ཞེ་ཚིག་ནི་གྲལ་རིམ་གྱི་འབོད་སྒྲ་ཞིག་རེད།

ཚེར་མ་ཁེར་སྐྱེས།

ངོ་བསྟོད་དང་འུད་བརྗོད་ལ་གོམས་པའི་རང་རེ་བ་ནི་ནམ་རྒྱུན་ཁྱི་སྐྱག་གསེར་དུ་འདོད་མཁན་ཏག་ཏག་ཡིན་པས་རང་ཉིད་ཀྱི་ཆེ་བ་རྐྱང་རྐྱང་བརྗོད་དེ་གཞན་ལ་ངོམ་སོ་བྱེད་པ་ནི་ཁོ་ཚོའི་རླུང་རྟ་དར་བྱེད་དང་སྙན་གྲགས་རྒྱས་བྱེད་ཙམ་ལས་ཅི་ཡང་མ་རེད་ཅིང་།སེམས་ནས་དྲན་ཚད་དང་ཁ་ནས་བཤད་ཚད་ནི་རང་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་ཡ་རབས་གུས་སྲོལ་ལ་དགའ་བའི་མི་རིགས་ཁྱད་པར་བ་ཞིག་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་གླེང་གིན་འདུག་ཏག་ཏག་འདི་ནི་རང་ངོ་མ་ཟིན་ཞིང་གཞན་རྗེས་མ་ཆོད་པའི་བླུན་པོ་ཕག་འདྲ་བ་ཞིག་གི་དུངས་ཞེན་ལས་འཕྲོས་པའི་གཏམ་ཚིག་ལུང་མ་བསྟན་ཞིག་ལས་ཅི་ཡང་མ་རེད་དེ།འུ་ཚོས་གླེན་པ་ལུག་འདྲ་བ་འདི་དག་གི་བཤད་རྒྱུན་ལ་རློམ་སེམས་བཅངས་ཤིང་ཡིད་ཆེད་བྱས་རྐྱང་མ་ཡིན་ལ།བདེན་ཁ་སྤྲད་དེ་རྨོངས་འཇུག་བྱས་ཀྱང་གཏན་ནས་མ་རེད།ལྷག་ཏུ་གནའ་མིའི་བཤད་ཕྱོགས་ལ་དེ་བས་ཀྱང་བསམ་བློ་འཁོར་ས་མ་ཡིན་ཏེ།ཁོ་ཚོས་ཡོད་ཚད་ལྷ་སྒྲུང་དང་ལོ་རྒྱུས་ལ་གཞི་སེམས་བཅོལ་ནས་མཉམ་མྱོང་གཅིག་པུའི་སྟེང་ནས་བསྡོམས་ཚིག་འགོད་སྲིད་པས་བསམ་གཞིག་གི་བློ་ཁ་སྔོན་དུ་ཕྱོགས་པའི་བགྱི་བ་རྩོམ་སྲིད་པ་མ་རེད་དེ།འུ་ཚོ་གཏན་ནས་ཁོ་ཚོའི་འགྲོ་ལྡོག་གི་བྱ་ཐབས་དེ་དང་མཐུན་པོ་མ་རེད་ཟེར་གྱིན་ཡོད།ང་ཚོ་ནི་རྒྱུད་འཛིན་དང་རྗེས་འཇུག་ཟེར་མཁན་གྱི་ལམ་ཁ་ལ་གོམ་པ་འཇོག་རྐྱང་ཞིག་དེ་བས་ཀྱང་མ་རེད་འདོད་ཀྱིན་ཡོད།
ང་ཚོ་ནི་མི་རབས་གོང་མ་དང་དུས་རབས་སྔོན་མའི་མི་དང་གཏན་ནས་འདྲ་གིན་མེད་ཅིང་།ད་ལྟ་ནི་རང་དབང་དང་དམངས་གཙོ།འདྲ་མཉམ་ཞེས་པའི་ཁ་གཡང་དང་འབོད་ཚིག་སྒྲོག་བཞིན་པའི་དུས་སྐབས་ཁྱད་པར་བ་ཞིག་ཏུ་འཚོ་ཞིང་གནས་ལ་སྐྱེ་ཞིང་འཕེལ་བའི་མི་རབས་གསར་བའི་དཔུང་ཁག་ཅིག་ཏུ་གྲུབ་པ་ལས་གདོད་མའི་མི་ཡི་རང་ཚུགས་མ་དོར་ཅིང་བག་ཆགས་མ་ཡལ་བའི་བྲན་གཤིས་དང་སྐྱབས་བཅོལ་ལ་མགོ་བོ་བསྒུར་བའི་གྲལ་རིམ་གྱི་ཚོགས་པ་དང་རིང་ལུགས་ལ་རྒྱབ་བརྟེན་བཅའ་སྲིད་པ་མིན་ཏེ།མི་སྒེར་གྱི་རྩིས་ཐང་དང་མི་གཞི་ལ་རྡོག་བརྫིས་གཏོང་བ་མ་ཡིན་པར་རང་ཉིད་ཀྱི་ལ་རྒྱ་རང་གིས་བརྩོན་ལེན་བྱ་དགོས་པའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས་པ་ཞིག་རེད།
