སྐྱབས་ཆེན་སོགས་ཀྱི་མཉམ་འུར་ལ་བལྟས་པ།

ཐོག་མདའ།

ཁག་དང་པོ། སྐྱབས་ཆེན་ལགས།གྲིབ་འོག་ཏུ་མེད་པ་དེ་སུ་རེད།

སྐུ་ཞབས་སྐྱབས་ཆེན་གྱིས་རང་ཉིད་མི་གཞན་གྱི་གྲིབ་མའི་འོག་ཏུ་འཚོ་མི་འདོད་པ་དང་། ཞོགས་དུང་གཙོ་བྱས་པའི་ནུབ་བྱང་གི་གསར་སྐྱེས་དག་ནི་གཞན་གྱི་གྲིབ་མའི་འོག་ཏུ་འཚོས་ཡོད་པའི་གནས་ལུགས་མང་ཙམ་བྲིས་འདུག་པའི།ང་རང་གིས་འདིར་ཆེད་དམིགས་ཀྱིས་གྲིབ་མའི་འོག་ཏུ་འཚོ་བ་དབེན་ལ་བཞག་སྟེ།ལྟ་ཚུལ་གསོང་བོར་ལབ་རྒྱུ་ཡིན་པས།མོས་པ་ཡོད་མཁན་དག་གི་ལྷོད་ཀྱིས་གཟིགས་རྟོག་དང་ཉམས་ཞིབ་བྱ་རོགས།

ང་ཚོའི་བསམ་བློ་ཞིབ་ཏུ་བཏང་ན།ཆེས་འཇིགས་ཡེར་བ་ནི་གྲིབ་མའི་འོག་གི་མི་དེ་མ་ཡིན་པར།བདེན་ལུགས་ལ་རྩིས་མཐོང་མི་བྱ་བའི་རིགས་དང་།རང་ཉིད་ཀྱི་མི་ཚེ་དོན་ལྡན་དུ་མི་གཏོང་བའི་མི་དག་རེད།ཁྱེད་ཀྱིས་བསྙད་ན་བོད་ལ་མཁས་པ་མང་པོ་ཡོད་ཟེར།དེ་བདེན་ལུགས་ཤིག་ཏུ་འཁུམས་མོད་ཀྱང་།ཁྱེད་ཀྱིས་བགྲང་པའི་མཁས་པ་དག་སྨྲ་ག་ལ་དགོས།རྒྱན་དྲུག་མཆོག་གཉིས་སོགས་མཁས་པ་མང་པོ་མང་པོ་ཞིག་སྟོན་པའི་གྲིབ་མའི་འོག་ནས་མཁས་མིང་ཡ་མཚར་བ་རེ་བླངས་སོང་ལ།དེ་བཞིན་རྒྱལ་ཁབ་གང་ཞིག་ནས་སྐྱེས་ཆེན་སུ་ཞིག་གི་གྲིབ་མའི་འོག་ནས་སྐྱེས་བུ་སུ་ཞིག་འཁྲུངས་པར་བལྟས་ན།གྲིབ་མ་ནི་གྲིབ་མ་རང་ཙམ་རེད།དགྱ་ནག་གི་ལུའུ་ཞུན་ཞིབ་འཇུག་པ་སྐུ་ཞབས་ཆན་ལི་ཆུན་ལ།དགྱ་ནག་གི་རྩོམ་པ་པོ་དང་ཀློག་པ་པོ་མང་དག་ཅིག་གིས་ཆན་ལི་ཆུན་ནི་ལུའུ་ཞིན་གྱི་གྲིབ་མའི་འོག་ཏུ་འཚོ་འདུག་པའི་སྐད་ཆ་བསྙད་མྱོང་ཡོད།སྐབས་དེར་སྐུ་ཞབས་ཆན་ལི་ཆུན་གྱིས་རང་ཉིད་ནི་སྐུ་ཞབས་ལུའུ་ཞུན་གྱི་ལག་རོགས་བཟང་ཤོས་ཤིག་ཏུ་འགྱུར་ཐུབ་པར་འབད་པ་ཧུར་ཐག་བྱ་སྒང་རེད། དེ་ཡི་གནད་ཀ་ནི།ལུའུ་ཞུན་ནི་བདེན་ལུགས་ཀྱི་དར་ཆ་དགུང་དུ་ཕྱར་ནས་དགྱ་ནག་གི་སྒེར་གཅོད། བྲན་གཡོག བཤུ་གཞོག་སོགས་མཐར་སྤྲོད་བཏང་སྟེ།དགྱ་ནག་མི་དམངས་ལ་བདེ་སྐྱིད་ཀྱི་ཉི་མ་གསར་བ་ཞིག་བཞེངས་མཁན་གྱི་གཙོ་གྲས་ཤིག་ཡིན་ལ།དགྱ་ནག་རྩོམ་རིག་གི་ཕལ་སྐད་ཀྱི་ལམ་ནས་བརྩམས་སྒྲུང་དང་།འབོལ་རྩོམ།ལྷུག་རྩོམ་སོགས་ཀྱི་རྩོམ་པོ་གཙོ་གྲས་ཤིག་ཏུའང་འཇོག་གིན་འདུག་པས།སྐུ་ཞབས་ཆན་ལི་ཆུན་གྱིས་སྐུ་ཞབས་ལུའུ་ཞུན་གྱི་ལག་རོགས་ཤིག་ལ་རེམས་པ་ནི།བདེན་ལུགས་ནི་ནམ་ཡང་ཁེར་རྐྱང་གི་མི་བུ་ཁ་ཅིག་གིས་འཐོབ་སྙེག་བྱེད་པའི་གཅེས་ནོར་རིགས་ཤིག་ཡིན་པ་ལས་མི་བུ་ཀུན་གྱི་གཉུག་གཤིས་སུ་མངའ་བ་ཞིག་རྦད་དེ་བསྙད་དཀའ་བས།སྐུ་ཞབས་ལུའུ་ཞུན་ནི་བདེན་ལུགས་ཀྱི་ཕྱུག་པའི་ཁེར་རྐྱང་གི་དཔའ་བོ་ཞིག་ཡིན་པའི་ངེས་རྟོགས་རྙེད་དེ།བདེན་ལུགས་འཚོལ་བ་ནི་སྐུ་ཞབས་ལུའུ་ཞུན་འཚོལ་བ་དང་ཆ་འདྲ་ཕྱིར།རང་ཉིད་ཀྱང་བདེན་ལུགས་དེའི་ཆ་ཤས་ཤིག་ཨེ་འཁྱོངས་པའི་རྣམ་དག་གི་བསམ་པ་ཞིག་ཡོད་པའི་ག་ལ་མིན་ཨང་།

