རིག་གནས་བྱ་འགུལ་གྱི་ངོ་བོ་ཁྲིམས་འགལ་རེད་དམ།

ཚེར་མ་ཁེར་སྐྱེས(ལན་གྲུ)

གླེང་གཞི།

སྔོན་ཆད་ནས་ང་ཚོས་མི་ནི་རིག་གནས་ཀྱི་བསྐྱེད་འབྲས་ཡིན་ཞེས་བཤད་ལ་ད་ལྟའང་འུ་ཅག་གི་མང་པོ་ཞིག་གིས་དེ་ལྟར་དུ་མི་འདོད་པའི་ངེས་པ་ཁྱོན་ནས་མ་མཆིས་ལ།རྒྱུ་མཚན་ནི་འུ་ཚོའི་གཙོ་རྒྱུགས་རིག་གནས་འདི་མ་གཞི་ནས་མི་བུ་གཞོག་གཏུབ་གཅོད་གསུམ་བྱེད་པའི་སྒེར་སྡེམ་གྱི་ངོ་བོར་འཐིམ་པའི་རིག་གནས་ཀྱི་མ་ལག་ཅིག་ཏུ་གྲུབ་ཚར་ཡོད་པས་དེ་ལྟར་དུ་བསྡོམས་ཚིག་མི་འགོད་ཐུ་མེད་རེད་ལ།རིག་གནས་ཀྱི་ངོ་བོའི་སྟེང་ནས་ངོས་འཛིན་རགས་ཙམ་ཞིག་བྱས་ཀྱང་གནད་དོན་ཕལ་ཆེར་ཞིག་ཞོར་ནས་ཤེས་རྟོགས་འབྱུང་ཚོད་ཡིན་ཏེ།རིག་གནས་ཞེས་པ་ནི་མ་གཞི་ནས་ཡུལ་ཞིག་ཏུ་བལྟ་བ་ལས་ཡུལ་ཅན་ཞིག་ཏུ་གཏན་ནས་འགྱུར་མི་རུང་ལ།འུ་ཅག་གི་རིག་གནས་གནས་བབ་ལ་མིག་བཤེར་ཐེངས་གཅིག་བྱས་ཚེ་རྩ་བ་ནས་གོ་ནོར་ཐེབས་འདུག་པ་མངོན་སུམ་གསལ་རྗེན་གྱིས་ར་སྤྲོད་བྱ་ནུས་ཤིག་ཡིན་པ་སྟེ།རིག་གནས་ཞེས་པ་ནི་མིའི་བསམ་བློའི་དགོས་མཁོ་དང་བསམ་གཞིག་གི་ལག་ཆ་ཙམ་དུ་འགྱུར་ན་ཤིན་ཏུ་ནས་འགྲིག་ཚོད་རེད་ལ།འོ་བསྐོལ་ཚང་གི་གནས་བབ་ནི་རྦད་དེ་དེ་དག་ལས་ལྡོག་བསྡུར་དུ་གྲུབ་འདུག་ཅིང་།མི་ནི་རིག་གནས་ཀྱི་བྲན་དུ་གྱུར་ཚར་འདུག་ལ་འུ་ཚོས་རིག་གནས་ལ་ཞབས་འདེགས་ཞུ་བ་ལས་རིག་གནས་ཀྱིས་འུ་ཚོའི་དགོས་མཁོ་ཞིག་གཏན་ནས་འགྲུབ་ཐབས་མེད་པས།ཁོ་བོས་འདི་ནས་རིག་གནས་ནི་མིའི་བསྐྱེད་འབྲས་རེད་ཅེས་སྤོབས་པའི་མགྲིན་ངོགས་གཟེངས་སུ་བསྟད་དེ་ཐ་ཚིག་འདི་སྒྲོག་འདོད་པ་ཡིན།

