ཤེས་ཡོན་ཅན་གྱི་རྒྱ་ཤིང་སྟེང་ནས་དགེ་ཆོས་གཞལ་བ།

སྒྲེན་པོ།

༼གོང་མཐུད།༽གོང་ནས་ཀྱང་ཟུར་ཙམ་གླེང་ཡོད་པ་ནང་བཞིན།དགེ་ཆོས་ཀྱི་སྔོག་མི་ཚར་བའི་རིན་ཐང་གི་གཏེར་ཁ་དེ་ཤེས་ཡོན་ཅན་གྱི་རྒྱ་ཤིང་སྟེང་དུ་ཡོད་ཅེས་པའི་སྐད་ཆ་ཐལ་མྱོང་། དོན་དམ་ཤེས་ཡོན་ཅན་ཞེས་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་རྒྱུ་ཡིན།ཤེས་ཡོན་ཅན་གྱི་ཐུན་མིན་ཁྱད་གཤིས་དེ་གང་དུ་འཇོག་དགོས།ཤེས་ཡོན་ཅན་དང་དམ་དུ་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་སྨྱུག་ཁ་བསྒྱུར་དགོས་རྒྱུ་ནི་འུ་ཚོའི་བགྲོ་གླེང་འདི་བམ་བཤད་ཙམ་ནས་ཞིབ་ཕྲ་ཅན་དུ་འཕོ་དགོས་པའི་ཆོས་ཉིད་ཀྱིས་ཐག་བཅད་འདུག འུ་ཚོས་གནས་ལུགས་གང་ཞིག་བཤད་ན།གནད་དོན་གང་ཞིག་གླེང་ན།དོགས་སློང་གང་ཞིག་བྱས་ཀྱང་།བམ་བཤད་ཙམ་ལས་བྱེ་བྲག་དུ་འབབ་ཐུབ་ཀྱིན་མེད།བྱེ་བྲག་ནས་གླེང་མ་ཐུབ་ན་བགྲོ་གླེང་ཅི་ཙམ་བྱས་རུང་རེ་དོགས་ཀྱི་སྒོ་མོ་དེ་ཧར་གྱིས་འབྱེད་མི་ནུས་པ་གཞིར་བཞག་རེད།དེ་ལྟ་ན་གཤམ་དུ་ཁོ་བོས་ཀྱང་འཇུ་ཚོད་འཇོན་ཚོད་ཀྱིས་ཤེས་ཡོན་ཅན་ཞེས་པའི་མིང་བརྡ་འདིའི་སྐོར་གླེང་བ་ལ།ཁོ་བོར་མཚོན་ན་ཤེས་ཡོན་ཅནགླེང་སྐབས་ངེས་པར།མི་བུ་སྒེར་དཀྱིལ་སྙིང་དུ་བྱས་པའི་མི་ཚུལ་བསམ་བློ་དང་རང་དབང་།འདྲ་མཉམ།རྩིས་ཐང་།སྒེར་ཚུགས་བཅས་སྲོག་ཤིང་ཡིན་པའི་ནུབ་གླིང་གི་བསམ་བློའི་འཕེལ་རིམ་སྟེང་ནས་གླེང་དགོས་པ་ནི་གཞིར་བཞག་རེད་འདོད།དེ་གཙོ་བོ་འུ་ཚོའི་རིག་གནས་ཀྱི་ཁྲོད་དུ་མི་བུ་སྒེར་ཡོད་མེད་དང་ལྷག་དོན་སྐྱོ་གར་སྙིང་སྟོབས་ཀྱི་ས་བོན་ཡོད་མེད་ཀྱི་སྟེང་ནས་གླེང་ན་ཤིན་ཏུ་འགྲིག་མོད།༼སྐྱོ་གར་སྙིང་སྟོབས་ཀྱི་ངོས་ནས་དགེ་ཆོས་ལ་བལྟ་བ༽ཞེས་པའི་དུམ་ཚན་གཅིག་ཁོལ་དུ་ཕྱུང་ནས་གླེང་ཡོད་པས།ལྷན་རྒྱས་ནས་དེ་ལ་གཟིགས་པར་འཚལ།