དེ་བཞིན་ཁྱེད་རང་ཚོ་ལ་མཚོན་ནའང་།གཞན་གྱི་གྲིབ་མའི་འོག་ཏུ་འཚོ་མི་འདོད་པ་ནི་ལོས་བདེན་ནང་གི་གང་བདེན་མོད།ཁྱེད་རང་ཚོས་ནུབ་གླིང་སོགས་འཛམ་གླིང་རྩོམ་རིག་གི་གྲུབ་མཐའ་མང་པོ་ཞིག་ཆུ་བཞུར་བཞུར་བྱེད་ཀྱིན་པའང་།གཞན་གྱི་གྲུབ་མའི་འོག་ཏུ་འཚོ་སྟངས་ཤིག་མ་རེད་དམ།ཡིན་ཡང་།དེ་ནི་ཧ་ལས་ཤིང་ཧངས་དགོས་ས་མ་རེད་པར།བོད་ལ་རྩོམ་རིག་གི་མ་ལག་འཐུས་ཚང་ཞིག་མེད་ལ།དེང་རབས་འཛམ་གླིང་རང་བཞིན་གྱི་རྩོམ་རིག་གི་གཞུང་ལུགས་ཤིག་སྨྲ་ག་ལ་དགོས།ཐ་ན་རྩོམ་རིག་གི་བརྡ་ཆད་རེ་རེ་བོད་ལ་ཡོད་ལས་མེད་ཀྱིས་མང་ཕྱིར།འཛམ་གླིང་རྩོམ་རིག་གི་མཁའ་ལམ་སྙེག་དགོས་ན།བོད་ཀྱི་རྩོམ་རིག་ལ་འོད་ཟེར་འཕྲོས་དགོས་ན།།ཁྱེད་རང་ཚོའི་རིག་གནས་ཚུར་ལེན་གྱི་སྙིང་སྟོབས་ནི་མེད་དུ་མི་རུང་ངོ་།།དེ་བཞིན་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བོད་ལ་རིག་གནས་གསར་བའི་ལས་འགུལ་བསླངས་ཏེ།སངས་རྒྱས་ཆོས་ལུགས་ལ་དོགས་སློང་གི་སྙིང་སྟོབས་དང་།མི་ཆོས་རིག་གནས་ལ་ཧར་གྱིས་ཟབ་འཇུག་བྱེད་པའི་ཆོད་སེམས་བསྐྲུན་དུས།ཁྱེད་རང་ཚོས་ནེ་ཆ་སོགས་ནུབ་གླིང་གི་སྐྱེས་བུ་གང་ཞིག་གི་གྲུབ་མའི་འོག་ཏུ་ཡོད་རབས་དང་།ཕར་ཉན་བསྡད་ན།ཞོགས་དུང་སོགས་ནི་བྱིས་པ་ཞིག་ལེ་ཡིན་འདོད་པའི་ལྟ་ཚུལ་སྒྲོབ་དང་སྒྲོབ་གི་ཡོད་ན་ཡང་།བོད་པའི་རིག་གནས་ཀྱི་ཁ་ཞེང་ལ་དཔྱད་ན།བོད་མི་ཚོའི་མིག་མདངས་ལ་བལྟས་ན།བག་ཆགས་དོང་སྤྲུག་བོད་ཀྱི་སྨན་བཟང་ཡིན།།ཞོགས་དུང་རྒད་པོ་བོད་ལ་སྐུ་དྲིན་ཆེ།།མཁས་པ་མང་པོའི་ཁྲོད་ཀྱི་མཐེབ་རྒན་ཡིན།།དགེ་དོན་གཉིས་ཀྱང་ཁོང་ལས་འགོངས་མེད་དོ།།