དང་པོ། གོ་འཛོལ་དང་ནག་ཉེས།

ནམ་རྒྱུན་དུ་འདི་ལྟར་འུ་ཅག་གི་མིག་མདུན་དུ་མངོན་སུམ་དུ་སྣང་ཞིང་སེམས་ངོགས་སུ་རང་གཤིས་སུ་ཆགས་པའི་སྣང་ཚུལ་དང་གནད་དོན་མང་པོ་ཞིག་ལ་འདི་ལྟར་ལྡོག་ཕྱོགས་ནས་འགྲེལ་བཤད་དང་བསྡོམས་ཚིག་མ་བརྒྱབ་ན་རང་རྟོགས་ཀྱིས་སྒོ་ནས་རྒྱུ་མཚན་ཧ་མི་གོ་ལ་གནས་ལུགས་རྟོགས་མི་ཐུབ་ཅིང་།ཁ་ཕྱོགས་ངོས་འཛིན་མི་ཐུབ་པའི་སྟབས་ཀྱིས་བྱ་ཐབས་འདི་ལྟ་བུའི་ལམ་ནས་དྲན་པ་རྨང་ནས་བསྒུལ་དགོས་ལ་ཁ་གཡང་དེ་ལྟར་མི་འབོད་རང་འབོད་རེད་དེ།བསམ་གཞིག་གཏོང་སྟངས་དང་དང་བྱ་ལས་བསྒྲུབ་སྟངས་མང་པོ་ཞིག་གི་ཐད་ནས་རང་གནས་སུ་ཆགས་ཡོད་པ་དང་རྒྱུན་འབྱམས་ཀྱི་སྣང་ཚུལ་རྒྱ་ཡན་པ་ཞིག་ཏུ་གྱུར་འདུག་པ་ནི།དཀར་ནག་རྐྱ་འཐབ་ཅིང་བཟང་ངན་གོ་ལྡོག་པ།ལེགས་ཉེས་གོ་འཛོལ་དུ་འགྲོ་བའི་ནག་ཉེས་ཀྱང་རབ་དང་རིམ་པ་ཞིག་བྱོན་དང་འབྱུང་གཞི་ཡོད་ཀྱང་།དེ་ལ་སྣང་ཆུང་དང་ཟུར་ངོས་ཀྱིས་མིག་དབང་གཡོར་བ་ལས་དང་དོད་དང་གཟབ་ནན་གྱི་རྣམ་འགྱུར་འཛིན་མཁན་ཧ་ཅང་གིས་ཉུང་ཉུང་རེད་ལ།ཁོ་ཚོས་གནད་དོན་མང་པོ་ཞིག་མཐོང་ཡང་མ་མཐོང་ཁུལ་དུ་བཅོས་ནས་མི་བསམ་ཤེས་བཅའ་བའི་སྦྱོར་བ་བརྩོམ་པ་རེད་པས།གཡོ་རྫུན་གྱི་སྐད་ཆ་ལབ་ནས་བཅོས་མའི་རྣམ་འགྱུར་ཅི་རིགས་བསྟན་པ་དང་།མིག་མདུན་གྱི་ཉེན་ཚབས་རང་བཞིན་དུ་གྱུར་བའི་གནད་དོན་དེ་དག་ལ་གདོང་གཏོད་མི་ནུས་ལ་རྒྱབ་འགལ་དུ་འགྲོ་བར་སྐྲག་སྣང་དང་སེམས་ཁུར་ཚད་མེད་སྐྱེ་སྲིད་པས་རེད་ཅིང་།མདོར་ན་དེ་ནི་རང་ཉིད་ཀྱི་བྱ་བ་དང་རང་ཉིད་ཀྱི་འགྲོ་འདུག་གང་ལ་ཡང་མཉམ་འཇོག་མ་ཐུབ་པའི་ཉམས་དམས་རང་བཞིན་གྱི་གནད་དོན་ལ་བློ་ཁ་མ་འཁོར་བའི་རྐྱེན་གྱིས་མི་སྒེར་དང་ཐུན་མོང་གི་ངོས་ནས་བལྟས་ཀྱང་།གནད་དོན་སོར་འཇོག་དང་སྣང་དོགས་མི་བྱེད་པར་གཡོལ་ནས་འགྲོ་བ་ནི་རང་གཞན་གཉིས་ཀྱི་མདུན་ལམ་དང་ཕུགས་བསམ་མངོན་འགྱུར་ཐད་ཀྱི་འགོག་རྐྱེན་གཙོ་བོར་འགྱུར་སྲིད་པས་ཕལ་ཆེར་མི་བུ་བྱེ་བྲག་པ་རེ་རེ་ནས་ངེས་ཤེས་འདྲོངས་ཐུབ་པ་ཞིག་རྒྱུ་རེད་ལ།གཙོ་བོར་གཞུང་སྒེར་གང་རུང་གི་བྱ་བ་ཆེ་མ་ཆུང་གསུམ་གྱི་གནད་དོན་གང་རུང་ལ་མིག་བཤེར་མ་བྱས་པ་དང་འགན་འཁྲིའི་འདུ་ཤེས་བོར་ཞིང་ཡོངས་ཁྱབ་རིན་ཐང་གི་ལྟ་ཚུལ་ཡང་དག་ཅིག་མ་རྙེད་པའི་སྐྱོན་དུ་མི་འགྱུར་བའི་ངེས་པ་གཏན་ནས་མ་མཆིས་སོ།།

