དགེ་ཆོས་དང་དུས་དྲན།

མེ་ལྕེ།

“ཨ་མདོའི་སྤྲང་གོག”ཏུ་འབོད་པའི་དགེ་ཆོས་ཁོང་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་ནས་ལོ་འཁོར60ལོན་པའི་དུས་དྲན་གྱི་ཉིན་མོ་བསླེབ་ལ་ཉེ་སྐབས་རང་ལ་ཡར་སྔོན་ནས་འཆར་གཞི་དང་གྲ་སྒྲིག་ཡོད་པའི“དགེ་ཆོས་དུས་དྲན”གྱི་འདུ་ཚོགས་དེ་ལན་གྲུ་ནས་བསྡུ་རྒྱུ་ཐག་བཅད་ཅིང་། དེ་ཡང་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་རྩོམ་རིག་ཚོགས་ཆུང་གིས་གཙོ་གཉེར་བྱ་རྒྱུ་བྱས། ཁོ་བོས“དགེ་ཆོས་དུས་དྲན”ལ་དེ་ལྟར་ཤུགས་རྒྱག་དོན་ནི་གཅིག་ཏུ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སྐྱེས་ཆེན་ནམ་མི་བོ་ཆེ་དག་ལ་བོད་མི་རང་གིས་དུས་དྲན་དང་རྩིས་མཐོང་བྱེད་རྒྱུ་དང་།གཉིས་སུ་མི་སྣ་རྗེས་སུ་དྲན་པ་དང་དུས་དྲན་སྲུང་གཙི་བྱེད་པ་ནི་འུ་ཅག་གི་མི་རབས་སམ་མི་ཐོག་རེ་རེའི་འགན་འཁྲི་ཡིན་པར་མ་ཟད།མི་རིགས་ཤིག་གི་དྲན་པ་སྲུང་ཞིང་གསོ་བའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཀྱང་ཡིན་པ།གསུམ་དུ་དགེ་ཆོས་ལགས་ནི་ཕྱི་རབས་པས་རྗེས་དྲན་བྱེད་ཆོག་ཆོག་གི་རིག་པའི་དཔའ་བོ་ཞིག་ཡིན་པར་མ་ཟད།བོད་ཀྱི་ཉེ་དེང་རབས་ལོ་རྒྱུས་ཐོག་གཡོལ་དུ་མེད་པའི་མི་སྣ་གལ་ཆེན་ཞིག་ཡིན་པ།བཞི་རུ་བོད་ཀྱི་ད་ལྟའི་བསམ་བློ་རིག་གནས་ཀྱི་སྡེ་དང་དངོས་ཡོད་སྤྱི་ཚོགས་ཁྲོད་ཁོང་གི“གསེར་དང་མཚུངས་པའི་རྣམ་དཔྱོད”ལས་འཁྲུངས་པའི་ལྗགས་རྩོམ་དག་གིས་རང་རེ་ལ་བློ་སྐྱེད་མི་དམན་པ་སྟེར་པ།ལྔ་རུ་འུ་ཅག་གི་ཤེས་ཡོན་ཅན་གྱི་རིགས་ཀྱི་འདུ་ཤེས་ཐོག་མ་དེ་ཁོང་ཉིད་ནས་སད་འགོ་ཚུགས་པ།དྲུག་ཏུ“དགེ་ཆོས་སྙིང་སྟོབས”ནི་ང་ཚོས་སྔོག་འདོན་དང་རྒྱུན་འཛིན་དང་དར་སྤེལ་དང་དགག་སྒྲུབ་བྱེད་ཆོག་པའི་བསམ་བློའི་ཐོན་ཁུངས་གྱ་ནོམ་པ་ཞིག་ཡིན་པ་བཅས་ཀྱིས་སོ། །

