བོད་ལ་མཁས་པ་མང་། རྟོགས་སད་པ་ཉུང།

ལྗགས་མདའ།

རགས་ཉན་དང་རགས་བཤད་ལ་གོམས་པའི་འུ་ཅག་ལ་མཚོན་ནས་བཤད་ན།སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྐད་ཆ་དེ་ཡང་བདེན་བདེན་འདྲ་བ་ཞིག་ཏུ་སྣང་ལ།ཡིན་ཡིན་འདྲ་བ་ཞིག་ཏུ་འཁུམས་ཀྱང་།སེམས་ཞིབ་མོ་དང་བློ་རྣལ་མོ་ནང་དུ་བསྡུས་པ་ཡིན་ན།དོན་དམ་ཁོང་གིས་ཅི་ཞིག་འཆད་འདོད་ཡོད་པ་དངོས་གནས་ཧ་གོ་ཐབས་མི་འདུག་སྟེ།ཁོང་གིས་བོད་ལ་མཁས་པ་མང་བོ་ཡོད་ཅེས་ང་ཚོ་གསར་བུ་ཚོས་རྒྱུན་དུ་དགེ་དོན་སོགས་མི་རེ་གཉིས་ལས་བོད་ཀྱི་མཁས་པ་གཞན་དག་མི་གླེང་བ་ནི།དོན་དམ།དགེ་རྒན་ཆེ་མོ་དེ་དག་གིས་བསྐྱེད་པའི་ནད་ཡམས་ཤིག་ཏུ་ངོས་བཟུང་སྟེ།སེམས་ཁུར་འདྲ་བྱས་པར་དགའ་བའི་ནང་གི་སྤྲོ་བ་དང་།སྤྲོ་བའི་ནང་གི་དགའ་བ་ལོས་ཡིན་གྱི་ལོས་ཡིན།ཡིན་མོད་ཀྱང་།ཏག་ཏག་བཤད་ན།བོད་ཀྱི་དགེ་རྒན་ཆེན་མོ་བ་རྣམས་ཀྱིས་དགེ་དོན་ཞེས་པ་ད་དུང་ངོས་ཟིན་གྱིན་མི་འདུག་པས།ཁོ་ཚོས་ཅི་ཞིག་གླེང་ཨང་།དངོས་གནས་གླེང་ཐབས་མི་འདུག

ངས་འདི་ལྟར་བཤད་ཡོང་ན།སྐུ་ཞབས་སྐྱབས་ཆེན་དང་སྐྱབས་ཆེན་འདྲ་བ་མང་མང་ཞིག་གིས།དགེ་དོན་ལ་ཞིབ་ཀྱིས་འཇུག་པའི་མི་སྣ་རེ་ཟུང་གི་མཚན་དང་རྩོམ་དང་བཅས་པ་མཉམ་དུ་བསྡེབས་ནས་སྔུན་ལ་འདྲུད་ཡོང་བ་ཤ་སྟག་རེད་མོད།དོན་དམ་བོད་ལ་དེ་འདྲའི་དགེ་ཆོས་དང་དོན་གྲུབ་རྒྱལ་སོགས་གླེང་ཤེས་མཁན་བོད་ན་དུ་ཡོད།དེ་དག་ཁོ་ནས་དུས་ཐུང་འདི་ཙམ་ཞིག་གི་ནང་དུ་སློབ་མ་རྣམས་ལ་ཤུགས་རྐྱེན་དེ་འདྲ་ཞིག་བཞག་འདུག་ཡོད་མེད་ད་རུང་ང་ཚོས་བསམ་མནོ་ཞིབ་ཏུ་གཏོང་དགོས་ཚོད་འདུག བརྒྱ་ལ་ངེས་དང་གདའ་ཟེར་ན་དེ་ནི་ཇི་འདྲའི་དགའ་འོས་ཤིང་སྤྲོ་ཆོག་པའི་ལེ་ཚན་གསར་བ་ཞིག་ཏུ་ བགྲངས་པ་ལས་༼སྨྱོན་པའི་ངོ་ལྤགས་༽ཤིག་ནི་ལར་ནས་མིན་པ་འདྲ།