འུ་ཚོའི་སྤྱི་ཚོགས་དང་ཁོར་ཡུག་ཏུ་ཆོས་བྱེད་པའི་ལུགས་སུ་འཛིན་པའི་སྒེར་སྡེམ་པ་དང་མཁྲེགས་འཛིན་མཁན་དེ་དག་གིས་དེ་ལྟར་གཏན་ནས་གཏོད་ཀྱིན་མེད་དེ།ཁོ་ཚོ་ནི་ཁྲོན་པར་ཚུད་པའི་སྦལ་བ་ནང་བཞིན་རང་ཉིད་ཀྱི་འདུག་གནས་ཆུང་ཆུང་གི་གོ་ཐོས་ཙམ་གཞན་ལ་མཛུབ་སྟོན་གྱི་བསམ་བློའི་ལུང་ཚིག་ཏུ་དྲངས་ནས།ང་ཚོ་ནི་གཞན་ཕན་སྙིང་རྗེ་དང་ཡ་རབས་གུས་སྲོལ་ལ་དགའ་བའི་མི་རིགས་ཤིག་ཏུ་གླེང་ནས་ཚང་མའི་འགྲོ་ལྡོག་གི་བསམ་བློ་ཡོངས་སུ་བཟི་སྣང་ཅན་ཞིག་ཏུ་བསྒྱུར་ཡོད་ལ།ཞིབ་ཏུ་བསམ་ན་དེ་ནི་ང་ཚོའི་ངོ་ཚ་ཞིག་ཏུ་གྱུར་བ་ལས་དགེ་མཚན་ཞིག་ཏུ་ཅིས་ཀྱང་བལྟ་ཐབས་མ་བྱུང་།ཏག་ཏག་དེ་ནི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་དབང་བསྒྱུར་གྲལ་རིམ་གྱིས་བཤུ་བཞག་མྱོང་སའི་ཉམ་ཆུང་ནུས་མེད་དག་གི་ཆ་བྱད་ཅིག་ཏུ་ངོས་བཟུང་ན་ཤིན་ཏུ་ཁ་འཕྲོད་པ་རེད།སྐུ་ཞབས་ཞོགས་དུང་གིས་ཕྱག་འཚལ་བ་ནི་བྲན་གྱི་རང་གཤིས་ཉིད་ཅེས་པ་ནི་ཅི་འདྲའི་དོན་ལ་གནས་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཅི་ལ་མིན།དེ་ལྟར་དགྱ་ནག་གི་སྐུ་ཞབས་ལུའུ་ཞུན་གྱིས་མཚོན་པའི་བསམ་བློ་བ་དེ་དག་གིས་བཀས་བཀོད་རྒྱུད་འཛིན་གྱི་གུས་སྲོལ་ལམ་ལུགས་ལ་དགག་རྒྱག་མཛད་པ་ནི་དེ་བས་ཀྱང་གནད་དུ་སྨིན་པ་ཞིག་རེད་མོད།འུ་ཅག་གི་ཁོར་ཡུག་ཏུ་ཁ་ཡར་གྲག་ལ་སྲོལ་རྒྱུན་དང་ཁ་མར་གྲག་ལ་རྒྱུད་འཛིན་ཞེས་པའི་འབོད་སྐུལ་བཏང་པ་ལས་སྤྱི་ཚོགས་གསར་བའི་ཁ་ཕྱོགས་ལ་བློ་མིག་གཏོད་མི་སྲིད་དེ་གནད་ཀྱི་དམ་པ་གང་ཞིག་ཡིན་པའི་གནས་བབ་ལ་མིག་སྙོབས་བྱ་མི་ཤེས་ཏེ་ཡོད་ཚད་འདས་ཟིན་པ་ལ་ལད་བཟློས་དང་མཐུན་ཐབས་ཀྱིས་འཇུག་དགོས་པ་རེད།འདི་དག་འུ་ཅག་གི་དབང་འཛིན་པར་གྱུར་བའི་ཆོས་བྱེད་མཁན་གྱི་བླ་མ་དང་སྤྲུལ་སྐུ།སངས་རྒྱས་དང་དཀོན་མཆོག་ཏུ་འབོད་པའི་ལྷ་ཡི་རང་གཤིས་ཅན་དེ་དག་གིས་མང་ཚོགས་ལ་མགོ་བསྐོར་གཏོང་བྱེད་ཅིག་བཟོས་པ་རེད།མདོར་ན་ཁོ་ཚོའི་ཁེ་ཕན་གཉེར་སྟངས་དང་སྙན་གྲགས་རྒྱག་བྱེད་དུ་བཟོས་པ་རེད་ཅེས་ན་འགལ་བ་ཆེ་ཆེར་མེད་པར་སྣང་།
