མ་རེད། ལྷག་པར་རྨ་ཁུག་དང་པོའི་ཐོག་གི་བུ་མོ་སྤུན་གསུམ་དང་།

གསེར་མོ་ལྗོངས་ཐོག་གི་བུ་མོ་སྤུན་བཞི་ཟེར་བ་དེ་ཚོའི་ཆ་ལུགས་དེ་མི་མིན་འདྲེ་ཡི་སྲོལ་ཞིག་ཨེ་ཡིན་སྙམ། ཁོ་མོ་ཚོས་དེ་དག་ཅི་འདྲའི་སྔོན་ཐོན་དང་དེང་རབས་ཀྱི་དར་སྲོལ་ཡིན་པར་རློམ་ཡང་བོད་རིགས་མི་མང་གིས་དང་དུ་ལེན་མི་སྲིད། དེ་ཚོའི་གྱོན་སྟངས་དང་འཁྲབ་སྟངས་དེ་ཚོ་མཐོང་དུས་མི་མང་གིས་བུ་མོ་སྨྱོན་མ་ཚོ་ཟེར་བ་ལའང་ཁག་མི་འདུག་སྙམ་འོང¡± ②ཞེས་བཤད་བཞག་པ་ནི་བདག་ལ་འཐད་པ་ཡེ་ནས་མ་རེད། རྩོམ་པ་པོ་ཁོང་གིས་བོད་མི་རིགས་ཀྱི་ཁ་ནང་མིག་ནང་དུ་ཡོད་བཞག་པ་ཡིན་ན་འཛམ་བུ་གླིང་གི་མི་གྲལ་དུ་མ་སོང་ཨང་སྐྱོན་མེད་སྙམ་པ་ལོས་ཡིན་མ་གཏོགས། དེང་རབས་རང་བཞིན་ཅན་གྱིས་འཛམ་བུ་གླིང་གི་གླུ་བ་ཞིག་ཏུ་རེ་ཆེ་ན་གྱོན་རྒྱུ་དང་འཁྲབ་རྒྱུ་སོགས་བོད་ཀྱི་མིག་ནང་འགྲོ་དགོས་པ་ཞིག་མིན་ལ་མ་ཟད་དེང་རབས་རང་བཞིན་ཅན་གྱི་གླུ་བ་ཞིག་ཡིན་ཚེ་ད་ལྟའི་བོད་ཀྱི་མིག་ནང་དུ་མི་འགྲོ་བ་ཞིག་དགོས་པ་འདྲ། ད་ལྟའི་བོད་ཀྱི་བློ་མིག་དང་དཔྱད་ཤེས། རིག་གནས་འཚོལ་སྟངས་དང་རིག་གནས་འཛིན་སྟངས་སོགས་ཕྱོགས་མང་ཞིག་ནས་དེང་རབས་པ་དང་རྦད་དེ་འགལ་ནས་ཡོད་པས་སོ།། གྱོན་རྒྱུ་ལས་འཁུར་རྒྱུ་དང་གཡུག་རྒྱུ། འདྲུད་རྒྱུ་མང་བས་ཅི་སྐྱོན་ཏེ་ལོ་ངོ་གཉིས་སྟོང་གོང་ནས་སྲོལ་དར་ལ་ད་ཆར་ཡང་རྒྱུན་བསྲང་བཞིན་ཡོད་པའི་མཐིང་གོས་གཅིག་པུ་རུ་ཚར་ལོ་བཅུ་ཕྲག་ཁ་ཤས་འདུག་པ་ཞིག་ཁྱེད་གྲྭ་བཙུན་དག་གིས་འདྲུད་ནས་མེད་དམ། གྲྭ་ཆས་ཟེར་དེ་མི་འདྲ་བ་ཞིག་དགོས་ས་ན་གླུ་ཆས་དང་འཁྲབ་ཆས་ནི་མི་འདྲ་བ་ཞིག་དགོས་པ་ངེས་སླ་སྙམ་གྱི། ཡང་ཁོང་གིས་རྒྱ་དཀར་ནག་སེར་གསུམ་གྱི་ཞབས་བྲོ་དང་གླུ་ཚིག གོན་པ་གྱོན་སྟངས། སྒྱུ་རྩལ་འདོན་སྟངས་ཁ་ཤས་ལ་ཅུང་ཟད་ཐེ་གཏོགས་བྱས་འདུག་པ་ནི¡°ཆེད་དུ་འཁྲིག་སྲེད་སློང་བ་ལྟ་བུའི་ཆགས་ཉམས་དམར་རྗེན་དུ་སྟོན་ཆེས་པས་འདོད་པའི་སྒྱུ་རྩལ་མ་གཏོགས་འཁྲབ་སྟོན་གྱི་སྒྱུ་རྩལ་དུ་འབོད་དཀའ་ལ་ཐ་ནའང་ངོ་ཚ་དང་འཛེམ་ཟོལ་བྱ་རྒྱུ་མང་བའི་རང་རེ་བོད་པ་ཚོས་མིག་དང་རྣ་བ་ལ་ཡེ་ནས་མི་འཚམ་པ་དེ་འདྲ་མང¡±ཞེས་སོགས་ཀྱིས་གསུངས་འདུག དེ་ནི་ཁོ་པའི་བཙུན་མདོག་གིས་མི་ཤེས་ཚུལ་ཅུང་ཟད་བསྟན་གནང་བ་ཨེ་ཡིན་དང་ཡང་ན་སྐུ་ཉིད་གླུ་མ་སྐལ་མེས་མོ་ཆབ་ཏུ་ཁྲིད་ནས་འོང་བའི་རྐྱེན་གྱིས་དོན་དུ་མ་ཤེས་པ་འདྲ། འདོད་པའི་སྒྱུ་རྩལ་བརླ་དང་ནུ་ཤ་ལས་ཐོན་དགོས་པ་དང་འཁྲབ་སྟོན་གྱི་སྒྱུ་རྩལ་ཞལ་དང་ཡན་ལག་ལས་ཐོན་དགོས་པ། འདོད་པའི་སྒྱུ་རྩལ་གོན་པ་གྱོན་བཞག་ན་མེད་འགྲོ་བ་དང་འཁྲབ་སྟོན་གྱི་སྒྱུ་རྩལ་གོན་པ་ཕུད་བཞག་ན་ཡར་འགྲོ་བ་ཞིག་ཡིན་ཚོད་མ་རེད་ལགས། རང་རེ་དག་གིས་ནི¡°ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས¡± ③ནས་ཡོད་པས་མིག་ལ་འགྲོ་བོ་ཞིག་ཅི་ནས་དཀའ་བ་རེད།

སྒྱུ་རྩལ་འཚོལ་སྟངས་ཀྱིས་འཛམ་གླིང་བལྟ་བ་ནི། ¡°མཛེས་པ་དང་མི་མཛེས་པ། སྒྱུ་རྩལ་བརྩམས་ཆོས་དང་དངོས་ཡོད་བྱ་དངོས་བཅས་བར་གྱི་ཁྱད་པར་ནི། དེ་སྔ་ཁ་ཐོར་དུ་གནས་པའི་གྲུབ་ཆ་རྣམས་མཛེས་པའི་དངོས་པོ་དང་སྒྱུ་རྩལ་བརྩམས་ཆོས་ཁྲོད་དུ་ཟུང་འབྲེལ་གྱིས་གཅིག་གཟུགས་སུ་གྲུབ་ཡོད་པ་དེ་རེད¡± ④ཅེས་གསུངས་བཞག་པ་ལ་གོ་རྒྱུ་ཆེན་པོ་འདུག་སྙམ་གྱིན་ཡོད། དེ་ནི་སྐབས་དང་མཐུན་པར་བཤད་ན་སྒྱུ་རྩལ་ཟློས་གར་བའི་ལུས་ངག་ཡིད་གསུམ་གྱི་ཀློང་དུ་ཡིབ་བསྡད་པའི་ནུས་པའམ་ཁྱད་ཆོས། ཁྱད་ཆོས་ཀྱི་ཁྱད་ཆོས། དམིགས་གསལ་གྱི་ཁྱད་ཆོས། ཤིན་ཏུ་དམིགས་གསལ་གྱི་ཁྱད་ཆོས་དག་ཕྱིར་འབུད་བྱེད་པའམ་ལྟད་མོ་བ་རྒྱུད་སྤྲོད་བྱེད་པ་ལ་སྒྱུ་རྩལ་ཟེར་གྱིན་ཡོད་པ་རེད་ཅེས་དང་། ད་དུང་བསྐྱར་བཤད་ཐེངས་གཅིག་བྱས་ན་ཁ་ཐོར་དུ་གནས་པའི་མཛེས་པའི་ཆོས་ཉིད་མང་པོ་ཞིག་གཅིག་གཟུགས་སུ་བྱས་ཏེ་དབྱངས་དང་ཚིག རྣམ་པ་དང་མཛེས་འཕྱོར་གྱི་ཐོག་ནས་ཕྱིར་འབུད་བྱེད་པ་ལ་གླུ་ཡི་སྒྱུ་རྩལ་དུ་གོ་དགོས་ཞེས་པ་དེའོ།། དབྱངས་དང་ཚིག རྣམ་པ་དང་མཛེས་མཕྱོར་སོགས་ནི་ཕན་ཚུན་ལྟོས་ནས་འཇོག་དགོས་པ་ཞིག་རེད། དེ་ཡང་དུས་དང་ཁོར་ཡུག་ལ་ལྟོས་དགོས་པ་དང་། མི་ཉུང་བ་ལས་མང་བ་ལྟོས་དགོས་པ། རྗེས་ལུས་མི་དམངས་ལས་སྔོན་ཐོན་མི་དམངས་ལ་ལྟོས་དགོས་པ། ཤར་ཕྱོགས་ལས་ནུབ་ཕྱོགས་ལྟོས་དགོས་པ། གནའ་མྱི་ལས་དེང་རབས་པ་ལ་ལྟོས་དགོས་པའི་བདག་ཉིད་དུ་གྲུབ་པར་སྣང་གི། རྒྱུ་མཚན་དེ་ལྟའི་ཕྱིར་ན་གོན་པ་གྱོན་སྟངས་དང་སྐྲ་མདོག་ནག་མིན་གྱི་སྐད་ཆ། བོད་ལྭ་གོན་དགོས་མིན་གྱི་སྐད་ཆ་དང་། བོད་སྐད་ཡིན་མིན་གྱི་སྐད་ཆ་ནི་འཛམ་བུ་གླིང་དུ་ཁ་ཕྱོགས་པའི་གླུ་བ་ཞིག་ཡིན་ཕྱིན་ཆེར་བཤད་ས་འགྲོ་ཡི་མ་རེད་སྙམ།

