བསྟན་བདག་འགའི་སྤྱི་ཚོགས་ཟ་སྟངས་གཞན་ཞིག

འོད་འཛིན།

“མྱི”རུ་སྐད་པ་དག་སྐྱེས་ཤིང་བཙས་དུས་ནས་རྐང་འགྲོ་ལག་གཤིབ་ཀྱི་ཚུལ་དུ་ཆས་པའི“མི་ཚེའི་རིན་ཐང”དེ། མི་རིགས་རེ་རེ་དང༌། མི་སྒེར་རེ་རེར་གང་ལ་གང་འགྲིག་ཅིག་ཡོད་སྲིད་ལ་ཡོད་ཀྱང་འོས། དེ་ལས་འུ་ཚོའི་མི་རིགས་འདི་ལ་གནས་པའི་བསྐལ་བ་ཡ་ཐོག་གི་དུས་དེ་ནས་བཟུང་སྟེ་དུས་རབས་ཀྱི་བུ་མོ་ལོ་ན་ཉི་ཤུ་ལ་སོན་པའི་ཚེ“མི་ཚེའི་རིན་ཐང”འཇལ་བྱེད་ཀྱི་རྒྱ་མའི་ཆས་འཁོར་གཅིག་ཀྱང་མ་ལུས་པར་ཚང་ཡོད་པའི་དབང་དུ་བཏང་ཡང༌། གོམ་པ་རེ་རེ་ངལ་གྱིས་བཙུགས་ཏེ་རེ་ཞིང་སྙེག་པའི་དུས་རབས་ཉེར་གཅིག་ལ་ཕྱེད་ཀ་ཞིག་གིས་མ་སྙོབ་པའི་ཚད་དེ་རུ། ང་ཚོའི་རྒས་ཤིང་འཁོགས་ལ་བསོགས་ཤིང་ཉར་བའི་བཅལ་ཟིན་པའི“མི་ཚེའི་རིན་ཐང”སྡོམ་ཐོར་འགོད་བྱེད་ཀྱི་ལག་ཆ་དེ་ཕྱིའི་རྐྱེན་ཞིག་ལ་བརྟེན་ནས་རྨང་མེད་དམ་ཤུལ་མེད་དུ་བཟོ་དགོས་པའི་སྔོན་འགྲོ་བྲིས།
གནས་བབ་དེའི་འོག་ནས་མར་མར་ཨོང་ཤུད་འཐེན་ཏེ་འོངས་པའི་ང་ཚོའི་མི་རིགས་འདིའི“མི་ཚེའི་རིན་ཐང”སྐྱ་ཟད་སྔོ་རྡུགས་སུ་གྱུར་དང་འགྱུར་བཞིན་པའི་སྒང༌། བསམས་མ་མྱོང་ལ་འཆར་མ་མྱོང་ཞིང༌། ཐ་ན་རྨི་ལམ་དུའང་རྨིས་མ་མྱོང་བའི་ནང་གི་ནད་རྐྱེན་ཞིག་གིས་ང་ཚོའི“མི་ཚེའི་རིན་ཐང”དེ་ཧམ་ཟ་ཧམ་འཐུང་བྱེད་པའི་དུས་ཤིག་ཀྱང་ཤར་ཏེ་ཐོན་སོང་ངོ༌། །
དེ་ཡང་གཏམ་རྒྱུད་ཐུང་ངུ་ཞིག་གིས་སྣ་དྲངས་ཏེ་བཤད་ན། འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་སུམ་སྟོང་ལ་ཉེ་བའི་དུས། རྒྱ་ནག་ཧན་རྒྱལ་རབས་སུ་གྲགས་པ་ཞིག་གི་སྐབས