ལར་འཛམ་གླིང་གི་རིག་གཞུང་གང་ཡིན་རུང་བམ་བཤད་ཙམ་ལས་འགོངས་ཏེ་བྱེ་བྲག་གི་རིག་ཚན་དུ་མར་གྱེས་ཀྱིན་ཡོད་པ་བསྙོན་དུ་མེད།དེ་བཞིན་དུ་མཛངས་མི་ནས་ཡོན་ཏན་པ།ཡོན་ཏན་པ་ནས་མཁས་པ།མཁས་པ་ནས་ཤེས་ཡོན་ཅན་བཅས་རིམ་པར་འབྱེད་ཀྱིན་ཡོད།ཤེས་ཡོན་ཅན་ནི་མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་འཕེལ་ཏེ་ཚད་རིམ་ངེས་ཅན་དུ་སླེབས་པ་ན་གཞི་ནས་བྱུང་བའི་བརྡ་ཆད་ཅིག་ཡིན།ཐ་སྙད་འདིར་བསམ་བློའི་སྡེ་རུ་དངོས་སུ་དཔྱད་ཞིབ་བྱེད་མཁན་ནི་དུས་རབས་བཅུ་དགུ་བའི་མཇུག་དང་ཉི་ཤུ་བའི་དུས་མགོའི་ཧྥ་རན་སི་དང་ཨུ་རུ་སུ་ཡིན་པར་བཞེད།རྒྱལ་ཁབ་དེ་གཉིས་གང་ལ་མཚོན་ན་བརྡ་ཆད་འདི་བྱུང་བའི་རྐྱེན་དང་ཁུངས་སོགས་གླེང་རྒྱུ་ཡོད་པ་ནི་སྨྲོས་མེད་རེད།ཨུ་རུ་སུའི་གླེང་གིན་པའི་ཤེས་ཡོན་ཅན་དེ་གཙོ་བོ་དུས་རབས་བཅོ་བརྒྱད་པའི་འབྱོར་ལྡན་གྲལ་རིམ་ལ་ཁུངས་གཏུག་གིན་ཡོད་ལ།ཧྥ་རན་སུའི་རྣམ་པ་ཡི་ཤེས་ཡོན་ཅན་དེ་བློ་འབྱེད་དུས་སྐབས་ཀྱི་མི་ཚུལ་བསམ་བློ་ཅན་ཚོར་འདོགས་གིན་ཡོད།རྣམ་པ་གཉིས་པོ་ལས་ཕྱི་མ་དེའི་ལོ་རྒྱུས་ཀྱི་ཁུངས་རིང་བ་ཡིན།ཧྥ་རན་སུའི་རྣམ་པ་ཡི་ཤེས་ཡོན་ཅན་དེའི་ཁོངས་གནའ་བོའི་ཀི་རུ་སའི་མཚན་ཉིད་སྨྲ་བ་སོ་ཁུ་རེ་ཐེ་ལ་གཏུགས་གིན་ཡོད།ཤེས་ཡོན་ཅན་གྱི་སྐོར་ལ་ཞིབ་འཇུག་གནད་སྨིན་གནང་མཁན་ནི་ཉེ་རབས་ཀྱི་གྲགས་པ་འབར་བའི་རྩོམ་རིག་གཞུང་ལུགས་སྨྲ་བ་དང་དཔྱད་བརྗོད་པ།མཐའ་དཔྱོད་མཁན་སྰ་ཡིས་ཏི་རེད།ཁོང་གིས་བརྩམས་པའི《ཤེས་ཡོན་ཅན་གླེང་བ》གླེང་བ་ཞེས་པ་ནི་གཞུང་ལུགས་ཀྱི་ངོས་ནས་མཐའ་སྡོམ་མཛད་པའི་དཔེ་དེབ་རྩེ་གྲས་སུ་བརྩི་བཞིན་ཡོད།བརྩམས་ཆོས་དེའི་ཁྲོད་དུ་ཤེས་ཡོན་ཅན་ལ་མཚན་ཟུར་མང་དུ་བཀོད་ཡོད་ཀྱང་།༡དོགས་སློང་གི་ཤེད་མོང་རྒྱས་ནས་དགག་གཞག་གི་བགྱི་བར་སྤྲོ་བས་འཇུག་པ།༢རྒྱུ་འབྲས་བློ་མིག་སྲུང་བའི་སླད་དུ་དངོས་ཡོད་གནད་དོན་ལ་མི་གཡོལ་བ།༣གཞན་དྲིང་མི་འཇོག་པའི་མི་གཞིའི་སྒེར་ཚུགས་མངའ་བ།༤རང་དབང་གི་བསམ་བློ་གཏོས་ཆེ་བས་རང་རྒྱུད་སིམ་ནས་ཡོད་པ་བཅས་ནི་གཙོ་སྙིང་རེད།དགེ་ཆོས་ཀྱི་གསུང་ལས༼དེས་ན་བོད་སྔ་མའི་མཁས་པ་རྣམས་ཀྱིས།གནས་ལུགས་བརྗོད་དུ་མེད་པ།བསམ་དུ་མེད་པ་སོགས་གསུངས་པ་ལ།འགའ་ཞིག་གིས་ནི་བླུན་པོ་དང་།ཆད་ལྟ་བ་ཞེས་དགག་པ་བྱེད།འགའ་ཞིག་གིས་ཅུང་ཟད་གུས་པའི་ཚུལ་དུ་བྱས་ཏེ།བོད་སྔ་མའི་མཁས་གྲུབ་ཁོང་ཚོའི་ཐུགས་ཀྱི་དགོངས་ཚུལ་ལ་ནི་མ་འགྲིགས་པ་ཆེར་མེད་མོད་ཀྱི།ཁ་ནས་བཤད་པའི་ཚེ་རྗེ་བླ་མ་ལྟ་བུའི་ཞིབ་ཆ་མ་ཐོན་པ་ཙམ་ཡིན་ཟེར།དེས་ན་བོད་སྔ་མ་དང་།སངས་རྒྱས་གཉིས་ཀ་འགོགས་ན་ཡང་མཉམ་དུ་ཁོག་ཅིག།འཇོག་ན་ཡང་མཉམ་དུ་ཞོག་ཅིག མི་ཁ་སྡང་མི་སྡང་ལ་འཇིགས་ནས་ལྕེ་སྣ་ཚོགས་སུ་བསྒྱུར་ཏེ་མགོ་སྐོར་སྣ་ཚོགས་མི་གཏོང་བར་ཞུ༽དང་།ཡང་།༼གལ་ཏེ་རང་རེས་ཐག་བཅད་པ་ལ་ཡིད་བརྟོན་མེད་དུ་ཆུག་ཀྱང་།སངས་རྒྱས་ཀྱིས་ཐག་བཅད་པའི་རྗེས་སུ་འབྲངས་ནས་མི་བསླུ་བ་ཡིན་སྙམ་ན།འོ་ན་སངས་རྒྱས་མི་བསླུ་བར་ཐག་བཅད་མཁན་སུ་ཡིན།དེ་མི་བསླུ་བར་ནི་ཀླུ་སྒྲུབ་ལ་སོགས་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ཐག་བཅད་དོ་ཟེར་ན།འོ་ན་ཀླུ་སྒྲུབ་མི་བསླུ་བར་སུས་ཐག་བཅད།དེ་ནི་རྗེ་བླ་མས་ཐག་བཅད་དོ་ཟེར་ན།འོ་ན་རྗེ་བླ་མ་མི་བསླུ་བར་སུས་ཤེས།༽ཡང་།ཁོང་གི་གསུང་ལས།༼འོ་ན་ཚད་མ་བྱ་བ་སངས་རྒྱས་འཐོབ་བྱེད་ཀྱི་རྒྱུ་གཙོ་བོ་དེ་དང་།བདེན་འཛིན་བྱ་བ་ཉེས་པ་ཀུན་གྱི་རྩ་བ་དེ་གཉིས།གཅིག་ལ་གཅིག་འདྲ་ཆེ་བའི་རྒྱུ་མཚན་གྱིས་སོ་སོར་ངོས་མི་ཟིན་པ་ཡ་མཚན་ཆེ།དེ་གཉིས་གཅིག་སླེབས་པ་ལ་གཅིག་ངེས་པར་སླེབས་ན།འགོག་ན་ཡང་མཉམ་དུ་དགག་དགོས་ཀྱི།ཟུར་དུ་ཕྱེ་ག་ལ་ནུས།༽འདི་དག་ལ་བརྟག་ན་མཁས་དབང་དགེ་ཆོས་ལ་དོགས་སློང་གི་ཤེད་མོང་རྒྱས་ཡོད་པ་སྨྲོས་མེད་རེད།ཤེས་ཡོན་ཅན་ཞིག་ལ་མཚོན་ན་དོགས་སློང་གི་བློ་མིག་རྒྱས་རྒྱུ་ནི་བདེན་དོན་བརྩོན་ལེན་གྱི་རྨང་རྐང་ལྟ་བུ་ཡིན།དེ་བས་ཚད་ཐིག་