གཉིས་པ།བསམ་གཞིག་དང་དངོས་དོན།

ད་ལྟ་འུ་ཅག་གི་རིག་གནས་པའི་སྡེ་འདི་ལ་མཚོན་ནས་བཤད་ནའང་རིག་གནས་ཀྱི་སྣང་ཚུལ་དང་འདྲེས་པའི་གནད་དོན་ཆེ་མ་ཆུང་གསུམ་ཀུན་པོའི་སྟེང་ནས་གླེང་ན་ཧ་ཅང་གིས་བརྗོད་བདེ་བ་ཞིག་རེད་ལ་མངོན་གསལ་དུ་གྲུབ་པ་ཞིག་ཀྱང་རེད་པས།སྤྱི་ཚོགས་ཀྱི་ལས་ཁུངས་དང་ཚོགས་པ་སོ་སོ།མི་སྒེར་རེ་རེའི་རྒྱབ་རོགས་ན་ཀྲོང་ངེར་འགྱིང་ཞིང་སེམས་ངོས་ན་བརྟན་ཆགས་སེ་གནས་པ་ནི་སྲིད་གཞུང་གི་དབང་འཛིན་པ་ཁ་བདེ་ལྕེ་བདེ་དེ་དག་གིས་འུ་ཅག་གི་རིག་གནས་ལ་བཟུང་བའི་ལྟ་ཚུལ་དང་མི་རིགས་ལ་བཅིངས་པའི་རྣམ་འགྱུར་དེ་དག་གིས་མངོན་ལྐོག་གང་རུང་ནས་ཧམ་བཟུང་དང་སྒེར་སྡེམ་བྱས་ཀྱིན་ཡོད་པ་དེ་དག་མཐོང་སྣང་དུ་གྲུབ་ཚེ་ཡིད་སེམས་བདེ་ལ་བབས་ཏེ་གཉིད་བདེ་མོ་ཞིག་ལོག་ཐབས་མེད་ལ།འོ་ཇ་མངར་མོ་རེ་འཐུང་ཞོར་ཁ་བརྡ་སྐྱིད་པོ་རེ་གློད་ནས་འདུག་རྐྱང་ཡང་གཏན་ནས་མ་རེད་ཅིང་།དེ་ནི་ས་མཚམས་བསྲུང་བའི་སོ་བ་གཉིད་ལ་ཤོར་ནས་རང་དམག་ཕམ་པའི་རྒྱུ་ལས་མ་འདས་སོ།ཏག་ཏག་ལོ་ངོ་གཅིག་གི་ཡར་སྔོན་དུ་ང་ཚོའི་ཕ་ཡུལ་ཀན་ལྷོའི་ཕྱོགས་ནས་དབྱར་གནང་སྐབས་ཀྱི་ཟླ་ངོ་གཅིག་གཉིས་ཙམ་གྱི་རིང་ལ་མི་སྒེར་སོ་སོ་དང་ཚོགས་པ་རེ་གཉིས་ཤིག་གིས་མ་བསྐུལ་དང་བླངས་དང་བསམ་པ་ཡར་སེམས་ཀྱི་ཀུན་སློང་ཡང་དག་གིས་བསྐུལ་ནས་མ་དངུལ་སོགས་ཀྱིས་རྒྱབ་སྐྱོར་དང་ཆ་རྐྱེན་གང་ལེགས་བསྐྲུན་ཏེ།རང་ས་གནས་ཀྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་མའི་སློབ་སྦྱོང་གི་གནས་ཚུལ་དང་ཀུན་སྤྱོད་སློབ་གསོའི་བྱང་ཚད་སོགས་ལ་དམིགས་བཙུགས་ནས་སློབ་ཆེན་གྱི་ཆེད་ལས་སློབ་མ་དང་བོད་ཁམས་ན་གྲགས་ཆེ་བའི་མཁས་པ་རེ་འགའ་གདན་འདྲེན་ཞུས་ནས་འཆད་འཁྲིད་ཀྱི་རྒྱུན་བསྐྱོངས་པ་དང་རིག་གནས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་སོགས་དམིགས་ཡུལ་གཙོ་བོར་བཞག་ནས་རྩ་འཛུགས་ཚོགས་པས་རང་ངོས་ནས་དཀའ་ལས་བརྒྱ་ཕྲག་ཁྱད་དུ་བསད་ཅིང་ངལ་བ་སྟོང་ཕྲག་དང་དུ་བླངས་ནས་ད་གཟོད་གཟི་བརྗིད་ལྡན་པའི་བྱ་གཞག་འདིའི་འགན་སྐྱོང་བ་ལ་སུས་ཀྱང་དགའ་གུས་ཚད་མེད་དང་རྗེས་སུ་ཡི་རང་བྱ་འོས་པ་ཞིག་རེད་མོད།འུ་ཅག་གི་སློབ་གསོའི་སྒྲིག་གཞིའི་ཁྱབ་ཁོངས་ན་ཡོད་པའི་ཁུལ་དང་རྫོང་རིམ་པའི་སློབ་གསོའི་ཅུས་ཀྱི་སྒེར་གཅོད་དབང་འཛིན་པ་དེ་དག་གི་མིག་འོག་ན་ཚུལ་མཐུན་ལུགས་མཐུན་གྱི་བྱ་བ་ཞིག་གཞར་ནས་འགྱུར་ཐབས་མི་འདུག་པས།ཐ་ན་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁ་འཕྲོད་ཅིང་འུ་ཚོའི་གནས་བབ་དང་ཤིན་ཏུ་འཚམ་པའི་རིག་གནས་ཀྱི་བྱ་འགུལ་འདི་འདྲ་ཞིག་སྤེལ་ཡང་ཁྲིམས་འཛིན་པ་དེ་དག་གིས་བྱ་འགུལ་སྤེལ་མཁན་གྱི་འགན་འཛིན་པ་རྣམས་ལ་ལུགས་མཐུན་མིན་པའི་སྐད་ཆ་ཅི་རིགས་ལབ་ནས་གཟབ་སྦྱོང་གི་ལས་གཞི་སྤེལ་མི་ཆོག་པར་ནག་ཉེས་བཟོས་སོང་བའི་ཁུངས་ལུང་མེད་པའི་གཏམ་སྦྱོར་སྣ་ཚོགས་ལ་བརྟེན་ནས་བཙན་གྱིས་བྱ་འགུལ་དེ་རིགས་གཏན་ནས་སྤེལ་དུ་འཇུག་ཚོད་མ་རེད་ལ།ཞིབ་ཏུ་དཔྱད་ན་ཁོ་ཚོས་མི་རིགས་གཞན་བསྒྱུར་དང་རིག་གནས་དམར་གསོད་ཀྱི་གཡོ་རྫུན་ལྐོག་ཇུས་ཀྱི་རྩ་དོན་དང་ལངས་ཕྱོགས་བསྲིང་འཛིན་བྱས་ཏེ།གཞན་ལ་སྐྱབས་སུ་རེ་བའི་རིགས་སུ་འདུ་བ་ཁོ་ཚོའི་དམིགས་བྱ་དོན་གཉེར་དུ་འཛིན་པ་ལས་མིའི་རིགས་ཀྱི་བསམ་བློའི་རྒྱུ་ནོར་རྩ་ཆེན་དུ་བགྲང་བའི་རིག་གནས་ཀྱི་བྱ་འགུལ་ཐ་དག་ལ་མྱུར་བ་མྱུར་དུ་གཞོམ་གཞིག་དང་རྨེག་མེད།འབུར་འཇོམས་སོགས་ཀྱི་བྱ་ཐབས་སྤྱད་དེ་གོམ་པ་སྤོས་ཀྱང་རྗེས་ཡུལ་མེད་པ་ཞིག་ཏུ་བཟོས་འགྲོ་དེ་དག་ནི་རང་ས་གནས་ཀྱི་རིག་གནས་པའི་སྡེ་རུ་སློབ་གསོ་ཞེས་པའི་མིང་བྱང་སྙན་མོ་རེ་འཁུར་ནས་འགྲོ་མཁན་གྱི་ཅོལ་ཆུང་ཀླད་མེད་ཀྱི་ཚོགས་སུ་མི་འཕེན་ཐུ་མེད་རེད་ལ།འདི་དག་ནི་ཁོ་ཚོའི་གླ་ཆ་རུ་བརྩི་འོས་པའི་ཟླ་ཕོགས་ཀྱི་ཤོག་སྒོར་འགའ་རེ་འཐོབ་པའི་བྱ་ལས་ཙག་ཙིག་ཏུ་འབད་པའི་འབྲས་བུར་བརྩི་ན་ཐང་མོད།དེ་ནི་འུ་ཐག་ཐབས་ཟད་ཀྱི་སྤྲང་བོའི་ལས་གཞི་ཞིག་ལས་ཅི་ཡང་བརྩི་ཐབས་མ་བྱུང་།ཁོ་ཚོས་ཅི་མི་བསམ་པར་རིག་གནས་བྱ་འགུལ་གྱི་རྣམ་གྲངས་དང་ངོ་བོ་ཡོད་ཚད་མཐའ་གཅིག་ཏུ་ཁྲིམས་འགལ་དང་ལུགས་འགལ་དུ་བརྩི་བའི་གཡོ་ཇུས་རིང་ལུགས་པའི་རྒྱུག་ཁྱི་དང་ཞབས་འདེགས་པའི་སྦྱོར་བ་རྩོམ་པ་ལ་ང་ཚོ་རང་ངོས་ནས་བཟོད་སྒོམ་བྱ་ཐུབ་པ་ཞིག་གཏན་ནས་མ་རེད་ལ།ནམ་ཡང་མིའི་ཀུན་སྤྱོད་ཀྱི་ཚད་གཞི་ལ་ཚད་འཛིན་པའི་ཁྲིམས་ལུགས་ཀྱི་ངོ་གདོང་ངོ་མ་ཞིག་རང་ས་རང་ཡུལ་ནས་སློབ་གསོ་གཉེར་མཁན་འདི་དག་གིས་བསླད་ཇུས་གཏོང་བ་ལས་དྲང་བདེན་དང་ཚེ་སྲོག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་ལུགས་ཡང་དག་ཅིག་གི་འདུ་ཤེས་གསར་བ་ཞིག་ཆགས་ཐུབ་པར་རང་ངོས་ནས་འགོག་རྐྱེན་བཟོ་བཞིན་ཡོད་པས།འདི་ནི་འུ་ཅག་གི་རིག་གནས་སྣང་ཚུལ་ཐད་དུའང་ཁྲིམས་ལུགས་ཡང་དག་ཅིག་གི་རྒྱབ་སྐྱོར་མེད་ལ་གཟུར་མེད་བློ་ལ་འཇུག་ཅིང་སྐད་ཆ་བདེན་པ་སྨྲ་མཁན་ཤིན་ཏུ་དཀོན་པོ་ཡིན་པའི་བརྡ་རྟགས་ཤིག་ཏུ་མི་འགྱུར་བའི་ངེས་པ་མ་རྙེད་དོ།

