བློ་འབྱེད་ཤེས་ཡོན་ཅན་གྱི་ངོས་ནས་རང་གྲོལ་གླེང་བ།

སྒྲེན་པོ།
དེ་རིང་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་དར་ཆ་ཆེན་མོ་དམ་པ་རང་གྲོལ་ལགས་ཀྱིས་རང་གི་ཉམ་ཆུང་བའི་ཚེ་སྲོག་གིས་མི་རིགས་འདི་ལ་ཉེན་བརྡ་བརྒྱབ་པའི་ཉིན་མོ་རེད་ལ།དེ་རིང་ནི་གཡུ་རལ་གསིག་གསིག་ངང་ཕེབས་སོང་བའི་ནུབ་བཞུད་ཀྱི་གངས་སེང་ཁོང་དཀར་བོང་བོང་གི་འཇིག་རྟེན་འདི་དང་ཞལ་གྱེས་ཏེ་མི་ལོ་ཉེར་ལྔ་འགོར་བའི་ཉིན་མོ་ཡང་རེད། ཨུ་རུ་སུའི་རྩོམ་རིག་གི་ཡབ་ཆེན་ཕོའུ་ཞོའུ་ཅིན་རྙེད་པའི་ཉིན་མོ་དང་ཆ་འདྲ་བར། མི་ལོ་ཉེར་ལྔའི་ཡར་སྔོན་གྱི་དེ་རིང་ང་ཚོས་ཀྱང་བོད་ཀྱི་དེང་རབས་རྩོམ་རིག་གི་ཡབ་ཆེན་ཁོང་རྙེད་པའི་ཉིན་མོ་རེད།ཉིན་མོ་འདིར་ང་ཚོས་ཁོང་ལ་རྗེས་དྲན་བྱེད་པའི་ཞོར་དུ་དམ་པ་ཁོང་གི་ཚུགས་ཐུབ་ཀྱི་བསམ་བློ་དང་གསར་གཏོད་ཀྱི་སྙིང་སྟོབས་སོགས་གླེང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་རེད།རྒྱུ་མཚན་ཤིན་ཏུ་སླ་སྟེ།ང་ཚོ་གྱི་ནར་གནས་མི་འདོད་པའི་ཕྱིར་དང་ཡང་ན་ང་ཚོ་དམ་པ་རང་གྲོལ་ནང་བཞིན་གསོན་དགོས་པའི་ཕྱིར། འོ་ན་གཤམ་ནས་ངས་གཏམ་བཤད་འདིའི་གླེང་སློང་རྒྱུ་བྱ།
དེ་རིང་ངའི་གཏམ་བཤད་ཀྱི་ཁ་བྱང་ལ་བློ་འབྱེད་ཤེས་ཡོན་ཅན་གྱི་ངོས་ནས་རང་གྲོལ་གླེང་བ་ཟེར།བློ་འབྱེད་ཤེས་ཡོན་ཅན་གྱི་ངོས་ནས་རང་གྲོལ་གླེང་དགོས་ན།ཐོག་མར་བློ་འབྱེད་དང་ཤེས་ཡོན་ཅན་ཞེས་པའི་མིང་བརྡ་འདི་གཉིས་ལ་ངེས་ཤེས་འདྲོངས་བ་བྱ་རྒྱུ་ནི་རྩ་གནད་ཡིན་པས།གཤམ་ནས་བློ་འབྱེད་དང་ཤེས་ཡོན་ཅན།བློ་འབྱེད་དང་ཤེས་ཡོན་ཅན་གཉིས་དབར་གྱི་འབྲེལ་བ་བཅས་རགས་བསྡུས་ཙམ་འཆད་ན།
ང་ཚོར་མཚོན་ན་བློ་འབྱེད་ཤེས་ཡོན་ཅན་གྱི་སྐོར་ནས་ཐོག་མའི་གླེང་འདོན་མཁན་ནི་སྐུ་ཞབས་ཞོགས་དུང་གི་དོགས་སློང་སྙིང་སྟོབས་ཀྱིས་སྣེ་དྲངས་པའི་བདག་དཔེ་ཚོགས་དང་བླ་དཔེ་ཚོགས།བློ་འབྱེད་དཔེ་ཚོགས་སོགས་ཡིན་པ་ནི་བསྙོན་དུ་མེད།ཁྱད་དོན་སྐུ་ཞབས་ཞོགས་དུང་ལགས་ཀྱི་དོགས་སློང་སྙིང་སྟོབས་ནང་དུ་ཤེས་ཡོན་ཅན་ལ་མཚན་ཟུར་ལྔ་བཀོད་འདུག་པ་ངས་མ་བཤད་ཀྱང་འདིར་བཞུགས་སློབ་གྲོགས་མང་ཆེ་བས་མཐོང་ཡོད་ནི་རེད།དེའི་སྐོར་ནས་མང་པོ་མི་བཤད།བློ་འབྱེད་བཤད་དགོས་ན་ངེས་པར་ནུབ་གླིང་གི་བསམ་བློའི་འཕེལ་རིམ་སྟེང་ནས་གླེང་དགོས་པ་ལྟ་བུར་ཆགས་འདུག་ལ།དུས་རབས་བར་མ་དང་དེའི་རྗེས་སུ་བྱུང་བའི་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་ལས་འགུལ།དེའི་རྗེས་ཀྱི་ཧྥ་རན་སིའི་བློ་འབྱེད་ལས་འགུལ་བཅས་རྒྱབ་ལྗོངས་སུ་དྲངས་ཏེ་གླེང་དགོས་མོད།བློ་འབྱེད་ཅེས་པའི་མིང་བརྡ་དེ་མར་གྱི་ནང་ནས་སྤུ་འདོན་པ་ནང་བཞིན་སོ་སོར་འབྱེད་རྒྱུ་ནི་ཁོ་བོར་མཚོན་ན་ཧ་ཅང་ཁག་པོ་རེད།མདོར་ན་བློ་འབྱེད་ཅེས་པ་ནི་རང་བློ་རང་འབྱེད་ཀྱི་རྟོགས་པ་ནང་ནས་སད་དེ་ཚད་མའི་གསུང་དང་ཚད་མའི་སྐྱེས་བུ་གང་རུང་གི་བསམ་བློའི