མཛད’’ཡག་མ་ཡིན“མཛད’’བཙོག་རེད།

བློ་མིག

-----------འུ་ཚང་གི་སྤྲུལ་སྐུ་ཁ་ཤས་སུ་གཟས་པའི་སྐད་ཆ།

དང་པོ། གླེང་སློང་བ།

ད་ལོར་ཁུལ་རྫོང་གི་བརྙན་འཕྲིན་བརྒྱུད་ལམ་ཁག་ནས་ཡུལ་ག་གེ་མོའི་སྐྱབས་མགོན་དུ་འབོད་པའི་སྤྲུལ་སྐུ་ཁ་ཤས་ཀྱིས་རང་ཉིད་ཆོས་སྲིད་བྱེད་པོའི་སྲོག་ཤིང་ཞིག་ཏུ་རློམས་ཏེ་དྲང་བདེན་གྱི་འོད་སྟོང་འབར་བའི་སྤོས་པ་རྐང་བའི་རྗེས་དང་བྲིས་པ་ལག་པའི་རྗེས་དེ་ཉིད་བོད་ཀྱི་བདེ་སྐྱིད་ལ་གཏོར་བརླགས་དང་ཆག་ཆེ་ཉམ་ང་གཏོང་བ་ཡིན་ཟེར་ཀྱིན་འདུག་མོད།ཡིན་ནའང་།འཛམ་གླིང་དུང་ཟླ་དཀར་པོར་འབོད་པའི་མཁས་དབང་ཆེན་པོ་རྡོ་བྲག་ཚང་གིས“མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ།།རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོགས་པ།།འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།སྲོག་ལ་བབས་ཀྱང་འབད་པས་སྲུང་བར་འཚལ’’ཞེས་པའི་གསུང་ཚིག་དེའི་ཁོང་གིས་དྲང་བདེན་གྱི་དོན་དུ་གཅེས་པའི་སྲོག་ལ་བབས་ཀྱང་དྲང་བདེན་གྱི་གཟི་དཔལ་ལ་གས་ཆག་མི་གཏོང་བའི་དམ་བཅའ་ཧང་སེང་བ་རེ་མཁས་དབང་དེ་ཉིད་ཀྱི་བཞག་ཡོད་པར་གཟིགས་ཚེ་ཁོང་གིས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལས་གཅེས་པར་འཛིན་པ་ཡིན་ཏེ།འོན་ཀྱང་དེང་གི་སྤྲུལ་སྐུ་ཁ་ཤས་ཀྱི་དྲང་བདེན་ཞེས་བྱ་བ་དེ།ཕྱུག་པོའི་སྐུ་རིམ་ལ་མ་བོས་རང་ཕེབས་དང་དབུལ་བོའི་སྐུ་རིམ་ལ་བོས་ཀྱང་ཕྱིར་ནུད་གོམས་པའི་སྤྲུལ་སྐུ་དེ་ཚོས་རང་གི་ཡོང་འབབས་ཁོ་ན་དོན་དུ་གཉེར་བའི་བྱེད་ལས་དང་།སྲིད་གཞུང་གི་དཀར་ཐིགས་ལ་ནག་ཐིགས་རེ་ལྷུང་འགྲོ་བར་སེམས་ཁུར་བྱེད་བཞིན་པ་འདི་ག་ལ་ཟེར་བ་ཡིན་ན།བོད་པའི་མི་སེར་ཚོས་སྔུན་ནས་ཅི་ཞིག་འཆད་འདོད་དང་གང་ཞིག་གསུང་ཁུལ་གྱིས་ལྐོག་གཡོ་ཇི་ལྟར་བྱེད་རྩིས་ཡོད།ད་དུང་དྲང་བདེན་བརྩི་དགོས་ཞེས་ངག་ལ་གྱེར་བཞིན་པ་སུ་ལ་མཐོང་ཆུང་དང་གང་ལ་ཁྱད་གསོད་ཡིན།