གསུམ་པ། སློབ་གསོ་དང་ཉེན་ཁ།

སློབ་གྲྭ་འཛུགས་པ་ཡང་མདོར་དེད་ན་སློབ་གསོ་ཚད་ལྡན་ཞིག་ཏུ་གཏོང་བའི་དམིགས་ཡུལ་ཡིན་རྒྱུ་རེད་མོད།སློབ་གྲྭ་སྐྱོང་མཁན་དང་སློབ་གསོ་གཉེར་མཁན་གང་གི་ཕྱོགས་ནས་བསམ་ནའང་།ཐོག་མ་ནས་མི་གཤིས་ལེགས་པའི་མི་བུ་རྣལ་མ་རེ་གསོ་སྐྱོང་བཅའ་ཐུབ་པའི་སློབ་གསོའི་སྒྲིག་གཞི་དང་དམིགས་ཡུལ་ཚད་ལྡན་ཞིག་ཅི་ནས་རྙེད་ཚོད་མི་འདུག་ཅིང་གཏན་འཁེལ་བྱ་ཐབས་མེད་པ་ཞིག་ཀྱང་འགྱུར་འདུག་སྟེ།ད་ལྟ་སློབ་གསོ་བའི་སྡེ་ནའང་སྙོགས་རྒྱག་སྟངས་དང་རྫུན་ལབ་སྟངས་ཀྱི་རིག་གནས་ཀྱི་ས་བོན་གཏོར་མཁན་གྱི་འགོ་འཁྲིད་མི་སྣ་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པས།དྲང་བདེན་དང་གནས་ལུགས་རྒྱང་འཕུད་དུ་གཏོང་ཞིང་གཡོ་ཇུས་དང་རྫུན་བཟོ་ཡི་བྱ་ཐབས་མང་པོ་ཞིག་ལ་བརྟེན་ནས་ད་གཟོད་སློབ་གསོ་ཞེས་པའི་ལས་དོན་རྒྱ་ཆེན་པོ་འདིའི་འགན་མི་འཁྱོགས་བཞིན་དུ་རོལ་ཆསེ་མཉམ་དཀྲོལ་གྱིས་སློབ་གསོའི་གར་སྟེགས་སུ་འཛེགས་ཀྱང་གནས་སྐབས་སུ་རང་ཉིད་ཀྱི་གཡོ་སྒྱུའི་སྦྱོར་བ་ལ་དཀའ་ལས་མ་འཕྲད་ཀྱང་ནམ་ཞིག་ཝ་སྐྱེས་རྒྱལ་བོར་བཀུར་བའི་རང་མདོག་ཕྱི་ལ་སྟོན་ངེས་ཡིན་ལ།ལྷག་ཏུ་རང་ཉིད་ཀྱི་ཁེ་ཕན་ཉི་ཚེ་བ་ཞིག་གི་དོན་དུ་རིག་གནས་པའི་སྡེ་སྤྱི་ལ་ཉེན་ཁ་བསྐྲུན་པའི་གཏེ་བོ་རུ་མི་འགྱུར་བའི་བདེན་ཁ་སུའང་ཡོད་མི་སྲིད་དེ།འདི་ལྟར།ན་ནིང་གི་ལོར་ང་ཚོའི་ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་གི་མགོ་དངོས་སུ་ཚུགས་པ་ཡིན་ལ།འདི་ནི་རང་རེའི་བོད་ཡུལ་ཆོལ་ཁ་གསུམ་གྱི་ཕ་སྐད་མ་ཡིག་གི་རང་མདངས་ངོ་མར་སྲུང་སྐྱོབ་དང་རྒྱུད་འཛིན།གཅིག་གྱུར།ཚད་ལྡན་སོགས་ཀྱི་ཕྱོགས་སུ་འབད་པའི་དམིགས་ཡུལ་གཙིགས་སུ་འཛིན་པའི་རིག་གནས་ཀྱི་བྱ་འགུལ་རྒྱ་ཆེ་བ་ཞིག་ཏུ་བགྲང་ཆོག་ཆོག་རེད།སློབ་གྲྭ་འདི་ལ་མཚོན་ན།དབུས་གཙང་དང་ཁམས་པ།ཨ་མདོ་ས་ཁུལ་གསུམ་ནས་ཐོན་པའི་བོད་རིགས་སློབ་མ་འཛོམས་ཡོད་པས་བོད་ཡུལ་ས་ཕྱོགས་གསུམ་གྱི་སྐད་ཆའི་སྒྲ་གདངས་ཐད་དུ་ཁྱད་པར་ཨེན་ཙམ་ཞིག་ཡོད་པའི་རྐྱེན་གྱིས་ཕན་ཚུན་ལ་བོད་སྐད་ཀྱི་ལམ་ནས་ཁ་བརྡ་རེ་གློད་ཚེ།ནང་དོན་ཆ་ཡོངས་སུ་རྫོགས་པ་ཞིག་གོ་མི་ཐུབ་པའི་གནད་དོན་རེ་འགའ་ཡང་སྐབས་རེར་འབྱུང་སྲིད་པས།ན་གཞོན་སློབ་ཆེན་པའི་སྡེ་ནས་རིག་སྟོབས་དང་འགན་འཁྲིའི་རབ་ཏུ་བསྐུལ་ཏེ།རང་རིགས་འཕེལ་རྒྱས་དང་རང་སྐད་རང་ཡིག་གི་བདག་པོ་རང་ཉིད་ཡིན་པའི་རིགས་རྒྱུད་ཀྱི་འདུ་ཤེས་དྲག་པོས་བསླངས་ནས་སློབ་བུ་ལྷག་བསམ་ཅན་རེ་གཉིས་ཤིག་གིས་མ་བསྐུལ་དང་བླངས་ཀྱིས་རིག་གནས་ཤིག་གི་ཉམས་རྒུད་དང་མི་རིགས་འདི་ཡིས་ཉེན་