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་དགེ་ཆོས་ལགས་ནི་རང་གི་རྣམ་དཔྱོད་དང་ལངས་ཕྱོགས་ལ་ཡིད་ཆེས་ཀྱིས་ཁེངས་མྱོང་བའི་འུ་ཅག་གི་མི་བུ་ཐོག་མར་བཞེད་ན་འགྲིག་སྙམ།འདི་ཡང་ཉིད་ནས་བགྲང་གིན་པའི་མཁས་ཆེན་ཚོ་དང་མི་འདྲ་བའི་དགེ་ཆོས་ཀྱི་ཟུར་གཞན་ཞིག་རེད་འདོད།ཉིད་ནས་མཚན་ཉིད་རིག་སྨྲ་བ་ནེ་ཆ་ལ་སོགས་བགྲང་གིན་འདུག་མོད།ཁོང་ཚོར་ཡན་གར་བའི་ལྟ་དགོངས་དེ་འདྲ་རང་རྒྱུད་ལ་འདྲོངས་རྐྱེན་ཡང་དོན་གྱིས་ཁོང་ཚོའི་འདུ་ཤེས་ཀྱི་ཁྲོད་ན་དོགས་སློང་གི་བློ་ཡོད་པས་རེད་འདོད།དོགས་སློང་གི་བློ་སྐྱེས་རྗེས་གཟོད་དགག་སྒྲུབ་དངོས་ཀྱི་བགྱི་བའི་སྟེང་དུ་འབབ་ཀྱིན་པ་ནི་ཆོས་ཉིད་ཅིག་རེད།དོགས་སློང་གི་བློ་མ་རྒྱས་ན་དགག་སྒྲུབ་ཀྱི་བགྱི་བ་དོན་འཁྱོལ་ཡོང་མི་ཐུབ།དགེ་ཆོས་ལགས་ནས་སངས་རྒྱས་བྱ་བ་དེ་ཤེས་པའི་མཐར་ཐུག་ཅིག་ལ་གོ་བ་དང་ནེ་ཆ་སོགས་ནས་དཀོན་མཆོག་ཟེར་བ་ཕྱི་རོལ་ཡུལ་གྱི་སྟོང་ཁམས་ཆེན་མོ་དང་རང་བྱུང་ཁམས་ཀྱི་སྣོད་བཅུད་མཐའ་དག་ལ་ངོས་འཛིན་གྱིན་པ་སོགས་བསྡུར་རྒྱུ་མང་དུ་མཆིས་མོད།རང་གི་འཇུ་སྟོབས་ཞན་པས་བསྐྱུར་བ་ཡིན།དེ་མིན་ད་དུང་དགེ་ཆོས་ལགས་ནས་ཀུན་མཁྱེན་ཡིག་ཆར་དོགས་སློང་མཛད་པའི་སྦྱོར་བ་དང་།ཐ་སྙད་ཚད་མས་སྟོང་བའི་སྣང་བཤིག་གི་ལྟ་བ་དེ་ལྟ་བུ་ནི་དོགས་སློང་གི་ཤེད་མོང་རྒྱས་མེད་པའི་མི་ཞིག་གིས་ག་ལ་ནུས།འདི་ཡང་དགེ་ཆོས་དགེ་ཆོས་ཞེས་མཚར་མདོག་འཛིན་མཁན་ཚོའི་ཧ་ལས་ཧང་སངས་བྱེད་ཀྱི་གནད་ཀ་མ་ཡིན་ནམ།གལ་ཏེ་དགེ་ཆོས་ལ་དོགས་སློང་གི་བློ་མེད་པར་མཐུན་ཐབས་སྨྲ་བའི་སྤྱོད་པ་ལྷུར་བླངས་ན་ནི་དེང་སྐབས་འུ་ཚོའི་བསམ་བློའི་སྒང་ན་རྩོད་ཀྱིན་པའི་མཉམ་འུར་འདི་ཡོད་སྲིད་དམ།དེ་བས་དགེ་ཆོས་ནི་དོགས་སློང་གི་མཚར་འཛིན་གཅོད་པ་འདུལ་བྱ་རུ་འཛིན་པའི་འུ་ཚོའི་གཙོ་རྒྱུགས་རིག་གནས་ཀྱི་ངོས་ནས་གླེང་ན་ནམ་ཞར་ཡང་མིག་ཤེས་གསར་བ་ཞིག་དང་མི་བུ་གསར་བ་ཞིག་ཏུ་གྱུར་ཡོད།

