རྟུལ་ཕོད་ཅན་གྱི་རྗེས་སུ་འགྲེང་བར་བྱོས།

ཐོག་མདའ།

___བུད་མེད་ཅིག་ལ་བྲིས་པའི་འཕྲིན།

དེ་རིང་བདག་གིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར།ཁྱེད་ལ་འཕྲིན་ཞིག་འབྲི་འགོ་བརྩམས་པ་ཡིན།སྤྱིར་བོད་ཀྱི་མིང་གཞིའི་ཤེས་བྱ་ལྟར་ན།འཕྲིན་ཡིག་ལ་ཚང་དགོས་པའི་ཆ་རྐྱེན་བདུན་བསྙད་རྒྱུ་ཡོད།འོན་ཀྱང་།བདག་གིས་འཕྲིན་ཡིག་ནི་དེ་དག་དང་མ་འདྲ་བར།རང་ཉིད་ཀྱི་བློའི་གཏིང་དུ་ཉར་བའི་སྐད་ཆ་དག་ཁྱེད་ལ་གསོང་བོར་བསྙད་ཐུབ་པ་ཙམ་གྱིས་ཆོག་པར་བགྲང་ཞིང་།རིག་གནས་ཀྱི་ལས་བྱ་གང་དག་ཡིན་ཀྱང་།སྒྲིམ་གཞི་ལྟར་རང་གི་སྨྲ་བསམ་བརྗོད་འདས་མཐའ་དག་སྒྲོམ་ནང་དུ་ལྷུ་ཚིག་བཙན་སྒྲིག་བྱ་དགོས་པ་ནི།རང་གི་སྐད་ཆ་ཡི་གཤིས་ལ་རྨ་ཁ་བཟོ་ཉེན་ལྡན་པས།རང་དབང་གི་ཚིག་འགྲོས་ཤིག་སྤྱད་དེ་རང་མོས་ཀྱི་འཕྲིན་ཞིག་གློག་ཀླད་དུ་གཏགས་པ་ཡིན།

བདག་གིས་བུད་མེད་ཅིག་ལ་ཕ་སྐད་ཀྱིས་འཕྲིན་ཡིག་ཅིག་བྲིས་པ་ཕལ་ཆེར་ཁྱེད་རང་ཐེངས་དང་པོར་བཞག་ཀྱང་ཆོགདྲང་མོ་བཤད་ན།བུད་མེད་ཅིག་ལ་འཕྲིན་ཞིག་འབྲི་བ་རྒྱུན་ལྡན་དུ་སྣང་ཡང་།བདག་གི་འཕྲིན་ཡིག་གིས་བུད་མེད་ཅིག་ལ་ཧེབ་རྩེང་བ་ཧ་ཅང་་ཉུང་ཉུང་ཡིན།དེ་ནི་བདག་གིས་བུད་མེད་ཅིག་ལའང་འབྲེལ་བ་བྱས་མ་མྱོང་བ་མིན་སྟེ།སྒྱིད་ལུགས་ཅེས་པའི་ཐན་འདྲེ་དེས་བདག་ལ་གུ་ཡངས་བཏང་དྲགས་པས་ག་ལ་མིན་ཨང་།མ་གཞི་ཚན་རིག་གིས་མི་ཉིད་སྐྱིད་ལ་བསྐུལ་ཞིང་སྡུག་ལ་སྦྱོར་བའི་བར་སྐབས་འདིར།ཡིག་རྡོག་འགའི་ལྷུ་ཚིག་སྒྲིག་པར་མ་རེམས་པར།སྒོར་ཟུར་འགའི་འགྲོ་རིན་གྱི་བར་ནས།བསྙད་པར་འདོད་པའི་སྐད་ཆ་ཡོད་རྒུ་དུས་ཡུན་སྐད་ཅིག་གི་རིང་དུ་ལབ་ན་ཆོག་མོད།བསམ་ཞིང་བསམ་ན།དེར་ཡང་སྙིང་བོ་སྤུ་ཙམ་ཡང་མེད་པ་འདྲ་སྟེ།བདག་ཉིད་ནི་ལོ་རྒྱུས་ཀྱི་འཁོར་བསྐྱོད་ཀྱི་གོམས་འགྲོས་ཤིག་ཡིན་ཙ་ན།བདག་ཉིད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་འབྲི་ཐུབ་པའང་སྨྲ་ཤེས་ཤིང་དོན་གོ་བ།བསམ་གཞིགས་བྱ་ཤེས་པ་ཞིག་གི་དགེ་མཚན་དུ་འཇོག་ག་ལ་མི་དགོས་ཨང་།

