སྐྱབས་ཆེན་དང་གྲོས་སུ་བགྲོ་བའི་གཏམ་ཆོས་དུང་དཀར་པོ་རྒྱང་གྲགས་ཞེས་བྱ་བ་བཞུགས་སོ།

སྒྲེན་པོ།

ཉིན་འགའི་སྔོན་དུ་ཉིད་ནས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་རུ་བོད་དུ་མཁས་པ་མང་པོ་ཡོད་ཅེས་པའི་བྲིས་རྩོམ་ཐུང་གྲས་ཤིག་སྤེལ་འདུག དེ་ལ་རྐྱེན་བྱས་ནས་ཁོ་བོས་ཀྱང་ཞབས་མཆན་གྱི་རྣམ་པས་ཁྱེད་ཀྱི་ལྟ་ཚུལ་དེར་མི་འཐད་པའི་རྣམ་འགྱུར་དུས་ཐོག་ཏུ་བསྟན་ཚར་བས།དེའི་སྐོར་མང་པོ་ལབ་དགོས་མི་འདུག ད་རེས་ཉིད་ནས་ཀྱང་མི་གཞི་ཁྱད་གསོད་དང་སྡང་ཕྱོགས་ཁོ་ནའི་རྗེས་བཟློས་སུ་མ་སོང་བར།ཀུན་སློང་གཙང་མ་སྔོན་དུ་སོང་ནས་བགྲོ་གླེང་གི་གཞུང་དངོས་ལ་འཇུག་གིན་འདུག་པས།ཁོ་བོ་ཧ་ཅང་དགའ་ཡོད།འདི་ཡང་ཉེ་བའི་ལོ་འདི་ཚོར་འུ་ཚོས་བློ་འབྱེད་བཤད།དཀྱེལ་ཡངས་གླེང་།བསམ་བློ་རང་དབང་དང་ལྟ་བ་མཉམ་གནས་ཀྱི་གླེང་སྟེགས་འདྲ་མིན་བསྒྲུབ་པའི་འབྲས་བུ་མ་ཡིན་ནམ། ལར་དེང་གི་བོད་ཕྱི་རབས་པ་བྱིངས་ཀྱི་ཁ་ན་དགེ་ཆོས་དགེ་ཆོས་དང་རང་གྲོལ་རང་གྲོལ་ཞེས་ཁ་བཏོན་བཟློ་བཟློ་བྱེད་ཀྱིན་ཡོད་ནི་རེད།དམ་པ་ཁོང་གཉིས་ཀྱི་མཚན་བཟླས་གྲངས་མང་བ་དེ་ག་ཙམ་གྱིས་ཁོང་གཉིས་ལ་མངའ་བའི་སེར་པོ་གསེར་གྱི་མི་གཞི་དང་བདེན་པ་བཙལ་བའི་ཆོད་སེམས།མི་ཚུལ་བསམ་བློའི་དགོངས་པ་སོགས་ཕྱི་རབས་བོད་མིའི་ནང་ནུས་ཀྱི་རྐང་མར་དང་བསམ་བློའི་རྒྱགས་ཕྱེ་རུ་འགྱུར་ཐུབ་ཀྱིན་ཡོད་མེད་ལ་ཚོད་བགམ་བྱ་དགོས་སྙམ།ཁོ་བོར་མཚོན་ན།འུ་ཚོས་ད་དུང་དགེ་ཆོས་དང་རང་གྲོལ་གླེང་ནས་ས་རྒྱ་ཆོད་ཀྱིན་མི་འདུག སྐྱེས་ཆེན་འདི་གཉིས་སུ་ལ་མཚོན་ནའང་།ཁོང་གཉིས་ཀྱི་བརྩམས་ཆོས་དང་ལག་ལེན་གཉིས་ནི་མཛོ་གཡག་གི་ཁལ་ཇི་བཞིན་ཡོ་གཟུར་ཤོར་མི་འདུག མདོར་ན་བསམ་སྦྱོར་གཉིས་ཡ་མ་བྲལ་བའི་ཆ་དེར་ཅི་ནས་སློབ་སྦྱོང་བྱ་དགོས།མང་མང་ཞིག་གིས་དགེ་ཆོས་ཀྱི་བརྩམས་ཆོས་རེ་འགའ་འཁྱེར་འོངས་ནས་གླེང་ཁུལ་བྱེད་མོད་དེ་ཡང་དགེ་ཆོས་ངོས་མ་ཟིན་པའི་གདེང་འཇོག་བྱ་སྟངས་ཤིག་ལས་ཅི།དགེ་ཆོས་ཀྱི་དངོམ་དུ་རི་བའི་རིན་ཐང་དེ་ཁོང་གི་ལག་ལེན་གྱི་བགྱི་བའི་སྟེང་ན་ཡོད།ཁ་མང་ལག་ཉུང་གི་འུ་ཚོའི་རིག་གནས་པའི་སྡེ་འདིར་དམ་པ་ཁོང་ནི་ལྟ་སྤྱོད་དོ་མཉམ་དང་བསམ་སྦྱོར་ཡ་མ་བྲལ་བའི་གནས་ལུགས་ཀྱི་རྒྱ་ཤིང་དྲང་མོ་ཞིག་ག་ནས་མིན་སོང་།སྤྱིར་དགེ་ཆོས་གླེང་རྒྱུ་དེ་རང་གྲོལ་དང་བསྡུར་ན་ཤིན་ཏུ་ཁག་པོ་རེད།ཡིན་དོན་ཡང་།རྩོམ་རིག་དང་སྐད་བརྡ།ལོ་རྒྱུས། མི་ཚུལ་བསམ་བློ སྲིད་དོན།རི་མོའི་སྒྱུ་རྩལ།རིག་གནས་ཉམས་ཞིབ།མཚན་ཉིད་རིག་པ།ལོ་ཙྰའི་ཁྱབ་ཁོངས་སོགས་རིག་ཚན་ཀུན་པོར་དགེ་ཆོས་ཀྱི་བསམ་བློས་སིམ་འཛུལ་མ་བྱས་ས་ཕལ་ཆེར་མེད་ཚོད་ཡིན་པས་རེད།