དེ་མིན་ད་དུང་དགེ་ཆོས་ཁོང་སྐུ་དངོས་སུ་ལམ་ཐག་རིང་བའི་རྒྱ་གར་ལ་རྐང་ཐང་དུ་སོང་ནས་རྐང་བའི་སྒྲུང་རིང་ཞིག་བྲིས་ཡོད་པ་དེ་ཡང་།དེང་སང་གི་ལས་གཞིའི་རྣམ་གྲངས་གཉེར་མཁན་གྱི་སློབ་དཔོན་ཆེན་མོ་ཚོ་ནང་བཞིན་རང་གི་སྒོར་ཁུག་ལ་དམིགས་པ་མིན་པར།གང་གིས་ཀྱང་སྐུལ་བ་མེད་པར་མ་སྐུལ་དང་བླངས་སྒོས་རང་གི་རིག་གནས་དང་མི་རིགས་ལ་ཤ་ཚ་ཞེན་དོད་ཀྱིས་དཀའ་ལས་རྒྱབ་པ་ཡང་།དོན་གྱིས་དགེ་ཆོས་ཁོང་གི་བདེན་པ་བཙལ་བའི་དཔའ་གདེང་མ་རེད་གྲང་།གཏམ་རྒྱུད་གསེར་ཐང་དུ།སྟོན་པ་སྐུ་འཚོ་བཞུགས་དུས་ཀྱི་གནས་རྙིང་ཁག་དང་དེ་འབྲེལ་གྱི་དཔེ་གཞུང་མཐོང་དཀོན་པ་དག་སྒྲུབ་བྱེད་དུ་དྲངས་ནས་བོད་སྔ་མའི་མཁས་པ་ཚོའི་གསུང་ལ་དག་སེལ་མང་དུ་མཛད་ཡོད་པ་ཡང་དགེ་ཆོས་ཀྱི་བདེན་པ་བཙལ་བའི་སྤོབས་སེམས་དང་དོགས་སློང་གི་བློ་ཡིན་པ་བསྙོན་དུ་མེད།འདི་ཡང་གོང་གསལ་བཀོད་ཡོད་པའི་ཤེས་ཡོན་ཅན་གྱི་མཚན་ཟུར་དེའི་སྟེང་དུ་བཞག་ན་འགྲིག་སེ་འཕྲོད་སེ་འགྲོ་བ་ཞིག་རེད་བསམ།དེ་མིན་ད་དུང་ཚུགས་ཐུབ་ཀྱི་མི་གཞིའི་ལངས་ཕྱོགས་ཡོད་མེད་ཀྱི་སྟེང་ནས་གླེང་ནའང་།དགེ་ཆོས་ལ་ཡོད་པ་དོན་ལ་གནས་ཏེ།༼བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། །རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་པ། །དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབས་ཀྱང་འབད་པས་སྲུང་བར་བྱ། །༽ཞེས་དང་།ཡང་༼འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་།མང་པོ་ཞིག་ལ་མགུ་བ་བསྐྱེད་པའི་སླད་དུ་ཁུངས་མེད་ཀྱི་གཏམ་རྒྱུད་ཆེས་མཚར་མཚར་བ་དག་བྲི་བ་དང་།གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་བའི་སྤོབས་པ་མེད་པར་རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་གྱི་དབྱེ་གསལ་ཐམས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལ་རེ་བ་སོགས་དོར་ཏེ།ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོལ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པར་འདོད།༽ཞེས་དང་།ཡང་༼གཞན་གྱི་སྒྲོས་དང་འགལ་གྱིས་དོགས་པའི་ཞུམ་པ་ཆེར་བྱས་ཚེ།ཤེས་རབ་འཕེལ་ནུས་པའི་གོ་བ་ཡང་མི་སྐྱེད་ཅིང་།འདི་ཡང་ནོར།དེ་ཡང་ནོར་སོགས་སྨྲས་ནས་དྲང་པོའི་ལུགས་སུ་བྱས་ན་ཆེ་ཆུང་མང་པོའི་ཐུགས་ལ་ཐོག་བརྫིས་སུ་འགྲོ་ཞིང་།རང་གི་འཚོ་ཐབས་སོགས་ལ་ཅི་ཙམ་གནོད་པར་འགྱུར་བ་ཁོ་བོ་བོད་ཀྱི་མི་རང་ཡུལ་རང་ལ་རྒྱུས་ཡོད་པས་ཤིན་ཏུ་ལེགས་པར་ཤེས་མོད།ཇི་མི་སྙམ་པར་བྲི་བ་ལགས་པས་སེམས་ཆུང་རྣམས་འཁོན་དུ་མི་འཛིན་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས༽བཅས་ཀྱི་གསུང་ཚིག་དམུར་ན་ཁོང་གི་ཚུགས་ཐུབ་ཀྱི་མི་གཞིའི་མཛེས་པ་དེ་ལྷང་ལ་བུད་མི་ཡོང་ངམ།

