བོད་རང་གི་སྐྱོན་རེད།

འབིག

ང་རང་ཚོས་རྒྱུན་དུ་རང་གི་དོན་ཞིག་བསྒྲུབ་ནས་མ་འགྲུབ་ཚེ།སྐྱོན་མཐའ་དག་གཞན་གྱི་མགོར་ལྡུག་ཅི་ཐུབ་བྱེད་པ་ལས་རང་ཉིད་གྱི་ནུས་པ་དང་རང་གི་ནོར་འཛོལ་གྱི་ ཐད་ནས་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།དེ་ལ་རྒྱུ་རྐྱེན་གཉིས་ཏེ།ང་རང་ཚོར་འགྱོད་བཤག་སྙིང་སྟོབས་དང་བདེན་འཚོལ་སྙིང་སྟོབས་དབེན་པས་ལན་པ་རེད།(འདིའི་སྐོར་གྱི་གནད་དོན་དག་སྐབས་སུ་མ་བབས་པས་རེ་ཞིག་བསྐྱར་རྒྱུ་དང་། མི་འགྱང་བར་འདིའི་སྐོར་གྱི་རྩོམ་ཞིག་ཀྱང་སྤེལ་ངེས་ཡིན)རྒྱུན་དུ་གཞན་གྱི་བཀག་ བྱས་སོང་སྙམ་པའི་བོད་པའི་མཁའ་དབྱིངས་ནས་རང་གི་ཉེས་སྐྱོན་ཁེ་ལེན་རྒྱུ་ནི་ངོ་མ་མི་སྲིད་པའི་ཆོས་ཤིག་ཏུ་འཁུམས་པས།ནམ་ཡང་རང་ཉིད་ལ་མགོ་ཡར་དགྱེ་ཆོག་པའི་སྐལ་བ་ནི་མེད་སོང་བ་རེད།མཚོ་སྔོན་ཕྱོགས་ནས་དུས་རྒྱུན་དུ་ཟ་ལར་(撒拉族)ཚོས་རང་མི་རིགས་ཀྱི་ཟ་ཁང་གི་ཁེ་ལས་ཐད་དུ་བཀག་ཆེན་པོ་བཟོས་སོང་བའི་འུར་ཆེ་ནའང་།དོན་དམ་པར་དེ་ཟ་ལར་གྱི་སྐྱོན་ག་ལ་ཡིན།རང་ཉིད་ཀྱིས་བསྐོལ་བའི་ཟ་མ་དག་གཞན་གྱི་དོ་ཟླར་མ་ཡོང་བས་མི་དམངས་ཀྱི་རྒྱབ་སྐྱོར་མ་ཐོབ་པས་རེད།འདིས་ ང་ཚོར་འགྲན་རྩོད་ཀྱི་དུས་རབས་ནས་བག་འཁུམས་པའི་བྱ་སྤྱོད་དང་འཕེལ་རྒྱས་མེད་པའི་འདུ་ཤེས་ཁོ་ནས་བོད་སྤྱི་ཚོགས་དངོས་ཀྱི་དགོས་མཁོའི་ཁ་སྐོང་ཐབས་བྲལ་བ་ཤེས་ཐུབ། ཡིན་ནའང་བོད་པའི་སྡེ་ནས་སྔར་བཞིན་རང་ཉིད་ཀྱི་ནུས་པར་སོམ་ཉིའི་མདའ་མོའི་མདུང་རྩེ་་མི་གཏོད་པར།རྒྱ་ནག་དང་ཧོས་ཧོས།(ཧོས་རིགས་ཏེ་རྒྱ་སྐད་དུ回族ཟེར་བའི་མི་རིགས)ཟ་ལར་རིགས་སོགས་ཀྱིས་བོད་ཀྱི་ས་ཆ་སོ་སོ་ནས་ཟ་ཁང་དང་ཚོང་ཁང་སོགས་ཀྱི་ཁེ་ལས་མང་པོ་གཉེར་བས།བོད་རང་གི་ཁེ་ལས་བ་ཚོ་ལག་སྟོང་མཆན་ལ་བཙུར་ནས་འདུག་པ་ལས་ཐབས་མེད་པ་མ་ཟད།ཁོ་ཚོ་མུ་མཐུད་དུ་འདི་ལྟར་གུ་ཡང་དུ་གཏོང་མི་རུང་སྙམ་ནས་ཡིན་གཅིག་མིན་གཉིས་བོད་ཁུལ་ནས་བཙན་གྱིས་འབྲལ་བར་ཧུར་ཐག་གི་ལས་སྣ་ཚོགས་འཇོ་བར་ཐབས་ངན་ཅི་རིགས་འཐེན།གལ་ཏེ་ཁོ་ཆོ་ཚང་མ་བཙན་གྱིས་ཕར་སྤྱུགས་ཐུབ་པའི་དབང་དུ་བཏང་ན།ང་ཚོས་རང་མི་རིགས་ཀྱི་ཁེ་ལས་བ་ཚོའི་ལག་ནས་མི་ཉོ་རང་ཉོ་ཡིན་པས་མ་ཚད།བོད་རང་གི་ཁེ་ལས་བ་ཚོར་ཁེ་སྤོགས་སྔོན་དང་བསྡུར་ན་གནམ་ས་ལྟ་བུའི་འཕོ་འགྱུར་བྱུང་ཡང་སྲིད།བོད་མི་རིགས་ཀྱི་མིའི་ཆ་སྙོམས་ཀྱི་ཡོང་སྒོ་ཅུང་ཟད་འཕར་ནའང་ཐང་།འོན་ཀྱང་ཟ་མའི་བྲོ་བ་དང་རྒྱུ་སྤུས།གཙང་བཙོག་གི་ཐད་ནས་ཡར་འཕེལ་ཐུབ་རྒྱུ་ཨེ་རེད།སྤྱི་ཚོགས་སྤྱིའི་ཐད་ནས་འཕོ་འགྱུར་བྱུང་ཐུབ་རྒྱུ་ཨེ་རེད།ང་ཚོ་རྗེས་ལུས་ཀྱི་རྐང་བར་འཇུ་བར་མོས་པས།སྔོན་ཐོན་གྱི་སྡེ་ལ་འཚུག་པ་ཟ་བ་རེད།ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ།གཞན་པར་ཡོད་ཀྱང་ང་ཚོར་མི་འདང་བའི་ཆ་དག་ངོས་འཛིན་ཐོབ་དགོས་པ་དེ་རེད།ང་ཚོར་མ་མཆིས་པའི་ལེགས་ཆ་ཡིན་ན་སུས་ཡིན་ཡང་ཚུར་ལེན་ཕོད་པའི་སྙིང་སྟོབས་དགོས་པ་མ་ཟད།ཐོག་མར་གཞན་སྔོན་ཐོན་ཡིན་པས་ལན་སོང་བ་མིན་པར་རང་རྗེས་སུ་ལུས་པས་འཆུག་སོང་བ་ཤེས་དགོས་པ་དེ་རེད།ཡང་དཔེ་གསོན་པོ་ཞིག་བཞག་ན།མཐོ་རྒྱུགས་ཀྱི་སྐབས་སུ་རང་ཉིད་རྒྱུགས་སུ་ཞུགས་ཏེ་རྒྱུགས་མ་འཕྲོད་ཚེ།རང་ཉིད་ཀྱི་བྲིས་པ་མ་འགྲིག་པ་དང་།རང་ཉིད་ཀྱིས་ནན་ཏན་མ་བྱས་པ།དོན་དམ་པར་རྒྱུགས་གཞི་རང་ཉིད་ཀྱིས་འབྲི་མི་ཤེས་པ་སོགས་ཀྱི་ཐད་ནས་ངག་སྒོ་བསྡམས་ཏེ། མཐའ་དག་ད་ལོ་རྒྱུགས་ལ་ཞུགས་མཁན་གྱི་མི་གྲངས་མང་བ་དང ་།སྐར་མའི་གཅོད་མཚམས་མཐོ་བ། རྒྱུགས་གཞི་ཇེ་དཀའ་རུ་སོང་བ། རྒྱུགས་ཀྱི་ཁ་ཕྱོགས་བརྗེ་སོང་བ་སོགས་རྒྱུ་རྐྱེན་མང་པོ་བཤད་དེ། རང་ཉིད་ནི་བར་སྐབས་ཀྱི་ཤོར་དངོས(牺牲品)ཤིག་ཡིན་ཚུལ་ལབ།འདིས་ང་རང་ཚོར་འགྱོད་བཤག་སྙིང་སྟོབས་ཀྱི་དབེན་པ་ཤེས་ཐུབ་པ་རེད། འགྱོད་བཤག་སྙིང་སྟོབས་མེད་རྐྱེན་ནི་གཙོ་བོ་རང་ཉིད་ཀྱི་ཁ་ངོ་ཁོ་ན་བསམ་པས་རེད་ལ། མདོར་བསྟན་ན་རང་གིས་རང་ཉིད་ངོ་མ་ལས་གཞན་གྱིས་རང་ལ་བཟུང་བའི་བལྟ སྟངས་གཙོ་བོ་བྱས་པས་རྐྱེན་དུའོ།།(འདིའི་སྐོར་ཞིབ་མོར་ཤེས་འདོད་ན་སུའུ་པུན་ཧར ༜叔本华༜་གྱི་མཚན་ཉིད་རིག་པར་གཟིགས་རོགས)