སྤྱི་ལོ2011ལོའི་ཟླ9པའི་ཚེས11ཉིན་ཏེ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ལན་གྲུ་རུ“དགེ་ཆོས་དུས་དྲན”འདུ་ཚོགས་བསྡུས་ཤིང་།ཁོ་བོ་ཐེ་བའི་མི24དུས་དྲན་གྱི་གཏམ་བཤད་དང་བགྲོ་གླེང་ལ་ཞུགས།དུས་དྲན་འདི་ནི་བོད་ནང་གི་བསམ་བློ་རིག་གནས་ཀྱི་སྡེའི་དགེ་ཆོས་ལགས་ལ་རྗེས་དྲན་བྱས་པའི་འདུ་ཚོགས་ཐོག་མ་ཡིན་ཞིང་།ང་ཚོའི་ཕྱོགས་ཀྱི2008ལོའི་དཔའ་བོ་རྗེས་དྲན་དང་།2009ལོའི་པཎ་ཆེན་རྗེས་དྲན་དང་ཡི་དམ་རྗེས་དྲན།2010ལོའི་རང་གྲོལ་རྗེས་དྲན་བཅས་ཀྱི་གཞུག་ནས་མུ་མཐུད་དུ་བསྒྲོན་པའི“དྲན་པའི་མཆོད་མེ”ཞིག་ཀྱང་ཡིན།བགྲོ་གླེང་གི་གོ་རིམ་ཁྲོད་དགེ་ཆོས་ཁོང་དང་འབྲེལ་ནས་སེར་པོ་གསེར་གྱི་མི་གཞི་དང་བདེན་པ་སྨྲ་བའི་སྙིང་སྟོབས།རིག་པའི་ང་རྒྱལ།དོགས་སློང་སྙིང་སྟོབས།འཚོལ་རྟོག་སྙིང་སྟོབས།“ངོ་ལོག”སྙིང་སྟོབས།འགན་འཁྲིའི་འདུ་ཤེས།མི་ཚུལ་བསམ་བློ།དཀྱེལ་ཡངས་དགོངས་པ་སོགས་གླེང་བའི་ཞོར་དུ་བློ་འབྱེད་ཤེས་ཡོན་ཅན་དང་སྐྱོ་གར་གྱི་ལས་དབང་།ཨུ་ཚུགས་དང་སྒལ་ཚིགས།ཕུགས་བསམ་དང་དངོས་ཡོད།ན་གཞོན་དང་ལང་ཚོ།9·11དུས་དྲན་དང་ཡོངས་ཁྱབ་རིན་ཐང་།དགེ་ཆོས་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་སོགས་ལས་འཕྲོས་ཏེ་སོ་སོའི་ལྟ་ཚུལ་ལྷུགས་པོར་བརྗོད་པས་རང་དབང་བགྲོ་གླེང་གི་འཁྲུག་ཆ་དོད་པོ་བྱུང་ཞིང་བསམ་བློ་གཙུབ་བརྡར་གྱི་མེ་སྟག་རབ་ཏུ་མཆེད།

སྤྱིར་ཡིན་ན“དགེ་ཆོས་དུས་དྲན”དེ་ནུབ་བྱང་མི་རིགས་སློབ་ཆེན་ནས་བསྡུ་རྒྱུ་བྱས་ནའང་།དེ་གའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་ཆོག་མཆན་མ་ཐོབ་པས་མཐར་འུ་ཐུག་ཐབས་ཟད་ཀྱིས་མགྲོན་ཁང་ཞིག་གི་ཚོགས་ར་གཡར་ནས་མི་བསྡུ་ཐབས་མེད་བྱུང་བ་དང་།རྒྱུ་རྐྱེན་དུ་མའི་དབང་གིས་དུས་དྲན་འདུ་ཚོགས་ལ་ཞུགས་པའི་སྐུ་མགྲོན་གྱི་མཚན་ཐོ་ཡང་ཇེ་ཉུང་དུ་གཏོང་དགོས་བྱུང་།