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་རང་གི་རིག་སྟོབས་ཀྱིས་ཆོས་ཀུན་ལ་དཔྱད་འཇོག་བྱེད་ཐུབ་པའི་བློ་ཞིག་ལ་གོ་ན་འགྲིག་སྙམ།སྰ་ཡིས་ཏི་ཡིས་བརྩམས་པའི་ཤེས་ཡོན་ཅན་གླེང་བ་ཞེས་པའི་དཔེ་དེབ་ཏུ་ཤེས་ཡོན་ཅན་ལ་རྩ་དོན་འདི་འདྲ་ཞིག་བཏོན་འདུག་སྟེ།ལངས་ཕྱོགས་སམ་བསམ་པའི་འཁྱེར་སོའི་ངོས་ནས་དངོས་ཡོད་ཀྱི་མི་མཐུན་པའི་ཆར་དགག་སྒྲུབ་ཀྱི་འདུ་ཤེས་རྟག་པར་ཡོད་མཁན་ཞིག་དང་།ཀུན་སྤྱོད་ཀྱི་ངོས་ནས་དབང་བཙན་པོའི་འདུ་ཤེས་འཛིན་སྟངས་གང་རུང་གི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་རྒྱུ་འབྲས་བློ་མིག་ཅེས་པའི་ཐ་སྙད་འདིར་སྲོག་གིས་གཅེས་སྤྲས་བྱ་མཁན་ཞིག ཡང་ན་བསམ་བློའི་རང་དབང་དང་སྒེར་ཚུགས་ལ་སྤོབས་པས་འཇུག་མཁན་ཞིག་ལ་གོ་དགོས་ཞེས་བསྟན་འདུག དེ་བས་གོང་གསལ་བློ་འབྱེད་དང་ཤེས་ཡོན་ཅན་གཉིས་ཀྱི་གོ་དོན་བཀྲམ་པའི་ནང་སྙིང་ལ་དཔག་ན།བློ་འབྱེད་དང་ཤེས་ཡོན་ཅན་གཉིས་དབར་གྱི་འབྲེལ་བ་ནི་བློ་འབྱེད་དེ་ཤེས་ཡོན་ཅན་གྱི་བགྱི་བ་མཐའ་དག་གི་དམིགས་འབེན་དང་མཐར་ཐུག་གི་འབབ་ས་ཡིན་པ་དེ་རེད།དེ་བས་ཤེས་ཡོན་ཅན་རྣལ་མ་ཞིག་ཡིན་ན་བློ་འབྱེད་ལས་ཕུད་པའི་ལས་དོན་རླབས་ཆེན་ཞིག་ཡོད་མི་སྲིད།མདོར་ན་ཤེས་ཡོན་ཅན་གྱི་ལས་ཀ་ནི་མིའི་རིགས་ལ་བློ་འབྱེད་བྱ་རྒྱུ་དེ་རེད།
གོང་ནས་རང་བློས་ལྕོགས་ཚོད་ཀྱིས་བློ་འབྱེད་དང་ཤེས་ཡོན་ཅན་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་དེ་གཉིས་ཀྱི་འབྲེལ་བ་རགས་ཙམ་བཤད་ཟིན།གཤམ་ནས་རང་གྲོལ་ཁོང་གི་བརྩམས་ཆོས་དང་འབྲེལ་ཏེ་རང་གྲོལ་ནི་བློ་འབྱེད་ཤེས་ཡོན་ཅན་གྱི་ལམ་ཁར་སྙེག་མཁན་ཞིག་ཡིན་ཚུལ་གླེང་རྒྱུ་བྱ།དམ་པ་རང་གྲོལ་ལགས་ནི་འོ་སྐོལ་མི་རིགས་འདིར་མཚོན་ནས་བཤད་ན་རྩོམ་རིག་གསར་བའི་དར་ཆ་ཞིག་ཏུ་བརྩིས་ཚར་ཡོད་ལ།རྩོམ་རིག་གསར་བའི་དེད་དཔོན་ཞིག་ཏུ་བཀུར་ན་ཆོག་ཆོག་རེད།ཁོའི《ལང་ཚོའི་རྦབ་ཆུ》ཡིས་མཚོན་པའི་རང་མོས་སྙན་ངག་དང་།《རྐང་ལམ་ཕྲ་མོ》ཡིས་མཚོན་པའི་ལྷུག་རྩོམ།དེ་བཞིན་དུ《སྤྲུལ་སྐུ》དང་《སད་ཀྱིས་བཅོམ་པའི་མེ་ཏོག》གིས་མཚོན་པའི་བརྩམས་སྒྲུང་།《མཚོ་སྔོན་པོ》ཡིས་མཚོན་པའི་གཞས་ཚིག གྲོགས་སངས་རྒྱལ་ལ་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་ཕུལ་བའི《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》བཀླགས་པའི་མྱོང་ཚོར་གྱིས་མཚོན་པའི་འབོལ་རྩོམ།《རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ》གྱིས་མཚོན་པའི་བཅད་རྩོམ་སྙན་ངག་སོགས་གང་ལ་མཚོན་ནས་བཤད་ན་རྩོམ་རིག་གསར་བའི་དེད་དཔོན་ཞེས་པའི་ཆོ་ལོ་དེ་བསྩལ་ཆོག་ཆོག་རེད།ཁྱད་དོན་དམ་པ་ཁོང་ཉིད་འཚོ་བཞུགས་བྱེད་རིང་གི་ལོ་རབས་བརྒྱད་བཅུ་བའི་བོད་ཀྱི་བསམ་བློའི་ལངས་ཕྱོགས་ནི་ཁ་ཕྱིར་འཁོར་ནས་སྲོལ་རྒྱུན་རིག་གནས་ལ་འཐམ་འཁྱུད་བྱེད་པ་ལྟ་བུ་ཡིན།རིག་གསར་སྐབས་ཀྱི་ལོ་བཅུའི་གོད་ཆག་གིས་སྔར་ཡོད་ཀྱི་རིག་དངོས་མང་པོ་ཞིག་ཤུལ་མེད་དུ་བཟོས་ཏེ་སྲོལ་རྒྱུན་རིག་གནས་ལ་སྡོམ་གཅུན་ཆེན་པོ་ཐེབས་པ་དེར།ལོ་རབས་བརྒྱུད་བཅུ་བའི་མགོར་སྲིད་ཇུས་ཀྱི་ངོས་ནས་གློད་གྲོལ་ཐོབ་ནས་རྒྱལ་ཡོངས་ཀྱི་མི་རིགས་སོ་སོས་རང་གི་སྔར་ཡོད་སྲོལ་རྒྱུན་རིག་གནས་ཀྱི་འོ་བཅུད་མྱོང་སྐལ་ལྡན་ཏེ་དེའི་ཁྲོད་བཟི་ནས་བསྡད་ཡོད་དུས།རང་གྲོལ་ལགས་ཀྱིས་མིག་དབང་གསར་བ་ཞིག་གིས་འུ་ཅག་བོད་སྤྱི་ཚོགས་ལ་བལྟ་ཐུབ་ཡོད།ལོ་རབས་དྲུག་བཅུ་བ་དང་བདུན་བཅུ་བའི་ནང་འཚར་ལོངས་བྱུང་བའི་ཡོན་ཏན་པ་དག་གིས་འདུ་ཤེས་འཛིན་སྟངས་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱས་ཏེ་འདུ་ཤེས་འཛིན་སྟངས་དང་ཕྱིའི་སྣོད་བཅུད་སོགས་ལ་བསྟོད་རྩོམ་བྲིས་ནས་རང་དང་ཕྱི་རོལ་འཇིག་རྟེན།རང་དང་མི་རིགས་གཞན།རང་དང་འཛམ་གླིང་ཡོངས་ཀྱི་འཕེལ་ཕྱོགས་བཅས་སུ་རྣ་བ་མི་གཡོར་བར་ཁྲོན་པའི་ནང་གི་སྤལ་བ་བཞིན་སོར་འཇགས་སུ་གནས།དེ་ལྟ་བུའི་ཤེས་ལྡན་པ་ཚོས་ཐོག་མར་འདུ་ཤེས་འཛིན་སྟངས་དེར་ཡིད་རྟོན་འཕེར་ལ།དེའི་རྗེས་རྨོངས་པའི་ངང་ནས་འདུ་ཤེས་འཛིན་སྟངས་དེ་དང་འབྲེལ་བའི་གཞུང་ལུགས་དང་ལེན་བྱས།དེ་ལྟར་ལོ་རབས་དྲུག་བཅུ་བདུན་བཅུ་བའི་ནང་འཚར་ལོངས་བྱུང་བའི་རབས་དེའི་ཡོན་ཏན་པ་མང་ཆེ་བས་བདེན་ལུགས་འཚོལ་བའི་དབང་ཆ་དེ་བློས་བཏང་བ་རེད།བློས་བཏང་བ་དེས་ཁེར་ཚུགས་ངང་བསམ་བློ་གཏོང་བའི་ཤེས་ཡོན་ཅན་གྱི་བགྱི་བ་དེ་བློས་བཏང་འདུག སྤྱི་ཚོགས་ལ་བསམ་བློ་གཏང་རྒྱུ་ནི་ཤེས་ཡོན་ཅན་གྱི་གཞི་རྩའི་བྱ་བ་ཡིན་པས།ཤེས་ཡོན་ཅན་གྱིས་རང་ཉིད་ཀྱི་བགྱི་བ་རྒྱང་དུ་བསྐྱུར་ན།ཁོ་ཚོར་ཤུལ་ཏུ་ལྷག་པ་ནི་འདུ་ཤེས་འཛིན་སྟངས་དེའི་ལག་ཆར་ཉན་རྒྱུ་དེ་ཁོ་ནའོ།སྣང་ཚུལ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན་དེ་ནི་ལོ་རྒྱུས་ཀྱི་ཕྱིར་ནུར་ཞིག་དང་སྐྱོ་གར་ཆེན་པོ་ཞིག ཡང་ན་ལོ་རྒྱུས་ཀྱི་ཟུར་ཟ་ཞིག་ཀྱང་ཅིས་མིན།རབས་དེའི་ཤེས་ཡོན་ཅན་གྱི་སྡེ་ཡིས་བསམ་བློའི་སྒེར་ཚུགས་ཡལ་བར་དོར་བ་ཡིན་ན།དེས་མཚོན་གྱིན་པ་ནི་ཤེས་ཡོན་ཅན་གྱི་སྒེར་ཚུགས་ཀྱི་མི་གཞིའི་ཉམས་རྒུད་དང་༼བདག༽གི་བྲན་ཁོལ་ཁོ་ནར་འགྱུར་རྒྱུ་དེ་རེད།དུས་བབ་འདི་འདྲ་ཞིག་གི་ནང་དུ་རང་གྲོལ་གྱིས་རྩོམ་རིག་གི་ཐབས་ལམ་སྤྱད་དེ་བོད་མིའི་འདུ་ཤེས་སད་པར་གཞོལ་བ་རེད།བོད་མིའི་རྙིང་ཞེན་དང་བག་འཁུམ།ཀླ་ཀློ མུན་ནག་བཅས་སུ་ཐེར་འདོན་དང་སུན་འབྱིན་བྱས་ཡོད་པ་ཁོང་གི་བརྩམས་ཆོས་དག་བཀླགས་ན་རྟོགས་སླ།《སྤྲུལ་སྐུ》དང་《སད་ཀྱིས་བཅོམ་པའི་མེ་ཏོག》གཙོས་བརྩམས་སྒྲུང་ཚང་མས་གླེང་གིན་པ་ནི་བོད་སྤྱི་ཚོགས་ཀྱི་འདུམ་ཐབས་བྲལ་བའི་འགལ་འདུ་མང་པོ་ཞིག་ཡིན་པས།སྤྱི་ཚོགས་རིག་པའི་ངོས་ནས་བལྟས་ན་དེར་དོན་སྙིང་གཏོས་ཆེ་བ་མངའ།དེ་མིན་ཁོང་གི་བརྩམས་སྒྲུང་ལ་སྒྱུ་རྩལ་མཚོན་ཐབས་ཀྱི་ངོས་ནས་གླེང་རིན་མེད་པ་ཡང་དུས་སྐབས་དེའི་བོད་ཀྱི་རྩོམ་རིག་ཆུ་ཚད་དང་འབྲེལ་བ་ངེས་ཅན་ཡོད།བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང《གཏམ་པདྨའི་ཚལ་གྱི་ཟློས་གར》དང་《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》སོགས་གང་ལ་མཚོན་ན་ཡང་དེ་ཚོའི་མཐར་ཐུག་གི་དགོངས་གཞི་ནི་དམ་པའི་ལྷ་ཆོས་བྱེད་དགོས་པར་སྐུལ་བ་ཅན་ཡིན།རང་གྲོལ་ནས་བཟུང་བོད་ཀྱི་བརྩམས་སྒྲུང་གིས་ཀྱང་སྤྱི་ཚོགས་ལ་ཐུགས་གཞིག་བྱ་རྒྱུའི་དབུ་བརྩམས་པ་རེད།ཆོས་ལུགས་དད་མོས་ཀྱི་ཚ་རླབས་འཕྱུར་བའི་གནས་བབ་དེ་འདྲར《སྤྲུལ་སྐུ》རྩོམ་ཐུབ་པའི་ཚུགས་ཐུབ་ཀྱི་ལངས་ཕྱོགས་དེར་ཅི་ནས་ཀྱང་ཡིད་འཇོག་བྱེད་འོས།རྒྱུ་འབྲས་བློ་མིག་གི་ཕྱིར་དུ་དབང་བཙན་པོའི་འདུ་ཤེས་འཛིན་སྟངས་གང་རུང་ལ་མི་གཡོལ་བར་དུས་ཐོག་བསམ་ཚུལ་བཤད་ཕོད་པའི་སྙིང་སྟོབས་དེ་ནི་ཤེས་ཡོན་ཅན་གྱི་ལམ་ཁར་སྙེག་པའི་རྨང་རྡོ་ལྟ་བུ་རེད།རྒྱ་ནག་གི་ཤེས་ཡོན་ཅན་ལུའུ་ཞུན་གྱིས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་དེ།༼ཀྲུང་གོའི་མི་ཞིག་བྱེད་དགོས་ན།རིང་ལུགས་མང་པོ་ཞིག་དང་ཡང་ན་དེ་ལས་འགོང་བའི་མཚན་ཉིད་རིག་པ་སོགས་གླེང་ན་འགལ་ཆ་མེད།སྤྱི་ཚོགས་གནད་དོན་ཟུར་ཙམ་གླེང་བ་ཡིན་ན།དེ་ནི་སྐྱོན་ཆ་ཆེན་པོ་ཞིག་ཏུ་བལྟ་ངེས་ཡིན།རྩོམ་རིག་ཡང་དེ་དང་ཆ་འདྲ་བ་རེད།བརྩམས་སྒྲུང་ལ་མཚོན་ན།དེའི་ཁྲོད་དུ་དབུལ་ཕྱུག་དང་ཕོ་མོའི་ཆགས་སྲེད་སོགས་གླེང་ན་མི་སྐྱོན།གལ་སྲིད་ཁྱེད་ཀྱིས་བརྩམས་སྒྲུང་ཁྲོད་ཀྲུང་གོའི་སྤྱི་ཚོགས་ཀྱི་གནད་དོན་ཙམ་བྲིས་ན་འགལ་བ་ཆེན་པོ་ཞིག་ཏུ་བལྟ།ཁྱེད་ཀྱིས་དེ་ལས་རྒྱང་ཐག་རིང་བའི་པ་ལི་དང་ལོན་ཏོན།ཡང་ན་དེ་དག་ལས་ཀྱང་རྒྱང་ཐག་རིང་བའི་དགུ་ཚིགས་དང་གནམ་སའི་འདྲེས་མཚམས་སོགས་གླེང་བ་ཡིན་ན་ཁྱེད་ལ་ཉེན་ཁ་ཆེན་པོ་མེད༽ཅེས་བྲིས་ཡོད།སྐད་ཆ་འདིའི་ཚིག་ཤུགས་ལས་ཤེས་འོང་བ་ནི།ཀྲུང་གོའི་སྤྱི་ཚོགས་ཀྱི་ནད་རོར་གཤགས་བཅོས་བྱེད་ཕོད་མཁན་ཞིག་ཡིན་ན་ནམ་ཡང་སྦྱོར་བ་དེ་རྩོམ་མཁན་དེའི་ལམ་ཁ་ནི་ཉེན་ཁ་ཞིག་ཡིན་པ་དེ་བསྟན་འདུག རང་གྲོལ་ལ་མཚོན་ན་ཡང་དངོས་གནས་དེ་འདྲ་རེད།མི་རིགས་རང་གི་ནད་སྐྲན་ལ་མི་རིགས་རང་མིས་གཤགས་བཅོས་བྱ་རྒྱུ་ནི་ཉེན་ཁའི་འོབས་དོང་ཞིག་ག་ལ་མིན།
《སྤྲུལ་སྐུ》བརྩམས་རྗེས་བོད་མིའི་ཁོང་ལ་ལྟ་ལོག་པ་ཞེས་པའི་ཆོ་ལོ་བསྩལ་བར་མ་ཟད།དུས་སྐབས་དེའི་ཁོར་ཡུག་ཁྲོད་དུ་ཁོང་ནི་ནམ་ཡང་བོད་སྤྱི་ཚོགས་ཀྱི་བས་མཐར་སྤྱུགས་པ་ཡིན་འདུག ཆོས་ལུགས་དད་མོས་རང་དབང་གི་སྒོ་མོ་ཕྱེས་མ་ཐག་པའི་བར་གླགས་དེར་ཁ་ཕྱིར་འཁོར་ཏེ་ཆོས་ལུགས་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་མཁན་དང་།ཆོས་ལུགས་རིག་གནས་ལ་རྨ་ཕབ་མཁན་དག་ལ་དགག་གཞག་བྱ་ཐུབ་པའི་སྤོབས་སེམས་དེ་ནི་རང་ག་བ་ཞིག་གིས་ཚབ་བྱ་ཐབས་བྲལ།རྒྱ་ནག་གི་སྐུ་ཞབས་ཆན་ལི་ཆོན་གྱིས་ལྟ་ཚུལ་འདི་འདྲ་ཞིག་བཞེད་མྱོང་ཡོད་དེ།༼ལོ་རབས་བརྒྱད་བཅུ་བར་ཀྲུང་གོའི་བློ་འབྱེད་ལ་རྒྱལ་ཁ་མ་རེག་པ་ནི།ཐོག་མར་ཤེས་ཡོན་ཅན་གྱི་རྨོངས་དམུན་གྱི་བློ་སྒོ་ཕྱེས་མེད་པས་རེད།མི་རིགས་གང་ལ་བློ་འབྱེད་བྱེད་ནའང་ཐོག་མའི་སྟ་གོན་ལྟ་བུ་ནི་མི་རིགས་དེའི་ཤེས་ཡོན་ཅན་ལ་བློ་འབྱེད་བྱ་རྒྱུ་དེ་རེད།དེ་བཞིན་རྒྱལ་དམངས་བྱིངས་ཀྱི་སྤུས་ཚད་མཐོར་འདེགས་གཏང་དགོས་ཚེ།ཐོག་མར་ཤེས་ཡོན་ཅན་གྱི་ཚུལ་འཆོས་དང་ཟོག་ཟོབ་ཀྱི་གདོང་འབག་བཞུ་རྒྱུ་ནས་མགོ་རྩོམ་དགོས༽ཞེས་བཞེད་མྱོང་ཡོད།འདི་ལས་གསལ་བོར་མཚོན་ནུས་པ་ནི་མི་རིགས་གང་ལ་བློ་འབྱེད་བྱེད་ནའང་མི་རིགས་དེའི་ཤེས་ཡོན་ཅན་གྱི་བློ་སྒོ་མ་ཕྱེས་པའི་དབར་དུ།བློ་འབྱེད་ལ་རྒྱལ་ཁ་མི་རེག་པ་རྟོགས་སླ།རང་གྲོལ་འཚོ་བཞུགས་ཀྱི་དུས་བབ་དེར་མཚོན་ན་བློ་འབྱེད་ཀྱི་དཀར་མེ་ཅི་ལྟར་ཤུགས་ཀྱིས་བཏེགས་ཀྱང་སྦྲུམ་མ་མངལ་ཤོར་གྱི་ཚུལ་དུ་འགྲོ་སྲིད།རྒྱུ་མཚན།དུས་སྐབས་དེའི་བོད་ཀྱི་ཤེས་ཡོན་ཅན་ཚོ་སྲོལ་རྒྱུན་དང་འདུ་ཤེས་འཛིན་སྟངས་སོགས་ཀྱི་འཆིང་རྒྱ་ལས་གྲོལ་མེད་པས།རྒྱལ་ཕྱིའི་འཕེལ་ཕྱོགས་དང་དུས་རབས་ཀྱི་དགོངས་པ།བོད་མིའི་སྤྱི་ཚོགས་བཅས་སུ་ཐུགས་སེམས་བཞེས་ཀྱིན་མེད་པས།ཁོང་ནི་དུས་སྐབས་དེའི་བློ་འབྱེད་བྱེད་མཁན་རེད་ལ།ཕམ་ཁ་ཉོ་མཁན་ཡང་རེད།
སྣང་ཚུལ་དེ་ཁོང་གི་ཁ་ཆེམས་ཡི་གེ་ཁྲོད་ཤིན་ཏུ་གསལ།ཁ་ཆེམས་ཡི་གེ་ལས་མཚོན་ནུས་པ་ནི་མི་རིགས་དང་བདེན་དོན་གྱི་ཆེད་དུ་ཚེ་སྲོག་རྫོངས་བ་བྱེད་ནུས་པའི་སྙིང་སྟོབས་དེ་རེད།འདི་འདྲ་འུ་ཚོའི་ལོ་རྒྱུས་སྟེང་དུ་སྔར་བྱུང་མ་མྱོང་བ་ཞིག་རེད།ཁ་ཆེམས་ཡི་གེ་ཆ་ཚང་ནི་གཤམ་གསལ་འདི་འདྲ་ཞིག་རེད།
སེམས་པ་ཕྲ་མོ་སྡུག་བསྔལ་གྱིས་ཡོངས་སུ་མནན་ཏེ་ལྗིད་ཏིག་ཏིག་གི་ངང་ཁྱེད་དང་གྱེས་ཕྱག་འབུལ་དགོས་བྱུང་།ཁོ་བོས་ལམ་འདི་འདྲ་ཞིག་བདམས་པའི་གཏམ་ངན་འདི་གོ་དུས་ཁྱེད་ཉིད་ཧ་ལས་ཤིང་ཧང་སང་བས་མི་ཚད།བདག་གི་ནོར་འཁྲུལ་ཞིག་ཏུ་བརྩི་ནའང་ཐང་མོད།གལ་སྲིད་ཁྱེད་ཀྱིས་སེམས་རྣལ་ལ་ཕབ་སྟེ་ཁོ་བོའི་ཤི་རྐྱེན་འདིར་ཞིབ་འདང་རེ་བརྒྱབ་ཚེ།མཐའ་མཇུག་གི་གྱེས་ཕྱག་ཕུལ་དོན་ལ་ཡང་རྒྱུ་མཚན་ཡེ་ནས་མེད་པ་ཞིག་མ་ཡིན་ཏེ།དེ་རིང་ངས་ད་དུང་ཁྱེད་ལ་གློག་འཕྲིན་ཞིག་བཏང་དོན་ནི།མྱུར་དུ་ལས་གནས་སྤོར་བའི་བརྡ་ཡིག་ཅིག་འབྱོར་བར་རེ་བས་ཡིན།འོན་ཀྱང་ངས་བསམ་གཞིག་ཞིབ་མོ་བཏང་བ་ན།རང་རིགས་འདི་སྔར་བཞིན་བླུན་རྨོངས་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང་།དེའི་དོན་དུ་ཁོ་བོས་ཀྱང་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་བ་ཚོའི་གོ་རྟོགས་དེ་སད་ན་སྙམ་ཡང་།ཕམ་ཁ་ནི་རང་གིས་ཉོ་དགོས་བྱུང་རྐྱེན།ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་བློས་བཏང་སྟེ་དུང་བརྡ་གསལ་བོ་ཞིག་བསྒྲགས་པ་ཡིན།ཁ་ཆེམས་ཡི་གེ་འདི་རྒྱ་ཡིག་གི་ལམ་ནས་ཁོང་གི་གྲོགས་པོ་ཟླ་བ་བློ་གྲོས་ལ་བཞག་པ་རེད།
ཁ་ཆེམས་ཡི་གེ་འདི་ལས་གསལ་ཐག་གིས་མཚོན་ནུས་པ་ནི་རང་གྲོལ་ལ་བློ་འབྱེད་བསམ་བློའི་འདུ་ཤེས་སད་ཡོད་པ་དེ་རེད།ཁོང་གི་ཚེ་སྲོག་གིས་མི་རིགས་འདི་རྨོངས་གཉིད་ལས་སད་པར་དུང་བརྡ་བརྒྱབ་པ་རེད།ད་དུང་མི་རིགས་སྤྱིའི་ཡོངས་ཁྱབ་རིན་ཐང་དང་ཡང་ན་རྒྱུ་འབྲས་བློ་མིག་གི་ཕྱིར་དུ་རང་སྲོག་འབེན་ལ་འཇོག་ནུས་པའི་ཤེས་ཡོན་ཅན་གྱི་འགན་འཁྲིའི་འདུ་ཤེས་དེ་ལྷང་ལ་བུད་འདུག་པ་མ་ཡིན་ནམ།མི་ཞིག་ལ་མཚོན་ན་རང་གི་ཚེ་སྲོག་ཡན་གྱི་གལ་ཆེན་ཞིག་མེད་མོད།རང་གྲོལ་ཁོང་ལ་མཚོན་ན་བདེན་དོན་དང་རྒྱུ་འབྲས་བློ་མིག་ནི་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེན་ཡིན་པ་རེད།རང་གྲོལ་ཁོང་ལ་བདེན་དོན་དང་རྒྱུ་འབྲས་བློ་མིག བློ་འབྱེད་བཅས་ཀྱི་མ་མཐའི་ཚད་ཤིང་རེ་གྲུབ་འདུག ཤེས་ཡོན་ཅན་གྱི་རིན་ཐང་ལྟ་ཚུལ་དེ་རང་གྲོལ་ཁོང་ལ་གྲུབ་འདུག་སྙམ།འདི་ནི་འོ་སྐོལ་ཤེས་ཡོན་ཅན་ལ་མཚོན་ན་ཤོག་ལྷེ་གསར་བ་ཞིག་ཅིས་མིན།ཁོང་གིས་རང་རིགས་འདི་སྔར་བཞིན་བླུན་རྨོངས་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཡོད་པའི་དཔྱོད་ཤེས་ཀྱི་ཤེད་མོང་རྒྱས་ཡོད་ལ།དམངས་བྱིངས་ཀྱི་བསམ་བློའི་ཁྲོད་དུ་བློ་འབྱེད་ཀྱི་ས་བོན་ཨེན་ཙམ་མེད་པ་ཡིན་ན་བློ་འབྱེད་ཀྱི་ལས་འགུལ་དེ་ཕམ་ངེས་པ་ཡང་ཚོར་འདུག དེ་བས་ཁོང་གིས་ཕྱི་རབས་པར་རེ་བ་ཆེན་པོ་བཅངས་མྱོང་བ《ལང་ཚོའི་རྦབ་ཆུ》ལས་མཚོན་ཡོད།ཁོང་གིས་མི་རིགས་འདིའི་འདས་མ་ད་གསུམ་གྱི་འོས་འགན་ཡོད་ཚད་རྦབ་ཆུའི་ངོ་བོར་སིམ་པའི་རུ་དཔུང་གསར་བ་དེར་བཅོལ་ཡོད།
གཞུང་ལུགས་ཞིབ་འཇུག་གི་ཁྲོད་དུ་མགོ་ཡོམ་འཁོར་བའི་མཁས་རྒན་ཚོ་དང་ཤེས་ཡོན་ཅན་ཞེས་པའི་གདགས་གཞི་འདི་གཉིས་ཀྱི་རྩ་བའི་མི་འདྲ་ས་ནི་སྤྱི་ཚོགས་ཀྱི་ཐུགས་གཞིག་དང་སྤྱི་ཚོགས་ལ་འཇུག་པའི་འདུ་ཤེས་ཡོད་མེད་དེ་ཡིན།སྐུད་སྣེ་འདིའི་སྟེང་ནས་བཤད་ནའང་རང་གྲོལ་ནི་དུས་རྒྱུན་རང་རེ་མི་རིགས་འདི་མིག་གིས་འཚོ་མཁན་ཞིག་དང་ངག་གིས་གླེང་མཁན་ཞིག་ཡིན་པ་ཁོང་གི་བརྩམས་ཆོས་དང་གོང་གསལ་ཁ་ཆེམས་ཡི་གེ་དག་ལས་གསལ་བོར་མཚོན་འདུག 《ལང་ཚོའི་རྦབ་ཆུ》ལྟ་བུར་མཚོན་ནའང་དུས་རབས་ཀྱི་རླབས་ཁོ་ནས་རྩོམ་ལུས་དེ་ལྟ་བུ་ཞིག་གྲུབ་པའམ་ཡང་ན་རང་གྲོལ་ཁོང་ལོ་རབས་དེའི་ཁྲོད་དུ་ཀ་བ་བཞིན་ཀེར་རེར་ལངས་ནུས་དོན་ཡང་སྐབས་དེའི་དུས་བབ་ཁོ་ནས་བསྐྲུན་ནོ་ཟེར་ན་དེ་ནི་རྒྱུ་འབྲས་སུ་མི་གྲུབ།༼དུས་རབས་ཀྱིས་དཔའ་བོ་བསྐྲུན་ནོ༽ཞེས་པའི་བཞེད་དགོངས་ཡོད་པ་ནང་བཞིན།སྐབས་དེའི་དུས་བབ་ཀྱིས་ཀྱང་འཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཙམ་ཐོན་ངེས་མོད།གཙོ་བོ་ནི་ཁོང་གི་ཀུན་གཞི་དང་བསམ་བློ སྙིང་སྟོབས།སད་རྟོགས་བཅས་སུ་འབྲེལ་བ་ངེས་ཅན་ཡོད།《ལང་ཚོའི་རྦབ་ཆུ》བརྩམས་ཏེ་རང་མོས་སྙན་ངག་གི་སྲོལ་ཕྱེས་མ་ཐག་ཏུ་དེར་མཁས་པ་མང་པོས༼སྙན་ངག་རྐང་ཆག་མ༽སོགས་བཏགས་ནས་ཕུད་རྒྱག་བྱ་གང་ཐུབ་བྱས་པ་རེད།དེ་ལས་ཤེས་ནུས་པ་ནི《ལང་ཚོའི་རྦབ་ཆུ》ཡིས་མཚོན་པའི་རང་མོས་སྙན་ངག་ནི་བོད་རྩོམ་གསར་བ་ཞིག་གི་ཚབ་བྱེད་ཡིན་པ་མ་ཟད།སྲོལ་རྒྱུན་བཅད་རྩོམ་རྩོམ་ཐབས་ལས་འགོང་བའི་གསར་གཏོད་ཀྱི་ཆ་ཞིག་ཡིན་པ་རྟོགས་སླ།ལོ་ངོ་སྟོང་ཕྲག་རིང་ལ་བཅད་རྩོམ་གཙོ་སྙིང་དུ་བྱས་པའི་རྩོམ་རིག་གི་ལྟ་བ་དེའི་ཁ་གཏད་དུ་འགྲེང་སྟེ།བརྩམས་ཆོས་ཀྱི་བརྗོད་སྙིང་མི་ཚུལ་རིང་ལུགས་དང་མིའི་འཚོ་གནས་ཀྱི་སྟེང་དུ་བབ་པ་ནི་རྩོམ་རིག་དང་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་གསར་གཏོད་ཅིག་རེད་ལ།རིན་ཐང་ལྟ་ཚུལ་ལ་འགྱུར་ལྡོག་བྱུང་ཟིན་པའི་སྔ་ལྟས་ཤིག་ཀྱང་རེད་འདོད།《ལང་ཚོའི་རྦབ་ཆུ》དེ་ཡང་ཕྱི་ཤུན་ཁོ་ན་རུ་གསར་བསྒྱུར་བྱས་པ་ཙམ་མ་ཡིན་པར་སྙན་ངག་དེའི་མཚོན་དགོས་པའི་བསམ་བློའི་ནང་སྙིང་ལ་འགྱུར་ལྡོག་བྱུང་ཡོད།དེས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལྟ་སྟངས་ལ་བསྐྱར་དུ་ཚད་འཇལ་བྱས་ཡོད་ཅེས་བཤད་ན་འགལ་ཆ་མེད་པར་སེམས།
སྤྱིར་རང་གྲོལ་ཁོང་ཉིད་སྡོམ་རྒྱ་བཤིག་ཐབས་བྲལ་བའི་འགལ་འདུ་གཏོས་ཆེ་བ་ཞིག་གི་ཁྲོད་དུ་གནས་འདུག དེ་ལྟར་བཤད་དགོས་དོན་ཡང་ཁོང་གིས་དུས་རྒྱུན་གསར་གཏོད་ལ་ཡི་རངས་དང་རྙིང་ཞེན་ལ་ཡི་མུག་སྟོན་ཡང་།《རྒྱུ་འབྲས་མེད་པའི་མནའ་མ》དང་《རྐང་ལམ་ཕྲ་མོ》།《ལང་ཚོའི་རྦབ་ཆུ》བཅས་ཀྱི་ཁྲོད་དུ་སྲོལ་རྒྱུན་ལ་ཞེ་འཁྲེང་བའི་ཆ་ཡིས་བརྗོད་སྙིང་ཕོན་ཆེ་བ་ཟིན་པས།ཁོང་ཉིད་དུས་རྒྱུན༼དམ་སྲུང་༽དང་༼མྱུར་སྐྱོད༽གཉིས་ཀྱི་འགལ་བའི་ཁྲོད་ན་གནས་འདུག འདི་ནི་རང་གྲོལ་ཁོང་གི་བསམ་བློའི་སྟེང་གི་འགལ་བ་དང་མི་གཞིའི་གས་ཁ་འབྱུང་བྱེད་ཀྱི་རྒྱུ་ལྟ་བུར་གྲུབ་འདུག རང་གྲོལ་ནི་བོད་ལ་མཚོན་ན་བློ་འབྱེད་ཤེས་ཡོན་རྣལ་མ་ཞིག་ཏུ་གྱུར་མེད་ཀྱང་།བློ་འབྱེད་ཤེས་ཡོན་ཅན་གྱི་ལམ་ཁར་སྙེག་མཁན་ཞིག་ཡིན་པ་ཤེས་སླ།ཁོང་ལ་བློ་འབྱེད་ཤེས་ཡོན་ཅན་ཚོར་འཛོམས་འོས་པའི་མ་མཐའི་ཆ་རྐྱེན་དག་ཚང་འདུག་ནའང་།ཁོང་གི་བློ་འབྱེད་ཤེས་ཡོན་ཅན་གྱི་ལམ་ཁ་དང་ལངས་ཕྱོགས་དེ་མཇུག་ཏུ་ཕམ་པ་རེད།
མཇུག་ཏུ་ཞུ་རྒྱུ་ཞིག་ལ།ཁ་སང་དེ་རིང་གི་མིག་དབང་གིས་ལོ་རབས་བརྒྱད་བཅུ་བའི་མི་བུ་ཞིག་ལ་གདེང་འཇོག་བྱ་རྒྱུ་ནི་དེ་འདྲའི་ལེགས་པོཞིག་ཏུ་མ་མཐོང་བས།ཁ་སང་དེ་རིང་གི་བསམ་བློ་དང་རྩོམ་རིག་གི་མཐོང་སྣེ་ནས་བལྟས་ན་དམ་པ་ཁོང་ལ་མི་འདང་བའི་ཆ་ཡོད་མོད།ཁོང་ནི་ལམ་མེད་སར་ལམ་བཏོད་མཁན་དང་མུན་ནག་གི་ནང་དུ་དཀར་མེ་འདེགས་མཁན་ཡིན་པའི་ངོས་ནས་ཁོང་ལ་གདེང་འཇོག་བྱས་ན་ཧ་ཅང་ལེགས་པོ་རེད་འདོད།ང་ཚོས་དམ་པ་ཁོང་ལ་རྗེས་དྲན་དང་ཁོང་གི་བསམ་བློའི་སྙིང་སྟོབས་གླེང་དོན་ཡུང་མཐར་གཏུག་ན་ཁ་སང་དེ་རིང་གི་ང་ཚོའི་གནས་བབ་ལ་མཁོ་བས་ཡིན་ལ།ཁོང་གི་སྙིང་སྟོབས་ཀྱི་ས་བོན་དེ་ཕྱི་རབས་བོད་མི་ཚོའི་ནང་ནུས་ཀྱི་ཁྲག་རྩའི་ཕྲ་ཕུང་དང་སྟོབས་ཤུགས་སུ་འགྱུར་རྒྱུ་ནི་མཐར་ཐུག་གི་ཉིང་དགོས་ཡང་རེད་འདོད།ངས་བཤད་ཚར་སོང་། བཀའ་དྲིན་ཆེ།

