འགན་འཁྲི་མེད་པ་དང་བསམ་བློ་གཏོང་མི་འདོད་པའི་མི་དེ་ནི་གཞན་གྱི་བྲན་གཡོག་ཡིན།

འབའ་སྨད་རྒྱལ་ལོ་ཚེ་རིང་།

__འཕྲིན་འདི་ནི་སློབ་ཆེན་མན་གྱི་རང་རེའི་དཔྱོད་ལྡན་སློབ་གྲོགས་ཚོར་ཕུལ་བ་ཡིན།

དཔྱོད་ལྡན་སློབ་མ་རྣམ་པ་ལགས། བདག་གིས་དུས་ཡུན་ག་ཚོད་ཅིག་ལ་ཁྱེད་ཅག་གི་ སློབ་སྦྱོང་གི་གནས་བབ་སྐོར་ལ་རྩད་གཅོད་དང་།ཡང་ན་དགེ་རྒན་རྣམས་ཀྱི་གནས་བབ་ སྐོར་ལ་ཡང་ཡང་ཉམས་ཞིབ་བྱས་རྗེས་སེམས་ཁྲལ་ཅུང་ཞིག་སྐྱེས་བྱུང་།དེའི་ཕྱིར་བདག་གིས་སྐྱ་ཐུག་པའི་གནད་དོན་དེ་དག་ཁ་རོག་གེར་བསྐྱུར་མི་འདོད་པར་ཀུན་སློང་དག་པའི་སྒོ་ནས་ཁྱེད་ཅག་ལ་འཕྲིན་འདི་ཕུལ་བ་ལགས། ཁྱེད་ཅག་གིས་བདག་གི་འཕྲིན་ཡིག་འདི་བག་ལྷོད་ཀྱིས་གཟིགས་རྒྱུ་མཁྱེན།