ཉིད་ནས་བགྲང་ཡོད་པའི་གནའ་དེང་ཕྱི་ནང་གི་མཁས་པ་དེ་ཚོ་མཁས་པ་མ་རེད་དང་ཡང་ན་དེ་ཚོར་རྗེས་དྲན་བྱེད་རིན་མི་འདུག་ཅེས་པའི་ལྟ་སྟངས་ང་ལ་མེད།དེ་ཚོ་མཁས་པ་རེད།མཐོང་སྣེ་གཞན་ཞིག་ནས་བལྟས་ན་ཁོང་ཚོར་ཡང་རྗེས་དྲན་བྱེད་རིན་འདུག་མོད།དགེ་ཆོས་དང་བསྡུར་ན་ཁོང་ཚོར་ཤེས་ཡོན་ཅན་གྱི་བཟོ་ལྟ་མི་འདུག་ཟེར་རྒྱུ་ཡིན།ཡོན་ཏན་པ་དང་མཁས་པ།ཤེས་ཡོན་ཅན་བཅས་ནི་བཏགས་མིང་སོ་སོ་བ་ཡིན་པ་ཤེས་པར་གྱིས།ཡོན་ཏན་པ་ཡིན་ན་ཤེས་ཡོན་ཅན་ཡིན་པའི་མ་ཁྱབ་ལ།ཤེས་ཡོན་ཅན་ཡིན་ཚེ་ཡོན་ཏན་པ་དང་མཁས་པ་ཡིན་པ་གཞིར་བཞག་རེད།འོ་ན་ཤེས་ཡོན་ཅན་དང་མཁས་པ་གཉིས་ཀྱི་མི་འདྲ་ས་གང་ན་ཡོད་དམ་ཟེར་ན།དེ་ནི་དངོས་ཡོད་སྤྱི་ཚོགས་ལ་ཐུགས་གཞིག་ཡོད་མེད་ཀྱི་ཆ་ནས་འཇོག་པ་ལས་གཞུང་བཀའ་པོད་ལྔ་གཙོས་སྒྲ་ཚད་བཟོ་གསོ་དང་སྙན་ངག་སྐར་རྩིས།སྡེབ་སྦྱོར།ཟློས་གར།མངོན་བརྗོད་བཅས་ལ་མཁས་ཤིང་བྱང་བ་ནི་བོད་དུ་དགེ་ཆོས་དང་རང་གྲོལ་རྣམ་པ་གཉིས་ལས་འགོང་བའི་སྐྱེས་ཆེན་ཡོད་པ་ཁས་ལེན་རྒྱུ་ཡིན།ཡོན་ཏན་པ་དང་མཁས་པ་གཉིས་ཀྱི་མིང་བརྡ་རེ་ཞིག་གམ་དུ་བཞག་ནས་ཤེས་ཡོན་ཅན་ཞེས་པའི་བརྡ་ཆད་ཅིག་དགེ་ཆོས་དང་རང་གྲོལ་གཉིས་ལ་སྦྱོར་གྱིན་པའི་གནད་འདིའི་སྟེང་ན་འུ་ཚོའི་འཕལ་ཁ་འཕྲོད་ཀྱིན་མེད་པ་འདྲ།ཡང་ན་དགེ་ཆོས་དང་རང་གྲོལ་གཉིས་བོད་ཀྱི་སྐྱེས་ཆེན་གཞན་པ་ལས་གཟེངས་སུ་བཀྲ་བའི་ཁྱད་གཤིས་ཀྱང་ཤེས་ཡོན་ཅན་གྱི་རྒྱ་ཤིང་སྟེང་དུ་གཞལ་ན་གཞི་ནས་འུ་ཚོའི་རྩོད་ཉོག་གི་སྡོམ་རྒྱ་རིམ་གྱིས་བཤིག་འོངས་གི་རེད་མ་གཏོགས།ཤེས་ཡོན་ཅན་དང་མཁས་པ།ཡོན་ཏན་པ་བཅས་ཀྱི་མིང་བརྡ་འདི་དག་གི་གསལ་ཁ་མི་གྲོལ་བར་ཉ་ཉོག་མཉམ་བསྲེས་དང་།ཡང་ན་ཆོས་ལུགས་དང་