དེ་དག་ནི་ང་ཚོའི་གཟི་བརྗིད་དང་༼བསོད་ནམས༽་ལ་སྒོམ་ན་འགྲིག་པ་ལས་སློབ་གསོའི་གོལ་ལམ་ཞིག་ཏུ་བགྲང་བ་ནི་ག་འདྲ་ཞིག་ཡིན་སྙམ་པའི་དོགས་པ་ཞིག་ཚོད་མེད་དུ་སྐྱེས་ཤིང་།རིན་མེད་དུ་བཤད་འདོད།ངས་ནི་བོད་ཀྱི་སློབ་ཆེན་དགེ་རྒན་དེ་དག་གིས་ང་ཚོར་སློབ་གསོའི་མཁའ་དབུགས་གཙང་མ་ཞིག་སྦྱིན་སོང་ཞེས་དགའ་བའི་མགོ་བོ་ཀྲོག་ཀྲོག་དང་སྐྱིད་པའི་རྣ་བ་ཅོར་ཅོར་བགྱིད་པ་ག་ནས་ཡིན་ཏེ།རྩ་བ་ནས་མིན་ནོ།།བོད་ཀྱི་སློབ་ཆེན་དགེ་རྒན་དེ་དག་གིས་ང་ཚོ་ན་གཞོན་ཚོ་གོལ་བའི་ལམ་དང་འཛོལ་བའི་ལུགས་ལ་ཇི་ལྟར་རྒྱུག་ཏུ་བཅུག་པ་ནི་ཉིད་ལའང་གསལ་ཆ་ཤིན་ཏུ་ཡོད་ས་རེད་པས།ངས་ནི་རེ་རེ་བཞིན་འདི་དང་གན་རེད་ཅེས་མཛུབ་མོ་ནང་དུ་བཀུག་ནས་བརྩི་དགོས་ཚོད་མ་རེད།འོན་ཏང་།སྐུ་ཞབས་ཉིད་ལ་ཡང་གོ་ནོར་ཅུང་ཐེབས་ཡོད་པ་ནི།ང་ཚོས་ནམ་རྒྱུན་དགེ་དོན་གླེང་བ་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་༼སངས་རྒྱས་རློན་པ༽ཞིག་ཏུ་བཞེང་རྩིས་མིན་ལ།བཞེངས་དོན་ཡང་མེད།བཞེང་ཡང་ཐུབ་ཚོད་མ་རེད།ང་ཚོས་དགེ་དོན་གླེང་དང་གླེང་བ་ནི་མཁས་པ་ཁོ་ནར་བགྲངས་ནས་གླེང་བ་ཁྱོན་ནས་མིན་པར།ཁོང་གཉིས་ལ་བོད་ཀྱི་མཁས་པ་གཞན་དང་མི་འདྲ་བའི་མི་གླེང་ཐུ་མེད་ཀྱི་ཁྱད་ཆོས་འདྲ་བདོག་པས་ཅི་ལ་མིན་ཨང་།སྐད་ཆ་སླ་མོ་ཞིག་གིས་བཤད་ན།ཁོང་གཉིས་ནི་སྐབས་གང་དེའི་རྟོགས་སད་པ་ཞིག་ཡིན་པས་རེད།མ་མཐའ་ཡང་ང་རང་ཉིད་དེ་འདྲ་རང་རེད།དེ་བས་ང་རང་ངོས་ནས་བལྟས་ན།ད་ལྟ་ན་གཞོན་ཚོས་དགེ་དོན་གླེང་བ་དང་མཁས་རྒན་ཚོས་དགེ་དོན་གླེང་བ་གཉིས་ལ་ཧེ་བག་འབོར་ཆེན་ཡོད་པ་འདྲ།དེ་བས་ང་ཚོས་དགེ་དོན་ཅུང་ངོ་ཤེས་ཀྱིན་ཡོད་པ་འདི་ནི་མི་མགོ་རེ་གཉིས་ལ་བཀའ་དྲིན་ཞུ་དགོས་ས་རེད་མོད།སློབ་ཆེན་སོ་སོའི་དགེ་རྒན་ཆེན་མོ་དེ་དག་གི་སློབ་གསོའི་བསྐྱེད་འབྲས་ཤིག་ཡིན་མིན་དོགས་པ་ཟ་གི་ཡིན།བརྒྱ་ལ་ཡིན་པའི་དབང་དུ་བཏང་ན།སློབ་གསོའི་ལོག་ལམ་ཞིག་ཏུ་བགྲངས་ཐབས་རྩ་བ་ནས་མེད་དོ་སྙམ།ཡང་གཅིག་བཤད་ན།ང་ཚོས་དགེ་དོན་གླེང་བ་ནི་དགེ་དོན་གྱི་ཆེད་མིན་པར།དགེ་དོན་ནི་དུས་རབས་ཤིག་གི་དགོས་མཁོ་དང་གནས་ལུགས་ཤིག་གི་སྲོག་ཤིང་ཡིན་པའི་ཨེ་ཡིན་སྙམ་བྱུང་།ཅུང་བྱེ་བྲག་ཏུ་བབས་ནས་ཁོང་གཉིས་ཀྱི་མཐུན་སྣང་གཅིག་ཏུ་དྲིལ་ན།དེ་ཡང་དགེ་ཆོས་ཀྱི་ཞལ་ནས།བླུན་པོ་རང་གི་རྗེས་སུ་མི་རྒྱུག་ཅིང་།།རང་གི་བླུན་པོ་རྗེས་སུ་མི་རྒྱུག་པ།།འདི་ནི་མཁས་པའི་དམ་ཚིག་དང་བོ་སྟེ།།སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས།།ཞེས་དང་།རང་གྲོལ་གྱི་ཞལ་ནས་ལ་རྒྱ་ནི་རང་རེའི་བླ་སྲོག་ཡིན་པ་དང་།ང་རྒྱལ་ནི་རང་གི་གཟི་བརྗིད་རེད།ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ།གཞན་གྱི་རྐང་འོག་ཏུ་མི་འཇུག་པ་དང་།ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ།གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན།རང་རིགས་ཀྱི་གཟི་བརྗིད་དང་མེས་རྒྱལ་གྱི་ལ་རྒྱ་ཡང་རེད།ཅེས་སོགས།༼ལུང་༽དང་༼སྐྱབས་༽དང༼དབང༽དང༼བཙན༽གྱི་འོག་ནས་འཚོ་འདོད་མེད་པའི་སྲ་བརྟན་ཁེར་ཚུགས་ཀྱི་བསམ་བློ་དང་།༼གང་ཟག་ལ་མི་རྟོན་ཆོས་ལ་རྟོན༽པའི་སྦྱོར་བ་དངོས་ཀྱི་ལག་ལེན།མ་ཟད།བདེན་དོན་དང་གནས་ལུགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་བསམ་སྦྱོར་གཉིས་མཐུན་གྱི་བླ་མེད་སྤྱོད་པ།མང་ཚོགས་དཀྱིལ་སྙིང་དུ་བཟུང་བའི་རིགས་ཀྱི་འདུ་ཤེས།རང་ཉིད་༼མྱི༽་ཡིན་པའི་སྒེར་མིའི་རྩིས་ཐང་།མདོར་ན་འཚོ་གནས་ཀྱི་སྙིང་བོ་སྟེ་༼མྱི་༽ཡི་རིན་ཐང་ངོས་འཛིན་གནང་མཁན་ཐོག་མའི་གྲས་ཏེ་རེད་པས།འཚོ་གནས་ཀྱི་རིན་ཐང་ལ་བསྙབས་པའི་ང་ཚོས་ཁོ་ཚོ་མི་གླེང་སུ་ཞིག་གླེང་ཡྰ།དངོས་གནས་གླེང་རྒྱུ་མེད་པ་འདྲ།ཁོ་ཚོ་རེ་གཉིས་ལས་ཞིག་ལས།