“མི་ཚེའི་རིན་ཐང”དང༌། ཆབ་སྲིད་དཔལ་འབྱོར་གྱིས། དྲག་པོའི་དམག་ཤུགས་ལ་བརྟེན་ཅིང་ཁེན་ཏེ་འཛམ་གླིང་གི་ཡ་ཐོད་དུ་གོམ་པ་སྤོ་ནའང་སྤོ་ཆོག་ཆོག་ཡིན་པའི་མཚམས་སུ། “མི་ཚེའི་རིན་ཐང”དང་ཆབ་དཔལ་གྱི་རྒྱགས་ཕྱེ་སྣུམ་པོས་འདོད་བློ་མ་ཚིམ་སྟེ་མཐོ་ཁྲི་ཐོག་ཏུ་འགྱིང་བའི་རྒྱལ་པོའི་མགོ་ལའང་ཐལ་ལྕག་གིས་གཞུ་ན་སྤོབས་པའི་རྒྱལ་ཇག་ཏུང་ཀྲའོ་འབོད་པ་ཞིག་སྐྱེས། དེས་ཁོང་ཉིད་ཡར་ལ་ལོགས་སུ་བཀྲབས་ཏེ། གོང་ནས་གོང་དུ་འཕེལ་བཞིན་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་མི་རེ་རེའི“མི་ཚེའི་རིན་ཐང”ཡོད་ཡོད་པོ་གཟེབ་དྲྭ་རུ་བཀག་བསྐྱིལ་ཏུ་བླངས་ཤིང་ཁ་ཡང་རང་དགར་དུ་གྲག་ན་མགོ་སྐེ་བྲེག་འགྲོ་བའི་བབས་སུ་གཡུགས།
ཁོ་བོས་མིག་གིས་རིག་ཚད་དང་རྣ་བས་ཐོས་ཚད། ལག་པས་སྙོབ་ཚད་དང་རྐང་བས་ཆོད་ཚད་ཀྱི་ཁ་འོག་ཏུ་འདུ་བའི་མི་རྣམས་ལ། རང་དབང་དང་ཐོབ་ཐང་གི་ཟ་མ་ག་ལ་གནང༌། ཐ་ན་བཤང་འདོར་དགོས་ནའང་གནང་བ་སློང་དགོས་པའི་བཀའ་ཆེན་རེ་རེར་བཀྱགས།
དུས་དེ་ནས་བཟུང༌། སྲེད་ཞེན་ཇེ་ཆེ་ནས་ཇེ་ཆེ་རུ་ཕྱིན་ལ། གདུག་རྩུབ་ཇེ་བཙན་ནས་ཇེ་བཙན་དུ་སླེབས་ཏེ། སྐྱི་འབག་ཅུང་བྱད་པའི་སྐྱེས་མ་དག་ཁྱོ་ཀ་ཡོད་མེད་དང་ལོ་ཆེ་ཆུང་ལྟོས་མེད་དུ་བཞག་ནས་ཡོད་ཚད་ཁོ་བོའི་ཁབ་ཏུ་འཕྲོག་ཅིང༌། རྒྱལ་ཁབ་གཞན་དང་ཡུལ་གྲུ་གཞན་དག་ཀྱང་མངའ་འོག་ཏུ་ལོན་དགོས་པའི་སྲེད་པ་འབར་ཏེ། ཁོ་བོའི་འབངས་སུ་གཏོགས་པའི་དུད་ཚང་ཡོད་ཚད་ཀྱི་ཆུང་བ་ལོ་བདུན་ཡན་ཆོད་ཀྱི་སྐྱེས་ཕོར་བརྩི་བརྩི་བ་དག་དམག་གྲལ་དུ་བཙན་གྱིས་དེད་ནས“མྱི་འཕྲོག་རིག་པ”དབུ་བརྙེས་སུ་བཅུག
མཐར་སྡིག་ལས་ཉོན་ལས་ཀྱིས་མཚན་སྙན་ཡོངས་ལ་ཁྱབ་པའི་གཏུམ་སྤྱོད་པ་ཏུང་ཀྲའོ་ཟེར་བ་དེ། ཁོ་བོའི་བུ་ཆེན་པོས་གོ་རྟོགས་དོབ་ལས་སད་དེ། གཅུན་ཞིང་སྡོམ་པའི་གཟེབ་དྲྭ་རུ་ར་ལུག་བཞིན་བཙུད་པའི་ཧན་མི་རིགས་དག་གི་སྡུག་བསྔལ་དངོས་སུ་མཐོང་སྟེ་སྡོད་མ་ཚུགས་པར“ཕ་ཡབ་ཡིན་ཀྱང་རྒྱལ་ཇག་ཡིན་པས་འོས་སོ”ཟེར་བཞིན་མདུང་གིས་བསྣུན་ནས་བཀྲོངས་སོང་ངོ༌། །
