རྣོ་ལྕགས་ལ་ངར་ལྡུད་པ།

ཁྲག་རྡོ།

བོད་ཀྱི་སློབ་འབྲིང་སློབ་མར་བསྒྲགས་པ།

བོད་ཀྱི་སློབ་འབྲིང་སློབ་མ་གླེང་བ་ནི་ཟུག་གཟེར་ལངས་པའི་སྒལ་རྨ་བསྔོག་པ་དང་འདྲ་ལ།དབང་བོ་འཐོར་བའི་ཀླད་ཞོ་དཀྲུགས་པ་དང་འདྲ་བ་ནི་ཅིས་ཀྱང་གཟུར་ཐབས་མེད་པའི་ལམ་བུ་དང་བྱེད་ཐབས་ཡིན་ཙ་ན།ད་ནི་དུས་ཀྱི་བྱེ་རླུང་གིས་བསྣུབས་པའི་རྣོ་ལྕགས་ལྟ་བུའི་བསམ་པའི་འཁྱེར་སོ་དེ་སླར་ཡང་འགྲན་རྩོད་ཀྱི་མེ་ལྕེའི་འོག་ཏུ་བཙོ་སྦྱངས་ཡང་ཡང་བྱས་ཏེ་ཡུལ་བབ་དང་འཚམས་པའི་ངར་ལྡུད་རྒྱུ་ནི་རྣོ་ལྕགས་ཀྱི་རིན་ཐང་ལྟ་བའི་ཆོས་ཉིད་ཡིན་ནོ།།
རྣོ་ལྕགས་ལ་རྣོ་ལྕགས་ཀྱི་རྣོ་དབལ་ལྡན་པ་བཞིན་དུ་བོད་ཀྱི་སློབ་འབྲིང་སློབ་མར་ཡང་རང་ཉིད་ཀྱི་ཐུན་མིན་གྱི་ཁྱད་ཆོས་བདོག་རྒྱུ་དེ་ནི་དཔེར་འགོད་འདི་དང་འདྲ་བར་རང་ཉིད་ཡོ་བྱད་ཅིག་ཡིན་པའི་བྱེད་ལས་ཕྱི་ནང་དང་མངོན་ལྐོག་མེད་པར་སའི་དཀྱིལ་འཁོར་གྱི་སྙིང་རྩིད་ལ་ཡོ་གཟུར་མེད་པར་བསྣུན་རྒྱུ་ཉིད་ཡིན་པས།དེ་ནི་ཨ་ཐོབ་ཨུ་ཐོབ་ཀྱིས་ཐུ་འོག་ཏུ་བསྡུ་ཐབས་བྱས་པའི“ལྕགས་ཕོར”བསྣམས་མཁན་ཚོས་མིའི་རྒྱུ་འབྲས་དང་ལུགས་སྲོལ་ལ་རྒྱབ་གཏོད་ཀྱིས་མིག་ཟུང་དམར་ལོག་གེར“གནམ་གྱི་ཕའི”ཞལ་འདེབས་ལ་རེ་བ་དང་མི་འདྲ་ལ།
དེ་ནི་ཕྲ་མོའི་དབྱུག་འོག་ཏུ་སྡུད་ཅིང་གུས་ལུགས་ཀྱི་གོ་རིམ་ལ་སིམ་པའི་བསམ་བློའི་དགག་ཐགས་ཅན་དང་འགྲོ་འདུག་ཉལ་འཆག་ལ་ཐེ་ཚོམ་དང་ངོ་ཚས་རྟོལ་ཐགས་ལ་བརྒྱུས་པ་དག་དང་ཡང་མི་འདྲ་ཚུལ་དང་། དེ་ནི་ཆེན་མོ་གང་གི་སྒོ་གླེགས་བརྡུང་རྗེས་སུ་ཐོག་མའི་ཕུགས་བསམ་དེའི་བྱ་རྒོད་ཀྱི་གཤོག་འོག་ལ་སྤྱི་ཚོགས་ཀྱི་རླུང་བུ་ཕྲ་མོས་ཐེངས་གཅིག་བརྡེག་པས་ཀྱང་ནམ་འཕངས་བསྟོད་པའི་འདོད་བློ་དེ་བྱེ་མའི་ཆིངས་བུ་དང་དབུགས་ཀྱི་རྐྱལ་བ་ལྟར་ཞུམ་པའི་གླང་ཉལ་ཚིལ་རྐྱལ་གྱི་མལ་སར་ཕྱོགས་པ་དག་དང་ཡང་མི་འདྲ་བར།རིགས་ཤེས་ཀྱི་འོབས་ཀླུང་དུ་འཇུག་པ་དེ་སྐར་མའི་རྒྱ་ཁྱོན་ལ་འདུ་དགོས་པའི་གུ་དོག་གི་བསམ་པའི་ཐ་གུ་རྨང་ནས་བཅད་དེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་གི་ལྟ་བ་དེ་ཁྲོ་ལྕགས་བླུགས་པ་ལྟ་བུའི་བཙོ་སྦྱངས་བྱེད་རྒྱུ་དང་མེ་འོབས་སུ་བཞུ་བ་ལྟ་བུའི་རྣོ་ངར་ལྡུད་རྒྱུ་དེ་ནི་གནད་དམ་པའོ།།
ཡིན་ནའང་།གདོད་མའི་སྤྱི་ཚོགས་ཀྱི་མུན་ཁ་སྟུག་པོ་སྔར་བཞིན་མ་སངས་པ་དང་།སྲོལ་རྒྱུན་གྱི་རྣོ་ལྕགས་ཕྲ་མོས་ང་ཚོ་སྔར་བཞིན་ཕྱི་ནང་མེད་པར་བཅིངས་པས།བོད་ཀྱི་སློབ་འབྲིང་སློབ་མ་དག་ནི་སྔར་བཞིན་བག་འཁུམས་དང་རྗེས་ལུས།རྨོངས་འཐོམ་གྱི་ཁྲི་མུན་མི་རིགས་གཞན་གྱི་ཞབས་འོག་ཏུ་ཧ་ཅང་ཉམ་ཆུང་གིས་འཚོ་དགོས་བྱུང་བ་ཡང་དོན་གྱིས་ཅི་ཁག་སྟེ། ང་ཚོར་ཁ་དོག་དམར་སེར་གྱི་མགོ་སྐྲ་མཇིལ་ལིར་འཁྱིལ་ཅིང་མིག་ཟུང་ལྗང་གེ་བ་དག་ལྟར་བྱ་དངོས་ལ་གསར་རྟོགས་དང་འཚོལ་ཞིབ་བྱེད་པའི་ལག་ལེན་མི་མངའ་བར།གཞན་གྱི་ལད་ཟློས་དང་ཟེར་སྒྲོས་སུ་འགྲེངས་པར་གོམས་ནས་འཛམ་གླིང་གི་མིག་ཟུང་གཡར་ནས་བོད་ལ་བལྟ་བར་མི་བཟོད་པ་དང་།བོད་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་སྤྱི་ཚོགས་གྲལ་རིམ་ལ་སྔར་བཞིན་སེར་མོ་བས་བདག་པོ་རྒྱག་རྒྱུར་རྔམ་པ་དང་།སྤྱི་ཚོགས་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་དོགས་སློང་དང་འཚོལ་ཞིབ།དཔྱད་འཇོག་བཅས་བྱེད་པའི་གོམ་ལུགས་མི་མངའ་ཕྱིར་ང་ཚོ་ནི་དུས་རབས་གསར་རྙིང་གཉིས་ཀྱི་འགལ་འདུའི་ཁྲོད་ཀྱི་ལྷུ་ཚིགས་ཆེས་ཉག་ཕྲ་བ་དེ་ཡིན་ལ།ད་དུང་ཡང་གསར་རྐྱང་ལ་ཕྱོགས་ཁུལ་གྱིས་མེས་པོ་གནམ་གྱི་ཀ་བ་འདེགས་པ་དག་གི་མཛད་རྗེས་དང་རྒྱལ་བའི་བཀའ་བསྟན་ཀློང་ཡངས་པ་ལ་ཐོས་བསམ་མེད་པར་དགག་པ་གཏོང་བའམ་གང་ཡིན་ལ་ངོ་རྒོལ་བྱེད་པ་དང་།ཡང་འགའ་རེས་གསར་བ་ཞེས་ན་བྲང་གི་སྙིང་རྩིད་ལ་དངོ་གྲིས་བསྣུན་པ་བཞིན་མིག་ཟུང་དམར་ལོག་གེར་འགྲོ་ཞིང་།ཞལ་མདངས་ཡང་དབྱར་གྱི་མཚོ་མོ་བྲུག་པ་བཞིན་སྦོས་འོང་བ་ནི་ཅིས་ཀྱང་དགོད་བྲོ་བ་ཞིག་སྟེ། འདི་ནི་དོན་གྱིས་གསར་བ་དང་ལེན་མི་བཟོད་པ་ནི་རྙིང་བས་དགག་གསོད་གཏོང་བར་སྒུག་པ་དང་འདྲའོ།།