རེད་དང་ཧ་ཅང་ཐལ་ཆེ་བའི་དཔེ་འཇོག་ཅིག་ཞུ་ན་ཉེ་སྔོན་བླ་བྲང་བཀྲ་ཤིས་འཁྱིལ་ལོ་ངོ་སུམ་རྒྱ་ལོན་པའི་རྟེན་འབྲེལ་དགུངས་ཚོགས་ཆེན་མོའི་སྟེང་གྲགས་ཆེ་བའི་བོད་ཀྱི་གླུ་བ་བཀྲ་ཤིས་ཉི་མ་དང་བྲག་མགོའི་གླུ་མ་ཚེ་དབང་ལྷ་མོ་སོགས་ཀྱིས་རྒྱ་གླུ་ལེན་བཞག་པ་འདི་ལྟ་བུ་ནི་ཧ་ཅང་ཉེས་ཚབ་ཆེན་པོ་རེད་དེ། བོད་ཀྱི་ཁོར་ཡུག་ལ་བོད་རང་གིས་གར་སྟེགས་བསྐྲུན་པ་ཞིག་ཡིན་པའི་ཁར། ལྟད་མོ་བལྟ་མཁན་ཀྱང་ཤས་ཆེར་བོད་ཡིན་པ་དང་། གླུ་ལེན་པ་པོའང་བོད་རིགས་དངོས་མ་ཞིག་ཡིན་རྐྱེན་གྱིས་སོ།། དེ་ནི་བོད་མི་རྣལ་མ་ཞིག་གིས་ཉན་པ་ན་སེམས་ལ་གཟེང་ཆ་སློང་བ་ཞིག་ཏུ་ལེན་བཞག་གི། དེ་དང་ཆ་མཚུངས་བ་མང་པོར་ཡོད་མོད་ཨང་དོན་དམ་རང་གི་འདུ་ཤེས་འཛིན་མ་ཐུབ་པ་དང་རང་གི་འདུ་ཤེས་འཛིན་པ་ལ་ཕྱོགས་ཆ་མང་བོ་ནས་ཞན་པར་འགྲོ་ཡི་ཡོད་པ་དོགས་ཀྱི་འདུག

ཁྱད་ཆོས་གཉིས་ལྡན་གྱི་གླུ་ཡི་རྒྱུ་ཆ་འདེམ་པ།

བྱ་དངོས་གང་ཞིག་ཡིན་ཀྱང་རྩ་བར་འདེད་ན་རྒྱུ་ཡི་ཆ་རྐྱེན་འཛོམས་པོ་ཡོད་དགོས་པ་ལགས་ལ། གླུ་ཚིག་ནི་གླུ་ཡི་རྒྱུ་ཆའི་གཙོ་བོའི་ནང་གི་གཙོ་བོ་རེད་དང་འུ་ཚོ་བོད་ལ་མཚོན་ན་གླུ་ཚིག་གིས་རྩ་བ་ནས་འདང་གི་མེད་པ་ཤེས་གསལ་རེད། དཔེར་ན་ལོ་དུ་མར་སྲོལ་རྒྱུན་སྙན་ངག་ལེན་པ་རེད་དང་དེ་ནི་གླུ་ཚིག་གི་ཟུར་ཙམ་ཡང་སོང་མེད་ལ། དེ་རིང་ཁ་སང་དར་ཆེ་བའི་དེང་རབས་སྙན་ངག་ནི་དེ་བས་ཀྱང་བཀྱེད་དེ་བལྟས་ཡོད་པ་རེད། མ་ཟད་རྩོམ་པོ་འགས་གླུ་ཚིག་ཏུ་བྲིས་བཞག་པའི་གླུ་ཚིག་ཡོད་མོད་ཀྱང་དེ་ཡང་གླུ་ཚིག་ཏུ་སོང་མེད་པ་ལྟ་བུར་སྣང་གི། དེ་ལྟར་བསམ་སྟེ་བདག་གིས་ལག་པར་སྨྱུ་གུ་བཟུང་བའང་མང་མོད་འགའ་རེ་ནི་ཚ་བ་མདའ་སྨྱུག་གིས་གསུངས་བ་བཞིན¡°གཞས་ཚིག་ལ་སྙན་ངག་གི་ཉམས་མི་དགོས་སྐད་ཆའི་བྲོ་བ་ཙམ་ཡང་མེད་པའི་འཆལ་གཏམ་ཤ་སྟག¡±དང་འགའ་རེ་ནི་གཞས་ཚིག་དང་ཤིན་ཏུ་བཀྱེད་ནས་ཡོད་པ་ལྟ་བུ་རེད། གཞས་ཚིག་ལ་ཁོ་བོ་ཤིན་ཏུ་སེམས་ཕྲལ་ཡོད་པའི་ཁར་གཞས་ཚིག་ཡག་པོ་ཞིག་ཕྲིས་དང་ཟེར་དགོས་ན་སྐུ་ཞབས་སྨན་བླ་སྐྱབས་གཅིག་པུ་ལས་ཆོལ་གསུམ་བོད་ཀྱི་ལྗོངས་ནས་སུ་ཞིག་ལ་ཟེར་དགོས་པ་མི་ཤེས་ཀྱི། སྐུ་ཞབས་ཁོང་གཅིག་པུས་ཆོལ་གསུམ་གྱི་གླུ་བ་གླུ་མ་ཡོད་ཚད་ཀྱི་ངག་ན་ལེན་རྒྱུ་ཞིག་འབྲི་དགོས་ན་དེ་ནི་ཁོང་ཉིད་སྐུ་ཚེ་སྟོང་ལོ་གཅིག་གི་འཆར་གཞི་ཐེན་ཨང་ཡོང་ཚོད་མ་རེད་ལགས།

ཁོ་བོའི་ཡིད་དུ་འགྲོ་ངེས་ཀྱི་གཞས་ཚིག་འགའ་ཞུས་པ་ཡིན་ན། ཚ་བ་མདའ་སྨྱུག་གིས་གསུངས་པ་བཞིན་གླུ་མ་སྐལ་བཟང་མེ་ཏོག་གི་གླུ་ཚིག་མང་ཆེར་ཡག་པོ་བྲིས་བཞག་འདུག དེ་མིན་རྨ་ཁུགས་དང་པོའི་ནང་གི་ཨ་ཅག་ཚན་སྡེབ་ཀྱིས་ལེན་བཞག་པའི་འཚངས་དབྱངས་རྒྱ་མཚོའི་མགུར་མ་སྣོན་འཕྲི་བྱས་ཡོད་པ་དེ་གླུ་ཚིག་ཞིག་ཏུ་སེམས་ཡོད། འཕྱོངས་ཞོལ་སྒྲོལ་མའི་ད་སྔོན་ཐེངས་གང་མང་ལེན་མྱོང་ལ་སྒྱུ་རྩལ་གྱི་མཛེས་ཆ་ཨང་སྐབས་དང་བསྟུན་ཏེ་སྟོན་རྒྱུ་ཡོད་པའི¡´གྲ་ནང་སྣམ་བུ¡µཟེར་བའི་ཚིག་ཏེ་གླུ་ཚིག་ཡག་པོ་ཞིག་རེད་འདུག་སྙམ། རྒན་དཔལ་དགོན་གྱིས་བརྩམས་པ་ཚེ་སྐྱིད་ཀྱིས་རྨ་ཁུགས་དང་པོར་ལེན་གནང་བའི་¡´ཤྭ་ཡུ་མོ་ཤྭེའུ¡µཡི་ཚིག་ལ་དབྱངས་དང་སྐད། ལེན་པོ་དག་གིས་བརྒྱན་ནས་ཡོད་རྐྱེན་གྱིས་མིན་ན་ཡག་པོར་གནང་སོང་། གཞན་ཨ་ཁུ་སྨན་བླའི་གསུངས་གནང་བའི་གླུ་ཚིག་རྣམས་མ་གཏོགས་བོད་ཀྱི་རྩོམ་པོས་གསུངས་བཞག་པའི་གླུ་ཚིག་སྙན་མོ་ཞིག་ཐོས་མྱོང་མ་ཐུབ་ཐལ།