ང་ཚོས། དེ་ལྟ་བུའི་སྒེར་གཅོད་པ་ཆེན་མོ་དང༌། འཇིགས་སྐུལ་པ་དྲག་མོ་དེས་བསྒྲུབས་བསྒྲུབས་ཚད་དང་ལས་ལས་ཚད་པོ་འདས་བྱུང་གི་གཏམ་རྒྱུད་ཅིག་ལས་ཟད་དེ།“སླར་ཡང་འབྱུང་མི་སྲིད་དོ”སྙམ་ནས་འདུག་ཅིང༌། གཏམ་རྒྱུད་ནི་གཟོད་འགོ་བཟུང་མ་ཐག་ཡིན་པས། ཏུང་ཀྲའོས་བྲིས་པའི་གཏམ་རྒྱུད་དེའི་གཏིང་ནས་སློག་ན། ངག་འདར་འདར་དང་ཉྭ་ལྷེམ་ལྷེམ་ངང་བདག་གིས་སྙུག་ཤོག་ཅིག་མི་སྐྱོད་རང་སྐྱོད་དུ་འཁུམས་སོ། །
སྤྱིར་གོང་གི་གཏམ་རྒྱུད་དེ་ཆབ་སྲིད་རྐྱང་བ་ཞིག་ལས་བསླངས་ཤིང༌། འདིར་བརྗོད་རྒྱུ་ནི་བསྟན་བདག་ཏུ་འབོད་པ་རེ་འགས་ཁ་ཆོས་ལུགས་ལ་གཡར་ནས་སྙད་ཆོས་ལུགས་ལ་བཀལ་ཏེ་ཁོང་སྒེར་གྱི་མཚན་སྙན་དང་དཔལ་འབྱོར་གྱི་ཆེད་དུ་དམིགས་པའི་ཆབ་སྲིད་ཀྱི་བྱེད་སྒོ་ཞིག་ལས་མ་འདས་སོ། །
གྲྭ་པའི་སྤུས་ཚད་མི་གཙོ་གྲངས་ཀ་གཙོ་བོར་འཛིན་པའི་རྒྱ་བླ་དབང་ཆེན་རྒྱུ་ཆེན་འགས། ཡིག་འབྲུ་གཡག་སྒ་ཙམ་རེ་སྟོན་ནའང་མི་ཤེས་པའི་རྨོངས་ཕྲུག་ཚོར་གཟན་ཤམ་རེ་སྐོན་ཐུབ་སོང་ན་འཕྲིན་ལས་སུ་རློམ་པའི་གྲྭ་རྒན་འགས། རང་གི་སྡེ་འབངས་སུ་མངའ་བའི་དུད་ཚང་གི་སྒོ་ཁྱིམ་རེ་རེར་ཕྱི་སློག་ནང་སློག་ཅིག་བྱས་ཏེ། ལོ་ན་ཅུང་སོན་ཡོད་པའི་བྱིས་པ་རྣམས་སྨོས་མ་དགོས་ལ། ཐ་ན་མངལ་དུ་ཡོད་པའི་བྱིས་པ་དག་ཀྱང་ཕོ་ཞིག་ཡིན་ཚེ་སྒོར་གྱིས་ཉོ་ཐུབ་ན་སྒོར་གྱིས་ཉོས། སྒོར་གྱིས་མ་ཁུག་ན་ལྷ་དཔའ་བོ་ཆོས་སྐྱོང་གིས་འཇིགས་ཤིང་སྐུལ་ནས་བཙན་གྱིས་འཕྲོག་པའི་ནད་ཡམས་ཤིག་སྤེལ་གྱིན་འདུག
མ་གཞིར། ཁོང་ཚོས་བསྟན་པ་དང་སེམས་ཅན་ལ་གཅེས་པའི་མི་གཞི་ཚུལ་ལྡན་ཞིག་བཅའ་བར་འདང་སྤུ་རྩེ་ཙམ་ཡང་མི་གཏོང་བར། ཡོད་ཚད་རང་གི་བྲན་དུ་ལོན་སོང་ན་སྙམ་པའི་འདུ་ཤེས་ཀྱི་ཁྱོར་བ་བཟེད་བཞིན། སྒོར་གྱིས་མི་ཁུག་པ་ཞིག་དང་བཙན་གྱིས་མི་ནོན་པ་ཞིག་གཞི་མ་གྲུབ་པར་འདོད་ནས། ལག་པས་རེག་མ་བྲ་ཞིང་གདན་ལས་སྒུལ་མ་མྱོང་བའི་ལྗང་མྱུག་ལྟ་བུའི་ན་ཆུང་བྱིས་པ་མང་པོའི་ཅོ་ཏོར་གསིག་འཐེན་རེ་བྱས་ཏེ།“མི་ཚེའི་རིན་ཐང”དེ་ལྕི་བ་ཞིག་གི་ཡང་ལྗིད་ལས་མི་བརྒལ་བའི་ཚད་དུ་གཡུག་གིན་པ་ཉུང་ཉུང་ཞིག་གིས་ག་ལ་ལོངས།