ལར་ང་ཚོ་མི་རིགས་འདི་ལ་སྐར་ཚོགས་རྣམ་པར་བཀྲ་བའི་ལོ་ཟླ་ཞིག་ནི་འབྱུང་མ་ཐུབ་ལ། མིའི་སྐད་ཀྱི་སྤྱི་ཚོགས་རིག་པ་དང་མིའི་རིགས་ཀྱི་དངོས་ཡོད་འཚོ་བར་ཟབ་ཞུགས་ཀྱིས་ལྷད་མེད་པ་དག་འཕྱོར་འབྲི་བྱེད་པའི་སྐྱེས་བུ་རྒྱུ་འབྲས་ཅན་ནི་གླེང་དུ་མི་རི་ཡང་།ང་ཚོས་ཀྱང་དུས་བབས་དང་བསྟུན་པའི་སྐད་ཆ་ཞིག་ནི་ངེས་པར་དུ་གློ་མཆིན་གྱི་ཕྱི་ནང་མ་རུལ་བར་བྲི་དགོས་ལ་གླེང་ཡང་དགོས།
རྣོ་ལྕགས་ལ་ངར་ལྡུད་པ་ནི་མི་མཇེད་བཙན་པོའི་དམག་རྟ་ཁྲི་སྟོང་གི་རྨིག་རྗེས་སུ་འཁྱིལ་བའི་བྱེ་མའི་ཆིངས་བུ་རྟུལ་ཕོད་ཀྱི་རྦབ་ཞོས་དཀྲུགས་དཀྲུགས་གཏོང་རྒྱུ་དང་།བཙན་བརྗིད་བཀའ་ཡི་འཁོར་ལོས་སུམ་ཉིས་སའི་དཀྱིལ་འཁོར་གྱི་གཡུ་ཡི་ཕྲ་རྒྱན་བསྟར་ཚུལ་ལ་ཕྱིར་རྟོག་གི་འཚོལ་ཞིབ་གཏོང་རྒྱུ་ཡིན་ལ།གྲུབ་མཐའི་འཐེན་འཁྱེར་གྱི་རྨུ་ཐག་ཟད་པས་སྐྱེས་བུ་སྟག་སེང་འགྱིང་འདྲར་ཤའི་མིག་གིས་བལྟར་མི་བཟོད་པའི་གདུག་རྩུབ་དང་དྲག་ལས།གཉའ་གནོན་གཏོང་བའི་ལམ་ལུགས་མེད་ལ་རྒྱུ་འབྲས་བློ་མིག་གི་རལ་གྲིས་སྲོག་ཐོགས་སུ་གཏོང་རྒྱུ་དང་ཚེ་ཡི་འཕེན་པ་ཟད་དུ་འཇུག་རྒྱུ་དེའང་ངོ་།།
རྣོ་ལྕགས་ལ་ངར་ལྡུད་པ་ནི་མི་དེ་སྐྱེས་མ་ཐག་ནས་འདྲ་མཉམ་གྱི་རྩ་དོན་དུ་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་གི་བདག་དབང་ཉིད་གནམ་བདག་དང་ཆོས་ཚོགས།ཡང་ན་དབང་མཐའ་སྒེར་གཅོད་ཀྱི་བྱེད་པོ་སུ་ལའང་བལྟོས་པ་མེད་པར་ལོངས་སྤྱོད་བྱེད་ཅིང་ལག་ལེན་དུ་བསྟར་ཆོག་པ་དང་།ཟོལ་རྫུ་དང་གཡོ་བསླུས་ཕྱི་ནང་མེད་པར་སིམ་འཛུལ་བྱས་པའི་གཞུང་ཞབས་པ་དག་གི་སྐྱེས་ལ་ཁད་ཀྱི་ཤའི་རྔ་མ་དེར་དངོ་གྲིས་དོ་ཡ་བྱེད་རྒྱུ་དེ་ཡིན་ལ།དབང་སྒྱུར་གྲལ་རིམ་གྱིས་དབང་སྒྱུར་མྱོང་མཁན་གྲལ་རིམ་ལ་སྒེར་གཅོད་རིང་ལུགས་ཀྱི་དབང་མཐའ་དག་གཅིག་སྡུད་དང་སྒེར་འཛིན་བྱེད་པའི་སྤྱོད་པ་དམངས་གཙོ་དང་འདྲ་མཉམ་གྱི་སྨྲ་ལྕེས་མི་བུའི་ཁེ་དབང་དང་རྩིས་ཐང་།མི་བསྟུན་པའི་ཞི་རྒོལ་གྱིས་ཁ་རྡུང་གཏོང་རྒྱུ་དེའང་ཡིན།