སྤྱིར་ད་ལྟའི་དུས་ནི།བདེན་པ་ལས་རྫུན་མ་མང་ཞིང་།ཡག་པོ་ལས་བཙོག་པ་མང་།དྲང་བདེན་ལས་སྣོག་རྒྱག་མཁན་མང་།ཡ་རབས་ལས་མ་རབས་མང་།ཟས་རྫུན་མ།སྨན་རྫུན་མ།ཆུ་རྫུན་མ།མི་རྫུན་མ།མདོར་ན་དེང་གི་སྤྱི་ཚོགས་འདི་ནི་རྫུན་ཁོ་ནས་བངས་འདུག དེ་ལྟར་ ཡིན་པའི་རྒྱུ་མཚན་གྱིས་སྔོན་གྱི་སྲོལ་བཟང་ཡག་པོ་སྐོར་ཞིག་རྫུན་གྱིས་རྫོད་ཀྱིན་ཡོད་ཅིང་།ཕྱོགས་གང་ཐད་ནས་སྔོན་དང་གཏན་ནས་བསྡུར་ཐབས་མེད་པ་ཡང་མིག་མཐོང་ལག་ཟིན་ཏུ་གནས་ཤིང་།དཔྱོད་ལྡན་སློབ་མ་ཁྱེད་ཅག་ལ་རྫུན་གྱིས་རྫོད་ཀྱིན་པའི་སྐབས་ཡིན་འདུགཞིབ་གྱིས་དཔྱད་ན་རང་ཅག་གི་སློབ་གསོའི་ལམ་ལུགས་ནི་འདི་འདྲ་ཞིག་སྟེ་མི་ཡོན་ཏན་པ་ལ་མི་བཀུར་ཞིང་ཡོན་ཏན་དང་ལྡན་པའི་མི་དེའི་རིགས་དམའ་སར་འཇོག་ལ།མ་ཟད་དེར་མཐོང་ཆུང་དང་སྤྱི་ཚོགས་སྟེང་ལས་ཐོབ་ཆུང་ཆུང་ཞིག་མ་གཏོགས་མི་དབང་།དེ་ལས་ལྡོག་སྟེ་སུ་ལ་རྒྱུ་ནོར་ཡོད་ན་དེར་བརྩེ་འདང་ཆེ་ཞིང་།སུ་གོ་གནས་མཐོ་ན་དེ་ལ་མཐོང་ཆེན་དང་གདེང་འཇོག་བྱེད་པ་ལས་ཡོད་ཏན་པ་ལ་བརྩི་བཀུར་མི་བྱེད་པ་ནི་རང་ཅག་གི་སློབ་གསོ་སྤྱིར་བཏང་མིན་པའི་ཡ་ང་བའི་གནས་སུ་ལྷུང་བཞིན་པའི་གནད་འགག་རེད།དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་ད་ལྟའི་སྤྱི་ཚོགས་ནི་འཇིགས་སུ་རུང་བ་ཞིག་ཏུ་གྱུར་བ་རེད།ཡང་ཕྱོགས་ཡན་གར་བ་ཞིག་བཤད་ན་ཡོན་ཏན་མེད་པའི་མི་དེ་དག་སྤྱི་ཚོགས་སྟེང་དུ་ལས་ཐོབ་ཆེ་བའི་རྐྱེན་གྱིས་ད་གཟོད་རང་ཅག་གི་སློབ་གསོའི་གནས་བབ་ཡང་སྐྱ་ཟད་སྔོ་ཐུག་གི་གནས་སུ་ གྱུར་བ་རེད།འདི་ལྟར་རང་གི་གནས་བབ་ལ་མིག་དབང་ཐེངས་གཅིག་སྤྱད་རྗེས་ཡིད་སེམས་དངོས་གནས་སྐྱོ་བ་རེད།དཔེར་ན་ཨ་རི་ལྟ་བུར་མཚོན་ན་མི་ཡོན་ཏན་པ་ལ་བརྩི་བཀུར་བྱེད་པ་མ་ཟད་ཐ་ན་བྱིས་གཉོར་ཁང་གི་དགེ་རྒན་དང་།སློབ་ཆུང་གི་དགེ་རྒན་ནི་ཆེད་ལས་མི་སྣ་ཡིན་དགོས་པར་མ་ཟད་ཡོན་ཏན་དང་ལྡན་པའི་མི་ཚད་ལྡན་མ་གཏོགས་དགེ་གལ་མི་ཆེ་བ་ལྟ་བུ་རེད།དེའི་རྒྱུ་མཚན་ཡང་ཁོང་ཅག་གི་སློབ་གསོའི་རྣམ་པ་སྐབས་ཐོག་དེ་ནས་ཚད་ལྡན་གྱི་ལམ་དེར་བསྐྱོད་མགོ་ཚུགས་པ་རེད།དེ་ན་རང་ཅག་གིས་སློབ་གསོ་ལ་མཐོང་ཆེན་བྱེད་ སྟངས་ག་འདྲ་ཞིག་ཡིན་པ་མ་བཤད་ཀུན་གྱིས་མིག་དབང་ཐེངས་གཅིག་སྤྱད་ན་ཤེས་སྲིད།དེ་རྐྱེན་གྱིས་མི་དང་མི་གཏན་ནས་མ་འདྲ་བ་རེད།མི་རིགས་དང་རྒྱལ་ཁབ་མ་འདྲ་བ་རེད།
ད་ལྟའི་རྣམ་པ་ཞིག་གོང་དུ་རགས་བསྡུས་སྒོས་ཁྱེད་ཅག་ལ་ངོ་སྤྲོད་བྱས་ཚར་ཞིང་མུར་ནས་དེང་གི་སློབ་གསོ་ལས་གནས་སྟེང་གི་དགེ་རྒན་རྣམས་ཀྱི་ཡོན་ཚན་དང་།ཁོ་ཚོའི་སློབ་སྦྱོང་གི་ཐབས་ཤེས།བསམ་བློ་གཏོང་སྟངས་སྐོར་ནས་སྐད་ཆ་ཁ་ཤས་སྐྱུགས་འདོད་པ་དེ་ཡིན།དེང་གི་དགེ་རྒན་ལ་མཚོན་ན་དུས་རབས་གསར་བའི་མི་ཡིན་ཞིང་ཁོ་ཚོའི་བསམ་བློའི་ཁ་ ཕྱོགས་དང་།མི་གཤིས་ཀྱི་རྣམ་པ།སློབ་སྦྱོང་གི་བྱེད་ཐབས་སོགས་སྣེ་གང་ཐད་ནས་སྔོན་དང་བསྡུར་ན་ཧ་ཅང་ཧེ་བག་ཆེན་པོ་འདུག ཡང་གཅིག་བཤད་ན་ད་ལྟ་ནི་ཁྲ་ཁྲ་རིག་རིག་གི་དུས་རབས་ཤིག་ཡིན་ཞིང་ཕྱི་རོལ་གྱི་ཆོས་སྣ་ཚོགས་ཀྱིས་མིའི་མི་གཤིས་བརླག་སླ་ཞིང་།སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་དེ་ཡོངས་ནས་བཅོམ་ཡོད།དེ་བས་ཐོག་མར་དགེ་རྒན་ཞིག་ ཡིན་ན་ཐོག་མའི་གནད་དམ་པ་ནི་རང་ལ་མི་གཤིས་ཁྱད་པར་བ་ཞིག་ལྡན་དགོས་པ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཤིན་ཏུ་གལ་ཆེ་བ་ཞིག་རེད།སློབ་མའི་མིག་ལམ་ན་དགེ་རྒན་གྱི་སྣང་བརྙན་ནི་ཀུན་ལས་ཁྱད་པར་འཕགས་པ་ཞིག་ཡིན་པས་དེ་ནི་གཡོལ་ཐབས་མེད་ཅིང་དགེ་རྒན་རང་སྟེང་ནས་མངོན་དགོས་པའི་ཐོག་མའི་མི་གཤིས་ལ་འདོན་དགོས་དགོས་པའི་རེ་བ་ཞིག་ཡིན།དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་རང་བློ་ནང་དུ་གཅུན་དགོས་ཤིང་སློབ་སྦྱོང་བྱེད་དགོས་པའི་ཕྱོགས་སུ་ལྷུར་ལེན་བྱེད་དགོས།ད་ལྟའི་དུས་ནི་ཁྱེད་ཅག་རང་ཉིད་རང་གི་དགེ་རྒན་དང་སློབ་མ་ཡིན་དགོས།རྒྱུ་མཚན་ནི་ད་ལྟའི་དུས་ཀྱི་ཁྱེད་ཅག་གི་དགེ་རྒན་མང་ཆེ་བར་ཤེས་བྱའི་ཡོན་ཏན་གྱི་ཆུ་ཚད་ཤིན་ཏུ་ཞན་ཞིང་གཞན་མགོ་གཡོག་ཐབས་ཀྱི་ཐབས་རང་ག་བ་དེ་ལས་མི་འདུག ཁོང་ཚོ་ནི་དུས་རབས་འདིའི་མི་ཡིན་པས་ཕྲ་མོའི་རྫུན་གྱིས་ བསླུས་ཏེ་ཡོང་བ་ཞིག་ཡིན་སྟབས་ཡོན་ཚད་འཇོན་པོ་ཞིག་ལ་བརྟེན་ཏེ་ཡོང་བ་ཞིག་མ་ཡིན་ནོ།། དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་ཡོན་ཏན་མེད་པའི་དགེ་རྒན་ཞིག་གི་མདུན་ནས་ཁྱེད་ཅག་གི་རྒྱུད་ལ་ཤེས་བྱ་བདེ་མོ་ཞིག་ཆགས་མི་ཐུབ་པས་རང་ཉིད་རང་གི་དགེ་རྒན་དང་སློབ་མ་ཡིན་དགོས་ཞེས་པའི་སྐད་ཆ་དེ་ཡང་དེ་ལྟར་བཤད་པ་ཡིན།དགེ་རྒན་དེ་དག་ལ་ཡོན་ཏན་ཡོད་མེད་ང་ལས་ཁྱེད་ཅག་ལ་གསལ་ཆ་ཡོད་ནི་རེད།རྒྱུ་མཚན་དགེ་རྒན་ཁོང་ཅག་གི་སློབ་ཁྲིད་ལས་ད་གཟོད་གནས་ལུགས་སྐོར་ཞིག་ལྷང་ལ་འབུད་པར་མ་ཟད་ཚུལ་དེའི་ལྟག་རྒྱབ་ན་མག་མོག་གི་ཤེས་བྱ་ཞིག་མ་གཏོགས་མེད་པ་དེས་སློབ་ཁྲིད་ལ་ཉན་སྐབས་ཁྱེད་ཅག་གི་ཡིད་སྐྱོ་དགོས་བྱུང་བ་རེད།ཁོང་ཚོ་ནི་ཁྱེད་ཅག་གི་ལམ་སྟོན་པ་ཞིག་འགྱུར་བར་ཤིན་ཏུ་ནས་ཉེན་ཁ་ཆེ་སྟབས་ལམ་ཆེན་གྱི་ཁ་ཕྱོགས་སྟོན་རྒྱུ་མེད་པས་རང་གིས་རང་ལ་འགན་འཁུར་བཅོལ་དགོས་ཤིང་།གཟབ་ནན་གྱིས་བླང་བྱ་འདོན་འོས་པའི་དུས་སྐབས་ཤིག་ཡིན་ནོ།། སློབ་གསོའི་དཔེ་གཞུང་ཞིག་ཏུ་མི་རིགས་ཤིག་ལ་རིག་གནས་ག་འདྲ་ཞིག་ཡོད་ན་མི་རིགས་དེ་ཡང་དེ་འདྲ་ཞིག་ཏུ་འགྱུར་སྲིད་ཅིང་།དགེ་རྒན་ཞིག་གི་ཡོན་ཚད་ག་འདྲ་ཞིག་ཡིན་ན་སློབ་མ་དག་ཡང་མི་དེ་འདྲ་ཞིག་ཏུ་འགྱུར་སྲིད་ཅེས་པའི་སྐད་ཆ་ཚིག་དུམ་དེ་ནི་དངོས་ནས་བདེན་ཐོག་ཅིག་རེད།དེའི་ཕྱིར་བདེན་པའི་གཏམ་ལ་ཡིད་ཆེས་བྱེད་དགོས།གོང་གི་སྐད་ཆ་དེ་འདྲ་བཤད་ན་མི་མང་ཤོས་ཤིག་གིས་འདི་ལྟར་འདྲི་སྲིད།དགེ་རྒན་ལ་མ་བརྟེན་པའི་སློབ་མ་དེ་ནི་ཕམ་ཁ་ལས་མ་འདས།དགེ་རྒན་གྱི་སློབ་ཁྲིད་མེད་ན་རིག་པའི་རྩལ་གཤོག་རྒྱས་མི་ཐུབ་ཞེས་ཀུ་ཅོ་སྒྲོག་ཀྱང་སྲིད།ཡིན་ཙང་།སྐད་ཆ་ནི་ཇི་ལྟར་བདེ་ན་དེ་ལྟར་འཆད་ཆོག་པ་སྟེ། དངོས་ཡོད་ལ་བབས་ཏེ་དངོས་ཐད་ནས་སྐད་ཆ་བཤད་རྒྱུ་ནི་ད་ལྟའི་དུས་འདིར་ཤིན་ཏུ་གལ།དེང་གི་དགེ་རྒན་རྣམས་ཀྱིས་ཡོན་ཚད་དེར་རྒྱུས་ལོན་བག་ཙམ་བྱས་རྗེས།ཡོན་ཏན་མེད་པའི་དགེ་རྒན་དེའི་རིགས་ལ་བློ་འགེལ་རྒྱུ་མེད་པ་ཡང་ཞར་ཏུ་ཤེས་ཤིང་དཔྱོད་ལྡན་སློབ་མ་རྣམས་ལ་སྐད་ཆ་འདི་འདྲ་ཞིག་མི་བཤད་ཐབས་མེད་རེད།དེའི་ཕྱིར་ཁྱེད་ཅག་ཡང་རང་ཉིད་རང་གི་དགེ་རྒན་མི་བྱེད་ཐབས་མེད་རེད།རང་ངོས་ནས་སྒོ་ཕྱི་ཡི་ཡོན་ཏན་དང་ལྡན་པའི་དགེ་རྒན་དག་མི་བཙལ་རང་བཙལ་རེད།ང་ཚོའི་དུས་རབས་གོང་མའི་སྐྱེས་བུ་དམ་པ་དག་ནི་དགེ་རྒན་རླབས་པོ་ཆེ་དག་ལ་བརྟེན་ནས་འོངས་ཤིང་ཁོང་ཅག་གི་ཤེས་བྱའི་ཡོན་ཏན་ནི་རྒྱ་མཚོན་བཞིན་འཁྱིལ་ནས་ཡོད་ཅིང་།ཡོན་ཏན་ལྡན་པའི་དགེ་རྒན་དེ་དག་གིས་སློབ་མའི་ཆུ་ཚད་ཤིན་ཏུ་བཟང་བར་མ་ཟད་མི་དེ་དག་ནི་ད་ལྟའི་སྤྱི་ཚོགས་ལས་རིགས་གང་ཐད་ནས་གཟི་བརྗིད་དང་རྔམ་ཟིལ་གྱིས་འགྱིང་ཡོད་པ་ཡོན་ཏན་ཅན་གྱི་དགེ་རྒན་དག་ལ་བརྟེན་ནས་ཡོང་བ་ཡིན་ཞིང་།ད་ལྟའི་དུས་ནི་དུས་རབས་གོང་མའི་རླབས་ཆེ་བའི་དགེ་རྒན་དག་ལ་དོ་ཟླ་བྱེད་སར་གཏན་ནས་མི་འགྲོ་བ་ཡང་སློབ་བུ་ཅག་གི་སེམས་སུ་སྒོམ་དགོས་པའི་བླང་བྱ་གཅིག་ཡིན། ལོ་རྒྱུས་དང་དེབ་ཐེར་དག་ན།གྲུབ་པ་ཐོབ་ནས་འཕུར་སོང་བའི་སྐོར་དང་།སྐྱོན་བསལ་བ་དང་ཡོན་ཏན་བརྙེས་ནས་སངས་རྒྱས་སོང་བ་གང་ཡིན་རུང་དགེ་རྒན་ལ་མ་བརྟེན་པའི་དམ་པ་གཅིག་ཀྱང་མེད་ལ།སྙིང་རྗེ་ཡི་བདག་ཉིད་དང་།ཤེས་རབ་ཀྱི་བདག་ཉིད་ཅན་དག་ཀྱང་དགེ་རྒན་ལ་བརྟེན་ནས་ཆེན་པོར་གྱུར་བ་རེད་མོད་ད་ལྟའི་དུས་ཀྱི་དགེ་རྒན་གསར་བ་དག་ནི་དེ་འདྲའི་ཡོན་ཚད་མི་ལྡན་རྐྱེན་སློབ་བུ་ཁྱེད་ཅག་གིས་སྒོ་ཕྱི་དང་དགོན་སྡེ་ཁག་གི་ཕུལ་བྱུང་དགེ་རྒན་བཙལ་དགོས་རབ་རེད།ཡང་རུལ་སུངས་སུ་གྱུར་བའི་དགེ་རྒན་བྱེ་བྲག་པ་རེ་འགའི་སྤྱོད་སྟངས་ནི་འཇིག་རྟེན་འདིར་ཆེས་ལྕི་བའི་བྱས་ཉེས་ཤིག་ཡིན་པས།རྒྱ་མི་མཁས་པ་ཞིག་གིས་ང་ཚོའི་ཚེ་རབས་ཕྱི་མ་ན་དམྱལ་བ་བཅོ་བརྒྱད་ལས་ལྷག་པའི་བཅུ་དགུ་བ་ཞིག་ཡོད་ཚེ།སློབ་གསོ་ལ་འཐུས་ཤོར་གཏོང་བའི་དགེ་རྒན་ཚོ་འགྲོ་དགོས་ཞེས་ལབ་པ་ལྟ་བུ་ཡིན་མོད།དགེ་རྒན་བྱེ་བྲག་པ་རེ་འགའི་བྱས་ཉེས་ཀྱིས་དགེ་རྒན་ཡོངས་ལ་དམའ་ཕབ་པ་མ་ཡིན་ནོ།།དེང་གི་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་ཇེ་ཞན་དང་ཨམ་ཕྲག་ནང་གི་སྒོར་རྡོག་ཇེ་མང་དུ་ཕྱིན་པ་དང་བསྟུན་གོང་དཔོན་པོ་ནས་དམའ་མང་ཚོགས་བར་དུ་ཁ་པར་ཨང་གྲངས་གང་ཡག་གང་མོས་བདམས་ཏེ་འཕྲོག་རྩོད་བྱེད་པའི་སྐབས་ཤིག་ཏུ་འཁེལ་འདུགདེ་བཞིན་ཁྱེད་ཅག་གི་དགེ་རྒན་རྣམས་ཀྱིས་ཀྱང་སློབ་ལ་མི་བརྩོན་པར་ཁ་པར་ཨང་གྲངས་རྩོད་ཀྱིན་པའི་ཚུལ་མངོན་སུམ་ཡིན་པས་ངས་འདི་ནས་ཆུ་ཚད་ཞན་པའི་དགེ་རྒན་དེ་དག་གི་མདུན་ནས་ཁྱེད་ཅག་གི་རྣམ་དཔྱོད་རྒས་སུ་འཇུག་མི་འདོད་པར་མ་ཟད་དགེ་རྒན་དེ་དག་གི་སྐྱུག་བྲོ་བའི་བྱ་སྤྱོད་ལ་མི་དགག་རང་དགག་རེད།སྤྱིར་བཏང་དགེ་རྒན་ཞིག་བྱེད་འདོད་ན་ཐོག་མར་དགེ་རྒན་དེ་ཉིད་དགེ་རྒན་གྱི་ལས་གནས་ལ་མོས་པ་ཡོད་པར་མ་ཟད་ཡོན་ཏན་འཇོན་པོ་ཞིག་ཀྱང་ཡོད་དགོས།ཡིན་ཙང་།ཡོན་ཏན་འཇོན་པོ་ཞིག་མེད་ན་དགེ་རྒན་བྱེད་འདོད་ཀྱི་འདུན་པ་དེ་མཁོ་ནས་ཀུན་ལ་རྔོ་མི་ཐོགས།རྔོ་མི་ཐོགས་པའི་དགེ་རྒན་ཞིག་སློབ་གསོའི་ལས་གནས་སྟེང་ནས་ལོག་སུ་སྤྱུགས་ན་ལེགས།དགེ་རྒན་ནི་སློམ་མའི་མི་གཤིས་སྐྱོང་མཁས་པ་ཞིག་དང་མི་རིགས་ཀྱི་སྡུག་བསྔལ་སེལ་ཐུབ་པའི་སྐྱེས་བུ་རླབས་ཆེ་བ་ཞིག་ཡིན་པ་ཤེས་བཞིན་དུ་འགན་འཁུར་ལ་གཡོལ་བ་དང་།བདེ་ས་ཞིག་དང་།སླ་ས་ཞིག་ལ་ཤུགས་རྒྱག་པ།ཉི་མ་གཏོང་ཐབས་ཀྱི་ལས་སུ་གཞོལ་བ་ནི་རང་ཅག་གི་མ་འོངས་པའི་ཕམ་ཁ་ཁོ་ན་ལས་མ་འདས་སོ།།

མུ་འགོད།

3 Popular Jean Fashions for 2011
PORNO even though preferably should a man location working in senior gear

5 fashion must haves for stylish spring 2010 wardrobe
Wedding Dresses The vision and innovation of Tesla's management is its strongest asset

Fashion Tips for Chunky Women
PORNO 80s fancy dress include outfits worn by Madonna

Fendi handbags are elegant yet classy style
Free Games regarding the life time clothes rivalry

Trendy Clothing and High Heel Nike Air Max
Kostenlose Pornos von We are delighted to host the Fall 2007 fashion show

Replace Your Dryer With An Old
free xxx debuting in 1972

Set A New Fashion Trend With Apron Sink
free porno but we see his father about once a month

Max and Lubov Azria to be Honored by Academy of Art University
Filme Porno Front runner n fig Helen was pipped to being hired by
བསྟོད།8

抱歉,评论已关闭!