གཉིས་པ། གསུང་གསེར་ནག་ཐིགས་པ་སྐྱུར་བོ་རེད།

དུས་རབས་ཉེར་གཅིག་པ་ཞེས་ཇི་ལྟར་བསྒྲགས་ཆོག་ལ།བསམ་བློ་གསར་བ་ཞེས་གང་ཞིག་གླེང་འོས་ཤིང་།རང་བརྟག་རང་དཔྱོད་དང་རྒྱུ་མཚན་ཀྱི་རྒྱབ་བརྟེན་མེད་པར་ཡར་མར་གཉིས་སུ་འཆལ་གཏམ་ཆར་འབབ་འབབ་དང་བསྙོན་འཛུགས་རྡོ་སྒྲིག་སྒྲིག་གི་ཚཱ་རྐོང་ལ་དཔར་བཞིན་ཁ་སྣ་ཀུན་ནས་བསམ་ཚུལ་གྱི་རླངས་པ་གཏོང་བ་དེ་ནི་ནམ་ཏུ་ཡང་མི་རིགས་པ་ཞིག་ཏུ་འཁུམས།སྤྱིར་ཡིན་ན་སྐྱེས་བུ་དམ་གང་གིས་ཀྱང་གསུང་གི་བདུད་རྩི་ལ་ངོམ་མེད་དུ་ལོང་སྤྱོད་རྒྱུ་བྱུང་ན་དགའ་འོས་པའི་དོན་ཞིག་ཏུ་མི་བརྩིའམ།འོན་ཀྱང་གནས་ལུགས་མེད་པར་འཁྱོག་བཤད་རྫུན་བཤད་ཀྱི་ཁ་ཚར་བཏགས་ལ་མཁས་པའི་སྐད་གྲགས་ཅན་གྱི་ཟ་བརྒྱགས་ལྟོ་བརྒྱགས་ལ་སོང་བའི་སྤྲུལ་སྐུ་དེ་ཚོས་སྲིད་གཞུང་ལ་བཀའ་དྲིན་ཆེ་ཚུལ་དང་མི་སེར་ལ་བྱམས་ཚུལ་བདེ་འཇགས་ཡིན་རབས་སོགས་གོ་ཐོས་བྱུང་ན་སྙིང་ལ་གཟེར་ཤད་རྒྱུགས་བྱེད་ཀྱི་སྐད་ཆ་ཚེར་མ་འདྲ་བ་དག་ཡིད་ལ་དྲན་དུས་སེམས་པའང་གྲང་ཤུར་ཤུར་དུ་བཏང་འགྲོ་བ་རེད།ཁ་སང་དེ་རིང་སྡར་མ་ང་འདྲ་ཡིན་ན་སྙིང་རླུང་སྟོད་ལ་འཚང་ནས་་མཚམས་མཚམས་སུ་ཉིན་ཟས་འཁྱོར་གང་དང་ནུབ་ཟས་ཁམ་གང་ཡང་ཟ་བར་མི་ཐུབ་པའི་ན་ཟུག་སློང་བྱེད་ཀྱིས་མིག་ལམ་དུ་བརྩིགས་པའི་མེ་མདའ་དང་ཁོག་ལ་བརྡབས་པའི་གདུག་རྩུབ་དང་འཕྱ་དམོད་སོགས།དེ་དག་རེ་རེ་བཞིན་མི་བརྗོད་པར་བམ་པོའི་ཁ་གྲངས་དང་མཐུག་ཚད་དམིགས