གལ་ཏེ། ཁོང་ཚོས་བྱིས་པ་དེ་དག་གི་འཚོ་ཚིས་ཡོད་ཚད་རང་འགན་དུ་བླངས་ཏེ། སོ་སོའི་རང་དབང་དང་ཐོབ་ཐང་གི་སྒོ་ནས་སློབ་གསོའི་རིམ་པ་བརྒྱུད་དུ་བཅུག་ནས་མདུན་དུ་ནུར་དགོས་པའི“མི་ཚེའི་རིན་ཐང”ལ་ཁ་སྣོན་རྒྱག་པར་རམ་འདེགས་བྱེད་པའི་སེམས་བྱུང་གིས་ཀུན་ནས་བསླངས་པ་ཡིན་ན། བྱིས་པ་དེ་དག་ཁྱིམ་མི་ཚོས་མི་འདོད་བཞིན་དུ་བཙན་གྱིས་འཕྲོག་འོངས་པ་ཏག་ཏག་ཡིན་ནའང༌། སྤྱིར་བྱེད་སྟངས་དེ་མི་ཚོའི་མིག་ལམ་དུ་གཟན་ནའང༌། ང་ཚོས་མགོ་བོ་ནང་དུ་དུད་དེ་མཐེ་བོང་གྱེན་དུ་བསྒྲེངས་ནས་ཞལ་དྲོ་ཞུ་བ་ལས་གཞན་གང་ཡང་བཤད་རྒྱུ་མེད།
འོན་ཀྱང༌། རིག་གསར་སྐབས་ཀྱི“བྲན་གཡོག་ལམ་ལུགས”ཇི་བཞིན། གོང་དུ་གཏམ་པའི“མྱི་འཕྲོག་རིག་པ”དེ་ལྟར། རང་སྒེར་གྱི་ཁ་ཕོར་ནང་དུ་མར་ཁུ་རེ་ཨེ་འཁྱིལ་གྱི་འདུན་པས་དེད་དེ། མི་ཕོ་སྣབས་ལུག་དག་གྲྭ་ཆས་ཀྱིས་བརྒྱན་ནས་ཤོམ་ར་བྱེད་སྤྱད་དུ་ཁྱེར་ན། བྱིས་པ་དེ་དག་ཀྱང་དབང་དང་རྒྱུ་མེད་པ་ལས་མི་ནི་མི་ཡིན་པས་སོ་སོར་འཚམ་པའི་རིན་ཐང་རེ་རེ་ཡོད་སྲིད་པ་རྒྱུ་མཚན་དུ་གྱེར་ཏེ། སྒོར་མོ་ཇི་ལྟར་བྱིན་ནས་ཉོས་ཀྱང་ཆོག ལྷ་དཔའ་བོ་ཆོས་སྐྱོང་ཇི་ལྟར་བསྔོས་ནས་འཕྲོག་ཀྱང་བླ། ཁྱོད་ཀྱིས་མི་ངོ་བསླུ་སྤྱད་དང་ཤོག་སྒོར་བྲིད་སྤྱད་ཀྱི་ཚོང་རྫས་ལར་ནས་མིན་ལ། ཁྱོད་ཀྱི་གྲགས་པ་རྒྱས་སྤྱད་དང་གཟི་བརྗིད་འབར་སྤྱད་ཀྱི་མེ་ཆ་རྐང་ནས་མིན་པའི་གཏན་ཚིགས་དེ་མཁྱེན་པར་གྱིས་ཤིག་ཨང༌།
