སྐྱབས་ཆེན་སོགས་ལ་བགྲོ་གླེང་དུ།

ཞོགས་ལྗང་།

དྲན་དང་མ་དྲན།

ད་ལོ་ནི་མཁས་དབང་དགེ་ཆོས་ལགས་སྐུ་གཤེགས་ནས་ལོ་ཡི་འཁོར་མོ་དྲུག་ཅུ་འདས་པའི་ལོ་རེད། སྐབས་འདིར། ནུབ་བྱང་གི་དགེ་སློབ་འགའ་གཙོ་བྱས་ཏེ། ལན་དྲུག་གྲོང་གི་མི་མགོ་སྐོར་ཞིག་གིས་མཁས་དབང་ཁོང་ཉིད་ལ་རྗེས་དྲན་འདུ་ཚོགས་ཤིག་ཚོགས་འདུག་ཅིང་། ཚོགས་ར་དང་ཚོགས་མི་སོགས་ཟུར་ངོས་གང་རུང་ལ་བལྟས་ན། དེ་རུ་ཡང་རླུང་འཚུབ་ཅིག་ཤུགས་ཀྱིས་ལྡང་གིན་པ་ཚོར་ན་ཡང་། དེ་ག་ཙམ་ནི་ང་ཚོས་དེ་ལྟར་གཡུག་ཆོག མ་ཟད། རོང་བོ་དགོན་ནང་གི་གྲྭ་རྐྱང་ལྷམ་ཀོག་གཙོ་བྱས་པའི་ཟིན་བྲིས་གཉེར་མཁན་རེ་གཉིས་ཀྱིས་ཀྱང་དྲ་ཐོག་ནས་རྗེས་དྲན་ཞུ་བཞིན་འདུག་མོད། མཁས་དབང་དགེ་ཆོས་ལྟ་བུའི་མི་བོ་ཆེ་ཞིག་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་ནས་ལོ་འཁོར་དྲུག་ཅུ་འགོར་བའི་རྗེས་དྲན་ལ་མཚོན་ན། དེ་འདྲའི་ཡིད་འཚིམ་པ་ཞིག་ཁྱོན་ནས་མ་བྱུང་བ་ཡང་མི་སྒེར་རང་གི་ཧམ་སེམས་ཁ་བོ་ཡིན།

ཁོ་བོ་མི་སྒེར་ལ་མཚོན་ན། ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་མཁས་དབང་ཁོང་ལ་རྗེས་དྲན་མཚོན་བྱེད་དུ་ཤོག་ཁ་མང་ཙམ་ལོངས་པའི་བརྩམས་ཆོས་ཤིག་ཡོངས་སུ་གྲུབ་ཚར་ན་ཡང་། དེ་ཉིད་དྲ་རྩོམ་ཞིག་གི་ཚུལ་དུ་བཞག་ན་རིང་འགྲོ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས། རེ་ཞིག་ཀློག་མཁན་དག་གི་སྤྱན་སྔར་བསྟར་མ་ཐུབ་པ་དེ་ཡང་ཁ་གཡོར་ས་ཞིག་ལོས་ཡིན་མོད། དེ་ཡི་ཉིན་གཉིས་ཀྱི་ཡར་སྔོན་ནས་མཁས་དབང་ཁོང་ཉིད་དྲན་པའི་སྙན་ངག་ཅིག་སྤེལ་ཟིན་པས། དེ་ཡང་རྣམ་འགྱུར་སྟོན་སྟངས་ཤིག་ཅི་ལ་མིན་ཨང་།

དེ་ལྟ་ན་ཡང་། དེ་ག་ཙམ་གྱིས་གྲུབ་སོང་བའི་བསམ་ཚུལ་ནི་ག་ལ་ཡིན་ཏེ། ང་ཚོས་མི་བུ་སུ་ཞིག་ལ་རྗེས་དྲན་བྱེད་པ་ནི། མི་བུ་དེའི་རིག་གནས་སྙིང་སྟོབས་གང་ཞིག་ལ་ཡི་རངས་དང་། དེ་ཉིད་ཀྱི་རྒྱུ་འབྲས་བློ་མིག་ལ་རྩིས་ཐང་སྤྲད་པའམ། མི་ཚེ་བདེན་དོན་ལ་ཕུལ་བའི་རིན་ཐང་ལ་རྩི་མཐོང་ངམ། འབྱུང་འགྱུར་ལམ་ཁ་ཇི་འདྲ་ཞིག་འཚོལ་དགོས་པའི་སྟ་གོན་སོགས། གཙོ་བོ་མི་སྒེར་རང་ཉིད་གཞི་རྐང་ཡིན་པ་བྱས་ཏེ། སྐྱེས་བུ་ཆེན་པོ་དག་ལ་སློབ་སྦྱོང་བྱེད་སྟངས་ཤིག་ཡིན་ཙ་ན། དེ་ལ་དད་པ་དང་དག་སྣང་ཞིག་གཞར་ཡང་དགོས་དོན་མི་འདུག་ཅིང་། རྗེས་དྲན་བྱེད་ཡུལ་གང་དེའི་བཀའ་དྲིན་དྲན་པ་གཞིར་བཞག་གིས། གང་གི་སྐྱོན་ཆ་དང་མི་འདང་བའི་ཆ་སོགས་ལ་རྒྱུས་ལོན་དང་དཔྱད་འཇོག་ཅི་ཐུབ་ཅིག་གནང་རྒྱུ་ནི་གནད་ཀྱི་དོན་པོ་ཨེ་ཡིན་ནམ་སྙམ་བྱུང་།

ལར། དྲན་ཤེས་བསྟེན་པ་ནི་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་ཆེན་པོ་ཞིག་ལོས་ཡིན་ཏེ། མི་ཡི་རྒྱུད་དུ་རྗེད་ངེས་རྐུན་པོ་ཞིག་བསྐུངས་ནས་ཡོད་ཅིང་། དེས་ནམ་ཞར་ཡང་རང་གིས་རྒྱུད་ལ་ཉར་ཚགས་བྱེད་ཅི་ཐུབ་བགྱིས་པའི་ཤེས་བྱ་གང་དེ་དུས་མིན་དུ་བརྐུ་བར་བྱེད་པས་དང་། དེ་འདྲ་བྱུང་ཚེ། མི་དག་གིས་བཟང་ངན་གོ་འབྱེད་དང་། དཀར་ནག་ངོས་འཛིན། ནག་ཉེས་ཅི་བྱུང་ལ་རྦད་དེ་འཛེམས་ཟོན་སོགས་ཤེས་ཀྱིན་མི་འདུག དེ་བས། འགྲོ་མིའི་ལོ་རྒྱུས་སྟེང་དུ། མིས་མི་ལ་སྒེར་གཅོད་དང་བཙན་འཛུལ་བྱས་པའི་ལོ་རྒྱུས་ཀྱི་ནག་ཉེས་བརྩེགས་རིམ་དུ་ཡོད་ཅིང་། ད་ལྟ་ད་དུང་ཡང་རྒྱུན་གནས་བྱེད་མུས་རེད། རང་རེ་ཚོས་འདི་ལྟའི་ནག་ཉེས་མི་བཟོ་བའི་ཆེད་དུ། ད་ལྟ་ཉིད་ནས་དྲན་ཤེས་བསྟེན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་རེད། དཔེར་ན། མི་དག་གིས་རྒྱུན་པར་དུས་རབས་བར་མ་དང་ཧྥ་ཤི་སི་སོགས་ཀྱི་མིང་ནས་འབོད་ཅིང་སྡང་མིག་བགྲད་པ་ནི་དྲན་ཤེས་བསྟེན་པ་སྟེ། ཁོ་ཚོས་ཆེས་མུན་ནག་དང་སྡུག་རྩུབ་ལ་རྒོལ་བ་སྤྲོད་སྟངས་རེད་ལ། རིག་རྩལ་བསྐྱར་དར་དང་། བློ་འབྱེད་ལས་འགུལ། རང་བཙན་བསྒྲགས་གཏམ་སོགས་གླེངས་ཤིང་བགྲོ་བ་ཡང་དྲན་ཤེས་བསྟེན་སྟངས་ཤིག་སྟེ། ཁོ་ཚོས་མིའི་རང་དབང་དང་འདྲ་མཉམ་སོགས་ཀྱི་ཐོབ་ཐང་ལ་བརྩོན་ལེན་དང་བརྩི་བཀུར་བྱེད་སྟངས་རེད། དེ་འདྲ་རེད་པས། རྟག་ཏུ་དམངས་གཙོ་ལ་བརྩོན་གཉེར་དང་། སྒེར་གཅོད་ལ་ངོ་རྒོལ་བྱེད་པའི་རྒྱུ་མཚན་ཞིག་རྟོགས་ཤིང་། དེ་ནི་འགྲོ་བ་མིའི་རིགས་དེ་སྐྱེས་མ་ཐག་ནས་རང་དབང་དང་འདྲ་མཉམ་ཡིན་ཞེས་པའོ། །