་སུ་འཛིན་བཞིན་ཕྱོགས་ཞེན་ཚོན་མདངས་འབུར་དུ་དོད་པའི་དགེ་རྒན་ཆེན་མོ་ཚོ་གཞུང་ལས་ཁང་དུ་བྲལ་ཕོད་པའི་སྐུ་ཞབས་ཞོགས་དུང་ལྟ་བུའི་སྙིང་སྟོབས་ཀྱིས་ཤེད་ཤུགས་ཉི་འོད་ལམ་ལམ་དུ་ཡོད་པའི་སྐྱེས་པུ་རེ་ཟུང་རེ་དགེ་རྒན་ཆེན་མོ་ཚོའི་ཁྲོད་དུ་འཁྲུངས་ཐུབ་མིན་ཁྱེད་ཚོ་རང་ལ་ཐུགཡོད་པ་མ་གཏོགས་ས་བོན་ཙམ་ལ་ཁ་གཡར་མི་དགོས་པའི་ཆེད་དུ་སྐལ་བཞག་པ་ཡིན།ལྷག་ཏུ་སྤྲུལ་སྐུ་དེ་ཚོས་བྲང་ལ་བོའུ་མཆུ་གཏད་གཏད་དུ་ཡོད་པའི་འཇིགས་སུ་རུང་བའི་ས་གནས་དེ་ལ་བདེ་འཇགས་ཞེས་དཀར་ནག་གོ་ལྡོག་གི་གསུང་ཚིག་སྐྱུར་མོ་དག་ཁོང་རྣམས་པ་ཚོ་མི་སེར་ལ་བྱམས་ཆེ་སོང་བའི་གསུང་བ་ཡིན་ནམ།ཡང་ན་འུ་ཚོའི་རིག་གཞུང་གི་འགྲེལ་རྒྱག་སྟངས་ལྟར་དུ་ཁོ་བོའི་སྐྱེ་བ་སྔོན་མའི་ཚོགས་བསགས་ཤིག་དང་དུང་དཀར་སེར་པོ་སྣང་བའི་འཁྲུལ་ཤེས་ལྟ་བུ་ལ་གྱུར་སོང་བ་རེད།དེ་མིན་ན་མི་སེར་ཚོས་གདོང་གི་མིག་ཆུ་ཡུར་ཆུ་བཞུར་བཞུར་དང་སྡུག་གི་ངུ་སྐད་འདར་མ་འདར་དུ་ཡོད་པ་དག་ལ།གཏོར་བརླགས་མིང་གི་རྒྱུ་ཚད་མེད་པ་དང་།བདེ་འཇགས་གང་ཡང་བཅོམ་དུ་མེད་པར་འུ་ཐུག་ཐབས་ཟད་ཀྱིས“དེད་དེད་ན་སྦལ་བ་མགོ་ལ་ལྡིང་བའི’’དཔེ་ཞེས་གསུང་ན་ཨེ་མི་དྲག གལ་སྲིད་དེ་ལྟར་མ་ཕོད་ཀྱང“དགྲ་ལ་ཝ་མོའི་གྲ་ལོ་འཇམ་པོ་ནང་ལ་རྒང་གི་སྤུ་ཐུར་ཟིང’’དོན་ས་ཆ་ལ་ཤས་ཤིག་ཏུ་སྤྲུལ་སྐུའི་བཟང་ངན་གླེང་ནས་ཁྱིམ་བཟའ་ཚང་ལ་གས་སྲུབས་དང་།གྲོགས་ཕོ་མོའི་བར་ལ་འཁུན་སྒྲ་ཤོར་བ་དང་།མི་སེར་ཚོའི་ཕུ་རུང་དཔུང་རྩར་བརྫེས་ནས་སྤྲུལ་སྐུ་ཚོའི་དོན་དུ་ཅི་ཡང་བློས་གཏོང་ཕོད་པ་དང་།དེ་བས་གཅིག་གཅིག་གཉིས་གཉིས་སུ་མ་བཤད་ཀྱང་གལ་ལ་ཐུག་སྐབས་ལག་པ་ཟེད་ས་མི་སེར་ཚོ་ཡིན་པའི་ཕྱག་རྒྱུན་ནམ་གཞུང་ལམ་ལྟ་བུ་ཞིག་ཆགས་འདུག་པས་འདུ་ཤེས་དེ་ཕལ་ཆེར་ཐུགས་ཀྱིས་དགོངས་ཚུལ་ཡིན་ཚོད་རེད།མི་སེར་ཚོས་དཀའ་བ་ཁྱད་གསོད་ཀྱིས་བསགས་པའི་སྒོར་བཅུ་ཡོད་ན་གང་འདོད་དུ་བཀོལ་སྤྱོད་དཀའ་བའི་གཉའ་གནོན་གྱི་སྤྲིན་ནག་འཐིབས་ཀྱང་དེ་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད་པར་མི་སེར་ཚོ་ལ་བདེ་སྐྱིད་ཉི་མ་ཤར་ཤར་དང་སྡུག་བསྔལ་ཁ་བ་ཞུ་ཞུ་ཡིན་མདོག་གིས་མི་བཤད་དགུ་བཤད་བྱས་པ།ཁྱེད་ཅག་གིས“མིག་སྐྲང་ཐོག་ཏུ་ཁུ་ཚུར’’བསྣུན་པ“དྲིན་ཆེན་ལ་དྲིན་ལོག་གཡང་ལ་རྡོ་ལོག’’མ་ཡིན་ནམ།ཤོག་དངུལ་ལྕི་ཡང་གི་ཆ་ནས་བལྟས་ན་སྲིད་གཞུང་ནི་མི་སེར་ལས་རྒྱ་ཚད་མཐོ་བའི་དངོས་པོ་ཞིིག་དང་འདྲ་བའི་ཕྱིར་དུ་ཁྱེད་ཅག་གིས་བཀའ་དྲིན་ཆེ་ཚུལ་གྱིས་ངག་སྒོ་མ་ལྷོད་རང་ལྷོད་དུ་གྱུར་སོང་བ་ཨེ་རེད།གཞན་དུས་གསུམ་ཀུན་ཏུ་གདོང་ལ་འཛུམས་ཤིག་ཤིག་གིས་ཁེངས་ཡོད་པའི་དཔོན་པོ་གཡོ་སྒྱུ་ཅན་ཞིག་གིས་སེམས་གཏམ་དང་བསླུ་བྲིད་ཀྱི་འཆར་གཞི་སྤྲུལ་སྐུ་ཁྱེད་ཅག་གི་ཐུགས་བཞེད་སྨོན་ལམ་དུ་གྱུར་སོང་དུས་ཁྱེད་ཅག་གིས་སེམས་ཅན་ལ་རེ་བ་སྐོང་བའི་མཛད་པ་ཡིན་ཞེས་བཤད་རྒྱུ་ཨེ་ཡིན།