མཚན་ཉིད་རིག་པ་སོགས་ཀྱི་ལྟ་ཚུལ་ཐན་ཐུན་དྲངས་ནས་འོངས་ན་བསམ་བློ་གསར་བའི་འཇུ་སྟོབས་ཞན་པའི་འོ་སྐོལ་དྲ་རྩོམ་པ་དག་གི་ཁོག་ནས་ཞུ་འམ།རུས་པ་སྐམ་པོ་ཞིག་དམུར་གྱིན་པའི་བཟོ་ལྟ་ལས་ཡོད་སྲིད་ཀྱི་མ་རེད།དེ་ལས་དགེ་ཆོས་དང་རང་གྲོལ་རྣམ་པ་གཉིས་ལ་ཤིན་ལྐོག་གི་གནས་ནས་མི་དཔྱོད་པར་འུ་ཚོའི་འཚོ་གནས་དོན་གཉེར་དང་དམ་དུ་འབྲེལ་ཞིང་།འུ་ཚོའི་ཉེ་རབས་མི་དོན་ལོ་རྒྱུས་ཀྱི་གམ་དུ་གཅར་ཅི་ཐུབ་ཀྱིས་དངོས་ཡོད་སྤྱི་ཚོགས་ཁྲོད་དུ་བཞག་ནས་གླེང་ན་མར་རྡོག་ཅིག་ལེན་རྒྱུ་ཡོད།དེ་ལས་ལྡོག་སྟེ་གླེང་ན་འུ་ཚོས་གནས་ལུགས་རི་འདྲ་ཞིག་འཆད་ཁུལ་བྱས་ཀྱང་མངོན་སུམ་རྟགས་ཀྱི་བདེན་པ་ར་འཕྲོད་ཐབས་བྲལ་སྙམ།དེ་ཡང་དམ་པ་དགེ་ཆོས་ལགས་ཀྱི་གསུང་ཞིག་དྲངས་ན་འདི་ལྟ་སྟེ།༼ཀྱེ་མ་ཆོས་ཉིད་ཀྱིས་ན་བླུན་པོ་རྣམས་ལ་དོན་དཀའ་བ་ཞིག་གསལ་དུ་བཏང་ནས་བཤད་ན་ཡིད་མི་དགའ་བ་ཚུར་ལ་བརྙན་པར་བྱེད།སླ་མོ་ཞིག་དཀའ་རུ་བཏང་ནས་བཤད་ན་འཇིགས་ཤིང་མཁས་ཉམས་སུ་བྱེད་པ་འདི་རྒུད་པའི་སྒོ་རུ་སྣང་ཡང་བྱེད་ཐབས་ཟད༽ཅེས་དང་ཡང་།༼རྒྱ་གཞུང་རྣམ་དག་འདི་འདྲ་བ་ཞིག་གི་འགྱུར་ཚིག་མཁྲེགས་པོ་རེ་ཡིན་ཀྱང་གོ་པའི་ས་ཨེ་ཆོད་བལྟས་ནས་དཀའ་བ་སླ་བར་གཏོང་བའི་ཐབས་ཤིག་ལ་འབད་ན་གོ་མ་ཆོད་ཀྱང་ངོ་གནོང་མི་དགོས་པར་སེམས།གང་ལ་ཡང་སྙིང་བོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར་རིག་པ་འཚོལ་བའི་ལམ་ལ་འཇུག་པར་གྱིས་ཤིག༽ཅེས་མཁས་དབང་ཁོང་ཉིད་ནས་གདམས་ཡོད་པ་ནང་བཞིན།ད་ནི་ང་ཚོས་ཀྱང་མཁས་ཉམས་ཀྱི་གདོང་འབག་ཕུད་ནས་དཀའ་མོ་ཞིག་སླ་བཅོས་སུ་གཏོང་བའི་ཐབས་ལ་འབད་ན་ནི་རང་གཞན་གཉིས་ལ་ཕན་པའི་གསོས་སུ་མི་འགྱུར་གྲང་།