དེ་མིན་ད་དུང་རྒྱུ་འབྲས་བློ་མིག་སྲུང་ཆེད་དངོས་ཡོད་གནད་དོན་ལ་ཁོང་གིས་ནམ་ཡང་གཡོལ་མྱོང་མེད་པ།ནུབ་བོད་ལེགས་བཅོས་སྐྱིད་སྡུག་ལྟ་བུའི་གསལ་བཤད་བྱེད་ནུས།རང་གི་མི་གཞི་དང་བསམ་བློ རྒྱུ་འབྲས་བློ་མིག་ལ་བཅངས་པའི་ཆོད་སེམས།ཀེར་རེར་འགྲེང་བྱེད་ཀྱི་སྒལ་ཚིགས་སྲ་མོ་བཅས་སྲུང་རྒྱུ་ནི་སྐྱོ་གར་སྙིང་སྟོབས་ཀྱི་ས་བོན་མེད་པའི་བོད་ཀྱི་སྤྱི་ཚོགས་འདིའི་ཁྲོད་ཤིན་ཏུ་ཁག་པོ་ཡིན་པ།དགེ་ཆོས་དང་རང་གྲོལ་གཉིས་ཀྱི་སྐྱོ་གར་གྱིས་ཐག་བཅད་ཡོད་པ་མིན་ནམ།དགེ་ཆོས་མཆོག་གིས་སྐྱོ་གར་སྐྱོ་གར་ཏུ་མ་མཐོང་བར་མཇུག་ཏུ་དམ་པའི་ལྷ་ཆོས་ལ་སྐྱབས་བཅོལ་བ་ནི་དོན་གྱིས་ཁོང་ལ་སྐྱོ་གར་སྙིང་སྟོབས་མེད་པའི་མཚོན་བྱེད་ཡིན་པ་མ་ཟད།རང་དབང་བསམ་བློའི་རྨང་རྐང་ཆེན་པོ་མེད་པའང་ཞོར་ནས་མངོན་འདུག དེ་བས་དགེ་ཆོས་ནི་བོད་ལ་མཚོན་ན་ཤེས་ཡོན་ཅན་གྱི་ལམ་ཁར་སྦར་འགྲད་བྱེད་མཁན་ཞིག་ལས་ཤེས་ཡོན་ཅན་གཤའ་མ་ཞིག་ཏུ་གྲུབ་མེད་འདོད།ལྷ་ཆོས་དང་མི་ཆོས་གཉིས་ཀྱི་བཤིག་ཐབས་བྲལ་བའི་འགལ་འབྲེལ་གྱི་སྡོམ་རྒྱ་ཞིག་གྲིབ་མ་བཞིན་ཁོང་གི་མི་ཚེ་ལ་འགྲོགས་མྱོང་ཡོད།ཤེས་ཡོན་ཅན་གཤའ་མ་ཞིག་ཡིན་ན་རང་དབང་གི་བསམ་བློ་དང་རང་ལ་ཡིད་རྟོན་གྱི་དད་ཞེན་ཞིག་དགོས་མོད།དགེ་ཆོས་ལ་མཚོན་ན་མཇུག་མཐར་རང་ལ་ཡིད་ཆེས་བོར་ནས་མཐར་དམ་པའི་ལྷ་ཆོས་ལ་སྐྱབས་བཅོལ་ཡོད་པས།ཤེས་ཡོན་ཅན་གཤའ་མ་ཞིག་ཏུ་གྱུར་མེད་མོད།ཡོན་ཏན་པ་དང་མཁས་པའི་རིམ་པ་ནས་འཕགས་ཏེ་རང་དབང་ཤེས་ཡོན་ཅན་གྱི་ལམ་ཁར་སྤོ་གྲབས་བྱས་པ་ནི།ཁོང་ཉིད་གནམ་གྱིས་ས་བཀག་པ་ལྟ་བུའི་བོད་ཀྱི་མཁས་ཆེན་ཚོ་དང་མི་འདྲ་བའི་གནད་གཞན་ཞིག་མ་ཡིན་ནམ།འདི་ཡང་དགེ་ཆོས་གླེང་དགོས་པའི་ཡང་ཏིག་རེད་འདོད།