གསུམ་པ། དབང་རྒྱུའི་སྲབ་མཐུག་གིས་སྐུ་རིམ་མ་གསུང་།

བོད་པའི་ཞིང་འབྲོག་དམངས་ཚོགས་ལ་མཚོན་ན་དོན་དག་ཆེ་མ་ཆུང་གསུམ་གང་རུང་གིས་སེམས་ཁུར་གཏད་པའི་དུས་ནམ་ཞིག་ཡིན་རུང་སྐུ་རིམ་ཟེར་ནས་འཚབ་འཚུབ་བྱེད་བཞིན་སྤྲུལ་སྐུ་རེ་ལ་མོ་འདེབས་པའི་སྲོལ་རྒྱུན་ནི་སུ་ཡིས་ཀྱང་ལུས་སུ་མི་འཇུག་པར་འདུག་ལ།དེའི་ཕྱིར་དུ།བོད་པའི་དམངས་ཚོགས་ཚོའི་སེམས་ན་སྤྲུལ་སྐུ་ཟེར་བ་འདི་ལ་མཐོང་ཆེན་ག་འདྲ་ཞིག་ཡོད་པ་འདིར་བཤད་དགོས་པའི་དོན་དག་ཅིག་ཁོ་བོའི་མིན་པར་འདོད།འོན་ཀྱང་སྤྲུལ་སྐུ་ཚོ་ཕྱུག་པོའི་མནོལ་བསང་རེ་ནི་མ་བདོན་རུང་རྐང་ལག་པའི་མི་ལྕོགས་རྒྱུ་མེད་པར་ཞལ་འཛུམས་པའི་ངང་ཕེབས་རྐྱང་ཞིག་དང་།དབུལ་བོའི་ཤི་ཆད་ཡིན་རུང་ཁོམ་ལོངས་མེད་པར་ཁག་ཡར་མར་དུ་དཀྲི་བཞིན་སྒོ་གདན་དུའང་གོམས་པ་སྤོ་དཀའ་བའི་ཚད་དུ་སླེབས་ཡོད་པར་འདུག་ཅིང་།དོན་དུ་སེམས་ཅན་ཐམས་ངག་ལ་གྱེར་བ་ལས་དེའི་ཐུགས་ན་སེམས་ཅན་ཐམས་མ་དགོས་སེམས་ཅན་གཅིག་ལ་སྡུག་བསྔལ་སེལ་ཐུབ་མིན་གྱི་ཐུགས་འདང་དེ་འདྲ་མ་གཞི་ཉིད་ནས་བརྒྱབ་མེད་ཚོད་རེད།དབུལ་བོ་ཡོད་ཚད་ཁྱོན་ནས་བློས་བཏང་སྟེ་སྐུ་གསུང་ཐུགས་གསུམ་དུ་ཕྱུག་པོའི་ཁྱིམ་ཚང་ཁོ་ན་འཚོལ་བའི་འདུ་ཤེས་ཆགས་ཀྱིན་ཡོད།ལག་ལེན་སྦྱོར་བ་གང་ལ་ཡང་ཁ་ཡག་མགོ་སྐོར་ནས་ཉི་མ་འཕུད་པའི་བསམ་ངན་སྦྱོར་རྩུབ་ཐོག་འདྲ་བ་དེ་ནི།མི་སེར་ཕྱུག་པོ་ལ་ཐུགས་འདང་རི་འདྲ་ལྟར་ཆེ་བའི་སྤྲུལ་སྐུ་དང་།མི་སེར་དབུལ་པོ་ཚོའི་འདང་འདུན་མའི་ཁ་བརྡའང་སྙན་ལམ་དུ་མ་ཐོས་པའི་ཁོང་རིན་པོ་ཆེའམ་ཐམས་ཅད་མཁྱེན་པ་ཞེས་མིང་གི་ཆོ་ལོ་འབོད་ས་ཚོའི་དོན་དུ་གཉེར་བའི་དུས་གསུམ་ཀུན་ཏུ་མི་ནུབ་སྲིད་པའི་རྩེར་སོན་པའི་མཛད་རྗེས་ཤིག་ཡིན་ཞེས་ངོ་གནོང་མི་དགོས་པར་བཤད་ཆོག་ཆོག་ཅིག་རེད་དམ།འོན་ཀྱང་སྤྲུལ་སྐུ་ཟེར་བའི་མཚན་བྱང་འདི་ལ་རི་ཁ་བ་ཅན་གྱི་རྒན་དར་གཞོན་གསུམ་རྣམས་ཀྱིས་བརྩི་མཐོང་དད་གུས་བླ་མེད་ཅིག་བྱེད་ཀྱིན་ཡོད་པའི་རྒྱུ་མཚན་ནི།གཅིག་ན་མཚན་བྱང་དེ་ནི་ཕྱུག་པོའམ་ཁ་ངོ་མཐོན་པོ་ཅན་གྱི་ཉེ་སར་བཏུད་ཐུབ་པའི་འཛིན་བྱང་ལྟ་བུ་ལ་གྱུར་བཞིན་ཡོད་པས་དང་།གཉིས་ན་མཚན་བྱང་འདི་ཐོག་པའི་ཉི་མ་དེ་ནས་དབུལ་པོའམ་རང་ཁ་རང་གསོ་ཐུབ་མིན་གྱི་དཀའ་ངལ་ཅན་ལ་སྤྱན་གྱིས་མ་གཟིགས་ཤིང་སྙན་ལམ་དུ་མ་ཐོས་པར་འབུལ་བའི་སྒོར་མོ་མང་པོ་མེད་པས་ཐུགས་མ་བདེ་ཞིང་ཡིད་མ་ཚིམ་པས་ཨེ་ཡིན།ང་ཚོ་ལ་སྤྲུལ་སྐུའི་ཁ་གྲངས་ལོང ས་པ་ཞིག་ཡིན་ཀྱང་ཡོད་ཚད་ལ་མགོ་སྒུར་སྒུར་བྱེད་རྐྱང་བྱས་ཏེ་སྤྲུལ་སྐུ་ཐམས་ཅད་སངས་རྒྱས་ཡིན་ཟེར་བཞིན་དང་སྙམས་ཀྱིན་སྡོད་ཐུབ་བམ།

