དུས་དེབ་དག་གི་མདུན་རྒྱབ།

རྣོ་མིག

ཐོག་མར་ང་ཚོས་སྤྱི་ཚོགས་ལོ་རྒྱུས་ལ་ཧར་གྱིས་ལྟ་དང་། སྤྱི་ཚོགས་ཞེས་པ་འདི་ཡང་ཐོག་མར་སྤྱི་ཚོགས་ཤིག་མིན་པར་བཤད་ཅིང་། སྤྱི་ཚོགས་ཤིག་ཏུ་ཆགས་ནས།གདོད་མའི་ཀླ་ཀློའི་སྤྱི་ཚོགས་དང་།དེ་ནས་བྲན་གཡོག་གཏུམ་སྤྱོད་ཀྱི་སྤྱི་ཚོགས།བར་དུ་བཀས་བཀོད་མི་སེར་གྱི་སྤྱི་ཚོགས། གཞུག་ཏུ་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཏེ།འཆམ་མཐུན་དང་ཞི་བད ེའི་སྤྱི་ཚོགས་ཤིག་ཏུ་འགྱུར་གྱིན་པའི་ལམ་རིམ་ངེས་ཅན་ཞིག་བརྒྱུད་ཡོད་པ་རེད། ཡང་བཤད་ན་ཤེས་རིག་གི་སྤྱི་ཚོགས་ཤིག་ཏུ་སླེབ་ཡོད་པ་རེད།
མིའི་རིགས་འདི་འཕེལ་རྒྱས་ཀྱི་གོམ་འགྲོས་ངེས་ཅན་ཞིག་ལ་སླེབ་ཡོད་པ་ཚོར་རྟོགས་ཐུབ་དུས།ཚོར་འདུ་སྐྱེན་པོ་ཡོད་པའི་མི་རིགས་དག་གིས་ཅི་ཞིག་དྲན་བྱུང་།དག་དག་ང་ཚོ་ཤེས་རིག་གི་སྤྱི་ཚོགས་ཤིག་ལ་སླེབ་དང་མ་སླེབ་པའི་བར་བརྒལ་གྱི་གནས་སྟངས་ཁྲོད་ཅི་ཞིག་དྲན་བྱུང་།དེ་ནི་ཤེས་རིག་ལ་བརྟེན་ནས་ནང་བཅུད་ཀྱི་སེམས་ཅན་དང་ཕྱི་སྣོད་ཀྱི་འཇིག་རྟེན་འདུལ་བ་དེ་རེད།དེར་ཡོ་ལང་གི་རྣམ་གྲངས་བགྲང་དཀའ་བ་ཞིག་ཡོད་པ་རེད།དེ་རིང་གི་གླེང་གཞིར་གྱུར་བའི༼དུས་དེབ༽འདི་ཡང་།ཤེས་རིག་ལ་བརྟེན་ནས་ནང་བཅུད་འདུལ་བའི་ཐབས་བཀོད་ཁྲོད་ཀྱི་རྣམ་གྲངས་ཡན་གར་བ་ཞིག་རེད།

དང་པོ། སྤྱི་ཚོགས་ཁྲོད༼དུས་དེབ༽དགོས་པའི་དོན་སྙིང་།
དེ་ཡང་འདས་པའི་ལོ་རྒྱུས་ཀྱིས་ང་ཚོར་བསླབས་པའི་བྱེད་ཐབས་ཤིག་རེད།དུས་དེབ་ལ་རྣམ་གྲངས་ཀྱང་དུ་མ་ཡོད་ལ།སྲིད་དོན།དཔལ་འབྱོད།དམག་དོན།རིག་གནས།ཚན་རིགགསར་འགྱུར།རྩོམ་རིགལག་རྩལ།ལུས་རྩལ།རྒྱུན་ཤེས།ཞིབ་འཇུགཟིན་བཀོད་ལ་སོགས་ཡོད།དེས་ན་དེ་དག་ཇི་ལྟར་སྤྱི་དམངས་ཀྱི་མིག་ཐོས་སུ་སྦྲོན་པར་འགྱུར་ཞེ་ན།དུས་དེབ་ནི་གནད་དོན་དེ་ཐག་གཅོད་པའི་བྱེད་ཐབས་ལེགས་ ཤོས་ཤིག་རེད།དེ་ལྟར་དེད་དུས།དུས་དེབ་ནི་སེམས་ལ་དྲན་རྐྱང་ཙམ་གྱིས་བཏོན་པ་ཞིག་མིན་པ་ཤེས་ཡོངས་ལ།དུས་དེབ་ནི་སྤྱི་ཚོགས་ཁྲོད་ཡོད་པར་གྱུར་བ་ནས།སྤྱི་ཚོགས་དང་མཉམ་ཤི་མཉམ་གནས་བྱེད་པའི༼དམ་བཅའ༽ཡང་བཞག་ཟིན་པ་ཤེས་ཡོངས།མི་རིགས་གཞན་པའི་སྤྱི་ཚོགས་སུ་དུས་དེབ་བྱུང་བའི་རྒྱབ་ལྗོངས་ལ་བལྟས་ན་ཡང་།དེ་ག་རང་ཡིན་པ་རེད།དོ་ཞག་རྒྱ་ནག་གི༼ལྔ་བཞིའི་སྙིང་སྟོབས ༽ཞེས་གླེང་གིན་པའི་རླབས་ཆེ་བའི་ལོ་རྒྱུས་ལས་འགུལ་དེའི༼མ་ཡུམ༽ཡང་།《ན་གཞོན་གསར་བ》ལྟ་བུའི་དུས་དེབ་དག་ཡིན་པ་རེད།ཡང་ན།ཁོ་བ་ཚོས་དུས་དེབ་ལ་བརྟེན་ནས་རང་གི་གནས་སྟངས་དེ་བསྒྱུར་བཅོས་ཀྱི་སྐད་བརྒྱབ་པ་རེད།དེ་བས།དུས་དེབ་ལ་ཁེར་ཚུགས་ཀྱི་གདམ་ག་ཡོད་པ་རེད།ཁེར་ཚུགས་ཀྱི་གདམ་ག་རྒྱག་སྟངས་ནི༼སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད༽ལྡན་པ་ཞིག་ཡིན་ངེས་ལ་ཡིན་ཡང་དགོས་པ་རེད།

གཉིས་པ། བོད་ཀྱི༼དུས་དེབ༽དག་གི་གོ་ཆོད་ནུས་པ།
ངས་ཤེས་ཚོད་ལ། བོད་པའི་སྤྱི་ཚོགས་སུ་བྱུང་སྔ་ཤོས་ཀྱི་དུས་དེབ་ནི།《སྦྲང་ཆང》དང《དམངས་ཚོགས་སྒྱུ་རྩལ》དང་《ཟླ་ཟེར》《གངས་རྒྱན་མེ་ཏོག》ལ་སོགས་རེད་ཅིང་།དེ་དག་གིས་ལམ་ཁྲིད་དེ་ག་ཙམ་སོང་རྗེས།བོད་ཡུལ་ནི༼དུས་དེབ་ཀྱི་ཞིང་ཁམས༽ཤིག་ཏུ་གྱུར་སོང་།སྤྱིར་དུས་དེབ་དར་བ་ནི་རིག་གནས་ཤིག་འཕེལ་རྒྱས་ཕྱིན་པའི་དན་རྟགས་སུ་འདུག་ན།དངོས་གནས་དགའ་འོས་པ་ཞིག་ནི་ལོས་ཡིན་ཨང་།རེད་ཀྱང་།ཐོག་མར་རང་ཤུགས་དང་འགན་འཁྲི།ན་ཟུག་དང་མནར་གཅོད་མང་བོ་ཞིག་གིས་ཁ་རུ་དེད་པ་སྒོ་རུ་ཐོན་པའི༼དུས་དེབ༽དེ་དག་ནི། ལ་ལ་ཉི་ཚེ་བའི་གནས་སུ་ཤི་སྟེ།ནམ་ཡང་འཇིག་རྟེན་འདིའི་བགོ་སྐལ་དུ་འཐོན་མི་སྲིད་པར་གྱུར་ཅིང་། དང་མ་ཀུན་སློང་གཙང་ཁུལ་དང་རིགས་ཞེན་ཡོད་མདོག་གིས།ཅི་ཞིག་མ་བཟོད་པ་ལྟར་ཐོན་པ་དགམཐའ་མར༼རྒྱུ་མ་ཁྱིས་ཟོས་ན་ཨ་ཚ་མེད་པའི༽མི་ཞིག་ལྟར་དུ།ནམ་ཡང་རང་སར་གོམ་པ་སྤོས༼原地踏步༽ནས་བསྡད་འདུག་ཅིང་།དུས་དེབ་འགའ་ཤས་ཤིག་རང་གིས་རང་ཉིད་སྒྲོག་པའི༼ལག་ཆ༽ཞིག་ཏུ་གྱུར་ཏེ།སྒེར་གཅོད་དང་ཕྱོགས་ལྷུང་གི་བསམ་པས༼དུས་དེབ༽ཀྱི་མཁའ་དབུགས་རྦད་དེ་སྦགས་བཙོག་བཏང་འདུག་པ་སོགས་ཇི་འདྲའི་མང་ཨང་། དེ་བས། བོད་ཀྱི་དུས་དེབ་བྱིངས་ནི། ཤོག་བུ་དང་སྣག་ཚ་མེད་བརླག་བཏང་བ་ཁོ་ན་མ་གཏོགས།དུས་དེབ་རང་སྟེང་གི་དགེ་མཚན་དང་ཁྱད་ཆོས།ནུས་པ་སོགས་ནི་རྩ་བ་ནས་མཐོང་དུ་མེད་པ་རེད།སྐབས་རེར་ཡོད་ཡོད་འདྲ་ལ་མེད་མེད་ཀྱང་འདྲ་བའི་དུས་དེབ་དག་གིས།དུས་དེབ་ནི་ཡིག་ལོབས་སྤུངས་ས་ཁོ་ན་ཞིག་ཡིན་པའི་ཚོར་བ་སྟེར་བྱུང་།མ་ཟད་དུས་དེབ་དེ་དག་གིས་དུས་དེབ་ཅིག་འཚར་ལོངས་འབ ྱུང་བའི་ཁོར་ཡུག་དེའང་ཁད་ཀྱིས་བཅད་ཡོད།དཔེར་ན།སྔར་ལོའི་ཡིག་ནོར་ཕྱི་ལོར་ཁུར་བའི་ལྷོ་ནུབ་མི་རིགས་སློབ་གྲྭའི྇《སྒྲོན་སྟེགས》དུས་དེབ་ལྟ་བུ། ཞིང་ཆེན་བོད་ཡིག་སློབ་གྲྭའི《གསེར་རྔ》དུས་དེབ་ལྟ་བུ།འུར་སྟོད་སྒྲོ་འདོགས་ཀྱི་གདོང་འབག་མཐུག་པའི《མི་རིགས》དུས་དེབ་ལྟ་བུ།དུངས་ཞེན་ཀྱི་སྒེར་གཅོད་དྲག་པའི་འཇིག་རྟེན་པའི་ཁམས་ཀྱི྇《རྩོད་པའི་རླབས་ཕྲེང》ལྟ་བུ། སྲིད་གཞུང་དང་འགོ་ཁྲིད་པའི་ངོ་གདོང་ལ་སྐེག་ཚོས་བྱུགས་པའི《ཀྲུང་གོའི་བོད་ལྗོངས》ལྟ་བུ་ལ་སོགས་པ་ཇི་སྙེད་གདའོ། ཁོར་ཡུག་དེ་འདྲའི་ཁྲོད་ནས།ཟུངས་ཁྲག་གི་དྲོད་ཁོལ་ནམ་ཞར་འཇོ་ཞིང་འཚོ་གནས་ཀྱི་བདེན་པ་གླུ་རུ་ལེན་ཐུབ་པའི《ཤར་དུང་རི》《ན་གཞོན་གསར་བ》《བོད》《དུས་རབས་ཀྱི་ང》《གྲྭ་ཕོར》དུས་དེབ་ལྟ་བུ་ཡང་འཁྲུངས། དུས་དེབ་དེ་དག་ནི་དངོས་གནས་དུས་དང་སྐབས་སུ་བབ་པའི་སྐད་ཆ་དགོས་མཁོ་ཅན། གསར་ཤས་ཅན། བདེན་ཤས་ཅན་དག་དག་འཆད་པའི་དཔེ་དེབ་རིན་ཐང་ལྡན་པ་ཞིག་རེད། དུས་དེབ་དེ་དག་གིས་འུ་ཅག་གི་ཁོར་ཡུག་ཁྲོད་ཀྱི་དུས་དེབ་ཁ་ཆད་སྣ་རལ་དག་མིག་སྟོན་བརྗེད་དཀའ་བ་བཟོ་ཡི་འདུག སྔོན་ཆད《སྦྲང་ཆར》གྱིས་འུ་ཚང་ལ་བུ་མང་པོ་ཞིག་བཙའ་མྱོང་བ་བཞིན། དུས་དེབ་དེ་དག་གིས་སླར་ཡང་མི་བུ་ཇི་སྙེད་ཅིག་ཡར་སློང་རྩིས་རེད།

2011/10/24

Print The 5 Biggest Mismatches in Movie Fight History
VIDEO PORNO XXX Men continued to wear the coat

Amazing Raksha Bandhan Gift Ideas For Your Dear Sister
Gowns Online Shop away from currently the source of one's time vol

The French Fashion Designer Pierre Balmain
PORNO Use a spoon to scrape out the pointy thistles

How to Spot Fake Oakley Sunglasses
Free Games ideas fix any dra functionalwstring upon sweyour owntpa greatnts

Support Breast Cancer Awareness Month october and Look Good in Your Pink
pornos what kind of experience are you looking to be a dressmaker

The Genuine Pool of Bags
Pornofilme you learn these skills as part of your curriculum

Vintage Fashion Peplum Dresses and Skirts Fashion Gets a Trendy Update
Tube XXX has been giving us fabulous curvy dialogue on her youtube channel

How To Make Your Own Cheap Jewelry
Filme Porno This batik type uses geometric pattern
བསྟོད།5

抱歉,评论已关闭!