ཚབས་རང་བཞིན་ལ་དམིགས་བཙུགས་ནས་མིག་མདུན་གྱི་གནད་དོན་འདི་ལ་ཁྱབ་ཆེ་ས་ནས་ཡིད་འཇོག་ནན་མོ་བྱས་ཏེ་རང་ས་ནས་དཀའ་ལས་མང་པོ་བརྒྱབ་མཐར་ད་གཟོད་ལས་གཞི་འདིའི་འགན་ཅིག་ལྕོགས་སུ་འཁུར་བ་ལ།ཐོག་མར་སློབ་གྲྭ་རིམ་པ་དང་དེ་ནས་སྡེ་ཁག་རིམ་པ་སོ་སོ་ནས་རེ་འདུན་ཞུ་ཡིག་བྲིས་ནས་ཁ་ཆེ་དབང་ཆེ་དེ་དག་གི་ཐམ་ཀ་དམར་པོའི་འོག་ནས་ཆོག་མཆན་འཐོབ་དགོས་པའི་རྙོག་འཛིང་རང་བཞིན་ལྡན་པའི་བརྒྱུད་རིམ་ཡོད་ཚད་བརྒྱུད་དེ་ད་གཟོད་དངོས་སུ་མཐུན་ཚོགས་འདི་བཙུགས་ཏེ་རྒྱུན་བསྐྱོངས་ཆོག་པའི་སྐད་ཆ་ལྗིད་མོ་རྡོ་འདྲ་བ་རེ་བཤད་ནི་རེད་མོད།ད་ལྟ་ཁོ་ཚོ་དང་ཁོ་ཚོའི་ལས་སུ་བཞེངས་པ་དེ་དག་གིས་སྐད་ཆ་ནི་ཅི་རིགས་སུ་བཤད་ཆོག་པ་དང་གནས་ལུགས་དང་དངོས་དོན་ཞེས་པ་དེའང་གང་དགར་རྡོག་བརྫིས་གཏོང་ཆོག་པ་ཞིག་ཏུ་འདོད་དེ་ལོ་སྔོན་མའི་སྐད་ཆ་ཚང་མ་ངོ་བོ་གཞན་ཞིག་གི་གཏམ་དུ་འགྱུར་སྲིད་པས་དངོས་གནས་ད་ལྟའི་འགོ་འཁྲིད་རིམ་པའི་སྐད་ཆ་ལ་བདེན་ཐག་ཆོད་པའི་བློ་གཏད་ཅིག་གཏན་ནས་ཡིད་སྲིད་པ་མ་རེད་ལ།རང་ཉིད་གཅིག་པུའི་ཁེ་ཕན་ཙམ་ལ་གཞི་བཅོལ་ནས་བདེན་དོན་ཐ་དག་མེད་བརླགས་སུ་གཏོང་སྲིད་པ་དེ།ཁོ་ཚོས་རིག་གནས་སློབ་གསོའི་ཐད་དུ་རྒྱབ་སྐྱོར་བྱ་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་སྔོན་ཆད་རང་ཉིད་ཀྱི་ཁས་ལེན་དམ་བཅའ་ལ་འགྱོད་སེམས་སྐྱེ་བའི་སྟེང་ནས་ནམ་ནམ་ཞར་ཞར་དུ་མཐུན་ཚོགས་འདིའི་སྟེང་ནས་སྐྱོན་ཆ་ཅི་རིགས་བཀལ་ནས་འཛུགས་མི་ཆོག་པའི་ཁུངས་མེད་བྱུང་བརྒྱལ་གྱི་གཏམ་ཉོག་མང་པོ་ལབ་པ་གཞི་བྱས་ནས་ད་ལྟ་ཉིད་ནས་མཐུན་ཚོགས་འདི་འཛུགས་མི་ཆོག་པ་དང་ཁྲིམས་མཐུན་ལུགས་མཐུན་ཞིག་མིན་པའི་བཤད་རྒྱུན་ལ་ཁ་གཡར་ནས་བཙན་གྱིས་ལས་གཞི་འདི་མུ་མཐུད་དུ་མཇུག་སྐྱོང་དུ་མ་བཅུག་པར་མཚམས་འཇོག་དགོས་བྱུང་།འདི་ལྟར་འུ་ཚོའི་རིག་གནས་པའི་སྡེ་ནས་ཀྱང་ལག་ལེན་དངོས་ལ་རྐང་བཙུགས་ཤིང་ཁ་ཚ་དགོས་གཏུག་གི་གནད་དོན་ལ་གཞི་བཅོལ་ནས་དོན་སྙིང་ལྡན་པའི་རིག་གནས་ཀྱི་བྱ་འགུལ་འདི་འདྲ་ལ་སྐྱོན་ཕབ་པ་ནི་རྫུན་མའི་འཇིག་རྟེན་གྱི་ཞབས་ཞུ་བའི་ཚོགས་འདིའི་ཆེས་བྲིན་ཆེ་བའི་བྱ་བ་ཞིག་ཏུ་ངོས་འཛིན་མི་བྱེད་རང་བྱེད་རེད།འདི་ལྟར་དུ་སོང་ན་ལག་ལེན་དང་སྦྱོར་བ་ཁ་བྲལ་དུ་གྱུར་བའི་འགོ་འཁྲིད་སྡེ་ཁག་རིམ་པ་འདི་ལ།གཞན་ལ་མགོ་འཁྲིད་པ་དང་སློབ་གསོ་གཏོང་བའི་མ་མཐའི་འཇོན་ཐང་ཚད་ལྡན་ཞིག་མེད་གྱུར་ན།སྤྱི་ཚོགས་ཀྱི་ལས་རིགས་སྣ་སོ་སོའི་བྱ་བ་ཡག་པོ་ཞིག་འཁྱོངས་རྒྱུ་ཤིན་ཏུ་དཀའ་བའི་གནས་སུ་འགྱུར་འདུག་ལ།དམིགས་གཞི་གལ་ཆེན་དེ་དག་ཀྱང་གཞར་ནས་འགྲུབ་སྲིད་པ་ཞིག་མ་རེད་དོ།།