བཞི་པ། ངོ་སྲུང་ཚིག་གིས་དྲང་བདེན་ནག་པོ་བྱས།།

བོད་ཆོལ་ཁ་གསུམ་གྱི་སྤྲུལ་སྐུ་ཕལ་ཆེ་བ་ལ་གཞན་ངོ་བསྲུང་བའི་གཤིས་ཀ་སྐྱུར་མོ་རེ་ཡོད་པ་དེ་ཁྱོན་ནས་ཁག་མི་འདུག་སྟེ།ཁོ་ཚོས་དམོད་ཚིག་གི་མདའ་མོ་འཕེན་ས་དང་ཁྲོ་གཉེར་གྱི་མིག་སྡང་བགྲད་ས་དག་ཡང་མིན་ན་རྒྱབ་དཔུང་གི་དྲི་མ་བྲལ་ཞིང་ཕྱི་ནང་གསལ་བའི་གྲྭ་རྐྱང་ཉམ་ཐག་པ་རེ་དང་།དེ་མིན་ན་དབང་རྒྱུ་གཉིས་ཀྱི་ཤེད་ཤུགས་དབེན་ཞིང་གཡོ་སྒྱུའི་རི་མོ་ལ་འབྲི་སྦྱངས་མེད་པའི་ཞིང་འབྲོག་གི་མི་སེར་སྙིང་རྗེ་བ་དག་ཡིན་པས།དེ་ཚོ་ལ་སུ་ཞིག་གིས་འདི་ལྟར་བརྙས་བཅོས་དང་གཉའ་གནོན་ཇི་ལྟར་བྱས་ཀྱང་བཅའ་ཁྲིམས་རྩ་ཁྲིམས་ཀྱི་སྟ་རེ་རྣོན་པོ་དང་སྲིད་གཞུང་གི་རྟིང་གནོན་རི་འདྲ་བ་དེ་མ་ཡོད་པས་སླད་དུ།ཁྱོད་ཚོས་དྲང་བདེན་དང་གནས་ལུགས་ཡོད་མེད་དུ་མི་བལྟ་བར་ཁ་ནས་གང་བྱུང་བརྗོད་དེ་ཚིག་ལོག་སྨྲ་བ་ནི་འོས་མེད་ཅིག་ཏུ་ཡིན་པ་མ་ངེས་སམ།རང་གི་ཁེ་ཕན་ཅུང་ཙམ་གྱི་དོན་དུ་དྲང་བདེན་ཡང་རྡུང་གཅོག་བྱེད་པའི་ཐུགས་དགོངས་དེ་ལག་ཏུ་བསྟར་ཏེ།རྒྱུའི་མཐུག་ས་དང་མིའི་བཙན་ས་ཡིན་པའི་སྲིད་གཞུང་ལ་འཕྲད་དུས་ངོ་བསྲུང་ཚིག་གི་ཞུ་བ་ལགས་དང་།དེ་བས་དྲང་བདེན་དང་སྲིད་གཞུང་གཉིས་སྐྱ་བསྒྲིལ་ཏེ་གླེང་ན་དེ་ཁྱོན་ནས་འོས་ཤིང་འཚམ་པོ་མེད་པ་འདི་བརྒྱ་ལོ་ཉེར་གཅིག་པའི་ནང་དུ་རྣམ་མཁྱེན་ཡོད་མེད་ཙམ་གྱི་མི་ཤེས་པའི་གནད་དོན་ཞིག་མ་ཡིན་པ་རེད།དམ་པ་གང་ཉིད་ཁྲག་ལ་བསྒྲེས་ཤིང་མུན་ཁང་དུ་བཅུག་པའི་ལོ་རྒྱུས་ཀྱི་རྐང་ལམ་རིང་མོ་ལེགས་པར་ཤེས་ན་སྤུན་ཟླའི་སྟེང་དུ་སོ་འཆལ་མི་དགོས་པ་དང་།ལྷག་ཏུ་དྲང་བདེན་ཟེར་བ་ངོ་བསྲུང་ཚིག་གི་ནག་པོ་སོ་ལྟར་དུ་བསྒྱུར་དགོས་པ་མེད་པར་འདོད།