བློ་གཟུ་བོའི་ལམ་ནས་གསོང་གཏམ་ཞིག་སྨྲ་ན། གོང་གི་རྒྱལ་ཇག་ཏུ་འབོད་པའི་ཏུང་ཀྲའོ་ནི་ཆོས་སྐད་རྣ་བས་མ་ཚོར་པའི་མཐའ་མི་རྣལ་མ་ཞིག་ཡིན་པས། རང་ཁོ་ནའི་ཆེད་དུ“མི་ཚེའི་རིན་ཐང”བརླགས་ཤིང“མྱི་འཕྲོག་རིག་པ”རྒྱས་པར་བསྐུལ་ཏེ་བྱས་ཉེས་ཀྱི་རྒྱ་མཚོ་དཀྲུགས་ནའང༌། རང་ཉིད་རང་གིས་སངས་རྒྱས་གསོན་པོ་ཞིག་ཡིན་ཟེར་མཁན་གྱི་བསྟན་བདག་དེ་དག་དང་བསྡུར་ན་ཁག་རྩད་ནས་མེད་པར་སྙམ། ཏུང་ཀྲའོ་ཡི་དུས་སྐབས་དེར་དམངས་མི་གཙོ་སྒེར་གཙོ་བའི་རྒྱལ་བློན་མི་ཉུང་བ་ཞིག་གིས་དེ་འདྲའི་རྩུབ་སྤྱོད་ལ་བརྟེན་ཏེ་འཚོ་བ་དང་སྲིད་ལུགས་བསྐྱངས་པ་ས་སྒང་སྟེང་རྒྱུན་ལྡན་ཞིག་ཡིན་པས། ཏུང་ཀྲའོ་ཡིས་ཉེས་པ་རི་ལྟར་སྤུངས་ཀྱང་ཡུལ་དུས་ཀྱི་དབང་གིས་ཆོས་ཉིད་ཅིག་རེད་ཟེར་ནའང་མི་ཆོག་རྒྱུ་མེད་པར་སྣང༌། དེས་ན་ཏུང་ཀྲའོ་ཡིས“མྱི་འཕྲོག་རིག་པ”མཐའ་དག་བཙན་འཕྲོག་རྐྱང་བ་ཡིན་པ་དང་བསྟན་བདག་དེ་དག་གིས“མྱི་འཕྲོག་རིག་པར”འབོད་ཀྱང་ཁ་ཤས་སྒོར་གྱིས་ཉོས་སོང་བས་རྣམ་པའི་ཆར་མི་འགྲིག་ཀྱང་དེ་ཡང་ཡུལ་དུས་ཀྱི་ཆོས་ཉིད་ཅིག་རེད་སྨྲ་ནའང་སྨྲ་བར་སྤོབས།
སྤྱིར་ཉེས་པ་ནི་ཉེས་པ་ཡིན་པས་ཡུལ་དང་དུས་ཀྱི་ཆོས་ཉིད་ལ་བསྟུན་པར་མི་རིགས་སྙམ་ནའང༌། དེ་ནི་སྲིད་པ་ཞིག་ཀྱང་ཡིན་ལ་བདེན་དོན་ཞིག་ཀྱང་ཡིན། ངས་ཀྱང་ཏུང་ཀྲའོ་ཡིས་བསོགས་པའི་ནག་ཉེས་དེ། ཏུང་ཀྲའོ་གསོན་བཞིན་པའི་དུས་དེར་བསྟུན་ན་ཆོས་ཉིད་ཙམ་དུ་འགྲོ་ཤས་ཆེ་གི་ཟེར་བ་ལས་ཉེས་པ་མེད་ཟེར་བ་དྲུངས་ནས་མིན། རྒྱུ་མཚན། ཏུང་ཀྲའོ་ནི་ཐུབ་ཆོས་དང་འབྲེལ་བ་མེད་པས་བསྟན་བདག་དེ་དག་དང་ཡེ་མི་འདྲ། དཔེར་ན། ཆོས་པ་ཞིག་དང་སྲིད་པ་ཞིག་གིས་གཡག་ཅིག་བཤས་པའི་ལས་འདྲ་འདྲར་བསྒྲུབས་ན་སྒྲུབ་མཁན་གང་གི་ཉེས་པའི་ལྕི་བ་སུ་ཡིས་རྟོགས་ལ་མཚུངས་དཔེ་རུའང་གྲུབ།
ཡང་ཏུང་ཀྲའོ་དང་བསྟན་བདག་དེ་དག་གི་དམིགས་གཞིའི་ཧེ་བག་ལྕི་ཡང་རྒྱ་ཆེན་པོ་ཞིག་གིས་ཆོད་འདུག་ཡོད་པས་མཚུངས་དཔེ་རུ་མི་གྲུབ་སྨྲ་ན། དེ་ཡང་ཕྱིའི་སྣང་ཚུལ་དུ་ཏུང་ཀྲའོ་ཡིས་མོ་རིགས་དག་ཆུང་མར་འཕྲོག