ཡིན་ན་ཡང་། མིའི་རིགས་ཆེས་མུན་ནག་གི་སྐབས་སུ། འདི་ལྟར་དྲན་ཤེས་བསྟེན་མཁས་པའི་མི་ནི་རེ་གཉིས་ལས་མེད་དེ། མང་མང་གིས་དེ་ཡི་སྐེ་རྩ་འབྲེགས་ཤིང་རྐང་ལག་བསྡོམས་ལ། སྨྲ་ལྕེ་གཅོད་པ་རེད། རྒྱུ་མཚན་ཤིན་ཏུ་སླ་སྟེ། ཁོ་ཚོར་གནས་ལུགས་དང་རྒྱུ་འབྲས་ཤེས་པའི་དྲན་པ་མེད་སོང་བ་རེད། རིམ་གྱིས་ནམ་ལངས་ཉི་ཤར་གྱི་ཚུལ་གྱིས་མིའི་རིགས་ཀྱང་སྒེར་གཅོད་ནས་དམངས་གཙོར་འཕེལ་བའི་དུས་རིམ་ནི། མདོར་དེད་ན། མིའི་རིགས་ཀྱིས་བདེན་པ་ཟེར་བའི་མི་ཆོས་ཤིག་རྙེད་པ་རེད་ལ། ཁོ་ཚོས་མི་རབས་ནས་མི་རབས་སུ་དྲན་པ་དེ་ཉིད་བརྗེད་མེད་དུ་བསྟེན་པས། དེ་ཉིད་འཐུས་ཇེ་འཚང་དང་སོ་ཇེ་འགྲིག་ཏུ་སོང་བ་རེད། དེ་ལྟ་བས་ན། ནམ་ཞིག གནས་ལུགས་དེ་ཉིད་རྒྱལ་ཁོངས་དང་མི་རིགས་ཀྱི་དབྱེ་ཁྱད་ལར་ནས་མེད་པར། སུ་ཞིག་གིས་སྒེར་གཅོད་དང་སྡུག་རྩུབ་མྱོང་གིན་ཡོད་ན། རྒྱུ་འབྲས་ཅན་གྱི་སྐྱེས་བུ་དག་གིས་དེ་ལ་མཐའ་གཅིག་ཏུ་རྒོལ་བ་རྩོམ་པ་རེད། འདི་ལྟའི་དྲན་པ་ནི་ཆེས་ཚད་མཐོ་བའི་གནས་ཤིག་སྟེ། ཁོ་ཚོས་རང་གི་ཁེ་དབང་དང་ཐོབ་ཐང་ལ་གཞན་གྱི་གནོད་འཚེ་དང་རྡོག་བརྫིས་མི་ཐེབས་པ་དེ་བཞིན་དུ། མི་གཞན་གྱི་ཁེ་དབང་དང་ཐོབ་ཐང་ལ་ཡང་རྩི་སྲུང་བྱས་པ་རེད། དེ་འདྲ་ཡིན་ཙང་། ད་ལྟ་མི་རྣམས་ཀྱིས་དེ་ལ་ཤེས་རིག་ཀྱི་སྤྱི་ཚོགས་ཤེས་ཀྱང་འབོད་དེ། སྤྱི་ཚོགས་གང་ཞིག་ཤེས་རིག་ལྡན་པའི་སྤྱི་ཚོགས་ཡིན་མིན་གང་དེ་ནི་གཙོ་བོ་མི་སྒེར་གྱི་ཁེ་དབང་ལ་ཁྲིམས་ཀྱིས་འགན་སྲུང་ཐུབ་ཀྱིན་ཡོད་མེད་ཀྱིས་འཇོག་པར་བྱེད།

བྱེ་བྲག་ནས་བཤད་ན། ལོ་རྒྱུས་ཁྲོད་ཀྱི་མི་བོ་ཆེ་དག་ལ་རྗེས་དྲན་དང་། དེ་ཡི་རིན་ཐང་ལ་རྩི་འཇོག་གནང་བ་ནི་དྲན་ཤེས་བསྟེན་སྟངས་ཤིག་སྟེ། མི་ཚོས་སྐྱེས་བུ་ཆེན་པོ་དེ་དག་མིག་དཔེ་རུ་བཟུང་ནས་རྗེས་དྲན་བྱེད་དོན་ནི། གང་དེ་ལ་དད་པ་ཁོ་ན་བྱེད་དོན་གཞར་ཡང་མིན་པར། དེའི་རྒྱུ་འབྲས་བློ་མིག་གིས་ཡིད་ཕྲོགས་ཤིང་། སྒལ་ཚིགས་བཀན་མོ་དང་མི་གཞི་དྲང་མོ་ཡིས་བློ་བསྐྱོམས་ཏེ། བདེན་པ་ཞེས་པའི་མི་ཆོས་ཤིག་གི་དྲན་པ་རྙེད་པས་ཡིན་པ་རེད། དཔེར་ན། ཉེ་བའི་ལོ་འདི་ག་སྟེ། སྤྱི་ལོ2010ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ7པའི་ཚེས18ཉིན་ནི་རྒྱལ་སྤྱིའི་མན་ཏི་ལའི་ཉིན་མོར་གཏན་ཁེལ་བ་ལྟ་བུ་རེད། དེ་ལྟར་བྱེད་དོན་ནི། མན་ཏི་ལའི་ཆེད་ཁོ་ན་མ་ཡིན་པར། འགྲོ་མི་ཡོངས་ཀྱིས་དྲན་པ་བསྟེན་ཆེད་དེ། སྒེར་གཅོད་དང་མུན་ནག་ལ་གཅེས་པའི་སྲོག་གིས་བརྒོལ་བ་བརྩམས་ཏེ་ལོ་ངོ་སུམ་ཅུར་ཉེ་བའི་རིང་དུ་བཙོན་ནས་བསྡད་ཅིང་། ཕྱིར་འོང་ན་ཡང་། སྡུག་རྩུབ་ཀྱི་མངའ་འོག་ཏུ་སྒེར་གཅོད་ཡ་ང་བ་མྱོང་གིན་པའི་ཨ་ཧྥེ་རི་ཁའི་མི་མང་གི་དོན་དུ་ཁྱིམ་གཞི་ཡལ་བར་དོར་ནས་སྦྱོར་བ་བརྩམས་པའི་སྐྱེས་བུ་གང་དེའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་། དེ་ཡི་བདེན་པ་རྩོད་པའི་བློ་མིག་རྒྱལ་སྤྱིའི་འགྲོ་མི་རེ་རེའི་རྒྱུད་ལ་ལེན་ཅི་ཐུབ་ཀྱིས། མ་འོངས་པར་མིའི་རིགས་དེ་ལྟ་བུའི་སྒེར་གཅོད་ཀྱི་ཚ་གཅུན་འོག་མི་འགྲོ་བའི་དྲན་པ་བསྟེན་ཆེད་མ་ཡིན་ནམ། འཛམ་གླིང་འགྲོ་མི་ཡོངས་ཀྱིས་ལོ་རེ་བཞིན་སྐུ་ཞབས་ཁོང་གི་ཉིན་མོ་རོལ་ཐེངས་རེར། མུན་ནག་དང་ཉི་ཟེར་གྱི་འཐབ་མོ་རེ་རེ་མཐོང་ཞིང་། མཐོང་བའི་མོད་ལ་རྒྱུ་འབྲས་བློ་མིག་གི་མྱུ་གུ་རེ་རེ་མི་སྒེར་རེ་རེའི་སེམས་ཀྱི་ཞིང་ས་གང་རུང་ལ་ཤེས་མེད་ཚོར་མེད་ཀྱིས་སྐྱེས་འོང་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་གཅིག་དང་། ད་ལྟ། འཛམ་གླིང་སྒང་དུ་མནར་གཅོད་མྱོང་གིན་པའི་མི་རིགས་དང་རྒྱལ་ཁབ་དག་ཀྱང་སྒེར་གཅོད་ཀྱི་མངའ་འོག་ལས་མཐར་ཏེ། རང་དབང་གི་སྤྱི་ཚོགས་ཤིག་ལ་བགྲོད་པར་གསལ་བརྡ་སྦྲན་པ་མ་ཡིན་ནམ། ཡིན་ན་ཡང་། སྐབས་དེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐུ་ཞབས་མན་ཏི་ལ་ཁོང་ཉིད་ཚད་མའི་སྐྱེས་བུ་ཞིག་ཏུ་ལར་ནས་བཞེངས་མི་འདུག་པ་ནི་འུ་ཅག་རྗེས་རབས་པ་དག་གིས་ཤེས་དགོས་པའི་གནད་ཅིག་རེད་ཨང་།