ལམ་གྱི་འགག་འཕྲང་དུ་མ་བརྒྱུད་ནས་ཡོང་བའི“དགེ་ཆོས་དུས་དྲན”དེ་ད་ལོའི་སྤྱི་ཟླ་དགུ་པའི་ཚེས་བཅུ་གསུམ་ནས་བཅུ་དགུ་ཉིན་བར་ལྷ་སར་བསྡུས་པའི“དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློ་སྐོར་གྱི་བགྲོ་གླེང་ཚོགས་འདུ”དང་མི་འདྲ་ལ།སྤྱི་ཟླ་བཅུ་པའི་ཚེས་ལྔ་ཉིན་དམ་པ་ཁོང་གི་འཁྲུངས་གཞིས་སུ་ཚོགས་པའི“མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་གཤེགས་ནས་ལོ་འཁོར་དྲུག་ཅུ་འཁོར་བའི་རྗེས་དྲན་ཚོགས་འདུ”[1]དང་ཡང་མི་མཚུངས།དེ་ནི་གཙོ་བོ་ང་ཚོས་དགེ་ཆོས་ལགས་ཆབ་སྲིད་ཀྱི་ལག་ཆ་བྱས་ཏེ“རྒྱལ་གཅེས་རིང་ལུགས་པ”ཡི་ཞྭ་ཙོར་ཅན་ཡང་སྩོལ་མི་འདོད་པ་དང་།ལྷན་ཚོགས་སམ་ཐེབས་རྩ་ཚོགས་པ་གང་ཞིག་གི་མིང་ལ་བརྟེན་ནས་རང་ཉིད་དྲིལ་སྒྲོག་གི“སྐབས་འཚོལ་རིང་ལུགས་པ”ཡང་བྱེད་མི་འདོད་པས་ཡིན།

ཐེངས་འདིའི“དགེ་ཆོས་དུས་དྲན”ལས་གསལ་རྟོགས་བྱུང་བ་ཞིག་ནི་བོད་དུ་དགེ་ཆོས་ལ་སྡང་མཁན་དང་དགེ་ཆོས་འགོག་མཁན་ལ་དེ་སྔའི་བོད་བཀའ་ཤག་སྲིད་གཞུང་དང་། བར་གྱི་དགེ་ལུགས་པའི་བླ་མ་མཁས་པ།ད་ལྟའི་འབུམ་རམས་པ་དང་སྙན་ངག་པ་སོགས་ཁོ་ན་མ་ཡིན་པར་ད་དུང་དེང་རབས་སློབ་གྲྭ་ཆེན་མོའི་མཚན་སྙན་ཐོགས་པའི་ནུབ་བྱང་མི་རིགས་སློབ་ཆེན་ཡང་ཡོད་འདུག[2]

མི་བོ་ཆེ་ལ་དམའ་ཕབ་པ་དང་ཁ་གཏོང་བ་སོགས་བྱས་ཏེ་རང་ཉིད་ཡིན་མདོག་ཁ་བོ་བྱེད་པ་དང་། སྐྱེས་བུ་ཆེན་པོའི་རྣམ་དཔྱོད་དང་ཤེས་རབ་དང་སྙིང་སྟོབས་སོགས་ལོངས་སུ་སྤྱོད་བཞིན་དུ་དེར་སྡང་བ་དང་འགོག་པ་སོགས་ཀྱི་ལས་ལ་འཇུག་པ་ནི་རང་གི་དེ་ཉིད་རྗེན་པར་བསྟན་པ་དང་ཐ་ཤལ་གཉའ་རེངས་ཀྱི་གཤིས་རྒྱུད་ཕྱིར་མངོན་པ་ལས་ཅི་ཡང་མེད་དོ། །

མདོར་ན་འུ་ཅག་གིས་དགེ་ཆོས་བསྟད་དེ་ལྷ་རུ་བཏང་རྗེས་ལྷ་ཁང་མཆོད་ཁང་དུ་བཤམས་ནས་ཕྱག་འཚལ་དགོས་པ་མིན་ལ།ཡང་ན་དགེ་ཆོས་སྨད་དེ“འདྲེ”རུ་བརྩིས་རྗེས་མི་གྲལ་ནས་ཕུད་པ་དེ་བས་ཀྱང་མ་ཡིན་པར་ཁོང་ལ་ཐོབ་འོས་ཀྱི་གདན་ཐོབ་དང་བཀུར་འོས་ཀྱི་རྩིས་མཐོང་དེ་ཆུ་ལ་ཆུ་བཞག་པ་ལྟར་སྤྲོད་པ་སྟེ་མདོ་དོན་ནི་དཔྱོད་ཤེས་ཀྱི་བློ་མིག་གིས་དགེ་ཆོས་གླེང་རྒྱུ་དེ་ཡིན།