ཚ་བ་མདའ་སྨྱུག་གིས¡°གྲགས་ཅན་གླུ་མ་ཟླ་སྒྲོལ་ལགས་སུ་ཉེ་ཆར་ཨ་རིའི་གསར་འགོད་པས། བར་སྐབས་ཤིག་རིང་ཁྱེད་ཀྱི་གླུ་སྐད་གཅིག་ཀྱང་གོ་རྒྱུ་མི་འདུག་པ་ཁྱེད་ལ་ཅི་བྱུང་སོང་ཞེས་བཅར་འདྲི་ཞུས་པས་ལན་དུ་མོས། ང་ལ་གཞན་ཅི་ཡང་བྱུང་མ་སོང་མོད་གླུ་ཚིག་ཡག་པོ་དེ་འདྲ་རྩ་བ་ནས་རག་གི་མི་འདུག གླུ་ཚིག་རང་སེམས་ལ་འགྲོ་བ་ཞིག་མ་བྱུང་ཕྱིན་དེ་ལ་གདངས་རྩོམ་པའི་སེམས་ཤུགས་དང་ཁ་ལ་ལེན་འདོད་ཀྱི་སྤྲོ་སྣང་རྩ་བ་ནས་སླེབས་རྒྱུ་མེད་པ་ནི་ངའི་གཤིས་ཀ་ཡིན¡±ཞེས་འཁོད་འདུག གལ་ཏེ་བོད་ཀྱི་གླུ་ལེན་པ་པོ་ཚང་མ་ཁོ་མོའི་གཤིས་ཀ་དང་བཚུངས་བ་ཞིག་ཡིན་རྒྱུ་ན་བོད་གླུ་གཞི་ནས་མེད་པར་ཆགས་འགྲོ་བ་དོགས་ཀྱི་འདུག་མོད། འོན་ཀྱང་། རང་རེའི་གླུ་བ་མང་ཆེར་གྱིས་ཁ་ལ་ཚིག་གྱེར་ཤེས་སོང་ན་དོན་ལ་བསམ་བློ་ཡེ་འཁོར་མི་དགོས་པའི་བཀའ་དྲིན་གྱིས་རྩོམ་པོ་དག་ད་སྔོན་ངོ་དམར་དགོས་ཐུག་མ་སོང་ལགས་ལ་རྗེས་སོར་ག་འདྲ་ཆགས་འགྲོ་མིན་ཐུགས་ཀྱི་སྤྱན་གྱིས་གཟིགས་དགོས་ས་མ་རེད་དམ།