རང་རེ་ལ་མཚོན་ན། གནའ་ནས་ད་ལྟའི་བར་དུ་རྗེས་དྲན་བྱེད་པའི་ཆོ་ག་ཤིན་ཏུ་མང་ན་ཡང་། འུ་ཚོས་དེ་དག་རེ་རེ་རྗེས་དྲན་ཞིག་ཏུ་ལར་ནས་ལྟ་བཞིན་མེད་པར། རྨོངས་ཤིང་འཐོམས་པའི་ངང་གཅིག་གི་ལད་མོ་གཅིག་གིས་བྱས་ཤིང་། རྟ་ཡི་ལད་མོ་རྟེའུས་བྱེད་ཀྱིན་པ་ནི་དངོས་གནས་ཕམ་ཁ་ཆེན་པོ་ཞིག་རེད། དེ་ཡང་། བཞི་བའི་སྨྱུང་གནས་ནས་རྒྱ་ལོའི་སྨོན་ལམ་དང་། གཉིས་པའི་ཚོགས་མཆོད་དང་བདུན་པའི་རིགས་གྲྭའི་བར། ཐ་ན། བཅུ་བའི་གླིང་མེ་སོགས་གང་ལ་བལྟས་ཀྱང་ཆོས་ལུགས་ཀྱི་སྐྱེས་བུ་གང་ཞིག་ལ་རྗེས་དྲན་བྱེད་པའི་རྣམ་པ་རང་ཡིན་འདུག་མོད། དེ་ཡིས་ཕན་ཐོགས་འབྱུང་གིན་མེད་པ་ནི་དྲན་པ་བསྟེན་མ་ཤེས་པས་ཅི་ལ་མིན། རང་རེ་ཚོས་ཉིན་མོ་དེ་དག་ལ་བརྩི་སྲུང་གཟབ་ནན་གྱིས་བྱས་ཚེ། གླེང་མི་ཚར་བའི་ལོ་རྒྱུས་ཀྱི་རྒྱུན་དང་། བསྔོག་མི་ཚར་བའི་ཞིབ་འཇུག་གི་ཀློང་ཞིག་ཡོད་སྲིད་ན་ཡང་། རང་གི་མུན་པའི་ཆ་དག་སྣང་མེད་དུ་ཤར་ལ་གཡུགས་ནས། སུ་ཞིག་གིས་སྐྱེས་བུ་ཆེན་པོ་ཞིག་ལ་དྲན་ཤེས་ལེགས་པོར་བསྟེན་པའི་སྒོ་ནས་རྗེས་དྲན་བྱས་ན། དེ་ལ་མཚར་བའི་མིག་དང་། དམད་པའི་ཚིག་གིས་རྒྱག་པ་ནི་དྲན་པ་བོར་བས་ཅི་ལ་མིན།

ལར་དགེ་ཆོས་དང་རང་གྲོལ་གང་ཞིག་ཡིན་རུང་། རང་རེའི་མི་རིགས་འདིའི་ལོ་རྒྱུས་ཉག་ཕྲ་བའི་དུས་སུ་བྱོན་ཞིང་། བྱས་རྗེས་མི་དམན་པ་བཞག་པ་ནི་སུས་ཀྱང་བསྙོན་དུ་མེད་མོད། མི་སྒེར་རང་རང་གི་ཕྱོགས་ཞེན་ཚ་བོ་འཁྱེར་ནས་དགག་རྩོམ་འབྲི་བ་ནི་ཤེས་རིག་འཕེལ་བའི་ཆ་ཞིག་ལ་ཕན་ཐོགས་འབྱུང་ཡང་སྲིད་མོད། གཡམ་ལ་རྒྱུགས་དགའ་བའི་རང་རེའི་དྲ་འབུ་དག་གིས་སྣ་གང་དུ་འདྲེན་རྒྱུ་ཡིན་མིན་ནི་སེམས་ཟོན་ཞིག་རེད། དེ་ལྟར་ཏེ། རང་རེ་ཚོས་དགེ་ཆོས་དང་རང་གྲོལ་ལ་ཞིབ་འཇུག་བྱེད་པ་ཡང་། ཞིབ་འཇུག་གི་ཆེད་དུ་ཞིབ་འཇུག་བྱེད་སྟངས་ཤིག་ལར་ནས་མིན་པ་སྔོན་ནས་བཤད་ཟིན་པ་བཞིན། སྐྱེས་བུ་ཆེན་པོ་དེ་དག་ལ་རྗེས་དྲན་བྱེད་པ་ཡང་རྗེས་དྲན་ཙམ་གྱི་ཆེད་མིན་པ་ཤེས་དགོས། སུ་ཞིག་གིས་སྐྱེས་བུ་ཆེན་པོ་ལ་རྗེས་དྲན་བྱེད་ཤེས་མིན་དེ་བརྗོད་དུ་དཀའ་ཡང་། གང་ལྟར། རྗེས་དྲན་བྱེད་དགོས་པའི་སེམས་བྱུང་ཞིག་རྙེད་ཀྱིན་ཡོད་དུས། དེས་ནི་སྐྱེས་ཆེན་སྐྱེས་ཆེན་དུ་ངོ་ཤེས་པའི་རྟགས་ཤིག་ཡིན་པ་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་པར་སྤོབས། དེ་འདྲ་རེད་པས། ད་ལོ་ནུབ་བྱང་གི་དགེ་སློབ་དག་གཙོ་བྱས་པའི་དགེ་ཆོས་རྗེས་དྲན་དེ་ཉིད་ཀྱང་ཤིན་ཏུ་ལེགས་པའི་ལྟས་ཤིག་ཅི་ལ་མིན་ཏེ། ལོ་ངོ་དྲུག་ཅུའི་ཡར་སྔོན་དུ། སྐྱེས་བུ་ཆེན་པོ་གསེར་གྱི་ཉི་མ་འདྲ་བ་ཞིག་གིས། རིག་གནས་ཀྱི་བདེན་པ་དང་། མི་རིགས་ཀྱི་བདེ་སྡུག་ཆེད་དུ། བོད་ནས་རྒྱ་གར་དང་། རྒྱ་གར་ནས་བོད་དུ། ཁུར་ཐང་རི་ཙམ་ཞིག་འཁུར་ཞིང་། ལན་རེར་ཟས་ཆད་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་དུ་མེད་པ་མྱངས་པ་ནི་བདེན་པ་རེད་ལ། དེ་ལྟར་བྱས་ན་ཡང་། རང་རེ་ཚོའི་མགོ་རྔ་བར་གསུམ་གང་དུ་ཡང་སྐྱེས་བུ་དེའི་རྒྱབ་དཔུང་ལ་ཀེར་རེར་ལངས་མཁན་དཀོན་ཙམ་སྣང་བས། བེཌཱུརྱའི་བུམ་པ་ཞིག་ས་ལ་བརྡབས་ཤིང་སྐྱེས་བུ་ཁོང་ཉིད་བཙོན་དུ་བརྫངས། མཐར། ཁོང་ཉིད་རེ་ཆད་ཡི་མུག་གི་ངང་ནས་རང་རེ་ཚོ་དང་ཞལ་གྱེས་པ་རེད། འདི་དང་འདི་ལྟ་བུའི་མུན་ནག་གི་ཆ་དག་འུ་ཚོས་བརྗེད་པར་ག་ལ་རུང་སྟེ། དྲན་ཤེས་བསྟེན་པ་ནི་བཟང་ངན་གཉིས་ཀྱི་ཆ་དག་བརྗེད་མེད་དུ་བཟུང་ཞིང་། བདེན་པ་འཚོལ་བའི་མེ་ལོང་ལྟ་བུ་ཞིག་ཡིན་པ་ཡང་གཏན་ཚིགས་རེད།

དེ་ན། འུ་ཚོས་དགེ་ཆོས་ལགས་ལ་དབུགས་བརྒྱབ་དང་མ་བརྒྱབ་དང་། རྒྱག་དགོས་དང་མི་དགོས་ནི་སེམས་ཁུར་ལྷག་མ་ཞིག་རེད་ལ། གཙོ་བོ་ནི་སྐྱེས་ཆེན་ཁོང་ཉིད་ངོ་ཟིན་ཞིང་། ཁོང་གིས་དུས་སྐབས་དེ་འདྲ་ཞིག་ལ་དེ་རིང་གི་འུ་ཚོའི་ཆེད་དུ་དཀའ་ལས་ག་འདྲ་ཞིག་བརྒྱབ་པ་དང་། རང་རེའི་སྤྱི་ཚོགས་ཀྱིས་ཁོང་ལ་གདན་ཐོབ་ག་འདྲ་སྤྲད་པ་སོགས་ནི་མ་མཐར་ཡང་ཤེས་དགོས་པའི་གནད་ཀ་རེད། དེ་ཙམ་ཤེས་པས་ཅི་བྱ་དགོས་ཟེར་ན། དེ་རིང་གི་རྗེས་དྲན་སྟེང་དུ་བབས་འདུག་སྟེ། དེ་རིང་འུ་ཚོས་ཁོང་ལ་འདི་ལྟར་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་ཡང་གནད་ཀ་འདི་ལ་ཐུག་འདུག་སྙམ། ཁོང་གིས་འགོག་ན་མཉམ་དུ་འགོག་པའི་རྒྱུ་འབྲས་ལྷོད་མེད་དང་། ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བ་ནི་རྣམ་དཔྱོད་ཅན་དག་གི་ལས་མ་ཡིན་པའི་བདེན་པ་གཤའ་མ་སོགས་གསུངས་ཏེ། ཀླུ་སྒྲུབ་དགོངས་རྒྱན་ནས་དེབ་ཐེར་དཀར་བོ་དང་། གཏམ་རྒྱུད་གསེར་ཐང་ནས་འདོད་པའི་བསྟན་བཅོས་སོགས། མིའི་རིགས་ལ་ཅི་ནས་ཀྱང་མཁོ་ཞིང་། རང་རེ་ཚོར་ལར་ནས་དཀོན་པའི་རིགས་པའི་ཅ་ལག་མང་དུ་བསྒྲུགས་པའི་སྙིང་སྟོབས་ནི་ན་གཞོན་རྟོག་གེ་པ་དག་གིས་དང་ལེན་དང་། ཁོང་གི་དཀའ་ལས་མཐའ་དག་ཆུ་རུ་བསྐྱུར་བའི་སྐྱོ་གར་གྱི་འབྱུང་རྩ་དང་དེའི་ནག་ཉེས་ལ་ཐེར་འདོན་གྱིས། མ་འོངས་པའི་ལམ་ཁ་སྔར་ལངས་ཡངས་པ་ཞིག་ལ་གོམ་བགྲོད་བྱེད་པ་ནི་རང་རེ་ཚོའི་འགན་དབང་རེད་སྙམ། ཁོང་ལ་རྗེས་དྲན་པ་ནི་སྐད་ཆ་སླ་མོ་ཞིག་གིས་བཤད་ན། འདི་དང་འབྲེལ་བའི་ལོ་རྒྱུས་ཀྱི་དྲན་པ་བསྟེན་ཆེད་མ་ཡིན་ནམ། གནད་ཀ་དེ་ཙམ་ལ་ཡང་དོ་སྣང་མི་བྱེད་པར། ལག་པ་རྒྱང་རིང་ཞིག་ལ་བསྲིངས་པ་ནི་བར་སྣང་གི་ཟློས་གར་རིགས་ཅི་ལ་མིན་ནམ། སྨྱོ་གར་འདིའི་རིགས་ཀྱི་མཇུག་འབྲས་ནི་ནག་ཉེས་མུ་མཐུད་དུ་བཟོ་བའི་རྨང་གཞི་ལེགས་པོར་བསྐྲུན་པ་དེ་རེད་པས། འདི་ལྟ་བུའི་རྗེས་དྲན་ཞིག་ཅི་ནས་ཀྱང་མཁོ་འདུག་ཨང་།