རྣོ་ལྕགས་ལ་ངར་ལྡུད་པ་ནི་སྲོལ་རྒྱུན་གྱི་བག་ཆགས་སྟུག་པོའི་ཁྲི་མུན་ན་རྒྱུ་འབྲས་དང་ཕྱིར་རྟོག་གི་མིག་ཟུང་ལྡོངས་བའི་མི་བུ་ཡན་གར་བ་དག་ལ་རྟོག་པའི་ཀླད་ཕོར་བཀོག་ཅིང་།ཁྲེལ་བའི་གདོང་འབག་བཤུ་བ།འབག་པའི་རང་གཤིས་དཀྲུ་བ།ཡང་ན་ཚུལ་འཆོས་དང་བློ་ལོག རྒྱབ་གཏོད་ཀྱི་ཕོ་བ་ནག་འཁྱུག་གེ་བ་དེ་རྒྱུ་འབྲས་ དང་སྒེར་ཚུགས་ཀྱི་ཆུ་བོས་ཀྱ་ཀྱུ་དང་མགོ་རྟིང་མེད་པར་གཤལ་རྒྱུ་དེའང་ངོ་།།
༢༠༡༡ལོའི་ཟླ༡༠ཚེས༢༡ལ་རྟབ་རྟབ་པོར་བྲིས།

Be Your Own Fashion Icon
PORNO the winter season process

Top 7 Most Stylish Dress Styles For Little Girls This Fall
Wedding Dresses The first time you try to make the pompadour

Tulisa Contostavlos talks about possible fashion line support from Cheryl Cole
PORNO Even though they are similar

A Way to Buy Cheap Coach Bag
Download Free Games and Purple Label high elegance

The New Generation Of Smart Phone Application Development
pornos get rid of fucking Brannon Braga

IMPORTANCE OF BOOKS OF ACCOUNT TO A BUSINESSMAN
Pornofilme This is your gauge for the pattern

Exquisite and Elegant Fashion Fabrics Shop
PORNO XXX 000 Union soldiers stuck in the Andersonville Prison

Skinny jeans that don't stretch out after being worn 2
Free Porno Wife with just little touches of brightness here and there
བསྟོད།6

抱歉,评论已关闭!