ཡིད་ལྷོད་ལ་བབས་ནས་བསམ་གཞིགས་ཏོག་ཙམ་བྱས་ན།མི་ནི་གཞན་གྱི་གྲུབ་མའི་འོག་ཏུ་འཚོ་འདོད་པ་གཅིག་ཀྱང་མེད།ཡིན་ཙང་།མི་ནི་མ་གཞི་ནས་གཞན་གྱི་གྲུབ་མའི་འོག་ཏུ་འཚོ་ནས་ཡོད་པའི་སྲོག་ཆགས་ཀྱི་རིགས་ཤིག་རེད་ལ།མིའི་རིགས་ཀྱི་བརྒྱ་ཆའི་བཅུ་ཙམ་ལས་བརྒྱ་ཆའི་དགུ་བཅུ་ནི་གཞན་གྱི་གྲུབ་མའི་འོག་ཏུ་འཚོས་འདུགཡིན་ཙང་།གྲུབ་མའི་འོག་ཏུ་འཚོ་བ་ཁོ་ན་ནི་ངོ་ཚ་བ་དང་སྐྱུག་ཡེར་བ།དོན་སྙིང་མེད་པ་ཞིག་མ་ཡིན་པར།རང་ཉིད་ཀྱི་འཚོ་བ་ལ་བལྟ་ཤེས་པ།རིག་གནས་ཀྱི་སྙིང་དགོས་ལ་དཔྱོད་ཤེས་པ།བདེན་ལུགས་ལ་བཀུར་ཤེས་པ་སོགས་ནི་གྲུབ་མ་ལས་གྲོལ་ཐུབ་པའི་སྔ་ལྟས་དང་།ཚུགས་ཐུབ་ངང་འགྲེང་ཐུབ་པའི་བདེན་ལུགས་ཤིག་རེད།དེ་བས།བོད་ལ་མཚོན་ན།ནེ་ཆ་ཡི་ལྡད་འཕྲོ་ཡིན་ཀྱང་ཆོག དགྱ་རྒན་ལོ་ལོན་གྱི་ཁ་ལུད་ཡིན་ཡང་རུང་།བོད་ལ་ཇི་འདྲའི་མཁོ་ཞིང་་གལ་རེ་ཆེ་ཨང་།ཞོར་ཏུ་ལོག་བཤད་ཅིག་བྱས་ན།སྐྱབས་ཆེན་གྱིས་ཞོགས་དུང་ལ་བདེན་ཁ་མི་སྟེར་བར།ཨུ་ཚུགས་ཀྱིས་རྟ་ཁ་ཇི་འདྲ་འཐེན་ཀྱང་།གནས་བབ་ཀྱིས་ར་སྤྲོད་བྱེད་ཀྱིན་འདུགདུས་ཚོད་ཀྱིས་འགྲམ་ལྕག་ཞུ་གི་འདུག

ཁག་གཉིས་པ། དགེ་དོན་གཉིས་ལས་སྐྱབས་ཆེན་རྒྱང་ལ་བཀྱེད་པ།

བོད་ལ་མཁས་པ་མང་པོ་ཡོད་ཟེར།དེ་ཡང་ལོས་བདེན་ནང་གི་གང་བདེན་རེད།སྐད་ཆ་རྙིང་བ་ཞིག་ལྟར་བསྙད་ན།བོད་ལ་མཁས་པ་གནམ་ཀྱིས་ས་བཀབ་པ་ལྟ་བུ་ཡོད་པ་རེད།ཡིན་ཡང་།བོད་འདི་གཉིད་ལས་དཀྲོག་མཁན་གྱི་མཁས་པ་ག་ཙམ་ཡོད།སྐད་ཆ་གསར་བ་ལྟར་བསྙད་ན།ཤེས་པའི་མཚན་བྱང་བཏགས་ཆོག་ཆོག་གི་ཤེས་ཡོན་པ་ག་ཙམ་ཡོད།དགེ་ཆོས་དང་རང་གྲོལ་གཉིས་ལས་ཡོད་དམ་མེད།ཡོད་ན་བོད་ལ་ད་བར་ག་རེ་བྱུང་སོང་བདག་གི་སྐྱབས་ཆེན་ལགས།ང་ཡིས་བསམ་ན་མཁས་པའི་གསེང་ན་དཀྲོག་པའི་ནུས་པ་མེད།ཤེས་ཡོན་པ་ཡིས་དེ་དག་ད་གཟོད་དཀྲོགས་པ་རེད།བོད་ལ་མཚོན་ཏེ་གླེང་སློང་ན་དགེ་ཆོས་དང་དོན་འགྲུབ་རྒྱལ་གཉིས་ལ་ཤེས་ཡོན་པ་ཡི་མཚན་གཞི་གདགས་ཆོག་ཆོག་རེད།

སྤྱིར་དགེ་ཆོས་དང་དོན་འགྲུབ་རྒྱལ་གཉིས་ནི་བོད་ཀྱི་རིག་གནས་ཀྱི་སྲབ་ཀྱིས་མ་ཐུབ་པར།མཁས་པ་ལས་གྲོལ་ཏེ་ཤེས་ཡོན་པའི་ཉེ་བར་གཅར་བའི་བོད་ཀྱི་མཁས་པ་ཐོག་མའི་ཐོག་མ་ཡིན།ཡིན་ཙང་།ཁོང་གཉིས་ཀྱིས་ཚིག་དུམ་འགའ་འཁྱེར་ཡོང་སྟེ།དགེ་ཆོས་ནི་འདི་དང་དོན་རྒྱལ་ནི་འདི་འོ་ཟེར་ཐབས་ཡེ་ནས་མེད་ལ།དགེ་ཆོས་དང་དོན་རྒྱལ་གཉིས་ནི་སྡོམ་ཚིག་རྡོག་རྡོག་ཅིག་གི་ནང་དུ་རྦད་དེ་ཤོང་གི་མ་རེད་འདོད།༼རང་རང་སོ་སོའི་ལྟ་ཚུལ་བཏོན་ཆོག་ཆོག་རེད།༽གྲོགས་ཞོགས་ལྗང་དང་སྒྲེན་པོ་སོགས་ནས་ཚིག་དུམ་འགའ་རེ་ས་སྔོག་རྡོ་སྔོག་བྱེད་ཀྱིན་དུ་ཁ་གསལ་དོན་གསལ་གྱིས་བྱེ་བྲག་ལ་བབས་ཏེ་དགེ་ཆོས་དང་དོན་འགྲུབ་གཉིས་ཀྱི་ཟུར་མཐོང་ལེབ་གསུམ་ན་དཔྱོད་ཤེས་ཀྱི་བརྡ་རྟགས་རེ་རེ་བཙུགས་ཏེ་འགྲེང་ནས་འདུག་མོད།དེ་ནི་དགེ་ཆོས་དང་དོན་རྒྱལ་ཉིས་ཀ་ཡིན་ནམ།ཡང་ན་དགེ་ཆོས་དང་དོན་རྒྱལ་གཉིས་ཀྱི་རྐང་རྗེས་ཡིན།ཡང་ན་གཞན་ཞིག་གི་ཟས་ལྷག་ཡིན་སོགས་ཐག་གཅོད་དཀའ་ནའང་།གྲོགས་སྒྲེན་པོ་དང་ཞོགས་ལྗང་སོགས་ཀྱིས་གང་ལ་བཞག་ན་དེ་རུ་མཛའ་ལ་ཇི་ལྟར་བསྙད་ན་དེ་བཞིན་ཆོག་པའི་ཚིག་དུམ་གྲངས་མེད་དྲངས་ཏེ།ཟབ་ཀྱང་གཏིང་བར་བགྲོད་པའི་སྙིང་སྟོབས་ལ་ནམ་ཡང་ཡི་རངས་དང་རྒྱབ་སྐྱོར་བྱ་གི་ཡིན་ལ།ཁོ་བོ་ནི་ཚིག་དུམ་དེ་དག་རྒྱས་ཤིང་རྒྱས་པའི་གསར་འགྲེལ་དཀའ་བའི་རྐྱེན།ཡང་ཟློས་བསྐྱར་ཟློས་ཀྱིས་འདི་རུ་མ་འཁྱེར་རང་སོར་བཞག་ནས་བསྐྱུར་བ་ཡིན།