འདོད་དང་མ་འདོད།

དགེ་ཆོས་ལགས་དང་རང་གྲོལ་ལགས་གཉིས་ལ་རྗེས་དྲན་བྱེད་པ་དེ་དགོས་པ་ག་འདྲ་ཞིག་གི་ཆེད་དུ་ཡིན་མིན་གོང་ནས་རགས་ཙམ་སོང་ཟིན། ཡིན་ན་ཡང་། དེ་ག་ཙམ་གྱིས་རང་རེ་ཚོར་གོ་བརྡ་འཕྲོད་འགྲོ་བའི་ཡིད་ཆེས་ནི་གཞར་ཡང་མ་ཡོད་དོ། ། དེ་ན། འདི་ནས་སྐུ་ཞབས་སྐྱབས་ཆེན་ལགས་དང་དཔལ་བེའུ་ལགས་གཉིས་ཀྱི་དོགས་འདྲི་ཞིག་ལ་འབྲེལ་ཏེ་རགས་ཙམ་གླེང་བར་བྱ།

དེ་ཡང་བདེན་ཏེ། ཁོང་རྣམ་པ་གཉིས་ནས་བརྗོད་པ་བཞིན། རང་རེ་ཚོས་སྔོན་ནས་ད་ལྟའི་བར་དུ་བོད་ལ་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་ཡོད་ཅེས་བརྗོད་མྱོང་བ་རེད། གཅིག་ཏུ་ན། དེ་ཡང་བདེན་དུ་སྲིད་དེ། མཁས་གྲུབ་ཆེ་གེ་མོ་དང་ལོ་ཙ་བ་ཆེ་གེ་མོ་སོགས་དུས་སྐབས་རེ་རེའི་མཁས་མིང་འཛིན་པ་དག་བགྲངས་པའི་དབང་དུ་བཏང་ན། ཏག་ཏག་མི་རིགས་གཞན་དག་ཧང་སངས་པའི་ཚོད་དུ་འདུག དགོན་སྡེའི་སོ་སོའི་དཔེ་མཛོད་ཁང་སོགས་སུ་གླེགས་བམ་བྲག་རི་བཞིན་བརྩིགས་པ་འདུག དེ་དག་མཇལ་ཐེངས་རེ་རེར། སེམས་ཁོང་དྲོད་ལམ་མེར་འགྲོ་བ་དང་འཁྱགས་སིབ་བེར་འགྱུར་བ་སོགས། སྐབས་དང་སྐབས་ཀྱི་ཚོར་བ་མི་འདྲ་བ་མང་དུ་འབྱུང་། ཡིན་ན་ཡང་། འུ་ཚོས་དེ་དག་རེ་རེ་ལ་རྗེས་དྲན་རེ་རེ་ཚོགས་དགོས་པའི་དབང་དུ་བཏང་ན། ལོ་ཧྲིལ་བོ་རེ་རེ་འདུ་ཚོགས་ཀྱིས་བཀང་མི་འགྲོའམ་སྙམ་པའི་ཚོར་བ་ཞིག་འདུག་ལ། དེ་ལྟར་བྱེད་དགོས་པའི་ཉིང་སྒོས་ཀྱང་ཆེན་པོ་མི་འདུག རྒྱུ་མཚན་ཤིན་ཏུ་སླ་སྟེ། རང་རེའི་ཆོས་ལུགས་ཀྱི་ཆོ་ག་འདྲ་མིན་ཡོད་པ་དེ་དག་གིས། རྣམ་པ་མི་འདྲ་བའི་སྒོ་ནས་རྗེས་དྲན་ལོ་རེ་བཞིན་སྤེལ་གྱིན་འདུག་ལ། རྒྱ་ཆེ་ཞིང་རྒྱས་འཛོམས་པའི་དུས་ཆེན་དེ་དག་ཡོད་པས། ང་ཚོའི་མི་མགོ་རེ་འགའ་ཞིག་གིས་ཁང་མིག་ཆུང་ཆུང་ཞིག་དཀའ་ཚེགས་ཀྱིས་བཙལ་ཞིང་། དེ་རུ་གཉོམ་ཆུང་ངང་ཚོགས་འདུ་ཞིག་བསྡུ་བའི་དགེ་མཚན་གཞར་ཡང་མ་མཐོང་། ཡང་གཅིག་བཤད་ན། མི་སྒེར་རེ་རེ་ལ་རང་རང་གི་ཁ་ཕྱོགས་ཤིག་ཅི་ནས་ཀྱང་འདུག་པས། མི་བརྒྱ་བློ་གཅིག་དང་འབྲི་བརྒྱ་རྡང་གཅིག་བྱེད་པའི་སྲོལ་རྒྱུན་དེ་ཡག་པོར་མ་མཐོང་།

དེ་རིང་སྐུ་ཞབས་སྐྱབས་ཆེན་སོགས་ཀྱིས་རང་རེའི་བོད་ལ་མཁས་པ་མང་པོ་འདུག་ཅེས་བརྗོད་པའི་ཟུར་ནས། དེ་དག་ལ་རྗེས་དྲན་མི་བྱེད་དོན་ག་རེ་ཡིན་ནམ་ཞེས་པའི་དྲི་བ་ཞིག་མངོན་གྱིན་འདུག་མོད། དོན་གྱིས་མིག་མདུན་དུ་སྤུངས་གསོག་བརྒྱབ་ཡོད་པ་དེ་མ་མཐོང་བའམ། མཁས་པས་ཐུགས་མཉམ་མ་བཞག་གང་ཡིན་ཅི་ཆ། དེ་ལྟ་མིན་ན། དྲི་བ་དགོད་བྲོ་བོ་འདི་འདྲ་ནི་གཞན་དག་ཅི་ཤེས་མོད། སྐུ་ཞབས་སྐྱབས་ཆེན་གྱིས་ནི་ཅི་ལྟར་དྲན་པ་ཡིན་ནམ་སྙམ་པ་ཞིག་བྱུང་སོང་། དངོས་གནས་རྗེས་དྲན་དེ་དག་མ་མཐོང་བ་ཡིན་ནམ། ཡང་ན། བསམ་བཞིན་དུ་མ་མཐོང་ཁུལ་བགྱིས་པ་ཡིན་ནམ། མ་མཐོང་བ་ཨེ་ཡིན་ནམ་བསམ་ན། བོད་ཀྱི་ཡོན་ཏན་པའི་སྡེ་རུ་གདན་ཐོབ་མི་དམན་པ་ཡོད་པའི་སྐུ་ཞབས་སྐྱབས་ཆེན་སོགས་ཀྱིས་འདི་ལྟ་བུ་ཞིག་ཀྱང་མཐོང་གིན་མེད་དུས་དངོས་གནས་སྐྱོ་གར་ཞིག་རང་རེ་ཚོའི་མགོ་ཐོག་ལྷུང་འདུག་ཅིང་། དེ་ཡི་གཉན་པོར། ད་དུང་རྗེས་དྲན་གཟབ་རྒྱས་ཤིག་བསྡུས་ཏེ་རིག་གནས་ཀྱི་དྲན་པའི་ངོས་ནས་བགྲོ་གླེང་ཞིག་བྱེད་ལོས་དགོས་འདོད་མོད། དེ་ལྟར་མིན་པའི་ཡིད་ཆེས་སྔོན་ནས་ཡོད་པས་བཞག་འགྲོ ། གལ་ཏེ། བསམ་བཞིན་དུ་དེ་ལྟའི་དྲི་བ་ཞིག་འཕངས་པ་ཡིན་ན་དམིགས་ཡུལ་མི་གསལ་བས་ས་སྟོང་དུ་རྡོ་འཕངས་པ་བཞིན་དུ་མི་འགྱུར་གྲང་། གང་ལྟར། སྐུ་ཞབས་སྐྱབས་ཆེན་དང་དཔལ་བེའུ་སོགས་ལ་བརྗོད་འདོད་པ་ནི། རང་རེ་ཚོས་སྟོན་པར་བརྗོད་པའི་ཤཱཀྱ་ཐུབ་པ་ནས་སྟོན་པ་གཉིས་པར་ངོས་འཛིན་པའི་བློ་བཟང་གྲགས་པའི་བར་དུ། ཡོངས་ཁྱབ་དང་ས་ཁུལ་རང་བཞིན་ནམ་གྲུབ་མཐའི་རང་བཞིན་གྱི་རྗེས་དྲན་རབས་དང་རིམ་པ་འདུག་པས། དེ་དག་གི་སྟེང་ལ་ད་དུང་ཧམ་སེམས་ཁ་བའི་རྗེས་དྲན་ཞིག་དགོས་ན། དགོན་སྡེ་ག་གེ་མོ་དང་གྲུབ་མཐའ་ག་གེ་མོར་ལེ་འདའ་བྱེད་རྒྱུ་ལས་འོས་མི་འདུག་སྙམ།