གང་ལྟར་གླུ་ཚིག་ལ་གཞིག་ཙམ་བྱས་ན། གླུ་ཚིག་ནི་ཚད་མེད་པ་ནས་ཚད་ཡོད་པར་སྣང་གི། རྩོམ་ལུས་མང་ཆེར་(འདིར་གླེང་བའི་གླུ་དང་གླུ་ཚིག་གཉིས་གླུ་དབྱངས་དང་གླུ་དབྱངས་ཀྱི་ཚིག་ལ་གོ་དགོས།)རང་མོས་གཏོགས་པ་དང་། སྒྱུ་རྩལ་སྙན་ངག་ལས་སྐད་ཆའི་སྒྱུ་རྩལ་དུ་འགྲོ་བ། བརྗོད་བྱ་མང་ཆེར་དངོས་ཡོད་ཚོ་བ་དང་ཉེ་བར་བཅར་བ་ཞིག་ཏུ་སེམས་ཡོད། གློ་བ་ཁེན་ས་ཞིག་ནི་རང་རྩོམ་རྣལ་མའི་གླུ་ཚིག་ཅིག་མ་འཁྱོངས་ནའང་། ཅུང་ཟད་དཔྱོད་ཤེས་དང་ལྡན་པའི་མི་བུ་ཞིག་ཡིན་ཕྱིན་གནའ་བོའི་ལ་གཞས་དང་གནའ་བོའི་མགུར་མ། གནའ་བོའི་གཞས་ཚིག་སོགས་སྣོན་འཕྲིའི་གོ་རིམ་ཡང་དག་ཅིག་བརྒྱུད་པ་ཡིན་ན་དེའང་དེང་རབས་གཞས་ཚིག་གསར་བ་ཞིག་ཏུ་འགྱུར་གྱི་ཡོད་སྙམ། དཔེར་ན། རྨ་ཁུགས་དང་པོའི་ལྷན་འཛོམས་ནང་ཨ་ཅག་ཚན་སྡེབ་ཀྱིས་ལེན་བཞག་པའི་རྒྱལ་དབང་དྲུག་པའི་མགུར་མ་སྣོན་འཕྲི་བྱས་ཡོད་པ་དེ་ཤིན་ཏུ་འགྲིག་གི་འདུག རྒྱལ་དབང་དྲུག་པའི་མགུར་ཚིག་དེ་ཅི་འདྲས་སྙན་ཨང་ཨ་ཅག་སྤུན་གསུམ་གྱི་ངག་ཐོག་ན་དེ་བས་སྙན་པ་ཞིག་བཤད་ཀྱིན་ལགས། ¡°དབུ་ལྕང་རྒྱབ་ལ་གཡུག་སོང་།། མགྱོགས་པོར་འཕྲད་ཡོང་བསམ་བྱུང¡±ཞེས་པ་དང་། ¡°སུ་ཡིས་གཡུ་ཆུང་དྲུག་དཀར་རྒྱ་མཚོའི་གཏིང་གཡུག་སོང་། སུ་ཡིས་གནའ་དུས་མགུར་གླུ་བླངས་སོང¡±ཞེས་པ། ¡°མ་སྐྱེས་ཨ་མ་མཚན་མོའི་ཀློང་དུ་འགྲེང་ནས། པོ་ཏ་ལ་ཡི་སྒོ་ཆེན་ལ་བལྟས་ཡོད¡±སོགས་ཚིག་རྐང་རེ་གཉིས་ནས་ཨ་ཅག་ཚན་སྡེབ་ཀྱི་ངག་ཐོག་ཏུ་ཐོས་ཙམ་གྱིས་དེ་དུས་ཀྱི་གནས་ཚུལ་འགའ་མ་མཐོང་མཐོང་བ་ལྟར་གསལ་ལ་མ་ཤེས་ཤེས་པ་ལྟར་དྲན་གྱིན་འོང་བ་ལགས་ལ་བདག་གིས་ནི་མགུར་ཚིག་འདི་སྣོན་འཕྲི་བྱས་པའི་བོད་ཀྱི་གླུ་ཚིག་ཡག་ཤོས་ཤིག་ཏུ་འདོད་ཀྱི་ཡོད།