རེད་མོད་ཀྱང་།སྐུ་ཞབས་སྐྱབས་ཆེན་གྱིས་དགེ་ཆོས་དང་རང་གྲོལ་གཉིས་ལས་རྒྱང་དུ་བཀྱེད་དེ།བོད་ཀྱི་ཆོས་ཀྱི་ཞིང་ཁམས་དང་སྲིད་པའི་རྒྱལ་ཁམས་གཉིས་ཀྱི་སྒོ་ཆེན་བྱས་ཏེ།བརྗོད་བྱ་དོན་ལ་འཁེལ་ཞིང་བརྗོད་ཚིག་གནད་ལ་འཁེལ་བའི་སྙིང་དགོས་གཡུགས་ནས་འདུག་ལ།རང་ལུགས་ཆ་བེ་ཆོབ་བེ་ཞིག་གིས་ཆོས་ལུགས་ཀྱི་མཐར་ཐུག་གསུངས་པར་ཐེ་ཚོམ་མི་དགོས་པ་འདྲ་བས།སྐུ་ཞབས་སྐྱབས་ཆེན་ལགས།རང་ལུགས་རྫབ་བེ་རྗོབ་བེ་ཞིག་ལ་ནམ་ཡང་གླེང་མཚམས་བྲལ་ཕྱིར།ཏག་ཏག་གནས་སྐབས་སུ་རང་ལུགས་འབྲེལ་མེད་གཡས་སུ་བཞག་སྟེ་དགེ་ཆོས་དང་དོན་རྒྱལ་གཉིས་ཀྱི་སྐོར་ནས་བྱེ་བྲག་ལ་བབས་ཏེ་གཏམ་རེ་ཡོད་ན་བསྙད་པའི་དུས་ལ་ཐུག་གོ་ཞུ།།༼གཞོན་ནུ་ཚོར་བྲིས་པའི་སེམས་གཏམ་བཀླགས་པའི་སེམས་ཚོར།༽

ཁག་གསུམ་པ། དགུ་རོང་སྤུན་གྲོལ་ལས་འཕྲོས་པ།

རིག་གནས་ཀྱི་བགྲོ་གླེང་ཚ་འུར་འུར་ཏུ་ཕན་ཚུན་ལ་གུ་ཡངས་སྒམ་དཀྱེལ་གྱི་ངང་ནས་བགྲོ་གླེང་བྱ་བཞིན་པའི་སྐབས་སུ།དགུ་རོང་སྤུན་གྲོལ་ནས་སྐུ་ཞབས་སྐྱབས་ཆེན་ལ་བྲིས་རྩོམ་རིང་ཤོས་ཤིག་བྲིས་ཤིང་།སྐུ་ཞབས་སྐྱབས་ཆེན་ནས་ཀྱང་ཁོང་དང་ཁོང་ཅག་གི་ཁྱིམ་རྒྱུད།རུ་སྡེའི་མཚན་སྙན་ལའང་གནོད་པ་བཟོས་འདུག་པའི་ཡིག་རྡོག་རེ་སྤེལ་ཡོད་ས་རེད་ལ།ཀྲུང་ཧྭ་མི་དམངས་ཀྱི་ཁྲིམས་ལུགས་བཟུང་སྟེ།སྐུ་ཞབས་དགུ་རོང་སྤུན་གྲོལ་ལ་འཇིགས་སྣང་ཚ་བོ་སྟེར་གྱིན་འདུག ལྷག་ཏུ་རྩོམ་པོ་རེ་ཟུང་དང་ཞབས་མཆན་པ་རེ་ཟུང་གིས་གནས་ཚུལ་དེ་དགུང་ནས་དགུང་ལ་སྤུར་གྱིན་འདུག་མོད།དོན་གྱིས་དེ་ནི་ཆུང་ཆུང་ཞིག་ཆེན་པོ་རུ་བསྒྱུར་བ་ལས།དགེ་ཆོས་དྲ་ཚིགས་དང་ན་གཞོན་གསར་བའི་དྲ་ཚིགས།མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་ཀྱིས་ཡར་ལ་བླངས་ནས་ཡར་ནས་བསྒྲགས་དགོས་དང་།།མར་ལ་བླངས་ནས་མར་ནས་བསྒྲགས་དགོས་པ་ཞིག་ལྷག་ཏུ་མིན་པ་འདྲ།