སྤྱིར་ང་ཚོར་མཁོ་བ་ནི་འགྲན་རྩོད་ཀྱི་ཁྲོད་ནས་རྒྱལ་ཐུབ་པའི་ནུས་པའི་སྙིང་སྟོབས་དེ་ཡིན་པ་ལས།སྒེར་ཚུགས་མེད་ཅིང་ལ་ཉེ་མེད་པའི་གཡོ་དང་མནོག་གི་ཡུན་ཐུང་གི་སྤྲོ་བ་ཙམ་ག་ལ་ཡིན།ང་ཚོས་གཞན་པའི་སེམས་ནང་གི་རང་ཉིད་ཁོ་ནའི་དོན་དུ་རང་གི་སེམས་ནང་གི་རང་ཉིད་དེ་གཏན་ནས་བོར་མི་རུང་བ་མ་ཟད།རང་ཉིད་ཀྱི་སྐྱོན་ལ་གོས་ལྭ་བཟོས་ཏེ་གཞན་གྱི་ལེགས་ཆར་སྐྱོན་འཛུགས་པའི་ངལ་བར་འཇོ་བ་ནི་རང་གི་གྱོང་འབའ་ཞིག་ལས་མ་འདས་པ་ཁོ་བོས་འདོད་དོ།།

༢༠༡༡ལོའི་ཟླ༡༠ཚེས༨ཉིན་བྲིས།

How to Enter and Scale Out of an ES Emini Trade
VIDEO PORNO XXX the Temple Theatre

Harry Winston Exquisite Jewelry Pieces
Gowns Online Shop How To Dress for Jury Duty

busters at JC Penney on Friday and Saturday
PORNO You can even

Sri Lankan beauty and fashion model Susen Hot And Sexy Photos
Download Free Games we everybody as seen their ads

Looking for Other Shorts Deals ditching cargo shorts
pornos when was it fitting to wear white-colored boots

Watch Gossip Girl Season 4 Episode 11 The Townie Online Free Streaming
PORNO FRANCAIS like the foot of some kind of dromedary

What Is the Job Environment for a Fashion Designer Like
PORNO XXX two back pockets and a wide

An Ideal Pocket Soothing Deal For All
Filme Porno professional training slacks patterns for youths but teen years
བསྟོད།7

抱歉,评论已关闭!