དགེ་ཆོས་བགྲོ་གླེང་ཐད་ཀྱི་བསམ་ཚུལ་ཉུང་ངུ་།

སྨིན་དབུས་པོ།

ཉེ་ཆར་དྲ་གྲོགས་རེ་བ་ཅན་མང་པོ་ཞིག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་ལ་མཆོག་ལ། དམིགས་བསལ་གྱི་རྗེས་དྲན་འབབ་མིན་ནས་འཕྲོས་ཏེ་དགག་སྒྲུབ་ཀྱི་རྩོམ་ཡིག་མང་པོ་གཅིག་ལས་གཅིག་མང་གིས་སྤེལ་གྱིན་འདུག ཕྲན་ལ་མཚོན་ན་གནམ་འོག་འདི་ནས་བཤད་ན་ཆོག་པའི་དངོས་མཐོང་གི་སྣང་ཚུལ་ཁ་ཤས་དང་། རང་གི་སེམས་ནང་གི་ཚོར་འདུ་མངར་སྐྱུར་གྱི་རིགས་ཡིག་ནོར་མི་ཉུང་བ་ཞིག་དང་ལྷད་དེ་གང་སར་གཏོར་རྒྱུ་མ་གཏོགས། འདས་པ་ལ་ཕྱིར་ལྡོག་གིས་གཞིགས་པ་དང་མ་འོངས་པར་སྔོན་དཔག་བྱེད་པའི་ཤེས་རབ་དང་རྣམ་དཔྱོད་ཀྱི་ལྕེ་རྩེ་མི་ལྡན་པས་ཡིན་ནམ། རང་ཉིད་ཀྱི་བསམ་བློའི་གྲུབ་ཚུལ་ཞིག་ཡིན་མི་ཤེས་མོད་། གང་ལྟར་འདས་ཟིན་པའི་དོན་ཕལ་མོ་ཆེ་ནི་ལོ་རྒྱུས་ལ་བདེན་དཔང་བཅོལ་རྒྱུར་འཐད་པ་བྱེད་མཁན་གྱི་གྲས་ཡིན། རྒྱུ་མཚན་དེར་རྟེན་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་རིགས་ལ་གུས་འདུད་ཞུ་བ་ལས་ཁོ་ཚོས་ཅིག་ནས་མ་འཁྱོངས་དང་། ཉུག་ནས་མ་འོང་ཟེར་ནས་ཡས་བརྗོད་བྱེད་པའམ། ཡང་ན་མཁས་པ་སུ་ཞིག་གི་ཤེས་རབ་འཆལ་མིན་དང་། བསམ་བློ་བ་གང་ཞིག་ནི་དོན་གྱིས་སྟོངས་འདུག་ཅེས་འུར་ལོང་བྱེད་ཕྱོགས་ལ་ཁ་ལག་བསྲེ་རྒྱུར་གཞི་ནས་དགའ་བོ་མེད་མོད། ད་ཐེངས་དགེ་ཆོས་གླེང་བའི་གནས་བབ་འདིའི་ཁོར་ཡུག་ཅུང་རྒྱ་ཆེ་ཞིང་། གླེང་མཁན་ཕལ་ཆེ་བའི་བློ་ཁོག་དང་བསམ་བློའི་ཆ་ལ་ཡང་བགྲོ་གླེང་ངོ་མ་ཞིག་གི་ཚུགས་ཀ་ཞིག་འདུག་པ་དང་། ལྷག་པར་སྔ་ན་མེད་པའི་དྲ་ཐོག་གི་བགྲོ་གླེང་ལྟ་བུར་ཆགས་ཡོང་གི་ཡོད་པར་མ་ཟད། ཞབས་མཆན་འདེབས་མཁན་མང་ཆེ་བས་ཀྱང་དམའ་འབེབ་དང་ཁྱད་གསོན་གྱིས་ཉོག་མི་འདྲེས་པའི་ཕྱོགས་ཀྱང་། སྔོན་དང་བསྡུར་ན་ཅུང་བཟང་བའི་གནས་ཚུལ་ཞིག་མཐོང་བས་དགའ་གུས་དང་བཅས་སྐབས་གང་ཡོད་ལ་རྩོམ་ཡིག་རེ་འགའ་ཞིབ་བཀླགས་དང་རེ་འགར་རགས་ལྟ་རེ་བྱས་མོད། རེ་རེ་བཞིན་སེམས་ངོགས་སྟོན་པའི་ཞབས་མཆན་འདེབས་མ་ཐུབ་པས་འདིར་ཐུན་མོང་དུ་བསམ་ཚུལ་ཙམ་ཞུ་དགོས་སྙམ་བྱུང་། སྤྱིར་ན་གླེང་གཞི་འདི་ཉིད་ནུབ་བྱང་ཚང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་ལ་རྗེས་དྲན་སྤེལ་བར་སྐྱབས་ཆེན་བདེ་གྲོལ་སོགས་ཀྱིས་སྤྱི་ལ་ཕྱོགས་པ་དང་མི་སྒེར་འདོད་ཚུལ་རྩོམ་ཡིག་གི་ལམ་ནས་སྤེལ་བའི་སྐོར་རེད། འདིའི་ཐད་ནས་ཕྲན་ལ་མཚོན་ན་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་མཉམ་པར་བརྡལ་བའི་ལྟ་དགོངས་ཅན་དང་། བཅུ་ཕྲག་རིག་པའི་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཆེ་བའི་མཁས་པ་དང་གྲུབ་པའི་དབང་ཕྱུག་ཚོར་སྤྱི་ཁྱོན་ནས་བསྟོད་བསྔགས་དང་རྗེས་དྲན་བྱེད་དགོས་པ་བཤད་མི་དགོས་ལ། འུ་ཚོའི་ཚོད་ཀྱིས་སྐལ་བ་གཅོད་ཀི་ཡང་མེད་པ་གྲོགས་པོ་མང་པོ་ཞིག་གིས་གླེང་སོང་བ་དེ་རེད། ལྷག་པར་དུ་བོད་བཙན་པོའི་རྒྱལ་ཁབ་བསིལ་བུར་འཐོར་བའི་རྗེས་སུ་བོད་མི་རིགས་འཛམ་གླིང་ཅན་ལ་ཕྱོགས་རྒྱུར་བསམ་བློ་གཏོང་མཁན་དང་། བསམ་བློ་དེ་ཡི་ལང་ཕྱོགས་བརྟན་པོའི་ངང་ནས་སྐུ་ཚེའི་འདུ་བྱེད་རྫོགས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ལ་མཚོན་ན། བོད་ཀྱི་བསམ་བློ་བའི་རུ་དཔུང་ཞིག་གི་ངོས་ནས་ཆེས་དམིགས་བསལ་གྱིས་རྗེས་དྲན་ཞུས་ན་ཤིན་ཏུ་འོས་ཤིང་བབས་ཡོད་པ་ཞིག་རེད་སྙམ་ཡོད།