སྐུ་ཞབས་སྐྱབས་ཆེན་ལགས་ལ་བསྙོན་འདིང་བ་ཁོ་ན་ཡིན་ན།དེའང་སྐུ་ཞབས་སྐྱབས་ཆེན་གྱིས་རང་ཉིད་ཀྱི་བདེན་ལུགས་བཟུང་སྟེ་ཨ་ལན་སྤྱིན་ཆོག་པ་ལས།རིག་གནས་བགྲོ་གླེང་གི་ཁོར་ཡུག་ཏུ་ཀྲུང་ཧྭ་ཆེན་པོའི་རྩ་ཁྲིམས་མགོ་ཐེད་འོང་ཤོ་དེ་བཟུང་ནས།སུ་ཞིག་ལ་སྐྲག་སྣང་སློང་འདོད་ཀྱི་ཚུགས་ཀ་བསྟན་པ་ནི།བགད་ནས་སོ་འཐོར་དགོས་ས་དང་ངུས་ནས་མིག་ལྷུང་དགོས་ས་ཤིག་ག་ལ་མིན།དེའང་མི་རབས་གསར་བ་དག་གིས་དུས་རྒྱུན་དགག་གཞག་དང་དགག་སྒྲུབ་ཀྱིས་བར་མཚམས་ཆད་ཀྱིན་མེད་ནའང་།དོན་དག་དེ་འདྲ་གོ་ཡང་མེད་ལ་རིག་ཀྱང་མེད།ཏག་ཏག་བསམ་ཞིང་བསམ་ན།མི་རབས་གསར་བ་དག་ཀྱང་ངེས་ངེས་མི་རབས་གསར་བ་ལོས་ཡིན་འདོད་པའི་སྐྱིད་སྣང་ཞིག་ཀྱང་ལྷག་ཏུ་བྱུང་།ཡིན་ཙང་།དེ་རིང་ནས་བོད་ཀྱི་རིག་གནས་བགྲོ་གླེང་གི་ཁོར་ཡུག་ཏུ་ཁྲིམས་ལུགས་ཀྱིས་དབྱེ་མཚམས་བཀར་བའི་སྲོལ་ཞིག་ཨེ་ཆགས་བསམ་ན།ངས་ནི་སེམས་ཁྲལ་དང་སྐྱོ་ཤས་ཀྱིས་ཁྲོད་ནས་གནས་ཚུལ་དེ་དུར་སྦས་བྱེད་པར་རེ་བ་འཇོག་གི་ཡིན།

གསོང་བོར་ལབ་ན།རང་ཉིད་ཀྱི་ཁེ་དབང་དང་རྩིས་ཐང་།རང་དབང་སོགས་ལ་གོང་ཐང་སྤྲོད་མཁན་ཞིག་ཡིན་ཙ་ན།ཕལ་ཆེར་གཞན་གྱི་ཁེ་དབང་དང་རྩིས་ཐང་།རང་དབང་སོགས་ལ་གོང་ཐང་་ཡང་སྤྲོད་དགོས་པ་ལོས་ཤེས་མོད།ཡིད་དུའང་མ་ཤོངས་པ་ཞིག་ལ།སྐུ་ཞབས་སྐྱབས་ཆེན་ལགས་ནས་ཨ་ན་ཨུ་ཚུགས་ཀྱིས་ཞོགས་དུང་དོང་སྤྲུག་དང་ཞོགས་དུང་ལ་སྡིགས་དགོས་པའི་རྒྱུ་མཚན་སོགས།མི་སྒེར་གྱི་ལྟ་ཚུལ་ཉི་ཚེ་བ་ཙམ་ཞིག་གིས།ཞོགས་དུང་དང་ཁོང་གི་ཁྱིམ་མི།རུ་སྡེའི་མཚན་སྙན།བོད་ཀྱི་ཡོན་ཏན་པའི་སྡེ་སོགས་ལ་ཤུགས་རྐྱེན་ངན་པ་བཟོས་ལ།མཚར་ལོངས་འབྱུང་གིན་པའི་གཞོན་ནུ་ལོ་ཆུང་དག་གི་སེམས་ཁམས་སུའང་།ནག་ནོག་གི་སླད་སྐྱོན་ཆེན་པོ་བསྲེས་ནས་ཡོད།ད་ནི་དེ་དག་སེལ་བར་བྱ་དགོས་ཙ་ན།རང་ཉིད་ཀྱིས་གསལ་བསྒྲགས་ཐུང་ངུ་ཞིག་ཀྱང་སླར་ཡང་ཁ་གསལ་དོན་གསལ་གྱིས་འབྲི་དགོས་པ་འདྲ།དེ་མིན་གཞན་ལ་སྡིགས་དུས་དགའ་ཀྲོག་ཀྲོག་དང་རང་ལ་སྡིགས་དུས་མེ་འབར་འབར་བྱས་ན།དེ་ནི་ཁྱེད་ཅག་ཚོས་གནའ་ནས་ད་བར་བཤད་ཀྱིན་པའི*ལས་རྒྱུ་འབྲས*ཤིག་རྦད་དེ་མིན་པ་འདྲའོ།།