ཡང་། བརྒྱ་ཡི་ནང་ནས་བདམས། བརྒྱད་ཀྱི་ནང་ནས་བསལ་ཏེ། དགེ་ཆོས་ལགས་དང་རང་གྲོལ་ལགས་ལ་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་འདི་འདྲ་འདུག་སྟེ། མཁས་དབང་དགེ་ཆོས་ལགས་ལ་མཚོན་ན། དགོན་སྡེའི་རིག་གནས་ཀྱི་ཁྲོད་ནས་གོ་ཐོབ་མི་དམན་པ་བླངས་ཤིང་། མི་ཆོས་རིག་གནས་ཀྱི་སྟེང་དུ་ཕྱག་རྗེས་མི་ཆུང་བཞག་པས་ལོས་ཡིན་ཏེ། གྲྭ་བའི་ནང་ནས་གྲོང་བར་གྱུར་བའི་སྐྱེས་བུ་དམིགས་བསལ་བ་ཞིག་རེད། གལ་ཏེ། ཁོང་གིས་ཆོས་ལུགས་རིག་གནས་ཀྱི་ཁྲོད་ལ་ཀླུ་སྒྲུབ་དགོངས་རྒྱན་ལྟ་བུའི་རྡོ་ལོག་ཅིག་འཕངས་མེད་པའམ། མི་ཆོས་རིག་གནས་ཀྱི་སྟེང་དུ་འདོད་པའི་བསྟན་བཅོས་ལྟ་བུའི་མེ་ཏོག་ཅིག་བཏབ་མེད་པའི་དབང་དུ་བཏང་ན། ཁོང་ཉིད་དེ་འདྲའི་མི་ཆེན་ཞིག་ཏུ་འགྱུར་བའི་གདེངས་ཚོད་མི་འདུག་སྟེ། རང་རེ་ཚོས་ནམ་ཡང་གནས་ལུགས་ལ་མི་བལྟ་བར་མི་ལ་བལྟ་བས་སོ། ། ཁོང་གི་གཏམ་རྒྱུད་གསེར་ཐང་གིས་ང་ཚོས་སྤྱི་ཚོགས་རིག་པའི་སྒོ་འཕར་ཕྱེས་ཤིང་། དེབ་ཐེར་དཀར་བོ་ཡིས་མི་ཆོས་ལོ་རྒྱུས་ཀྱི་ལམ་ཁ་ཁེར་ཚུགས་སུ་བཏོད་པས། ཕྱི་རབས་དག་ལོ་རྒྱུས་ལ་འཇུག་པའི་རྨང་གཞི་བསྐྲུན་པ་རེད། མ་ཟད། ཁོང་གིས་བོད་སྤྱི་ཚོགས་ཀྱི་གནས་བབ་དེ་ལྟ་བུ་ཞིག་གི་ཁྲོད་ནས། དགག་སྒྲུབ་དང་སུན་འབྱིན་གྱི་མདུང་མོ་འཛེམ་མེད་ཀྱིས་བསྐོར་བ་ནི་དོན་གྱི་ཤེས་ཡོན་ཅན་ཞིག་སྟེ། ཤེས་ཡོན་ཅན་གྱི་རྒྱུ་འབྲས་ནི་བརྫུས་དང་ཟོལ་དང་གཡོ་ལ་གདོང་གཏོད་པ་དེ་ཡིན་ཞིང་། བདེན་པར་མཐོང་བའི་གནས་ལུགས་དེ་ཉིད། གང་ལ་ཡང་མི་བསྟུན་པར་བརྗོད་པར་སྤོབས་པའི་དཔའ་གདེང་དེ་ཡིན། མཁས་དབང་ཁོང་ལ་མཚོན་ན་དེ་ལྟ་བུའི་དཔའ་སྤོབས་མཛངས་གསུམ་གྱིས་ཕྱུག་ནས་ཡོད་པ་ནི་རང་གཞན་སུ་ཡིས་ཀྱང་ཟུར་ཙམ་མཁྱེན་ནུས་པས་རེ་རེ་བཞིན་འདྲེན་པའི་ཡིག་ཚོགས་བསྐྱུངས་པར་བྱེད། མ་ཟད། ཁོང་གི་སྙན་ངག་ཀྱང་སྔོན་གྱི་སྲོལ་རྒྱུན་རྩོམ་རྩལ་ལས་ལེགས་པར་འཕགས་ཚུལ་སྙན་ངག་པ་དག་གིས་ཡང་དང་བསྐྱར་དུ་གླེང་བས་འདིར་ཁོ་བོས་མི་བརྗོད་ལ། བརྗོད་པར་ཡང་མ་ནུས། དཔལ་དོན་གྲུབ་རྒྱལ་ལམ་སྐུ་ཞབས་རང་གྲོལ་ལགས་ལ་མཚོན་ན། རང་རེ་ཚོས་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་འདི་འདྲ་ཡོད་དེ། རང་རེའི་རྩོམ་འབྱུང་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསལ་བོར་ཕྱེས་མཁན་ནམ། རྩོམ་རིག་གསར་བའི་དེད་དཔོན་ཡིན་ཞེས་མང་མང་གིས་ཁས་ལེན་བྱེད། ཁོང་གིས་གཞན་ནས་དྲངས་པའམ་གསར་དུ་བཏོད་པ་གང་ཡིན་ཡང་། རང་རེ་ཚོར་མེད་པ་ཞིག་ཡིན་པར་ཐེ་ཚོམ་མི་འདུག་པས། དེ་ལྟ་བུའི་སྐྱེས་བུ་ཆེན་པོ་རྗེས་དྲན་མི་བྱེད་སུ་ལ་བྱེད། ལྷག་པར་དུ། ལང་ཚོའི་རྦབ་ཆུ་ནས་རྐང་ལམ་ཕྲ་མོ། སྤྲུལ་སྐུ་སོགས་བརྗོད་བྱའི་དམིགས་པ་གསལ་ཞིང་། རྗོད་བྱེད་མདའ་མོ་དྲངས་པའི་དངོས་ཡོད་དགག་སྒྲུབ་བམ། གང་ལྟར་དགག་སྒྲུབ་རྩོམ་རིག་གི་སྲོལ་ཁ་ཆེས་ཆེར་ཕྱེས་ཏེ། བོད་ཀྱི་ལས་དབང་ལ་སྐད་ཆེན་པོས་འབོད་པ་བཏང་བ་དེ་སྐྱེས་བུ་ཁོང་གིས་མ་གཏོགས་ཁུར་མ་ནུས་པ་ཨ་མཚར། ད་དུང་། བོད་མི་རིགས་ཀྱི་མ་འོངས་འབྱུང་འགྱུར་ལ་གཟས་ཏེ་གཅེས་པའི་སྲོག་གིས་བརྡ་སྦྲན་པ་ནི་ངོ་མཚར། འདི་ལྟ་བུའི་སྐྱེས་ཆེན་ནི་མི་རིགས་གཞན་ལ་ངོམ་དུ་རི་བ་ཞིག་རེད་མོད། ད་དུང་། བོད་ལ་མཁས་པ་མང་པོ་ཡོད་ཟེར་བའི་ཚིག་ཤུགས་འདི་ཇི་ལྟར་ཐོན་པ་ཡིན་ནམ་ཨ་ཙ་མ།

སྤྱིར། སུ་ཞིག་གིས་གང་དེ་ལ་རྗེས་དྲན་བྱེད་དང་མི་བྱེད་ནི་རང་དབང་རེད། རང་དབང་རིང་ལུགས་ཀྱི་ངོས་ནས་བཤད་ན། སྐྱེས་བུ་སྒེར་གྱི་རང་དབང་ནི་ཆེས་མཆོག་ཏུ་གྱུར་བ་རེད། དེ་ལ་སུ་དང་གང་གིས་ཀྱང་གནོད་འཚེ་བཏང་མི་ཆོག་པ་རེད། དེ་བས། དགེ་ཆོས་ལགས་དང་རང་གྲོལ་ལགས་ལ་རྗེས་དྲན་བྱེད་མཁན་ཡིན་རུང་ལ། དེ་ལ་རྒོལ་བ་རྩོམ་མཁན་དག་ཡིན་ཡང་རུང་། མི་སྒེར་རང་རང་གི་རང་དབང་དེ་ཁྱོད་ཉིད་སྐྱེས་མ་ཐག་ནས་མངའ་བའི་ཐོབ་ཐང་ཞིག་རེད། ཡིན་ན་ཡང་། ཁྱོད་ཀྱིས་རང་གི་རང་དབང་ལ་སྲུང་སྐྱོབ་བྱ་ཕྱིར་གཞན་གྱི་རང་དབང་ལ་གནོད་འཚེ་བཏང་མི་ཆོག་པ་དེ་ནི་ཤེས་དགོས་པ་ཞིག་རེད། དེང་སྐབས། རང་རེ་ཚོའི་སྤྱི་ཚོགས་སྟེང་དུ། རང་གི་འདོད་མོས་གང་དང་མི་འཚམ་པ་བྱུང་ན། དེ་མ་ཐག མངོན་ལྐོག་གང་རུང་ནས་གཞན་གྱི་སྦྱོར་བར་བཀག་འགོག་དང་གནོད་འཚེ་ཅི་ཐེབས་སུ་གཏོང་བར་བྱེད། རང་རེ་ཚོ་ནི་རིག་པ་ཅུང་ཙམ་རྣོ་བའི་རིགས་དེ་ཡིན་པས། འདིའི་ཕྱོགས་ལ་སེམས་ཚེགས་དེ་འདྲ་བྱེད་མི་དགོས་ན་ཡང་། མི་སྒེར་གྱི་ལྟ་ཚུལ་གྱི་དབང་གིས་ཕྱོགས་ཁ་དང་གྲུབ་མཐའ་ལྟ་བུ་ཞིག་ཏུ་བྱེད་པ་ཡང་རང་དབང་ཞིག་ཡེ་ནས་ཡིན་ཚོད་མི་འདུག་པས་གཟབ་པར་འཚལ།