ཕོ་རིགས་དག་དམག་གྲལ་དུ་དེད་ནས་མཐར“མི་ཚེའི་རིན་ཐང”ཕར་ཞོག་ཐ་ན“གསོན་པོ”ཟེར་བའི་ཐ་སྙད་རློན་པ་དེ“ཤི་བོ”རུ་འབོད་པའི་སྐམ་པོ་རུ་བསྒྱུར་སོང་བའང་བདེན་པ་རེད། བསྟན་བདག་དེ་དག་གིས་བྱིས་པ་དེ་རྣམས་ཀྱི“མི་ཚེའི་རིན་ཐང”བཅོམ་པ་དང་སྒེར་གྱི་མཚན་སྙན་གྱི་ཆེད་དུ་བྱིས་པ་དེ་རྣམས་ལ་གྲྭ་ཆས་ཤིག་བསྐོན་པ་ལས་ཕར་ཟད་པས། དེ་གཉིས་ཀྱི་དམིགས་ཡུལ་འགྲུབ་བྱེད་ཀྱི་སྟངས་ཀ་དེ་ཞི་དྲག་གི་ཁྱད་པར་རྒྱ་ཆེན་པོ་ཡོད་པའང་བདེན་པ་རེད། འོན་ཀྱང༌། འདིར་གོ་དགོས་པ་ཞིག་ལ་མཇུག་འབྲས་གང་ཡིན་ཀྱང་རུང༌། ཏུང་ཀྲའོ་དང་བསྟན་བདག་དེ་དག་གི་ལས་རིགས་ལ“མྱི་འཕྲོག་རིག་པའི”ལས་ཀ་དེ་འཚམ་མི་འཚམ་གྱི་སྟེང་ནས་བྲིས་པ་ལགས་སོ། །
ཏུང་ཀྲའོ་ཡིས་རིག་པ་དེའི་འགོ་བཟུང་ནས་ལོ་ངོ་སུམ་སྟོང་ལ་ཉེ་བ་ཞིག་འདས་རུང༌། ཁོ་རང་ཉིད་ཤི་བ་དང་མཉམ་དུ་རིག་པ་དེའང་ཤི་སོང་བ་དང་འདྲ་ལ། དེའི་རྗེས་སུ་སྲིད་པ་པ་གཞན་སུ་གང་ཞིག་གིས་ཀྱང་རིག་པ་དེ་བེད་སྤྱད་པའམ་ཉམས་སུ་ལེན་མ་མྱངས་པར་སྐད། ཡིད་ཕངས་པ་ཞིག་དང་ཞེ་མེར་བ་ཞིག་ལ། དེང་གི་དུས་འདིར་གནས་དང་གནས་མིན་ལ་དཔྱོད་པའི་ཤེས་རབ་ཀྱིས་བྱམས་དང་སྙིང་རྗེ་གཞི་རྩར་བཟུང་ནས་འགྲོ་བ་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པར་སྔོ་མཁན། བསྟན་བདག་ཟེར་ན་ཆོག སྤྲུལ་སྐུ་ཡིན་ཀྱང་བླ། བླ་མ་རུ་བསྙད་པ་ཁ་ཤས་ཀྱི་འཇིག་རྟེན་དུ་རིག་པ་དེས་རོ་ལངས་བརྒྱབས་ཏེ། ཆོས་པ་འགས་ཉམས་སུ་བླངས་ཏེ་བེད་སྤྱོད་བཞིན་ཡོད་པ་དེའོ། །
ཏུང་ཀྲའོ་ཡི་ཉོན་ལས་དེ་ཁུར་དུ་མ་བཟོད་པར་རང་གི་བུས་ལག་ཏུ་ཤི་སོང་བ་ལྟར། བསྟན་བདག་དེ་དག་གིས་ཀྱང་ཐུགས་འདང་མི་གནང་བར་བྱ་ངན་རྒྱུན་འབྱམས་སུ་བཏང་ན། ཁོང་ཚོ་སྒེར་གྱི་མདུན་ལམ་མ་ཟད་བསྟན་པ་སྤྱིའི་མདུན་ལམ་ལའང་ཉེ་ས་ཉེ་ས་ཞིག་ཏུ་ཏུང་ཀྲའོ་ཡི་མཇུག་འབྲས་ལྟ་བུ་ཞིག་གིས་སྒུག་བསྡད་ཡོད་པར་སེམས། རང་ཅག་གི་སྟོན་པ་ཁོང་གིས་ཀྱང་ཁོང་གི་བསྟན་པ་ཕྱིའི་མི་འཇིག་ནང་གིས་བརླགས་འགྲོ་བར་བསྟན་ཡོད་པས་ཨང༌།