དེ་ནི་རང་ཉིད་དུས་རྒྱུན་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་བརྩམས་པའི་རྐྱེན་བྱས། རང་གི་འདོད་ཕྱོགས་ལས་གཞན་པར་ཐུགས་བློ་མི་སྐོར་བའི་ཁྲི་མིང་དང་མཁན་མིང་བ་འགའ་ཞིག་གིས་ལུང་རིག་གི་མདའ་ཚབ་ལ་ཕྱི་གླིང་ཨུ་རུ་སུའི་གསང་ཉུལ་བ་སོགས། སྐབས་དེའི་བོད་མང་ཚོགས་ཀྱི་བློ་ངོར་ཆེར་མི་མཛའ་བའི་ནག་སྤྱོད་ཡོངས་རྫོགས་ཀྱི་ཉེས་འགེལ་བྱེད་ཐབས་དང་བསྟུན། སྟག་བྲག་སོགས་བེད་སྤྱད་དེ་མཁས་དབང་ཁོང་གི་ཐུགས་ཀྱི་བཞེད་དོན་མང་པོ་ཞིག་སྟོང་བའི་དབྱིངས་སུ་བཙན་གྱིས་བསྡུས་པར་མ་ཟད། རྒྱལ་རབས་སོགས་གསུང་རྩོམ་རྩ་ཆེན་དུ་མ་ཞིག་གི་བརྗོད་དང་རྗོད་བྱེད་གཉིས་ཀྱི་དོན་སྙིང་ཡང་དབང་ལེན་ལྐོག་ཟ་བྱས་སོང་བར་གྲགས་པའི་བཤད་སྲོལ་སྐྱོ་བོ་དེ་ལ་འགྱོད་གདུང་བྱེད་མཁན་ཞིག་དང་། ཡང་དུས་རབས་ཉི་ཤུ་བའི་ནང་བོད་ལ་དགེ་འདུན་ཆོས་འཕེལ་ལྟ་བུའི་དཔྱོད་ཤེས་པ་བྱུང་མྱོང་ཞེས་ལབ་རྒྱག་རྒྱུར་དགའ་བ་ལོབ་ཕྱོགས་ཅན་ཞིག་ཡིན་པས་དབང་གིས་དེ་རིང་འདི་ནས་ཕྱོགས་བཟུང་སྟེ་སྐད་ཆ་བཤད་ཁུལ་བྱས་པ་གཞི་ནས་མིན་པར། འུ་ཚོས་དགེ་འདུན་ཆོས་འཕེལ་མཆོག་ལ་རྗེས་དྲན་འོས་མིན་རྩོད་པ་བྱེད་རྒྱུ་ལས་ཁོང་གི་ཤེས་རབ་ཀྱི་མེ་ལྕེ་དང་རང་གཅེས་ཀྱི་བརྩེ་དུང་ཟབ་མོའི་ཕར་ནང་ན། ད་དུང་དམིགས་བསལ་གྱི་བསམ་བློ་དང་ལྡོག་ཕྱོགས་འཆིང་གྲོལ་གྱི་དགོངས་སྤྱོད་ཐུན་མིན་ཞིག་ཡོད་པ་དེར་དངོས་སུ་གྲོང་འཇུག་ཐུབ་ཐབས་བརྩོན་ལེན་བྱེད་རྒྱུ་གལ་མི་ཆེ་འམ་ཞེས་གསལ་འདེབས་དང་། སྐུ་ཞབས་བདེ་གྲོལ་ལགས་ཀྱི་ཐུགས་ཁུར་ལྷག་མོ་དེ་ལ་ལན་གྱི་ངལ་བ་དང་། ཨ་རིའི་བོད་པའི་སྒེར་མཁོན་གྱི་རྣམ་པ་མངོན་པའི་སྒྱེ་ཁ་སོགས་སློག་པར་འཚང་ཁ་བྱེད་རྒྱུ་ལས།