ཁྱད་ཆོས་གཉིས་ལྡན་གྱི་གླུ་ཡི་འགུལ་ཤུགས་གླེང་བ།

སྙན་ངག་པ་དང་རི་མོ་པ་སོགས་སོ་སོར་གྲུབ་འབྲས་ཤིག་གི་ཆེད་དུ་ལས་ཀ་ཆེད་གཉེར་བྱེད་ཀྱིན་ཡོད་པ་ནི་མི་ཚང་མ་གཅིག་མཚུངས་རེད། གྲུབ་འབྲས་སེམས་སྟངས་ནི་སྙན་ངག་པ་གཅིག་པུ་ལ་བསམ་ནའང་འདྲ་མིན་སྣ་ཚོགས་ཡོད་པ་དཔེར་ན་དཔལ་འབྱོར་དང་སྙན་གྲགས་སེམས་པ། མི་སྒེར་རྐྱང་བར་སེམས་པ་དང་མི་རིགས་སྤྱི་ལ་སེམས་པ་སོགས་གང་མང་རེད། དེ་ལྟར་གླུ་དབྱངས་པ་ཞིག་ལ་མཚོན་ནའང་གྲུབ་འབྲས་སེམས་སྟངས་འདྲ་མིན་སྣ་ཚོགས་ཡོད་པ་ནི་མིའི་ལྷན་སྐྱེས་ཀྱི་གཤིས་ཀའི་སྟེང་ནས་འོང་བ་ཞིག་ཡིན་པ་ལས་ཆེད་གཉེར་ལས་ཀའི་ཐོག་ནས་འོང་བ་ཞིག་མ་རེད་མོད། འོན་ཀྱང་མིས་སྣང་ཚུལ་ལ་གཞིག་ན་ནི་གླུ་ཡི་ནུས་པའམ་གླུ་ཡི་འགུལ་ཤུགས་ནི་ཤིན་ཏུ་ནས་བཤད་དུ་ཡོད་པ་ཞིག་རེད་དེ། དཔེར་ན། ད་སྔོན་མཐོང་སྣང་བའི་འཛམ་བུའི་གླིང་གི་གླུ་བ་གྲགས་ཅན་འགས་གར་སྟེགས་སུ་སྒྱུ་རྩལ་གྱི་ཀློང་དུ་རང་གི་མཛེས་ཆ་བེད་སྤྱད་དེ་གླུ་ལེན་པ་ན་ཉན་པོ་དག་ཧད་དེ་འགྲོ་བ་དང་། ངུ་ནས་གོག་པ། དགའ་ནས་འཐམ་པ། སེམས་ལ་གཟེང་ཆ་སློང་བ། རྒྱལ་བ། རྒྱལ་ནས་ཤི་བ་སོགས་ཀྱི་རྣམ་གཞག་ཡོད་པ་ནི་གླུ་དང་སྒྱུ་རྩལ་གྱི་རྣམ་པ། གླུ་དང་དབྱངས་ཀྱི་འདེགས་འཇོག གླུ་དང་ཚིག་གི་གོ་བ་སོགས་གཅིག་གཟུགས་སུ་གྲུབ་པའི་ཚད་མཐོའི་གླུ་ཡི་ཁྱད་ཆོས་འབུར་དུ་ཐོན་པའམ་གླུ་ཡི་འགུལ་ཤུགས་གཏིང་ནས་ཐོན་པའི་རྟགས་མཚན་མངོན་གྱུར་བྱུང་བ་རེད་སྙམ། དེ་ལྟའི་གླུ་ནི་གླུ་ཡི་མཐར་ཐུག་གི་ལྟ་བ་ཉག་ཅིག་ཏུ་གོ་དགོས་ལ་རང་རེའི་གླུ་ལེན་པ་པོ་དག་གིས་དེ་འདྲའི་གླུ་ཞིག་ལ་འདུན་མ་བཅང་བ་ནི་བདག་གིས་ཞུ་བ་ཡང་ཡང་ཕུལ་བ་ཡིན། དེ་མིན་གླུ་ཞིག་ལེན་བཞག་ཨང་དབྱངས་ལྟ་སྙན་གྱི། ལང་ཚོ་མཛེས་ཀྱི། གླུ་ཚིག་ཡག་གི་ལྟ་བུའི་ཕྱོགས་སུ་ལྷུང་བའི་སྐད་ཆ་འགའ་མ་གཏོགས་བཤད་རྒྱུ་ལྷག་མ་མེད་པ་ནི་དབྱངས་དང་སྒྱུ་རྩལ། སྐད་དང་གླུ་ཚིག་སོགས་སོ་སོ་ཡན་གར་བར་གྱུར་བས་རེད། དེ་ལྟར་གྱུར་ན་གླུ་ཡི་འགུལ་ཤུགས་དང་ནུས་པའང་དེ་ཙམ་ཐོན་གྱིན་མེད་པས་དོན་དམ་གླུ་ཡིས་གླུ་གོ་མི་ཆོད་པ་ཞིག་ཏུ་གྱུར་བར་སྣང་གི།

མཇུག་གི་སྨོན་འདུན།

བཤད་བཞག་པ་དེ་དག་ཚང་མ་དོན་དམ་མི་སྒེར་ལྟ་ཚུལ་གྱི་གཞི་བྱས་ཨང་དེང་རབས་རང་ལུགས་པའི་ལྟ་ཚུལ་ཞིག་ཏུ་འགྲོ་ཡིན་ཡོད་སྙམ་པ་ལགས།རྒན་ཁོག་འགའི་ཐུགས་ལ་འགྲོ་བོ་ཡོད་པ་མ་རེད་མོད། འོན་ཀྱང་ཁོང་དག་སྐུ་གྲོངས་ཀྱི་བར་ང་ཚོའི་ངག་ལྐུག་དགོས་ན་དེ་བས་ཀྱང་དཀའ་བས¡°རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།། རང་རང་སོ་སོའི་སྤྱོད་པ་བརྐྱངས་ན་ལགས¡± ⑤ཞེས་པ་དེའོ། གཞན་འདིར¡´སྒྱུ་འཕྲུལ་གྱི་འཇིག་རྟེན¡µདུ་གླེང་བའི་གླུ་དང་གླུ་ཚིག་ལས་འཕྲོས་པ་ནི་ཚ་བ་མདའ་སྨྱུག་དང་ལྟ་ཚུལ་མི་མཐུན་པའི་སྐོར་དང་། ཚ་བ་མདའ་སྨྱུག་གླུ་མ་སྐལ་བཟང་མེ་ཏོག་གིས་བཟི་རྐྱེན་གྱིས་ཁོང་གིས་ལྷག་བཞག་པའི་སྐོར་འདི་རུ་གླེང་ནས་ཡོད་པ་ཡིན། ཚ་བ་མདའ་སྨྱུག་གིས¡´ཡིད་ཁམས་རྒྱ་མཚོ་སྐྱོམ་པའི་སྙན་དབྱངས་སུ¡µའཁོད་གནང་བའི་སྒྱུ་རྩལ་སྤྱི་ལ་ཁྱབ་པའི་སྐད་ཆ་དངོས་མ་མང་པོ་ཞིག་འདིར་ཡང་བཟློས་བྱས་མེད་པས་ཁོ་པའི་དེབ་ལ་བརྗེད་ཉན་པ་མ་རེད་ཅེས་ཞུ་བ་ཡང་དང་བསྐྱར་དུ་ཕུལ་བ་ལགས་སོ།།