གཉིས།སྐྱོ་གར་སྙིང་སྟོབས་ཀྱི་ངོས་ནས་དགེ་ཆོས་ལ་བལྟ་བ།

༼མུ་འགོད།༽

See The Most Charming Scarves of Hermes for This Year
FIGHTSTATE It's Good to Be a Girl

Advantages of Frye Carson Pull On Boot
Porno and why we're still talking about it

The Long Case for SkyPeople Fruit Juice
Porno She can team up nice printed t shirts with shorts or Capri's

Old Saying for the New Bride
Porno this 80's

Strategic Investors Eyeing Fashion Stocks
Videos porno The theme set includes four 13 ounce tumblers

News you should already know for the week of Feb
theGadgetPill We wanted blue on top and browns on bottom

Wholesale Womens Shoes To Be Stocked Up As Per Fashion Trends
Porno I would wear a bathrobe in public if it was possible

IRON MAN 2 Has a Lift
TOKYO POP LINE While many are still unable to change their consumption habits

3 Profitable Small Cap Dividend Stocks With Money In The Bank
dontgiveupworld.com dark colored suits

Minju Kim collection now available at H stores
PORNO fashion otherwise bang up to par

Any Difference at Coach Outlet Stores
VIDEOS PORNO XXX Rake your cheese

Victoria Beckham Struggled with Kate Middleton
KOSTENLOSE PORNO An effective business plan for a fashion design business will include

Tale Signs The Korean Fashion Piece You Bought Online Is A Knock
Videos Porno From planning fashion apparels to

Survive the season in style
Kostenlose it certainly been fun watching Mary Kate and Ashley Olsen growing up

Best Procedure To Restore Your Credit
Jeux Gratuits qualities with all the old classic the fashion industry style

Charleston For Sale By Owner Most Homes Listed For Sale Dont Sel
Porno but bad taste

Lifestyle Learning Direct's Fashion Design and Dressmaking Tips and Tricks
game whyshould we insist that a pre schooler should have uniforms

Dumbbell Workout for Rapid Fat Loss
porno Though ladies don't usually wear top hats nowadays

Take The Stress Out of Buying an Engagement Ring
porno For a simpler look

clothing fads paper dresses and dress in a can
Porno If you have curves

Interesting facts on Fashion Jewelry History
porno forms of blow for the 7
Seven Ways the HR Department can Add More Value to the Organization
VIDEO PORNO XXX How to Pack Minimal Clothing for

H New Diggs in Chevy Chase
Bridesmaid Dresses You just need to find what is suitable to your personal style

The Worst Apple Options Trade You Can Make
PORNO If I had any problem

Headbands reach a fashion high in 2013
Download Free Games Carol Hannah is the next to go to Fashion Week

Paris Celebrate Success Awards 2012
pornos the style company buys progressive dorm property along with

Charleston For Sale By Owner Most Homes Listed For Sale Dont Sel
PORNO FRANCAIS as women want slim and trim things

Get Educated About Diamonds and Save Money
Tube XXX and we can wait to play her newest game

Fake coach purses at coach outlet stores
Free Porno Wife auction web sites spins totally from sale alongside very new creator service
བསྟོད།8

抱歉,评论已关闭!