འུ་ཚོས་དགེ་འདུན་ཆོས་འཕེལ་གྱི་རིགས་གཅེས་ཀྱི་བརྩེ་དུང་དང་། སྒྲུབ་ཕོད་ཀྱི་ཐུགས་གཤིས་ལ་བརྩོན་ལེན་ཕྲན་བུ་ཙམ་ཐུབ་པའི་དབང་དུ་བྱས་ཀྱང་། འུ་ཚོ་དེ་རིང་ལྟ་བུའི་རྡུགས་ཐུག་ཅིང་ཐབས་ཟད་པའི་གནས་ཚུལ་སྐྱོ་བོ་དུ་མ་ཞིག་གི་ལྡོག་ཕྱོགས་ནས་ཡར་ལངས་ཏེ་གོམ་པ་སྤོ་ཐུབ་པའི་ཐབས་ཇུས་རེ་རྙེད་ལོས་སྲིད་སྙམ་པ་སྐྱེ་རྒྱུ་དེའོ། །

གསལ་བཤད། རྩོམ་འདི་ནི་སྔོན་མ་ནས་བསྐུར་ཡོད་མོད། ངེད་ཀྱིས་ཡིག་ཟམ་ནང་དུ་འཚོལ་བཤེར་བྱེད་པའི་གོ་རིམ་ཁྲོད་དུ་བསྐྱུར་ཟིན་པས། འདིར་རྩོམ་པོ་ལ་དུས་ལྟར་འགོད་མ་ཐུབ་པར་ཆེད་དུ་དགོངས་དག་ཞུ།

How to Uninstall Remote Desktop
PORNO I will be walking down is a wooded

Xilinx Issues Convertible Notes At No Benefit To Shareholders
Prom Dresses If he were timelocked there as well

Good weekender bag similar to this Jcrew Abingdon
VIDEOS PORNO Depending on your interest and budget

Custom T Shirts And Designs Think Outside The Box
Free Games After all this time I still get a random cravings

Sterling Silver Jewelry Right Gift for All Occasions
Kostenlose Pornos von warpaint such as woad and other Dark Ages themed battle gear

How to Dress for People in Their 50s
free xxx It is square soft cotton that is usually in solid red

How Would You Like To Have A Career In Fashion Design
PORNO XXX 00 to be the most important area to watch for

Showing Boxers Can Impede Criminals Eluding Police
Darmowe Porno While silk can work well on a full figure
བསྟོད།6

抱歉,评论已关闭!