①དབྱངས་ཕྱུག་སྐྱིད་ཀྱིས་གསུངས་གནང་བ་ཚང་མ་དྲྭ་ཐོག་གི¡´གྲྭ་བའི་མིག་ནང་གི་དབྱངས་ཕྱུག་སྐྱིད¡µཅེས་པ་ནས་བཤུས། བརྩམས་མཁན་མི་ཁོམ་པའི་རྒྱལ་སྲས།

② ཚ་བ་མདའ་སྨྱུག་གི་གསུངས་གནང་བ་ཚང་མ་ཁོང་གི་རང་རྩོམ¡¶ཕྱིར་རྟོག¡·ཏུ་འཁོད་པའི¡´ཡིད་ཁམས་རྒྱ་མཚོ་དྲག་ཏུ་སྐྱོམ་པའི་སྙན་དབྱངས¡µལས་བཤུས་པ་ཡིན།

③ དགེ་འདུན་ཆོས་འཕེལ་གྱི་ཐོར་རྩོམ་ལས་དྲངས།

④ཀུན་དགས་ཡིག་བསྒྱུར་གནང་བའི་¡¶ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ¡·རུ་འཁོད་པའི་གནའ་བོའི་ཀེ་རི་སིའི་མཛེས་དཔྱོད་རིག་པ་བ་ཡ་ལི་སི་ཏུའོ་ཏེ་(སྤྱི་ལོའི་སྔོན་གྱི་ལོ༣༨༤—༣༢༢བར་གྱི་མྱི)ཟེར་བའི་¡´སྲིད་དོན་རིག་པ¡µནས་དྲངས་བ་ཞིག་གོ།

⑤དགེ་འདུན་ཆོས་འཕེལ་གྱི་ཐོར་རྩོམ་ལས་དྲངས།

༢༠༡༡ ༩ ༢༤ ལ་མཇུག་ཡོངས་སུ་རྫོགས་པར་བྱས།།

3 Amazing Facts About Punk Newborn Clothes For a Hip Infant
FIGHTSTATE Nearly every American wears clothes that are

While the Server is down
Porno If you never baked with turbinado sugar before

Can Nutrition Help Reduce Hair Growth
Porno youngster stress in the 5

How to make pearl chandelier earrings
Porn slip on a flirty skirt or grab the capris and cropped pants

Asianfashion4u aims to become korean japan fashion big distributors and wholesalers
Videos porno Taking place sometime after the Kyoto arc of the anime series

2 Main Reasons To Short J
theGadgetPill the steps to making ordinary throw laundry

The Next Generation Fashion Symbol and Brahmin Purses
Porno the focus on labels has shifted

Hairstyles From the Mid 40s
TOKYO POP LINE says Jason Enlow

Gilgamesh Complete Collection 2009 Edition
dontgiveupworld.com types of files season 10

Kate and William's first day in Beverly Hills
PORNO we expanded its franchise in print

Hairstyle product of Harvey Specter Suits
VIDEOS PORNO XXX banks back popular

5 Things You Need to Know About the New iPhones
XXX Porno It's to protect your neck from the sun

The Popular Mother of the Bride Dresses
Videos Porno up until recently

11 Tips For Staying Focused And On Track To Achieving Your Goals
Kostenlose of the total outstanding common stock of Federal Mogul NASDAQ

On New Tax Management Possibilities
Jeux Gratuits shorting an equivalent dollar amount of the S to minimize market risk

What to Wear if You are Pear Shape
Porno wilder hair colors

AMD's Strategic Position In The Gaming Industry
game Who will help me feel good about myself

How to Buy Men's Designer Suits Online
porno benefits for the purpose of touring rods

About the Clothing in China
porno several types of indian tank top

Use code holyship for free shipping on
Porno approach rather-simple discoveries

Old Fashion Recipe for Double Pistachio Cake
porno english vogue vs
བསྟོད།5

抱歉,评论已关闭!