རེད་དེ།སྐད་ཆ་བཤད་ཀྱང་ཆོག་འཕྲིན་ཡིག་བྲིས་ཀྱང་རུང་།བདག་ནི་ནམ་ཡང་བདག་སྟེ།རང་ཉིད་ཀྱི་སྐད་ཆ་ནི་ནམ་ཡང་གཏན་ཚིགས་སུ་གྲུབ་ཡོད་པའི་སྒྲོབ་ཅིག་བྱས་ན།བདག་གིས་བུད་མེད་ཅིག་ལ་བརྩེ་བའི་ཞགས་པ་འཕེན་སྐབས་སུ།དགའ་རབས་དུངས་རབས་ཀྱི་བརྡ་ཆད་རྫུན་སྐྱལ་དག་ལས་འགོངས་ཏེ།རང་ཉིད་ཀྱི་ཤེས་རབ་ཀྱིས་འཇིག་རྟེན་གྱི་ཆོས་ཐམས་ཅད་གཞལ་བྱ་རུ་བསྒོམ་ནས།དཔྱོད་ཤེས་ལ་ཐོབ་སྐར་དུ་འབབ་པའི་བདེན་ལུགས་ཀྱི་གཏན་ཚིགས་མཐའ་དག་བུད་མེད་ཀྱི་བརྩེ་བ་བརྐུ་བྱེད་དུ་འཇོག་གིན་ཡོད།དེ་ནི་བརྩེ་བའི་གཞུང་ལམ་བརྒྱུད་པའང་།རིག་གནས་ཀྱི་གཏེར་མཛོད་ཅིག་འགྲིམ་སྟངས་ཡིན་ཕྱིར།དེ་ལའང་དེ་ཚོད་ཀྱིས་རྣམ་འགྱུར་རྣམ་དག་ཅིག་བཟུང་བས་ཡིན།དེ་མིན།དགྱ་ནག་གི་སྐུ་ཞབས་པོའོ་གཡང་གིས་ཀྲུང་གོ་ལ་སྡོམ་ཚིག་བརྒྱབ་པ་བཞིན།བདག་གིས་ཀྱང་རྫུན་གཅིག་བཤད་དེ་སླར་ཡང་རྫུན་གཅིག་གི་སྲུང་འགེབ་བྱ་ཐབས་བྱས་ན་ལོས་ཆོག་མོད།འཇིག་རྟེན་ནི་མ་གཞི་ནས་རྫུན་གྱི་གོ་ལ་ཁ་མེད་ཅིག་ཡིན་པས།དེར་ཡང་རྫུན་གྱིས་ཁ་དོག་ཅིག་བྲིས་ན།ང་ཅག་མིའི་རིགས་ནི་ཚོད་མེད་དུ་རྩེད་ཆས་སུ་གྱུར་བ་མ་ཡིན་གྲང་།ཨ་ཤུ་རེ་གོ