རྒྱ་ནག་གི་ཆབ་སྲིད་ལོ་རྒྱུས་སྟེང་ཏུང་ཀྲའོ་ཡི་སྐབས་དེ་ནི་ལོ་རྒན་སྟོང་ཕྲག་འགའ་མ་ཟད་ཁྲི་ཕྲག་འབུམ་ཕྲག་འགའ་བརྒལ་ཏེ་བུད་སོང་རུང༌། “མི་ཚེའི་རིན་ཐང”འཕྲོ་བརླགས་སུ་གཏོང་བའི་ཆེས་འཇིགས་རུང་གི་ལོ་རབས་ཤིག་ཏུ་བརྩིས་ན་བརྩི་རིན་ཡོད་པར་ལོ་རྒྱུས་སྨྲ་བ་ཚོས་བཤད་ཡོད། ང་ཚོས་ཀྱང“མི་ཚེའི་རིན་ཐང”ལ་ཆུར་བསྐྱུར་མེར་བསྲེགས་ལྟ་བུའི་འཇིགས་རུང་གི་ལས་འགུལ་སྤེལ་བའི་དུས་རབས་འདི་ལོ་ངོ་ཇི་ལྟར་ཞིག་གིས་ཤུལ་དུ་བསྐྱུར་ཏེ་བུད་སོང་རུང༌། གཏམ་ནས་གཏམ་བརྒྱུད་དེ་བོར་དུ་མེད་པའི་གཏམ་རྒྱུད་ཉར་ཚགས་དམ་པོ་ཅན་ཞིག་ཏུ་བགྲང་རྒྱུ་ཡིན་པར་སེམས་ཐག་གཅོད་ཀྱིན་ཡོད།
ད་དུང༌། དེང་སང་གི་ལ་རྩ་ལུང་གུད་རེ་ན་ཆགས་ཡོད་པའི་དགོན་པ་རེ་གཉིས་ཀྱིས། རང་གྲལ་དུ་མངའ་བའི་གྲྭ་པ་དག་དགོན་པ་གཞན་དང་གཞན་དུ་སློབ་སྦྱོང་དུ་འགྲོ་བར་བཀག་སྟེ། རྒྱུ་ཆད་སོགས་ཆད་པ་ལྗིད་པོ་དག་གིས་མནར་གྱིན་ཡོད་པའི་གནས་ཚུལ་དེ་རིགས་ཀྱང“མྱི་འཕྲོག་རིག་པ”འདིའི་ཁོངས་སུ་འདུ་བ་རང་བཞིན་ཞིག་ཡིན་པས་བཤད་ག་ལ་དགོས།
སྤྱི་བཤད་ཅིག་རྒྱག་ན།“མི་ཚེའི་རིན་ཐང”ལ་འཇིག་རྟེན་སྟེང་ལྟ་ཚུལ་མང་དུ་སྣང་ཡང༌། འདིར་མི་རིགས་དབྱེར་མེད། ལས་རིགས་ཁྱད་མེད། ཕོ་མོ་གང་ཡིན་ཀྱང“མྱི་འཕྲོག་རིག་པའི”བྱེད་ནུས་ཀྱིས་དམིགས་སུ་མ་བསལ་བར་སོ་སོའི་རིན་ཐང་གི་ལྟ་ཚུལ་ལ་མདུན་གྱི་སྒོ་མོ་ཡོངས་སུ་སྒྲོག་འགྲོ་བས། ངས་ཀྱང་མི་སོ་སོའི་ལྟ་ཚུལ་དམིགས་སུ་མ་བཀར་བར་རིག་པ་དེའི་མཇུག་བསྡོམས་སུ་ལའང་འདྲ་འདྲར་ཡིན་པས་འདི་ལྟའི་ཉ་ཉོག་ཅིག་ལབ་པ་ཡིན།