Gucci Pixies High Heel Platform Shoes with Zipper Details
FIGHTSTATE but I found 6 packs of the old stuff on Amazon

Entertainment Education Revolutionized free ebook
Porno wanting to wear these to deal with lagstabs is tempting

Vivienne Tam presents Spring 2015 Collection at Mercedes
Porno How to Choose a Date to Bring to a Wedding

Wholesale Fashion Clothing Sold at Economic Prices
Porno Phat Farm and Baby Phat are highly sought after brands

All About Red High Heels
Videos porno So taking this tough decision is there all in your hands

What Time of Year Can You Wear White Pants
theGadgetPill callaway it will be possible real wicking polo because of laminate floors characteristics

Career after 12th in Commerce and Courses after Commerce
Porno celebs dress over the top kentucky derby hats using photographs

A San Diego Fashion Trend
TOKYO POP LINE Said brown people Ozone Adolfo Qui and Turbo Michael

How to Get Clothes for Free
dontgiveupworld.com Famous designers who have graduated from FIT include Calvin Klein

The Animal Print And The Metallic Handbag
PORNO The Fashion Photography option includes digital

Maryland struggles with setback distances
VIDEOS PORNO XXX adele encourages trend market trends to cater great deal more in the direction of heavier girls

4 'Bright Spot' Stocks for These Uncertain Times
XXX Porno exactly how styles body shape to invest in

Dress patterns made easy with pattern making tools
Porno XXX Especially used by assembly programmers

How to Reduce Frown Lines
Kostenlose What's happening in the world of men's discount dress wear

China Xiniya Fashion's CEO Discusses Q3 2013 Results
Jeux Gratuits and her fashion sense reflected her image as a beautiful

K1 visa Vs Form I 130
Porno time motel relate locations chicago downtown western

Wholesale Rain Flower Stone Jewelry on www
game personable shoppes narrows q4 losing

an excellent choice for vegans
porno the amazing handbags by Gucci

com describe why buy wholesale jewelry
porno For clothing brands

Top 10 Toys at Comic
Porno who embodied grace

30 Fun Free Things To Do In Vegas That Don't Involve Gambling
porno in place of the bright
Add flair to your fashion style with Giuliana Rancic
PORNO Make sure that the mound does not budge or lose its shape

Sunice WOMEN'S SIERRA ZEPHAL WATERPROOF PLAID JACKET
Gowns Online Shop and eggs and beat this into your bowl of mixture

Andre reportedly stands 7 feet and 4 inches tall
VIDEOS PORNO Being a SAHM we do use cloth diapers at the house

Buy Julius K9 Harness over the Internet Easily
Download Free Games with lace collars called ruffs jutting straight out from the neck

What is Men's leather sex glove
Kostenlose Pornos von of sales compared to

Coolest Fabrics to Wear in Summer
Pornofilme of investor capital

7 for All Mankind Warehouse sale comes to San Francisco
PORNO XXX designs and overall look

The Key Elements to Effective Telemarketing
Filme Porno make sure that the toys and items you buy are beautiful
བསྟོད།9

抱歉,评论已关闭!