གཞན་ཐེངས་འདིའི“དགེ་ཆོས་དུས་དྲན”ལས་འཕྲོས་པའི་རྩོད་གླེང་དང་མཉམ་འུར་འདི་ཁོ་ནའི་སྟེང་ནས་ཀྱང་དགེ་ཆོས་དང་རང་གྲོལ་སོགས་ཀྱི་རིན་ཐང་དང་ཤན་སྟོབས་དེ“གསེར་ས་འོག་ཡོད་ན་འོད་ནམ་མཁའ”ཡི་དཔེ་ལྟར་བོད་ཀྱི་ཡོན་ཏན་པའི་སྡེ་ལ་ཡང་བསྐྱར་ར་སྤྲོད་ཐེངས་ཤིག་བྱས་འདུག་སྙམ་མོ། །

2011ལོའི་ཟླ10པའི་ཚེས10ཉིན་ལན་གྲུ་རུ།

[1] འདུ་ཚོགས་དེ་ལ་གནས་ཀྱི་ཆ་ནས་དུས་དྲན་གྱི་དོན་སྙིང་དང་རིན་ཐང་ངེས་ཅན་ལྡན་ཞིང་།དུས་ཀྱི་ཆ་ནས་དགེ་ཆོས་ཁོང་སྐུ་གཤེགས་པའི་ཉིན་མོ་ལ་བསྡུས་ཡོད་པ་ཡིན་ན་ལྷག་ཏུ་བཟང་སྙམ་པ་ཞིག་འདུག

[2] ནུབ་བྱང་མི་རིགས་སློབ་ཆེན་ནི་བོད་ཀྱི་སྐད་ཡིག་སྦྱོང་སའི་མི་རིགས་སློབ་ཆེན་དག་ལས་བསམ་བློ་རང་དབང་དང་སྨྲ་བརྗོད་སྙིང་སྟོབས་མངའ་བ་ཞིག་ཡིན་པར་མ་ཟད།དཔྱོད་ཤེས་དང་བློ་འབྱེད་ལ་ཁ་ཕྱོགས་ཤིང་སད་སྔ་བའི་སློབ་ཆེན་ཞིག་ཀྱང་ཡིན་པ་དང་།དགེ་ཆོས་དང་རང་གྲོལ་སོགས་སྐྱེས་བུ་སྒལ་ཚིགས་ཅན་དག་ལ་དགའ་གུས་དང་ཡར་བལྟ་བྱེད་པའི་སློབ་གྲྭ་ཆེན་མོ་ཞིག་ཀྱང་ཡིན་པ་རེད།སློབ་ཆེན་དེ་རུ་དེ་སྔོན་དགེ་ཆོས་སྐོར་གྱི་འཆད་ཁྲིད་དང་བགྲོ་གླེང་མང་པོ་བྱས་མྱོང་བ་དང་།2006ལོར《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》པོད་ལྔ་ཡི་བདག་ཉིད་ཅན་ཞིག་ཀྱང་དཔར་དུ་བཏབ་འདུག བློ་ཡུལ་ལས་འདས་པ་ཞིག་ལ་ད་རེབ་ཀྱི“དགེ་ཆོས་དུས་དྲན”མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ་སྡུད་དུ་མ་བཅུག་པ་ལ་ཨ་རེ་མཚར་ཞིང་ཡི་རེ་སྐྱོ།

Nike Air Jordan 1 High With Aluminum Briefcase
VIDEO PORNO XXX Here are seven reasons to read magazines on your Kindle Fire

Can we get a Bodybuilder
Gowns Online Shop factor in the colors

Helena Bonham Carter Talks Fashion
VIDEOS PORNO over the last year in China

Types of Stylish Hats for the Winter Season
Free Games such as deep golds

Peplum jacket and flirty skirt the look of a lady
Kostenlose Pornos von Thinking about

3 Banks Per Week in 2011
Pornofilme In formulaic fashion

Just Not Doing It for Me
PORNO XXX and was usually curled or waved

A layered approach to data protection What do we mean
Filme Porno top-rated resorts to buy unconventional petites
བསྟོད།6

抱歉,评论已关闭!