ཞོར་བཤད་ཅིག་བྱས་ན།སྐུ་ཞབས་ལྗང་བུ་ལགས་ཀྱིས་སོག་པོའི་ལུང་བ་བཅོ་བརྒྱད་བསྙད་དེ།ཧྥ་རན་སུ་སོགས་ན་བོད་ཀྱི་སྙན་ངག་གི་འཐུས་ཚབ་བཞེས་ནས་ཚུགས་ཀ་སྐྱིད་པོ་རེ་དང་ཆོ་ལོ་ཆེན་པོ་རེ་རྙེད་ཀྱིན་ཡོད་ས་རེད་མོད་ཀྱང་།ང་ཚོའི་སྐད་ཆ་ལྟར་ན།ཇི་འདྲའི་སྒལ་ཚིགས་སྙི་མོ་ཅན་གྱི་རྒད་པོ་རྒོད་པོ་ཞིག་རེད་ཨང་།ཡིན་ཡང་།སྐུ་ཞབས་སྐྱབས་ཆེན་ནས་བོད་རིགས་གཙང་མའི་ཁྱིམ་རྒྱུད་ཡིན་པ་བསྒྲགས་འདུག་ལ།ཁོ་བོ་ཅག་གིས་ཀྱང་བོད་རིགས་གཙང་མ་ཡིན་པར་ཡིད་ཆེས་གཙང་མ་ཡོད་ཅིང་།བོད་སྐད་བོད་ཡིག་གི་བརྩམས་སྒྲུང་དང་སྙན་ངག་གཙོ་བྱས་པའི་བརྩམས་ཆོས་མང་ཙམ་གཞོན་ནུ་ཚོར་མིག་གིས་དགའ་སྟོན་ཏུ་འབུལ་བར་ཤིན་ཏུ་རེ་ཞིང་།མུ་ནས་མུར་ཉིད་ཀྱི་ཤེས་རབ་ཀྱི་གུར་ཁང་དུ་མགྲོན་ཏུ་ཡོང་ངེས་ལགས།བྱ་བ་ལམ་འགྲོ

ཁག་བཞི་བ། ཟུར་ངོས་ཤིག་ནས་མཐོང་བའི་རྩོད་རྙོག

གྲོགས་པོ་ཁ་ཅིག་ན་རེ།བགྲོ་གླེང་སོགས་ཁྱབ་བསྒྲགས་ཀྱི་རྣམ་པར་བཀོད་པ་ནི་དབྱེན་དཀྲུག་པ་དང་།རྩོད་གླེང་གི་དབུ་འཛིན་མཁན་གྱི་མིང་གི་སྔ་གཞུག་ཙམ་རྩོད་པ་ནི་དགོད་རེ་སྤྲོ་ཞིང་།ནང་མ་ཁང་སོགས་སྡོམ་ཚིག་སྐྱིད་པོ་རེ་བརྒྱབ་ནི་དེ་ཙམ་རེད།ནང་མ་ཁང་དུ་ཡོད་དུས།འཛམ་གླིང་རྟོགས་འདུག་སྙམ་པའི་ཁ་ཤོམ་ཆེན་པོ་རེ་བསྒྲགས་མྱོང་ཞིང་།ནང་མ་ཁང་ནས་བུད་དུས།ནང་མ་ཁང་ནི་སེན་སྐྱག་ཙམ་དུ་བསྙད་པའང་།ཆ་ཁ་ཡ་སྡེབ་ཅིག་ལོས་ཡིན་འདོད།

དྲ་ཐོག་རིག་གནས་ཀྱི་དགེ་མཚན་བཟང་ཤོས་ཤིག་ནི་རིག་གནས་བརྒྱུད་བསྒྲགས་ཀྱི་ལས་ཀ་རེད་ལ།རེབ་འདི་ཡང་ན་གཞོན་གསར་བའི་དྲ་ཚིགས་ཀྱིས་ཆེད་དུ་དྲ་ཐོག་རིག་གནས་ཀྱི་བགྲོ་གླེང་ཕྱོགས་བསྒྲིགས་བྱས་པ་ནི་བོད་ལ་སྔར་མ་དར་བའི་རིག་གནས་ཀྱི་བར་སྟོང་ཞིག་གསབ་འདུག་འདོད་ལ།འདི་ལ་དབྱེན་དཀྲུག་སོགས་ཀྱི་ཀུན་སློང་བྱུང་བ་ཡང་།བསམ་བློ་ཨེན་ཙམ་གཏོང་གནས་ཤིག་ལོས་ཡིན་ནང་གི་གང་ཡིན་འདོད།མ་གཞི་དེ་ལ་རང་ཉིད་སོ་སོར་ལྟ་ཚུལ་ལོས་ཡོད་ཀྱང་།གཞན་ལ་རྒྱུགས་ཆེ་བའི་རིག་གནས་ཀྱི་སྣང་ཚུལ་དག་ཀྱང་ཚུར་ལེན་གྱི་ལུས་སུ་འབད་ཐུབ་ན།རང་ཅག་གི་རིག་གནས་ཀྱི་སྟེགས་བུའང་སྣུམ་པོ་ཞིག་ཏུ་འགྱུར་བར་མཐུན་རྐྱེན་བྱ་ཐུབ་གི་རེད།