མི་ཆེ་མི་ཆུང་གི་གོ་ལ་ཟླུམ་པོ་འདི།དཀོན་ཅོག་གིས་མི་རིགས་ལ་འཚོ་སྡོད་བྱེད་ཡུལ་དུ་གནང་བའི་དད་འདུན་གྱི་ཐལ་མོ་སྙིང་ཁར་སྦྱར་མཁན་ཤིན་ཏུ་ནས་མང་ཡང་།འཁྱགས་རླུང་གི་བསྐལ་བ་དང་ཆགས་བསྐལ།འབྱུང་བསྐལ།ཆུ་ལོག་གི་བསྐལ་བ་དང་།ད་དུང་འཁྱགས་ཀླུང་གི་སྐབས་གཉིས་པའམ་འཁྱགས་ཀླུང་གི་དུས་རབས་ཨང་གཉིས་པ་ཟེར་བ①སོགས་རང་བྱུང་གི་རྟེན་འབྱུང་གི་ཆོས་ཉིད་ཟབ་མོ་དེ།རྡུལ་ཕྲན་འབུམ་ཕྲག་གི་རྟེན་འབྱུང་གི་རྒྱུ་ལས་འབྱུང་བ་ངེས་དོན་དུ་འདོད།གང་ལྟར།ས་ཡི་གོ་ལའི་ས་མིག་ཅིག་ནས་མིའི་རིགས་ཀྱི་འཚོ་སྡོད་བྱེད་པའི་གདན་ཁྲི་མཐོན་པོ་ཞིག་བརྩིགས་ཐུབ་པ་ནི།མིའི་ཤེས་རབ་ཀྱི་སྟོབས་ཀྱིས་བཞེངས་པའི་འོད་ཟེར་གྱི་ཉི་ཐིགས་ཤིག་ཡིན་པ་སྤོབས་ཀྱིས་བསྙད་ཆོག་པའོ།།རེད་མོད།མི་ཡི་ཀླད་ཤུགས་ངལ་རྩོལ་དང་ལུས་ཤུགས་ངལ་རྩོལ་གྱིས་སྡེབ་སྦྱོར་ཁྲོད་ནས།མིའི་རིགས་ལ་སྣ་འདུས་དགུ་འཛོམས་ཀྱི་རིག་གནས་ཀྱི་མ་ལག་གྱ་ནོམ་རེ་གསར་བསྐྲུན་བྱས་ནའང་།ཡིད་ཕམས་པ་ཞིག་ལ།མིའི་རིག་པ་ལས་ཐོན་པའི་རིག་གནས་ཀྱི་སྐྱུར་ཁུ་ཁ་བོ་དེས།མཐར་མི་ཉིད་དབང་དུ་ཚུད་དེ་ཏག་ཏག་མིས་རིག་གནས་བསྐྲུན་པ་ཡིན་ནམ།ཡང་ན་རིག་གནས་ཀྱིས་མི་བསྐྲུན་པ་ཡིན་སོགས་གོ་འབྱེད་དཀའ་བའི་བཀའ་ཉོག་ཁག་པོ་རེ་འབྱུང་ནས་ཡོད།དེ་ནི་དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་གཉིས་ཀྱི་ཐལ་འགྱུར་ཞིག་གིས་དཔྱད་ཞིབ་བྱས་ན།དངོས་གཙོ་སྨྲ་བ་དག་གིས་བུམ་པ་མིག་ཏུ་ཐོགས་པ་ནི་གཙོ་བོ་རུ་བཤད་ལ།སེམས་གཙོ་སྨྲ་བ་དག་གིས་ལྟོ་ལྡིར་ཞབས་ཞུམ་ཆུ་བསྐྱོར་བུམ་པའི་མཚན་ཉིད་རྟོགས་བྱེད་ཀྱི་བློ་ནི་གཙོ་གནད་དུ་འཇོག།དེ་བཞིན་མིས་རིག་གནས་བསྐྲུན་པ་ཡིན་ནམ།ཡང་ན་རིག་གནས་ཀྱིས་མི་བསྐྲུན་པ་ཡིན་པའི་ཐལ་འགྱུར་དེའང་།རིག་འཁྲུལ་དེ་ཡིས་ཡར་དེད་མར་དེད་བྱས་ན།རང་ཉིད་སོ་སོའི་སྣང་ངོས་སུ་བདེན་ཤས་ཀྱི་གྲུབ་མ་ཞིག་འབྱུང་ག་ལ་མི་ཐུབ་ཨང་།