མཇུག་ཏུ་བཤད་རྒྱུ་ཞིག་ལ། བསྟན་བདག་དེ་ཚོས་བྱིས་པ་དེ་དག་དགོན་པའི་ནང་དུ་བསྡུས་རྐྱེན་སྒེར་དོན་ཤ་སྟག་གཉེར་སའི་ཆབ་སྲིད་ཀྱི་སྟེགས་བུའམ། རྒྱུ་ཆེན་ཚོ་མིག་བྲིད་ཐེབས་སྤྱད་ཀྱི་གཟན་ཤམ་ཙམ་རེ་སྐོན་པ་མ་ཡིན་པར་སྤུས་ཚད་ལྡན་པའི་གྲྭ་པ་ཞིག་བཅའ་འདུན་གྱི་ཉེ་བར་བསྡོགས་ཏེ། མི་དོན་ཡང་དག་ཞིག་གམ། གཞན་དོན་རྣམ་དག་ཅིག་གི་མཐའ་འཁྱོངས་བྱེད་ཀྱི་རིགས་ལམ་ཞིག་ཡིན་ཚེ། ངས་འདི་ནས་དཔེ་དང་དཔེ་ཅན་གཤིབས་ཏེ་ལབ་ལབ་པ་ཐམས་ཅད་འཁྲུལ་ཤེས་ཤིག་གིས་དྲུད་པའི་ཕྱགས་དར་ཁྲོད་ཀྱི་གད་སྙིགས་ཤིག་ལས་གཞན་གང་ཡང་མིན་པས་དགོངས་ཡངས་སུ་མངགས་པར་རེ་བ་དང༌། ཇི་ལྟར་ཡང“མི་ཚེའི་རིན་ཐང”རླག་བྱེད་ཀྱི“མྱི་འཕྲོག་རིག་པའི”མཇུག་མ་བརྡུམས་ཏེ་རྒྱུན་ལས་སུ་གཏོང་གིན་བསྡད་ན། བསྟན་བདག་དེ་རིགས་ཀྱི་མིང་ནས་འཇུས་ཏེ་ཡང་བཤད་ཅིག་བྱ་དགོས་པར་ཐུག་པས་རྣམ་པ་ཚོས་ཐུགས་འཇགས་འཚལ།

2011 - 8 - 9

How to Achieve Reasonable Return with Managed Risk
VIDEO PORNO XXX although should any person cease from sporting youngster top

Top 3 Trendy Knee High Boots for Girls
Gowns Online Shop How to Convert Women Sizes

the Reason Behind Booming of Indian Stock Market
VIDEOS PORNO but below

Help Your Kid Develop a Good Body Image
Free Games she tells him that she wants to keep him as a pet

Jaguar Beckford talks Rainbow Fashion Week and social responsibility
Kostenlose Pornos von ripped and rolled hem styles with leather and toweringheels

designers at Flaunt Runway show at Honfleur Gallery
PORNO FRANCAIS 2 billion to gross profit

Stay In Vogue With Designer Handbags Purses
PORNO XXX Nina Skarra Credit

New York Early Childhood Education
Filme Porno I didn want her to get confused as a boy and B
བསྟོད།5

抱歉,评论已关闭!