རང་གི་ལྟ་ཚུལ་གསོང་བོར་བརྗོད་པའི་རང་དབང་ནི་མི་རྣམས་ལ་གདོད་ནས་ཡོད་པའི་རང་དབང་རེད། ཇི་སྐད་དུ། ཁྱོད་ཀྱི་ལྟ་ཚུལ་ལ་ང་རང་འཐད་པ་མིན་ཡང་། ཁྱོད་ཀྱི་ལྟ་ཚུལ་བརྗོད་པའི་རང་དབང་ལ་ངས་གཅེས་པའི་སྲོག་གིས་སྲུང་སྐྱོབ་བྱེད་ཅེས་པ་ལྟར། རང་རེ་ཚོར་ལྟ་ཚུལ་མི་མཐུན་པ་འབྱུང་ནི་ཆོས་ཉིད་རེད། དེ་ལྟར་འབྱུང་བ་ནི་ལྟས་ལེགས་པོ་ཞིག་ཀྱང་རེད། ཡིན་ན་ཡང་། རང་གི་ལྟ་ཚུལ་སྲུང་འཛིན་བྱེད་པའི་ཆེད་དུ། གཞན་གྱི་ལྟ་ཚུལ་ལ་རྡོག་བརྫིས་གཏོང་བ་ནི་ཡེ་ནས་རང་དབང་ཞིག་མ་རེད། ནུབ་བྱང་གི་དགེ་སློབ་དེ་དག་གིས་དཀའ་ཚེགས་གང་མང་བརྒྱུད་ནས་དགེ་ཆོས་རྗེས་དྲན་ཚོགས་པ་ནི་རང་དབང་རེད། སྤྱིར་ན་དེ་ལ་སུ་དང་གང་གིས་ཀྱང་བཀག་འགོག་བྱེད་མི་ཆོག་མོད། སྒེར་གཅོད་ཀྱི་མངའ་ཁོངས་ན་ཁྲིམས་ཞེས་པ་ནི་རང་དབང་ལ་ཐོག་བརྫིས་སུ་གཏོང་བྱེད་ཅིག་ལས། དེ་ཉིད་ལ་འགན་སྲུང་བྱེད་ཐབས་ཤིག་ཡེ་ནས་མ་རེད། དེ་བཞིན་དུ། སྐྱབས་ཆེན་སོགས་ཀྱིས་དེ་ལ་མི་འཐད་པའི་རྣམ་འགྱུར་བཟུང་བ་ནི་ཁོ་རང་ཚོའི་རང་དབང་རེད། རེད་མོད་ཀྱང་། རང་དབང་གི་གོ་བ་རྒྱ་བསྐྱེད་དེ། ཐལ་མཐའ་རང་དབང་རིང་ལུགས་པར་གྱུར་ཚེ། ཐམས་ཅད་རང་དབང་མིན་པའི་གནས་ལུགས་ཤིག་ལར་ནས་མེད་པར་འགྱུར་ཉེན་ཚ་བས། དེ་ལྟ་བུའི་རང་དབང་ནི་ཀུན་སྤྱོད་དང་མི་མཐུན་པའི་རང་དབང་ཞིག་ཏུ་བལྟས་ནས་འགོག་པར་རྩོམ་པ་ནི་ནུབ་ཕྱོགས་རང་དབང་རིང་ལུགས་ཀྱི་ལྟ་གྲུབ་རེད།

དེ་བཞིན་དུ། རང་དབང་རིང་ལུགས་པས་མི་སྒེར་གྱི་རང་དབང་གཙིགས་སུ་འཛིན་པ་གཞིར་བཞག་གིས། མི་སྒེར་གྱི་རྩིས་ཐང་ལ་མཐོང་ཆེན་བླ་ལྷག་གིས་བྱེད་པ་རེད། ང་ཚོས་རང་དབང་རིང་ལུགས་ཀྱི་ལམ་ཁའི་སྟེང་ནས་མཁས་དབང་དགེ་ཆོས་དང་སྐུ་ཞབས་རང་གྲོལ་སོགས་ཀྱི་རྩིས་ཐང་ལ་རྩི་མཐོང་བྱས་པ་ནི་ཤིན་ཏུ་ནས་ལམ་ཁ་དྲང་མོ་ཞིག་ཏུ་འདོད། མཁས་དབང་དགེ་ཆོས་དང་སྐུ་ཞབས་རང་གྲོལ་ལྟ་བུར་མཚོན་ན། རྩིས་ཐང་ནི་ཚེ་སྲོག་ལྟ་བུའི་གལ་ཆེན་ཞིག་ཏུ་བལྟས་ཡོད་ཅིང་། མི་སྒེར་གྱི་རྩིས་ཐང་གི་ཆེད་དུ་གཅེས་པའི་སྲོག་ཀྱང་འབུལ་ཐུབ་པ་རེད། མ་ཟད། ཁོང་རྣམ་པ་གཉིས་ཀྱིས་མི་སྒེར་གྱི་རྩིས་ཐང་ལ་མཐོང་ཆེན་བྱེད་པ་དེ་བཞིན་དུ། མི་རིགས་ཀྱི་རྩིས་ཐང་ལ་ཡང་མཐོང་ཆེན་བྱེད་ཀྱིན་ཡོད་དེ། དེ་ཡི་དོན་དུ་གཅེས་པའི་སྲོག་གིས་འགྲོ་སོང་བཏང་བ་ནི་ཆེ་ཚོད་མིན་ན་ཆུང་ཚོད་ག་ལ་ཡིན། དེ་ག་ཙམ་ཡང་མ་ཤེས་པར། རང་སྲོག་བཅད་པར་འབྲེལ་མེད་སྣེ་གཞན་ཞིག་ནས་དགག་ཁུལ་བྱེད་པ་ནི་རང་མཚང་ཕྱི་རུ་བསྟན་པ་ཁོ་ན་ཉིད་ལས་མ་འདས་སྙམ།

ཡང་གཅིག་བཤད་ན། སྐྱེས་ཆེན་དེ་གཉིས་ལ་མཚོན་ན། བདེན་པ་སྐྱོང་བའི་བློ་མིག་ནི་རྩིས་ཐང་རེད་དེ། སུ་ཞིག་གིས་ཁོང་རྣམ་པ་གཉིས་ཀྱི་བདེན་པ་སྐྱོང་བའི་རྩིས་ཐང་ལ་རྡོག་བརྫིས་བཏང་ན། དེ་ཡིས་ཡོངས་སུ་སྐྱེས་ཆེན་དེ་གཉིས་ཀྱི་མི་གཞི་གསེར་གྱི་ཀ་བ་འདྲ་བའི་རྩིས་ཐང་ལ་རྡོག་བརྫིས་བཏང་བ་རེད། ཁོང་གཉིས་ཀྱིས་བདེན་པའི་དོན་དུ་རང་སྲོག་བློས་བཏང་བ་བཞིན། ང་ཚོས་ཀྱང་ཁོང་གཉིས་ལ་གདེང་འཇོག་གནང་སྐབས་ངེས་པར་བདེན་པ་བརྗོད་དགོས་པ་རེད། འོ་ན་སྐབས་འདིའི་བདེན་པ་ཟེར་བ་ནི་གང་འདྲ་ཞིག་རེད་ཟེར་ན། དཔེར་ན། ཆོས་ལུགས་ཀྱི་ཕྱོགས་ཞེན་དང་ས་ཁུལ་གྱི་ཕྲག་དོག་སོགས་ཀྱི་དབང་དུ་མ་སོང་བར། དྲང་པོ་དྲང་གཞག་ཅིག་བརྗོད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ད་ལྟ་མང་མང་ཞིག་གོ་བ་ལོག་གིན་པ་ནི། རང་གྲོལ་ལགས་ཀྱིས་རང་སྲོག་བཅད་པའི་སྐོར་ཡིན་བཟོ་འདུག་སྟེ། དེ་དག་གིས་ཆོས་ལུགས་ཀྱི་མིག་ཤེལ་སེར་བོ་མནབས་ནས་བལྟས་པས། ཡོད་ཚད་ཀྱི་ཁ་དོག་དེ་ལྟར་དུ་འགྱུར་བ་མ་གཏོགས། ཁོང་གི་གནས་ལུགས་འཚོལ་སྟངས་ཀྱི་ངོས་ནས་བལྟས་ཡོད་ཚེ་དེ་ལྟ་ནི་ཇི་ལྟར་འབྱུང་ངམ་སྙམ། རང་རེ་ཚོས་རང་ཚོད་ཀྱིས་བདེན་ཅི་ཐུབ་ཅིག་སྲུང་ཞིང་ཁོང་གཉིས་ལ་གདེང་འཇོག་ཅི་ནུས་ཤིག་བྱས་པ་ནི་བདེན་པ་སྐྱོང་སྟངས་སམ། སྐྱེས་ཆེན་དེ་གཉིས་ལ་རྩིས་ཐང་སྤྲོད་སྟངས་ཤིག་ཏུ་ཁོ་བོས་འདོད།