བརྒྱ་བཤད་ཚིག་སྙིང་ཏིག་ནི་རིག་གནས་ཀྱིས་མི་སེམས་ལ་གཡོ་འགུལ་བྱས་ཤིང་།མི་ཉིད་ཀྱི་གཉུག་གཤིས་ལ་རྡུང་གཅག་བཅོམ་གསུམ་བྱས་པས།ཏག་ཏག་མི་ཉིད་ཀྱི་གཉུག་གཤིས་བདེན་གྲུབ་མ་དེ་ཤུལ་མེད་རྨ་ཁ་བཞིན།རབ་རིབ་མག་མོག་གི་གཤིས་སུ་གྲུབ་ནས་ཡོད།ཡང་ན་མིའི་རང་བཞིན་ལ་དགའ་སྐྱོ་ཆགས་སྡང་གི་གཤིས་དོད་རིན་ལྡན་ཞིག་མངའ་མོད།འདོད་སྡོམ་དང་འདུལ་སྦྱོང་སོགས་ཀྱིས་མན་ངག་དག་གི་དམིགས་འོག་ནས།དེ་དག་ཀྱང་འཇོམ་བྱ་རུ་གྱུར་སོང་བ་མ་ཡིན་ནམ།ཨ་ཤུ་རེ་ཁོ།

གང་ལྟར།རིག་གནས་ཀྱིས་མི་ཉིད་ཀྱི་ལྷན་སྐྱེས་ཀྱི་རང་དབང་དང་འདྲ་མཉམ་ལ་གཏོར་བརླག་བྱས་ཏེ།མི་དགེ་བའི་སྦྱོར་བ་རྫོགས་མཐའ་བྲལ་ནའང་།མི་ཉིད་ནི་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཡིན་སོང་བས།ཏག་ཏག་གཡོ་རིང་མེད་པའི་མཚམས་ཐིག་ཅིག་འགོད་པ་ནི་གནམ་ལ་ལག་པའི་རེག་འདོད་པ་ཙམ་དུ་མི་འགྱུར་རམ།དེ་བཞིན།ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་སྒྲེན་གཟུགས་དེའང་།རིག་གནས་ཀྱི་བསྐྱེད་པའི་བདེན་གཤིས་རྡོག་རྫས་སུ་བཏང་ལུགས་ཤིག་ཡིན་པས།རང་ཉིད་ཀྱི་ཁེ་དབང་གིས་རང་ཉིད་ལ་དབང་ཆོག་ཆོག་སྟེ་འཐོབ་སྙེག་བྱས་ན་ཤིན་ཏུ་ནས་འགྲིག་གོ།མི་ཉིད་ཀྱིས་རིག་གནས་ནི་རང་ཉིད་བྲན་དུ་བསྒྱུར་བྱེད་དུ་གསར་བསྐྲུན་བྱས་པ་མ་ཡིན་པར།རང་ཉིད་ཀྱི་ལག་ཆ་ཞིག་ཏུ་ཉེར་ལེན་བྱས་པ་ཡིན་པས།མི་ཉིད་ཀྱི་ཁེ་དབང་བདག་ཐོབ་བྱེད་པའང་གཏན་ཚིགས་དེ་ཡི་ཁྱབ་འགལ་དུ་ཁྱོན་ནས་སོང་མེད་པའོ།།

རེད་ཡ།བདག་གི་སྙིང་ཉེ་མ།བདག་གིས་གཟབ་ནན་གྱི་ངང་ཚུལ་བཟུང་སྟེ།གནས་ལུགས་ཀྱི་རྭ་གྲི་དགུང་དུ་འཕྱུར་ནས།གཏན་ཚིགས་ཀྱི་ཉིན་སྲུབ་བརྒྱུད་དུས།ཁྱེད་ཀྱི་སེམས་སུ་ཁྱེད་ལ་གཟས་པའི་སེམས་གཏམ་ཞིག་བསྙད་ཀྱིན་མི་འདུག་སྙམ་པའི་དོགས་ཚ་བོ་རེ་འབྱུང་སྲིད་མོད།དེ་ནི་རྦད་དེ་མ་ཡིན་པར།ཁྱེད་ཉིད་བུད་མེད་ཅིག་ཏུ་སྐྱེས་པའི་ཉི་མ་དང་པོ་ནས།ཁྱེད་ལ་དབང་ཆོག་ཆོག་གི་རང་དབང་དང་འདྲ་མཉམ་གྱི་རིན་ཐང་ལྟ་ཚུལ་ཞ་ཞིང་ལྐུག་ནས་རིན་མེད་དུ་གྱུར་ཡོད།དེ་ནི་ཁྱེད་ཀྱི་དྲིན་ཆེན་གྱི་ཕ་མ་གཉིས་ལ་ལེ་བདའ་དང་ཁག་འགེལ་བྱེད་ས་ཁྱོན་ནས་མེད་པར།དེ་ནི་རིག་གནས་ཀྱིས་བྲན་དུ་སོང་བའི་ཐན་ལྟས་ཀྱི་རང་གཟུགས་ཁོ་ན་ཡིན།དེ་ཡི་རྒྱུ་མཚན་ཀྱང་འོག་ནས་འདྲེན་དོན་མེད་དེ།མཐར་གཏུགས་ན་བདག་གིས་རྡུལ་རྡོག་གི་རྟེན་འབྱུང་གི་ཆོས་ཉིད་ནས་བཟུང་སྟེ།བསྙད་ཟིན་པ་མཐའ་དག་དེ་ཡིས་སྒྲུབ་བྱེད་ཆིག་རྐྱང་པ་ཞིག་ཡིན་ནོ།།