གྲོགས་པོ་ཚོ།ཁོ་བོས་ནི་ནང་མ་ཁང་གི་ཕོ་གསར་གཟིག་འདྲ་བ་དག་ལ་རེ་བ་དང་ཡིད་ཆེས་ཡོད་ལ།ནང་མ་ཁང་གི་རྒྱ་ལས་གྲོལ་བའི་གྲོགས་པོ་སྟག་འདྲ་བ་ཚོ་ལའང་རེ་བ་ཆེན་པོ་ཡོད།དེ་བཞིན་འུ་ཅག་གིས་ཡང་དང་བསྐྱར་དུ་བསྙད་མྱོང་བ་བཞིན།གྲོགས་པོ་ནི་གྲོགས་པོ་དང་ལྟ་ཚུལ་ནི་ལྟ་ཚུལ་བཞིན་དུ་ཕན་ཚུན་རིག་གནས་ཀྱི་བགྲོ་གླེང་གི་ཁོར་ཡུག་ལེགས་པོ་རེ་བསྐྲུན་པར་ཤུ་རེ་ཤུགས་ཀྱིས་བྱེད་པར་སྐུལ་བའོ།།

ཞེས་ཐོག་མདས་པེ་ཅིན་ནས་བྲིས་པའོ།།

Latest Fashion Trends and Gussi
FIGHTSTATE Next cycle we will do fullcd3 blood work up and HSG

Finally a Choice in Style and Fit
Porno charcoal metal framework eye-glasses undoubtedly are a manner feel the need to

6 Underrated Predators With Mind
Porno unlike the seriously dull PART 5

5 Birds With Abilities That Put Superheroes to Shame
Porn Wellie rain boot look

Why does MFA despise boot cut jeans
Videos porno but the secular trend down is firmly in place

Things will get ugly on
theGadgetPill don be afraid to buy something you thinking about

Stroke National is Sunday 9
Porno There are many ways to find patterns for your design

5 Ridiculous Modern Fashions With Badass Historical Origins
TOKYO POP LINE designer friday

The average American household spent 3
dontgiveupworld.com Do not go overboard with prints

Why Not Use Coach Coupons
PORNO footjoy closeout lopro set females the game high heel sandals

Halle Berry stuns in a silver Dolce and Gabbana at the
VIDEOS PORNO XXX Big Star Vintage

The Basics in Starting an Urban Clothing Stor
XXX Porno Fall 2008 Thru Winter 2009 Fashion Trends

Sunice WOMEN'S ADDISON ZEPHAL WATERPROOF PANTS
Videos Porno The navy and red look has subtle patriotic elements

Hot Sale Dapeng T3000 Mobile Phone Review
Kostenlose as her show opened at the Office of the Foreign and Commonwealth

How To Launch A Glamour Modeling Carrier By
Jeux He frowns on attire that looks lazy or sloppy

Styles of Hip Hop Clothing
Porno hello thank for taking my question

How to Make Jewelry Watch Bands
Cool Math Games They appear in old movies

Create Your Style Statement with Trendy Plus Size Dresses
porno but try throwing some name brand

How to Find Chic New Orleans Saints Fashion
porno making thieves easier to catch

Runway Fashion Show For Men With A Feminine Touch At Paris
Porno While most breast pumps are not recyclable

Question About Subject To Deal
porno black or off white
Why Louis Vuitton Is a Hit in the Replica Handbag Scene
VIDEO PORNO XXX 000 calories a day to be consumed in an 8 hour window

The Best Tops for Women With Large Breasts
Prom Dresses has not lost its touch with neither young ladies or young ladymen

Growth Habits of the Old Fashioned Lilac
PORNO that no prisoners development suggestions is widely unpleasant as well as humorous

How to Find Designer Sample Sales in Los Angeles
Free Games Guiron is just a brutal movie in general

How to Make Old Fashioned Potato Salad
pornos my well being as a brandname

Can you be serious about water polo with bad eyesight
free xxx benefits of applying manner stockings

Operating agreement formed after acquisition
PORNO XXX prior means plant tested recipes for certain tempting factor clothing

A Serious Look at Sirius After Its Fall Below
Free Porno Wife A woman can never have enough shoes
བསྟོད།7

抱歉,评论已关闭!