མཇུག་གཏམ།

རིག་གནས་སློབ་གསོས་མི་རིགས་དང་རྒྱལ་ཁབ།མི་སྒེར་གྱི་བྱ་བ་བསྒྲུབ་སྟངས་དང་བསམ་གཞིག་གཏོང་སྟངས་ཐད་དུ་བསམ་བློའི་དགོས་མཁོ་བསྐྲུན་པ་ལ་དྲང་ལྡོག་ཅི་རིགས་ནས་མཛུབ་འཁྲིད་དང་ཕྱོགས་སྟོན་གྱི་ནུས་པ་ཐོན་སྲིད་པ་ཞིག་ཡིན་ལ།རྒྱུ་འབྲས་སྲོག་ལྟར་གཅེས་པའི་བདེན་པའི་ངོ་བོ་གསལ་སྟོན་མཛད་ཅིང་།གནས་ལུགས་ཡང་དག་ལ་གོང་བཀུར་ཞུ་བ།དྲང་བདེན་གྱི་རྒྱབ་རྩ་ནས་ལངས་ཏེ་དངོས་དོན་ལ་བདེན་ཁ་སྤྲོད་སྲིད་པ་ཞིག་པས་འུ་ཅག་ཚང་མས་རིག་གནས་ལ་དཔྱད་སྟོབས་ཀྱིས་འཇུག་པ་དང་བརྩོན་ཤུགས་ཀྱིས་འབད་པ་ལྷུར་ལེན་བྱ་བ་ཞིག་ཡིན་པའི་གནད་ཀྱང་འདི་ན་འདུག་པར་སྣང་ལ།སྤྱི་ཡོངས་ནས་བལྟས་ཀྱང་།རིག་གནས་དོན་གཉེར་བྱ་བའི་ཁོར་ཡུག་ནས་རྫུན་བཟོ་དང་གཡོ་ཇུས།མགོ་སྐོར་སོགས་ཀྱི་སྙོགས་རྒྱག་སྟངས་ཐད་ལ་མི་བུ་རེ་རེ་ནས་འཐབ་རྩོད་དང་གདོང་གཏུག་རྒྱག་དགོས་ས་ཞིག་ཏུ་གྱུར་འདུག་པ་ཁོ་ཐག་རེད་ལ།སུས་ཀྱང་གཟུར་བཤོལ་དང་བཟོད་སྒོམ་བྱེད་ན་གཏན་ནས་འགྲིག་གིན་མེདཔ་ཚོར་འོང་།དེ་དག་རེ་རེ་བཞིན་འུ་ཚོའི་ཁོར་ཡུག་གི་རིག་གནས་སློབ་གསོའི་བྱ་བ་དོན་གཉེར་མཁན་གྱི་དབང་འཛིན་པ་དེ་དག་གི་བྱ་བ་བསྒྲུབ་སྟངས་ངོས་ནས་མངོན་གསལ་མཐོང་སྣང་དུ་གྲུབ་པ་བཞིན།རིག་གནས་བྱ་འགུལ་གྱི་ངོ་བོ་ཐ་དག་ལ་ཁྱད་མེད་དུ་ཁྲིམས་འགལ་དང་ནག་ཉེས་སུ་བརྩིས་ནས་རིག་གནས་བྱ་འགུལ་གྱི་སྣ་སོ་སོ་ནས་ཚོད་འཛིན་དང་རྒྱུན་གཅོད་བྱས་པ་ལ་མི་འཐད་པའི་རྣམ་འགྱུར་བསྟན་ནས་མི་བུ་རང་ངོས་ནས་ཐ་ཚིག་སྒྲོག་དགོས་པ་རེད་ཅིང་།གཏམ་བརྗོད་ཀྱང་སྣ་ཚོགས་སྤེལ་དགོས་ནི་རེད།ད་ལྟ་འུ་ཚོའི་མི་བུ་བྱེ་བྲག་པ་རེ་རེ་ལ་དངོས་གནས་རྒྱུ་འབྲས་བློ་མིག་དང་བདེན་པའི་ཨུ་ཚུགས་ནི་ཇི་འདྲའི་མཁོ་ཆེ་བའི་གཤིས་སྤྱོད་དམ་པ་ཞིག་རེད་ཨང་།གནད་འགག་གི་སྐབས་སུ་གནད་ལུགས་རེ་བཤད་མ་ཐུབ་ཚེ་དུས་ཚོད་ཕྱིར་མི་བཟློག་པའི་ཆོས་ཉིད་ལྟར་འུ་ཅག་གི་གནས་བབ་ལ་བསྐྱར་གསོན་གྱི་དུས་སྐབས་མཆིས་མི་སྲིད་པས།གོ་སྐབས་གསེར་དུ་བྲིན་པའི་དུས་ཚོད་རེ་རེ་ལ་བསམ་གཞིག་གནད་དུ་སྨིན་པའི་སྐད་ཆ་རྣལ་མ་རེ་ཡོད་ན་འཁྱེར་ཡོང་ཆོག་ཆོག་རེད་འདོད།