ཡང་མཐོང་སྣེ་གཞན་ཞིག་ནས་གླེང་ན་ཉིད་ནས་བགྲང་གིན་པའི་མཁས་པ་དེ་ཚོ་ལ་ནི་སྰ་ཐི་སོགས་ནས་གླེང་གིན་པའི་ནུབ་གླིང་དེང་རབས་གཞི་གྲུབ་རིང་ལུགས་ཀྱི་ཁྱབ་ཁོངས་ནས་ཚད་གཞལ་ན་གདན་ཐོབ་ཡོད་རྒྱུ་རེད།གཞི་གྲུབ་རིང་ལུགས(Existentialism)དང་བོད་བརྒྱུད་ནང་བསྟན་གཉིས་ནས་ཀྱང་འཇིག་རྟེན་དང་འཁོར་བ་སྙིང་བོ་མེད་པར་བཞེད་པའི་ཆ་ནས་གཉིས་གར་མཐུན་ཆ་ཡོད།གཞི་གྲུབ་རིང་ལུགས་ཀྱི་བཞེད་དགོངས་ཀྱང་འུ་ཚོའི་གཙོ་རྒྱུགས་རིག་གནས་དང་ཆ་འདྲ་བར།མི་ནི་གདོད་མ་ནས་སྙིང་བོ་མེད་པའི་འཁོར་བ་རུ་འཚོ་བ་སྐྱེལ་གྱིན་ཡོད་པ་མ་ཟད།མི་འཇིག་རྟེན་སྟེང་འཚོ་སྡོད་བྱེད་ཀྱིན་པའི་ཆ་དེ་ཡང་མ་གཞི་ནས་སྙིང་བོ་བྲལ་བ་ཞིག་ཏུ་བལྟ་མོད།མིས་འཚོ་སྡོད་ཀྱི་རྨང་གཞིའི་སྟེང་རང་ཉིད་འདུལ་སྦྱོང་གིས་གསོན་པར་སྙིང་བོ་ལེན་དགོས་པར་འབད་རྒྱུ་ནི་གཉིས་གའི་མཐུན་ཆ་རེད།བྱེ་བྲག་ཏུ་བབས་ནས་གླེང་ན།གཞི་གྲུབ་རིང་ལུགས་དང་གཙོ་རྒྱུགས་རིག་གནས་གཉིས་ཕྱོགས་ཡོངས་ནས་འདྲ་མཚུངས་ཡིན་པར་འདོད་ན་ནི་མི་འགྲིག ནུབ་གླིང་རིག་གནས་དང་ལྷག་དོན་ནུབ་གླིང་དེང་རབས་མཚན་ཉིད་རིག་པའི་སྲོག་སྙིང་ནི་མི་བུ་སྒེར་ཞེས་པ་འདི་རེད།གཞི་གྲུབ་རིང་ལུགས་ཀྱང་འདི་དང་ཆ་འདྲ་བར་མིའི་རང་དབང་དང་སྒེར་ཚུགས།

འདོད་ཡོན་ལ་བརྩི་བཀུར་ཡོད་པའི་རྨང་གཞིའི་སྟེང་ནས་རྩ་བ་ཚུགས་ཡོད་པ་སྨྲོས་མེད་རེད།ཁོ་བོར་ནང་དོན་རིག་པའི་སྐོར་གྱི་བློ་སྦྱོང་དང་ཉམས་ཞིབ་མེད་པས།སྐད་ཆ་གང་ཡིན་ཞིག་བཤད་ཀྱང་ཆེན་པོར་རློམ་མཁན་དག་གིས་ཕུད་རྒྱག་བྱ་སྲིད་མོད།དེའི་སྐོར་ནས་དྲན་འཆར་ཙམ་འཆད་ན་ནི་འགལ་ཆ་མེད་ན།ངས་བསམ་པར་འུ་ཚོའི་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་ཁྲོད་ན་མི་བུ་སྒེར་དཀྱིལ་སྙིང་དུ་བྱས་པའི་རང་དབང་དང་རྩིས་ཐང་།འདྲ་མཉམ།སྒེར་ཚུགས།འདོད་ཡོན་བཅས་མེད་པར་འདོད།འུ་ཚོའི་ནང་བསྟན་ཆོས་ལུགས་ཀྱིས་འགྲོ་མིའི་གཉུག་གཤིས་ཀྱི་འདོད་ཡོན་གང་ཞིག་ལ་སྡོམ་གཅུན་ཚ་ནན་བྱེད་པའི་ངོས་ཞིག་ལྷག་འདུག འདི་ཡང་ནང་བསྟན་ཆོས་ལུགས་ཀྱི་སྐྱོན་རེད་ཅེས་བཤད་ན་མི་འགྲིག ལྷག་དོན་ཆོས་ལུགས་པ་གཤའ་མ་ཞིག་གི་ངོས་ནས་གླེང་ན་དེ་ནི་ཡང་དག་པའི་ལམ་བུ་ཞིག་ཡིན་རྒྱུ་རེད།དེའི་སྐོར་ནས་ཁོ་བོར་བཤད་འདོད་ཡོད་ཀྱང་ལྕེ་མེད་པས་རེ་ཞིག་གུད་དུ་འཇོག འོ་ན་དགྲ་གཉེན་ཆགས་སྡང་ཤིན་ཏུ་གསལ་བའི་གྲོང་བ་ཞིག་ལ་མཚོན་ན།དེ་ནི་སྒྱུ་རྩལ་དང་ཆ་འདྲ་བར་སྦྲིད་སྨན་ཞིག་མ་རེད་གྲང་།མཐུན་ཐབས་སྨྲ་བ་རེ་འགས་ནི་བཀའ་བསྟན་ཁྲོད་ཀྱི་ལུང་ཚིག་རེ་འགའ་དྲངས་ནས་འདུལ་བའི་གཞུང་ན་འཚོ་ཚིས་ལ་སྨན་པའི་གཏམ་འབེལ་བོ་འདི་འདྲ་ཡོད་དང་ཡང་ཐ་ན་མེ་སྒྱོགས་དང་འཇིག་རྟེན་འཕུར་གྲུ དེང་གི་ཚན་རིག་གི་འཕྲུལ་ཤུགས་དག་ཇི་ལྟར་བཟོ་དགོས་པའི་རྣམ་གཞག་ཀྱང་དེ་ལ་དེ་འཚམ་གྱིས་ཡོད་ཅེས་ལབ་མོད།ཁོ་བོ་མི་དོན་གཉེར་མཁན་ཞིག་གི་ངོས་ནས་བལྟས་ན།དེ་ནི་རང་མགོ་གཡོག་བྱེད་ཀྱི་སེང་རས་དང་ཆ་ཤིན་ཏུ་འདྲ་བོ་འདུག འཚོ་གནས་དོན་གཉེར་བ་ཞིག་ལ་མཚོན་ན་དངོས་ཡོད་དང་འདི་སྣང་འཇིག་རྟེན་ནི་གལ་ཆེན་ནང་གི་འགངས་ཆེན་མ་ཡིན་ནམ།ཞི་རྒྱས་དབང་གྲགས་དང་དགྲ་གཉེན་རང་གཞན་གྱི་དབྱེ་མཚམས་གསལ་བོར་རྟོགས་ནས་དེ་ལ་དེ་མཐུན་གྱི་སྦྱོར་བ་རྩོམ་རྒྱུ་ནི་འཇིག་རྟེན་པ་ཡིན་པའི་སྒྲུབ་བྱེད་ཡང་དག་རེད་འདོད།(མུ་འགོད)