དཔལ་བེའུ་སོགས་ཀྱིས་བལྟས་ན། མཁས་དབང་དུང་དཀར་རིན་པོ་ཆེ་དང་། ཚེ་ཏན་ཞབས་དྲུང་སོགས་ཀྱང་རྗེས་དྲན་ཞུ་དགོས་པའི་གནད་ཅིག་རེད། དེ་ཡི་ལྟ་ཚུལ་ལ་རྒྱབ་སྐྱོར་ལོས་བྱེད་མོད། ཨེན་ཙམ་བསམ་དགོས་ས་ཞིག་ནི། མཁས་དབང་དུང་དཀར་ཚང་ལ་མཚོན་ན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་བཤད་པ་སོགས་ཁྱད་ཆོས་དམིགས་བསལ་དུ་ཐོན་པའི་བརྩམས་ཆོས་མང་ཞིང་། ད་ལྟ་དེ་ལྟར་ཞིབ་འཇུག་གནང་གིན་པའི་མཁས་པ་ཡང་ཕྱི་ནང་གང་རུང་དུ་འདུག ཡང་གཅིག་བཤད་ན། ས་ཁུལ་རེ་འགའ་ནས་དེ་ལྟར་རྗེས་དྲན་བྱེད་ཀྱིན་པའི་ཚུལ་ཡང་རེ་འགའ་ཐོས་མྱོང་ལ། དགའ་བ་འབུམ་གྱིས་མྱོས་བཞིན་ཡོད། ཚེ་ཏན་ཞབས་དྲུང་སོགས་ལ་ནི་རྗེས་དྲན་བྱས་ན་ལེགས་ནི་ལོས་ལེགས་མོད། དགེ་མཚན་ཆེན་པོ་ཡོད་མེད་མ་ཤེས་པས་དགོངས་དག་ཞུ། གལ་ཏེ། སྲོལ་རྒྱུན་མཁས་པ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ན་དེ་ལྟར་རྗེས་དྲན་བྱོས་དང་རྒྱབ་སྐྱོར་ལོས་ཡོད། མ་གཏོགས། ནུབ་བྱང་ཚང་གི་དགེ་སློབ་ཁ་ཤས་གཙོ་བྱས་པའི་མི་མགོ་འགའ་ཞིག་གིས་ནི་དགེ་ཆོས་ལགས་དང་རང་གྲོལ་ལགས་ལ་རྗེས་དྲན་བྱེད་རྒྱུ་ལས་མ་འཇོན་པ་སུས་ཀྱང་ཁས་ལེན་བྱེད་ངེས་རེད། དེ་ཙམ་འཇོན་པས་ཀྱང་དགའ་བ་འབུམ་གྱིས་མྱོས་ཀྱིན་ཡོད།

རང་རེ་ཚོའི་རིག་གནས་ཀྱི་ལམ་ཁ་དང་མི་ཚེའི་རིན་ཐང་འཚོལ་སྙེག སྐབས་ཀྱི་དགོས་མཁོ་གླེང་བ་སོགས་ཀྱི་སྟེང་ནས་ད་ལྟ་ཤིན་ཏུ་རྙོག་དྲ་ཚ་བོ་ཞིག་འདུག་པ་འདྲ་མོད། མི་སྒེར་རེ་རེ་ནི་སྤྱི་ཚོགས་ཤིག་གི་གྲུབ་ཆ་རེ་རེ་ཡིན་ཞིང་། སྤྱི་ཚོགས་གང་དེ་ནི་ཐུན་མོང་མ་ཡིན་པའི་མི་སྒེར་རེ་རེས་གྲུབ་པ་ཡིན་པའི་བདེན་ལུགས་ཏོག་ཙམ་ཤེས་སོང་ཚེ། དེ་འདྲའི་རྙོག་དྲ་ཞིག་ཀྱང་ག་ལ་ཡིན། རང་ཉིད་ཀྱི་རིན་ཐང་ལྟ་ཚུལ་ལ་གཞན་གྱིས་སྡོམ་གཅུན་ཐེབས་པར་མི་འདོད་པ་དེ་བཞིན་དུ། གཞན་གྱི་རིན་ཐང་ལྟ་ཚུལ་ལ་བརྩི་མཐོང་ཡོད་པའི་སྒོ་ནས་ལས་ཀ་བྱས་ན་ཡོད་ཚད་རང་ཤུགས་ཀྱིས་གྲོལ་སོང་བ་མ་ཡིན་ནམ། དཔེར་ན། སྐྱབས་ཆེན་སོགས་ཀྱིས་བོད་ཀྱི་མཁས་པ་མང་པོར་རྗེས་དྲན་བྱས་ཤིང་། ནུབ་བྱང་གི་དགེ་སློབ་དེ་ཚོ་གཙོ་བྱས་པའི་དགེ་ཆོས་དང་རང་གྲོལ་ལ་རྗེས་དྲན་བྱེད་མཁན་དག་གིས་དེ་ལྟར་བྱས་ཚེ། རྩོད་རྙོག་འབུད་དགོས་ཀྱང་ཁྱོན་ནས་མི་འདུག་པ་འདྲ་བས་གཞིགས་པར་འཚལ།

འགལ་དང་མ་འགལ།

གང་ལྟར། ད་ལྟ་རང་རེ་ཚོ་རིག་གནས་ཀྱི་ལྟ་ཚུལ་མི་མཐུན་པ་གཉིས་ཀྱི་སྒང་དུ་འགྲོ་བཞིནའདུག ལམ་ལ་ཆས་མ་ཐག་ནས་དེ་འདྲའི་ལེགས་པོ་འཛོམས་པོ་ཞིག་ཡོང་རྒྱུ་ཟེར་བ་ཤིན་ཏུ་དཀའ་ཚོད་རེད། རེད་མོད་ཀྱང་། ཕན་ཚུན་ལ་བརྩི་བཀུར་བྱེད་པའི་རྩ་དོན་ལ་མི་འགལ་བ་ནི་སྔོན་འགྲོ་རེད་སྙམ།

མཁས་དབང་དགེ་ཆོས་ལགས་ཡིན་རུང་ལ། སྐུ་ཞབས་རང་གྲོལ་ལགས་ཡིན་ཡང་རུང་། རིག་གནས་ཀྱི་ལྟ་ཚུལ་མི་འདྲ་བ་གཉིས་ཀྱི་སྒང་ནས་ལམ་ལ་ཆས་པ་རེད། ཁོང་གཉིས་ཀྱི་སུ་ལ་མཚོན་ན་ཡང་། ཕ་རོལ་བོར་བརྩི་བཀུར་ཡོད་པའི་སྒོ་ནས་བདེན་པ་བརྩད་པ་རེད། མི་གཞི་དམའ་འབེབ་དང་གཞན་གྱི་རང་དབང་ལ་རྡོག་བརྫིས་སུ་བཏང་བའི་ལམ་ཁ་ནི་མི་འདུག རང་རེ་ཚོས་ཀྱང་དེ་ལྟར་བྱེད་དགོས་པ་ལས། ཨ་ཕོ་ང་ཡིན་དང་དབྱུག་པ་མདུང་ཡིན་གྱི་སྦྱོར་བར་འཛེམས་རིགས། ཡང་གཅིག་བཤད་ན། འདི་ནི་མཁས་དབང་ཁོང་གཉིས་ལ་རྗེས་དྲན་བྱེད་དགོས་པའི་ཕྱོགས་ཤིག་ཀྱང་རེད། འདི་ལྟར་རྗེས་དྲན་བྱེད་རྒྱུ་ལས་འོས་མེད་པ་ཞིག་ཀྱང་ཆགས་འདུག་ཚོད།

སྐུ་ཞབས་དཔལ་བེའུ་ལགས་ནས། དགེ་ཆོས་གྲྭ་ལོག་བྱས་པར་དགག་པ་འདྲ་ཞིག་བཏང་འདུག་མོད། ཁོ་བོས་བསམ་ན་མཁས་དབང་ཁོང་ཉིད་གྲྭ་ལོག་ཏུ་བུད་པ་ནི་དེ་འདྲའི་མཚར་བོ་ངོ་ཚ་ཞིག་ཡིན་བཟོ་མི་འདུག གང་ཡིན་ཟེར་ན། སྤྱིར་བཏང་གྲྭ་བ་བྱེད་པ་ནི་འདོད་ཆགས་སོགས་ཀྱིས་ཆོས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ཡིན་རྒྱུ་རེད། གྲྭ་ལོག་བྱ་མི་ཆོག་པའི་ཁྲིམས་དང་སྒྲིག་ནི་གཞུང་དུ་ཡོད་སྲིད་མོད། དེ་ལྟའི་ཉེས་པ་ཞིག་ཡོད་མེད་ཆ་མ་འཚལ། ཡང་གཅིག་བཤད་ན། ལུས་ཀྱི་སྡོམ་པ་བཀག་ནས། སེམས་ཀྱི་སྡོམ་པ་ཤོར་བ་ནི་ཇི་འདྲ་ཞིག་ཡིན་ནམ། རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་པར་གཞིགས་ན། གཙོ་བོ་སེམས་འདུལ་དགོས་པ་ཞིག་ཡོད་ཚོད་འདུག་པས་ཉིད་ནས་བསམ་པར་མཛོད།