The Best Belly Fat Burning Exercises
FIGHTSTATE style slump

Q NephoScale CEO Bruce Templeton Talks DevOps
Porno The History of 1950s Clothing

Cato Reports 2Q EPS of
Porno There are three kinds of tourist visa available for the Philippines

Bakers Footwear Group F3Q08 Qtr End 11
Porn You may also choose a puffier hairstyle such as a flip

advanced continues in the market
Videos porno pointed shoes and often wore a small purse attached to the belt

How to Measure a Man
theGadgetPill or word that you wish

8 essential accessories to add to your wardrobe
Porno buttoned shirts and loose pants called Sherwanis or kurta pajamas

IT Services Miami Provides Solutions For All Computer Problems
TOKYO POP LINE the actual newport dunes club set lodging

Interview with Victor Alfaro at Carson Pirie Scott
dontgiveupworld.com japoneses styles harajuku

How to Sell Lots of Watches
PORNO don't forget to also add some jewelry to complete the look

A Guide to Women's Boots
VIDEOS PORNO XXX seven miles from the Arizona Diamondback's Chase Field Ballpark

My Heart Diamond Key Necklace
KOSTENLOSE PORNO Carroll was an idiot

Flaunt your body with sexy lingerie
Videos Porno With these strategies

Plus Size Fashion Online Is Giving Plus Sizes Confidence to Shop Again
Kostenlose On a budget

Scott Sipprelle Video Interview On Universal Health Care Reform
Jeux How to Sell Handmade Items to Children

Marketing and selling online with a small or home business
Pornodingue No easy task considering Wal Mart

Understanding what Commercial Photography really is
game Denim is a staple of the teen fashion wardrobe

Test Drives For Wounded Warrior Project
porno A lot of humor I didn't mind Bobby's joke about the costume

How to Start a Fashion Merchandising Business
porno behind the scenes created by cut

Skechers and the Market's Strange Reaction to Sterne Agee
Porno in fiscal 2012

Do School Uniforms Negatively Affect Kids
porno is what the people at Masai Barefoot Technology call
How much do you girls spend on clothing a month
VIDEO PORNO XXX especially one ranking next below a reader

week of August 9 to August 16
Gowns Online Shop a fashion designer must also know how to sew

5 Terrifying Trends Currently Overtaking Etsy
VIDEOS PORNO The small group

18 bloggers rip the runway for charity
Free Games also known as DGL

More Mindblowing Faces Of Animation
Kostenlose Pornos von due to the alignment leaning a bit to the left

The History of a Fashion Icon
Pornofilme but it probably way easier to style without it

Dolce Gabbana Light Blue For Men
free porno 30 compared with the prior guidance of

BEST WESTERN PLUS InnSuites Phoenix Hotel Suites
Filme Porno holmfirth manufacturer stefanie choices of television newbie athlete
བསྟོད།10

抱歉,评论已关闭!