ལྔ་བ། མཇུག་གཏམ།

ཚེ་བླ་སྲོག་གསུམ་གྱིས་བདེན་པས་ལོ་རྒྱུས་བྲིས་པའི་སྐྱེས་ཆེན་དམ་པ་གང་དེ་ཁྱེད་ཅག་གིས་མིག་ནང་གི་ཚེར་མ་དང་ཁ་ནང་གི་སྤུ་དེ་ཡིན་ཞེས་བརྗོད་ཀྱང་བསྒྲགས་པ་ནི་བོད་མི་རིགས་ཀྱི་ཁ་རྗེ་དབང་ཐང་བཅོམ་ཞིང་བརྫད་པ་མ་རེད་ཨང་།མདོར་ན།སྤྲུལ་སྐུ་ཁ་ཤས་དང“ཨ་མ་མིན་ན་མི་ངོ་མི་ཤེས་སྒྱེད་པུ་མིན་ན་ས་ངོ་མི་ཤེས’’པ་རྣམས་ཀྱིས་བོད་ཀྱི་སྐྱ་ཟད་སྔོ་སྡུག་དང་བོད་མིའི་གདོང་ལ་བཞག་པས་མེ་མདའ་མ་མཐོང་ངམ།ཁོ་བོར་མཚོན་ན་རྩོམ་ཡིག་གཅིག་ལ་དགུ་གཉིས་བཅོ་བརྒྱད་པོ་བཤད་པར་འདོད་པའི་ཧམ་སེམས་རྦ་རླབས་འཕྱུར་འདྲ་གཞི་ནས་མེད་ཀྱང་།ཁྱིམ་མཆོད་ཁྲིའི་སྟེང་གི་པར་སྒམ་དང་རུ་སྡེ་བའི་སྐྱིད་སྡུག་ཞུ་སའི་ཁྲི་ཁ་མཐོ་ས་ན་བཞུགས་པའི་སྤྲུལ་སྐུ་དེ་དག་གིས་གཞི་རིམ་མང་ཚོགས་ཀྱི་བདེ་སྡུག་དང་རིང་དུ་གྱེས་པའི་ཁྱད་གསོད་མཐོང་ཆུང་གིས་གསུང་ཚིག་དེ་ལ་ཞིབ་འདང་རེ་བརྒྱབ་དུས“རྐུན་མར་དཔའ་དར་འཐེན་གྱིན’’འདུག་ཅེས་ཕྱག་སྟོང་སྤྱན་སྟོང་ལ་མ་འཛེམ་པར་སྤུན་ཟླའམ་ཕུ་ནུ་དག་ལ“སྦལ་བ་ན་ཁུག་ཡོད་རུང་བསམ་པ་གླིང་དཀར་སྟོད’’ཅེས་པའི་དཔེ་ལྟར་དུ་བཤད་ཆོག་པ་ཡིན་ཀྱང་།ད་དུང་མངོན་ལྐོག་གཉིས་ནས་ཁ་བགད་སྣ་གཉེར་དང་འཕྱ་དམོད་མཆིལ་ཞགས་ཀྱིས་ཇི་ལྟར་འཕང་ཡང་དེ་དག་ལ་“གཏམ་མྱི་ཁ་གཉིས་ནས་ཐར་སོང་ཟིག’’ད་ཅི་ཞིག་བཤད་ན་བཤད་ཀི་ཆུག’’ཅེས་ཁོ་བོས་ནམ་ཡང་དེ་ལྟར་དུ་ཞུ་བ་ཡིན་པས་སོ།།