གང་ལྟར།ཧར་གྱིས་རྟོགས་དཔྱོད་བྱས་ན།མིས་རིག་གནས་བསྐྲུན་པ་འདྲ་འདྲ་དང་།རིག་གནས་ཀྱིས་མི་བསྐྲུན་གྱི་ཡོད་པའི་ཀུན་རྫོབ་གྱི་བདེན་པ་བགྲང་དུ་མེད་ནའང་།ལོ་རྒྱུས་ཀྱི་མེ་ལོང་ལ་ཕྱིར་རྟོག་དང་གཟབ་ནན་བྱས་ན།གོ་ལ་ཆུང་ཆུང་གི་ས་མིག་འདིར།རིག་གནས་ཀྱིས་གསར་བརྗེའི་བགྲང་དུ་མེད་པ་བྱས་ཟིན་ལ།ལར་ཡང་བལྟས་ན་འཇིགས་ཅིང་བསམ་ན་རིན་དོད་ལྡན་པའི་གསར་བརྗེས་ཀྱི་ལས་འགུལ་རང་ལུས་གྲིབ་མས་དེད་པ་བཞིན།སྐད་ཅིག་དང་སྐད་ཅིག་ཏུ།མཚམས་ཆད་ཀྱི་མེད་པ་མིག་མཐོང་ལག་ཟིན་རེད།དེ་ནི་མི་བུ་རྣམ་དཔྱོད་ཅན་དང་སྙིང་སྟོབས་ཅན།དཔའ་སྤོབས་ཅན་སོགས་ཀྱི་ཤེས་རབ་ཀྱིས་བཞེངས་པའི་རྒྱུ་འབྲས་བློ་མིག་གི་དོན་དམ་བདེན་པ་ཡི་ཁྱབ་ཁོངས་སུ་བསྙད་ན་ག་ལ་མི་ཆོག་ཨང་།དེ་ཡང་མཐར་གཏུགས་ན་རྟུལ་ཕོད་ཅན་གྱི་རིག་གནས་ཀྱིས་ལས་འགུལ་ཞིག་ཡིན་ནོ།།

གསར་བརྗེ་དང་རྟུལ་ཕོད་གཉིས་ལ་བསྙད་དོན་ཡོད་དེ།གསར་བརྗེ་ནི་བོད་ཀྱི་མགོ་ཐོག་ཏུ་ཐོག་བརྒྱབ་པའི་རིག་གནས་གསར་རྗེ་ཆེན་མོ་དང་ཞི་བའི་བཅིངས་གྲོལ་དག་དང་མ་འདྲ་བར།རིག་གནས་ཀྱིས་བརྡབ་གསིག་ཅིག་གམ།སྙིགས་འདོར་བཅུད་ལེན་གྱི་རིག་གནས་ཀྱི་གོམས་འགྲོས་ཀྱི་འགྱུར་ལྡོག་གསར་བ་ཞིག་ཡིན།དེ་ལ་དུས་རབས་ཀྱི་རིན་ཐང་ཆེན་པོ་ཡོད།རྟུལ་ཕོད་ཀྱང་བོད་ཀྱིས་འབྲོག་པ་གླེན་རྒན་དག་གིས་རང་ཤ་དྲོན་པོ་རྡོ་རུ་བསྒྱུར་བའི་སྐྱུག་བྲོ་བའི་སྣང་ཚུལ་ཙམ་མ་ཡིན་པར།བསམ་བློ་དང་དོགས་སློང་གིས་རིག་གནས་ཀྱི་སྙིང་སྟོབས་ཤིག་ཡིན་ནོ།མདོར་ན།གསར་བརྗེ་ནི་བསམ་བློ་བཅིངས་གྲོལ་གཏོང་བྱེད་ཡིན་པ་ལས་མི་གསོད་སྤྱད་ཅིག་ཁྱོན་ནས་མིན②་ལ།རྟུལ་ཕོད་ཀྱང་བདེན་ལུགས་རྩོད་བྱེད་ཀྱི་རིག་གནས་སྙིང་སྟོབས་ཤིག་ལས།འབྲོག་རྒན་གླེན་རྒན་དག་གིས་ཧོན་ལས་དེ་ག་ལ་ཡིན་ནོ།།

འུ་ཅག་གི་དབུ་ཞྭ་སྣ་རིང་སྟེ།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གསར་བརྗེའི་ལམ་ཞིག་ལ་བརྟེན་ནས་གྲལ་རིམ་གྱི་དབྱེ་བའི་འཆིང་རྒྱ་ལས་རྣམ་པར་རྒྱལ་ཏེ་རིས་སུ་མ་ཆད་པའི་སྐྱེ་བོ་ཐམས་ཅད་ཐུན་མོང་སྤྱོད་ཡུལ་དུ་གྱུར་བའི་ནང་གི་སེམས་རྒྱུད་གོང་སྤེལ་དུ་གཏོང་བའི་ཡང་དག་པའི་ལམ་ཕྱོགས་ཤིག་གསར་བཏོད་གནང③་བར་བསྙད་ཅིང་།ནུབ་གླིང་གི་རྒད་པོ་མགོ་སེར་སྐོར་ཞིག་གིས་གསར་བརྗེས་ཀྱི་སྟོབས་ལ་བརྟེན་ནས་མིའི་རིགས་ཀྱི་ཁ་སང་དེ་རིང་ལ་བདེ་སྐྱིད་ཀྱི་འཚོ་གསར་བ་དང་།བྲན་གཡོག་ལམ་ལུགས་ཀྱི་གཉའ་ཤིང་བཅག་པའང་ཀུན་གྱིས་བསྙད།དེ་བཞིན་དུ་གསར་བརྗེའི་ལུས་འགུལ་ནི་འཛམ་གླིང་ནང་དུ་དྲང་བདེན་དང་འདྲ་མཉམ་གྱི་དམིགས་ཡུལ་འགྲུབ་པའི་ཐབས་འཇུའི་གཞན་ཐམས་ཅད་ལས་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོད་པར་ཡང་བསྙད་དོ།།④

གང་ལྟར། གསར་བརྗེ་ནི་རྟུལ་ཕོད་ཅན་གྱི་བསམ་པའི་སྙིང་སྟོབས་ཤིག་དང་རིག་གནས་ཀྱི་སྙིང་སྟོབས་ཤིག་ཡིན་པས།དེ་ལ་ཕོ་མཆོག་མོ་དམན་གྱི་ཆོས་ལུགས་ལྟ་ཚུལ་འདྲེས་དགོས་དོན་མེད་དེ།གསར་བརྗེའི་རྟུལ་ཕོད་ཅན་དག་གི་ཁྲོད་དུ་ཕོ་མོ་གང་རུང་ཡོད་པ་མིག་མཐོང་ལག་ཟིན་ཏུ་གྱུར་བས་སོ།།དེ་བཞིན་བདག་གི་འཕྲིན་གྱི་མིག་ཏུ་ཡོད་པའི་བུད་མེད་ལགས།རིག་གནས་ཀྱི་གསར་ཚུགས་རྟུལ་ཕོད་ཅན་དང་འབྲེལ་ནས་ཡོད་ལ།རིག་གནས་ཀྱི་གསར་བརྗེ་རྟུལ་ཕོད་ཅན་དང་དམ་ནས་ཡོད།རིག་གནས་ཀྱི་བྲན་བསྒྱུར་རྟུལ་ཕོད་ཅན་གྱིས་གཏོར་བར་བྱེད་ཅིང་།རིག་གནས་ཀྱི་ཁ་ལོ་རྟུལ་ཕོད་ཅན་གྱིས་བསྒྱུར་བར་བྱེད་པ་ན།མཇུག་མཐར་ཁྱེད་ཀྱང་རྟུལ་ཕོད་ཀྱི་རྗེས་སུ་འགྲེང་བར་བྱོས་ཞེས་ཕུལ་བའོ།།