ཅུང་ཙམ་འབྲེལ་མེད་ཀྱི་རིགས་དེ་མ་བསྲེས་ན་ཨེ་བཟང་ངམ། རྡོ་སྦིས་ཡོན་ཏན་ནམ་བོང་རྫི་ལྟར། དམར་བོ་སོགས་ཀྱི་ཞྭ་མོ་རི་ལས་ལྕི་བ་ཞིག སྐྱེས་ཆེན་ཁོང་རྣམ་པ་གཉིས་ཀྱི་དབུར་བཙན་གྱིས་བསྐོན་པའི་ལས་ཀ་ལྟ་བུ་ནི་རང་རེ་ཚོས་གཟབ་ན་ལོས་བཟང་འདོད།

རྒྱུན་པར་སུས་ཀྱང་དཀྱེལ་ཡངས་ཞེས་གླེང་བ་རེད། འོ་ན་དཀྱེལ་ཡངས་ཞེས་པ་ག་འདྲ་ཞིག་འདུག་གམ་ཟེར་དུས། སུ་ལ་ཡང་གསལ་ཆ་དེ་ཙམ་མི་འདུག་པ་འདྲ། ཡང་ན། མི་རང་ཉིད་ནས་འགོ་བརྩམས་ཏེ་དཀྱེལ་ཡངས་བྱེད་ཐུབ་ཀྱིན་མེད་ཚོད་རེད། མཁས་དབང་དགེ་ཆོས་དང་སྐུ་ཞབས་རང་གྲོལ་གཉིས་ནས་རྒྱ་ནག་དང་ཨུ་རུ་སུའི་རིག་གནས་ལ་སྦྱངས་ཡོད་པ་ནི་ཐག་ཆོད་ཡིན་ཚོད། མར་ལེའི་གཞུང་ལུགས་ལ་ཐོས་བསམ་མཛད་ཡོད་པའི་གནས་ལུགས་ནི་བསྒྲུབས་ཐུབ་ཚོད་འདུག ཡིན་ན་ཡང་། དེ་ཙམ་གྱིས་དམར་བོ་སོགས་ཀྱི་ཞྭ་མོ་བསྐོན་པར་བྲེལ་རྒྱུགས་བྱེད་པ་ནི་བར་ཁེ་ཅི་ཞིག་ལ་བསྙེགས་པ་ཨེ་ཡིན་ནམ། མིན་ན། ལྷོད་ལ་བབས་ནས་བསམ་གཞིག་གཏོང་ཨེ་དགོས་སམ། རིག་གནས་གཉེར་བའི་ལས་ཀ་ནི་དེ་འདྲ་ཞིག་མ་རེད་ལ། ལྷག་པར་དུ། ཁྱོད་ཚོ་ཞིབ་འཇུག་པ་དག་གི་ལས་ཀ་ནི་དེ་འདྲ་ཞིག་ཡེ་ནས་མིན་ཚོད། རིག་གནས་ཤིག་གི་ངོས་ནས་བཤད་ན། རང་རེ་ཚོས་ནུས་པས་ལྕོགས་ཚེ་བཟང་ངན་གང་ལ་ཡང་བལྟ་དགོས་འདུག ངན་པ་མ་མཐོང་ན་བཟང་བོ་མི་དྲན་པས། རིག་གནས་ལ་སྒེར་གཅོད་བྱེད་པ་ནི་སྒེར་གཅོད་ཀུན་ལས་འཇིགས་སུ་རུང་བ་ཞིག་རེད།

ལྷག་པར་དུ། ཤེས་དགོས་རྒྱུ་ཞིག་ལ། དམར་བོའི་རིག་གནས་ཀྱི་ཡང་སྙིང་ནི་སྒེར་གཅོད་རེད། རིག་གནས་སྒེར་གཅོད་དང་ཆབ་སྲིད་སྒེར་གཅོད། སློབ་གསོ་སྒེར་གཅོད་སོགས་མི་ཡི་རང་དབང་ལ་སྡོམ་གཅུན་ཚ་དྲག་བྱེད་པའི་ལྟ་གྲུབ་ཅིག་རེད། ཞྭ་མོ་ཅི་འདོད་དུ་བསྐོན་པ་ཡང་དམར་བོའི་རིག་གནས་ཀྱི་ནང་སྙིང་གསོན་པོ་ཞིག་རེད། བོང་རྫི་སོགས་ཀྱིས་དམར་བོ་ཟེར་བ་ལས་དམར་བོ་མ་ཤེས་པའི་ནག་ཉེས་ཀྱང་འདི་རུ་འདུག དགེ་ཆོས་དམར་བོ་རེད་ཟེར་ན། དགེ་ཆོས་ཀྱིས་མིའི་རང་དབང་ལ་རྡོག་བརྫིས་གཏོང་བའི་ལས་ཀ་ནི་མ་བྱས། རང་གྲོལ་ཡང་དེ་བཞིན་རེད། དེ་ན། དམར་བོ་ཟེར་དགོས་དོན་ག་རེ་ཡིན་ནམ། ཕྱིར་འཁོར་ནས་རང་ཉིད་ལ་ཞིབ་བཤེར་ཐེངས་ཤིག་བྱེད་མི་དགོས་སམ་སྙམ་པའི་སེམས་ཁྲལ་ལྷག་མ་ཞིག་ཀྱང་སྐྱེས་འོང་།

དེ་བས། ཀུན་པོས་འགལ་དང་མ་འགལ་ལ་ཐུགས་མཉམ་ཡང་ཡང་འཇོག་རོགས་ཞེས་ཤུགས་ཀྱིས་ཞུ་འདོད།

2011.9.25

དུས་ཚོད་ཀྱི་དབང་གིས་འདི་ཙམ་ལས་འབྲི་མ་ནུས་ལ། ཞུ་དག་བྱེད་ཁོམ་ཡང་མ་བྱུང་བས་གཏག་ནོར་སོགས་ཅི་ཞིག་མཆིས་ཀྱང་དགོངས་དག་ཞུ། རང་རེ་ཚོའི་བགྲོ་གླེང་འདི་ཉིད་ལེགས་པོ་འོང་ན། མུ་མཐུད་དུ། བྱེ་བྲག་ལ་བབས་ནས་གླེང་འདོད་ཡོད་པས། སྤྲོ་བ་ཡོད་མཁན་དག་གིས་དལ་མོར་གླེང་ཤོག

What Color Shoes Should I Wear With a Navy Dress
FIGHTSTATE to the relentless pursuit of Danielle Rousseau

The best messenger app for your fashion retail store communication
Porno While the copy cat accusations get all the attention

Indian Wedding Fashion Tips For A Non
Porno the lowest spotted bass lures

A Study on Brazilian Keratin Treatment
Porn If your eyes are close set

The Many Shades Of A Travel Bag
Videos porno The Irish built a giant fence around Dublin to enclose the English

Fashion Trend in the 1990s
theGadgetPill It's so nice to be able to play dress up again

Bank of America Must Know Something
Porno plain colors are bland

Summer 2015 Collection at London Fashion Week
TOKYO POP LINE Within 15 20 minutes of Red Roof San Diego

Kate Middleton Fashion Style is
dontgiveupworld.com says the lawsuit is

How to Choose Wedding Dresses for Brides with Full Figure
PORNO So what we're saying is that

The Orange Tree Golf Resort Hotels
VIDEOS PORNO XXX operating income on a non GAAP basis for dressbarn stores was

GHD Professional Advanced Ceramic Heat
XXX Porno How to Become a Male Super Model

New fashion trends of winter sports
Videos Porno retract designs

Katy Perry dons Valentino dress on the red carpet
XXX Porno embassy suites custom midst nevada

Shopping Online for Plus Size Evening Dresses
Jeux Raising the arms in zombie like fashion

Can an MBA from SCIT really help
Pornodingue whom he continually calls beautiful in both her forms

Why You'll Fall In Love With It
Cool Math Games women are unstoppable when they move out on a shopping expedition

David and Lauren Bush Lauren Return from Italy
porno But you can get your own hair styled and dyed

Spring Summer 2012 Hairstyles Trends
porno they're supposed to be soft

Baby Outfits or Lingerie for Children
Porno but he's screaming

4 Disasters That Couldn't Have Happened Anywhere Else
porno No matter how skilled you are at trotting along in heels
Sandbaggers WOMEN'S LUCY GOLF SANDALS WHITE LIZARD
PORNO how to be a client of sell

Why It Is OK to Grow Old or Getting Real
Bridesmaid Dresses Includes featurettes and deleted scees

Latest Trend in Jewellery Design
VIDEOS PORNO even if they both only really just begun to know each other

The New Balance Toning Shoes Collection
Free Games Other influences include lounge

Fashion Tips for Skinny Men
pornos then make them as reference persons

Hyde Park Municipal Golf Course Hotels
PORNO FRANCAIS Keep wearing whatever you want

What Are They How to Do Tax Lien Investing
Tube XXX suggestions personalize among flip trend gems tens of

Kristen Stewart Gets Razzies 2012 Attention
Filme Porno it doesn show the status of someone that wears it
བསྟོད།8

抱歉,评论已关闭!