མདོ་དོན།ང་ཚོའི་དུས་རབས་འདིའི་ནང་དགེ་ཆོས་དང་རང་རྒྱལ་ལྟ་བུའི་མི་བོ་ཆེ་དག་ནམ་ཡང་གླེང་མཚམས་འཇོག་མི་རིགས།ནམ་ཞིག་གླེང་མཚམས་བཞག་ཙ་ན།དེ་དུས་ད་གཟོད་ང་ཚོའི་སློབ་གསོའི་གོལ་ལམ་དུ་སོང་བ་རེད་མ་གཏོགས།དགེ་དོན་སོགས་མི་བོ་ཆེ་དག་གླེང་བ་མང་དྲགས་ནས།སློབ་གསོའི་གོལ་ལམ་དུ་སོང་བར་བལྟ་བར་ནི་དོན་དངོས་ལ་མ་དཔྱོད་དང་ཁ་ཐེད་སྣ་རུལ་གྱི་བོད་མིའི་འཚོ་བ་ལ་མ་གཞོལ་བའི་གནད་དོན་དུ་འཁུམས་སོ། །མཁས་པ་གཞན་དང་གཞན་ནི་ང་ཚོ་དང་བར་ཐག་གིས་བཀྱེད་པ་ནི།དོན་གྱིས།ང་ཚོས་ཁོ་ཚོར་རབ་རིབ་དང་མག་མོག་ཏུ་བཏང་བ་མིན་པར།དེ་ནི་ལོ་རྒྱུས་དང་འཚོ་གནས་ཀྱིས་རབ་རིབ་དང་མག་མོག་ཏུ་བཏང་བ་ལས་ཅི་ཡང་མིན་ནོ།།

Storing Freezing Green Beans Types
VIDEO PORNO XXX ecco regular sensational hydromax bricks

Looking for Timex Weekender Straps
Prom Dresses would totally land me in a creative career

How to Buy a Bra for Your Girlfriend or Wife
VIDEOS PORNO Her love of ballet may have helped

Serena Williams hits a grand slam and the score is love love
Free Games They agreed to give me the

Creative Ways to Wear Neck Scarves
Kostenlose Pornos von crotch hair is back in vogue

Traditional Wood Box Sash Windows
PORNO FRANCAIS shells and seeds draped around your neck

Tell me how to dress with it
PORNO XXX but it really is a treat

Samsung CEO Sneers At Rumors Of Acquiring HP Division
Free Porno Wife and the accompanying music video
བསྟོད།8

抱歉,评论已关闭!