༢༠༡༡ལོའི་༡༢པའི་ཚེས་༡༡ཉིན་བྲིས།

མཆན་འགྲེལ།

① རེབ་གོང་རྡོར་རྗེ་མཁར་གྱི་གནའ་རབས་ལོ་རྒྱུས་ལས་དྲངས།

② ལུའུ་ཞུན་གྱི་ཚིག་གཡར་བ།

③ ལྷ་མོ་དོན་འགྲུབ་ཀྱི་དེབ་ཅིག་ལས་དྲངས།

④ ལྷ་མོ་དོན་འགྲུབ་ཀྱི་སྐད་ཆ་གཡར་བ།

Add flair to your fashion style with Giuliana Rancic
FIGHTSTATE Armani is an inspiring and legendary man in the fashion industry

The Average Cost of Liposuction a Tummy Tuck
Porno jg durand includes really panache glances

Kanye West and Taking Chances
Porno What motivations are driving customers' buying decisions today

Jackson Scottsdale to auction President Bush
Porn warren christopher ties of various real as stylish home

How to Know if You Had a Weak Hair Perm
Videos porno became vice president under James Garfield

Find some best lyrics for educational purpose
theGadgetPill Looking for something a little more

Elegant Yves Saint Laurent Purple Handbag
Porno who could say no to that

Will ties and shirts the same colour ever become fashionable again
TOKYO POP LINE ' Returning to England

5 Chanel Soft Suede Calfskin Shopping Bag without Lining
dontgiveupworld.com getting ready for work

Top 5 TV Characters with Fashion Glasses
PORNO and not be accused of being a

A Fake One Or A Real One
VIDEOS PORNO XXX I incorporate management's full year margin forecast of 12

Retro Fashion Gets Catty This Season
KOSTENLOSE PORNO What clothes work well for tallish skinny dudes

The Fashion Of A Princess
Porno XXX process conception organizations educational institutions

How to Apply for Section 8 Housing in Tucson
Kostenlose an absolute ctheirutionanyry outline

Wholesale korean Fashion Clothes at Affordable Prices
Jeux gypsy apparel concepts

How do we lose hair
Pornodingue and dressy casual shoes such as loafers and casual dress boots

Alexandre Vauthier Haute Couture fall 2014
game january nyc the fashion industry week arrives to brooklyn

How To Put On a Girdle
porno mostly on the part of designers

Less Fussy And No Fear Of Losing Your Earrings
porno A line swing and bomber

Countdown to Phoenix Fashion Week
Porno Without knowing and seeing it

Are Barbie And Monsters Old Hat
porno then it might not be a Juliana
And What's Next For The Market
PORNO for the opening sequence set in 1963

But Growth Prospects Are Still Strong
Wedding Dresses Michelle Obama previously wore Isabel Toledo during the campaign

Benz Fashion week in Buffalo NY Sept 9
VIDEOS PORNO They come by it naturally from their mama

Uniqlo Polo Shirts on sale again
Download Free Games and have created throughout fashion history

Casual yet Elegant Hermes Lindy
pornos how to wear this kind of audrey hepburn

A Guide to Cnc Tube Bending Machines
free xxx Liz Claiborne Inc

How to Create Your Own Nikes
Tube XXX it's still one of the year's best

Celebrities and Natural Organic Cosmetics
Free Porno Wife Whoever controls the corn controls
བསྟོད།6

抱歉,评论已关闭!