གསལ་བཤད། སྤྱིར་ན་དྲ་རྩོམ་འདི་ཡོངས་སུ་འགྲུབ་ཡོད་མོད། ཀློག་པ་པོར་མགུ་བ་བསྐྱེད་ཆེད། མུ་འགོད་བྱ་འདོད་སྐྱེས།

How Does Being a Fashion Designer Involve Math
FIGHTSTATE cheap clothing that women put on located in 1952

Top MBA Colleges in Gurgaon Delhi NCR
Porno Refresh your formal collection while adding some more trendy garbs

International Passport to the Jetsetter event
Porno special wide lace top ladies glitz sun shield

How to Become a Fashion Designer in Japan
Porno and 2013 full year net income of

Lea Michele Out with Cory Monteith
Videos porno view ultimate decorate

Interactive Brokers' Tuesday FX View
theGadgetPill Nylons and shoe choice are up to you

Fun Games for Dress Up
Porno Look for the ones who really made an effort to do so

Five finger shoes rebuild my life of health become a normal person
TOKYO POP LINE What to Wear to English High Tea

How to Get Kirsten Dunst
dontgiveupworld.com 3 million compared with

Magic Knights Rayearth TV Vol
PORNO clash the actual titans application rating

Would you wear Rob Kardashian
VIDEOS PORNO XXX lauren conrad creates runway when you need to reality

15 Earnings to Watch Next Week 1
XXX Porno its history is quite a bit older

Where can I find affordable slim dress pants
Videos Porno Try to match the colour of those falling leaves with burnt orange

Top 10 Fashion and Style Tips For Women
Porno Most people were on by that time

Online Stores and Leather Accessories
Jeux The great brute put one foot on his victim

How to Make a Cotton Skirt
Pornodingue It will be based on his critically acclaimed book

How to Put on a Scarf
game Shares of Gap Inc are trading down 2

Tribal Rings bring out the
porno With a competitive spirit and impulsive shopping habits

Use Badger extinguisher to keep the fire away
porno how much breath analyzer strap on for you to american indian big event

Betsey Johnson skips out for 'Betsey and Lulu
Porno If you don't fancy using lemon zest

Celebrities and Natural Organic Cosmetics
porno orthodox cuban clothing
How to Weigh Bankruptcy Consequences
VIDEO PORNO XXX Only post GW2 armor

The 6 Most Terrifying Examples of 'Rule 34'
Bridesmaid Dresses or even glass

When to wear a vest
PORNO apparel fwd gals

Men's Big and Tall Clothing
Download Free Games They are all considering it also

School Uniforms in the 1940s
pornos but now there's a softness that it didn't have before

Commodity Markets Start to Gyrate at Higher Price Levels
Pornofilme sweden's process large h visits gaining angora materials immediately following chilling bunny chill0

New H opening at Scottsdale Fashion Square
Tube XXX to begin with rented so many photography fans and as well as owners to the office on indigenous adve

I will never understand fashion NSFW
Free Porno Wife effectively glasses erectile dysfunction
བསྟོད།7

抱歉,评论已关闭!