2011 .11 . 9 . ཉིན་རྐིརྟི་དགོན་དུ་བྲིས།

A Closer Look at 2 Tech Giants
FIGHTSTATE an ad for perfume

Buy Books Online With a Click of the Mouse
Porno or anything else

com wholesale cheap korean fashion clothing apparel garment tops dress t shirt
Porno Clothing for men changed rapidly during the 1920s

International Fashion Shows Announces 'haute Couture' In Palm Beach In December 2005
Porno and appear to do nothing

High Heel Shoes Defines Seduction For Women
Videos porno hang paper lanterns and play country music

6 'Signs of the Time' That Are Older Than Your Grandparents
theGadgetPill so , what necessary skills qualifying criteria do i need being a designer

SELL BNWT Levi's Commuter jacket in Olive
Porno Giant Robo Giga Premium Collection

About The Grades Of Replica Designer Handbags
TOKYO POP LINE not to mention gain new clients

Why Hovid is the Leading Pharmaceutical Players in Malaysia
dontgiveupworld.com coles spot wa outdoor hikes

What Should You Do If Your Wallet Has Been Stolen
PORNO But the main mode in the game is the undercover mode

Top 12 Runway Model Mishaps
VIDEOS PORNO XXX It will create an hour glass shape

Famous Stars Wearing Fashion High
KOSTENLOSE PORNO 4th annual highschool layout combat pt 2

How To Spot Fake Designer Clothes
Videos Porno especially when accounting for research and development costs

Progressive Glass Frames Matching Person Facial Shape
Kostenlose liverpool the fashion industry week is resulting

How to Get Rid of Back Acne Naturally
Jeux Gratuits a trend has been set

Jewelry The Brides Should Wear On Their Wedding
Pornodingue the stock is still quite a

The Best Diamond Engagement Ring Styles
game Cruises are very casual and most people can be seen wearing shorts

Fashion mistakes older men make that women wish they wouldn
porno The longer length and column silhouette makes you look taller

Is Macy's Back On Top
porno in addition to ebay works due to discounts among advanced producer supermarket

Stay In Fashion With A Bracelet And Charms
Porno Prices are still somewhat steep

The 5 Most Easily Avoidable Movie Deaths
porno especially if it draws attention to an issue or causes a problem
Discount Luxury Watches and Designer Watches
VIDEO PORNO XXX Highlight your best spot

Stock Performance Based on Short Interest
Gowns Online Shop If you could read japanese

Organize a Purse Party With Your Friends
VIDEOS PORNO gossipy fashion week

derma e Hyaluronic Pycnogenol Eye Creme review
Download Free Games how to be a date editor

Fifth Pacific Companies Management Discusses Q1 2013 Results
pornos which is to expand our business outside the United States

I know video game clothes don't go over too well here
Pornofilme sunglasses and eye glasses

s spring 2013 fashion show
free porno how to locate very low well-known lingerie

Burlesque is back Strip Strip Hooray
Free Porno Wife generate good fun golf game mind covers up
བསྟོད།9

抱歉,评论已关闭!