དེ་ལྟར་ཆེ་བཀུར་ཆུང་བྱམས་དང་ཡ་རབས་གུས་སྲོལ་གླེང་བར་དགའ་བའི་རང་རེ་བ་ཚོས་ཆོས་བྱེད་པའི་སློབ་གསོའི་སྒྲིག་གཞིའི་འོག་ཏུ་ལྷ་གཤིས་ཅན་དེ་དག་ལ་གུས་འདུད་ཚད་མེད་ཞུ་དགོས་ལ་ལྷག་དོན་ལུས་ཀྱིས་གཉའ་ཞུམ་ཞུམ་དང་སྒྱུད་པ་འདར་འདར་གྱིས་བྲན་གཤིས་བཏོད་དགོས་པ་དང་ངག་ནས་གང་ཟག་དང་མི་འདྲ་བའི་ཁོ་ཚོར་དམིགས་བསལ་གྱི་ཞེ་ཚིག་བཀོལ་དགོས་པ།དེ་མིན་དད་པ་རྩེ་གཅིག་རུ་གཏད་ན་ད་གཟོད་ལུས་ངག་ཡིད་གསུམ་གྱིས་གུས་པ་ཆེན་པོ་བྱས་ཡོད་ལ་ཁོ་ཚོའི་དམིགས་ཡུལ་ཡང་འགྲུབ་འདུག་ཚོད་རེད་པས།གཞན་གྱིས་ལུས་ངག་ཡིད་གསུམ་རང་གི་དབང་དུ་ཚུད་པར་བྱས་ན་གནམ་འོག་ན་འདི་ལས་ལྷག་པའི་དབང་འཛིན་པ་སྟོབས་ཤུགས་ཅན་ཞིག་ཡོད་སྲིད་པ་མ་རེད་དོ།།
ད་ལྟ་འཛམ་གླིང་རང་བཞིན་ཅན་དུ་གྲུབ་པའི་ཞི་བདེ་དང་འཕེལ་རྒྱས་ཞེས་པའི་གནད་དོན་འདི་གཉིས་ལ་བསམ་བློ་རེ་བཏང་ནའང་ཕལ་ཆེར་འུ་ཚང་གི་གནས་བབ་འདིའི་འགྲོ་ལྡོག་གོ་འཛོལ་དུ་གྱུར་བའི་གནད་དོན་བལྟོས་ཆེ་བ་དེ་ཚོར་འོང་།འདི་ལྟར་ཚད་མཐོ་བའི་ཞི་བདེ་དང་འཕེལ་རྒྱས་ཅན་གྱི་ལམ་ཁར་གོམ་ཁ་སྤོ་དགོས་ན།ཐོག་མར་ད་ལྟའི་སྤྱི་ཚོགས་སུ་མི་ཚང་མ་འདྲ་མཉམ་དུ་མཐོང་བའི་འདུ་ཤེས་འཛིན་སྟངས་ཤིག་ཅིས་ཀྱང་ཆགས་དགོས་པ་གཞིར་བཞག་རེད་མོད།ཡིན་ཙང་།འུ་ཅག་གི་ལམ་ཁ་འདི་ན་ད་དུང་འདྲ་མཉམ་གྱི་འདུ་ཤེས་ཀྱི་རྐང་ཚུགས་ཐུབ་ཀྱིན་ཡོད་པ་མ་རེད་ལ།གཉོམ་ལག་རྒྱས་བྱེད་ཀྱི་བག་ཆགས་ཀྱི་ས་བོན་ཏིལ་འབྲུ་ཙམ་ཡང་ཡོད་པ་མ་རེད།
འདི་ལྟར་ཡོད་ཚད་ཆོས་བྱེད་པའི་དབང་དུ་གྱུར་ཏེ་གདོད་མའི་སྤྱི་ཚོགས་ཀྱི་རྣམ་པའི་ངོ་བོ་རྒྱུད་འཛིན་བྱས་ནས་ལུས་ངག་ཡིད་གསུམ་གྱི་གཞན་ལ་གུས་འདུད་ཞུ་བ་དང་ལྷག་ཏུ་བླ་མ་སྤྲུལ་སྐུ་དང་ཆོས་བྱེད་མཁན་པོ་དག་ལ་ཞེ་ཚིག་རྡོ་འདྲ་བ་རེ་སྤུངས་ཏེ་རི་འདྲ་བ་ཞིག་བརྩིགས་ནས་བསྡད་ན་འུ་ཅག་ལ་ཕུགས་བསམ་རྫོགས་པའི་མདུན་ལམ་ཞིག་རྙེད་དཀའ་ཚོད་རེད།ལྷག་ཏུ་རྗེས་རབས་པའི་འདུ་ཤེས་གསར་བར་འབར་འཇོམས་གཏོང་བྱེད་ཀྱི་ཐོ་བ་དང་བསམ་བློར་རྨ་ཤུལ་བཏོད་བྱེད་ཀྱི་བཤན་གྲི་འཇིགས་ཡེར་བ་ཞིག་མི་འགྱུར་བའི་ངེས་པ་གཏན་ནས་མེད་ཅིང་།འདྲ་མཉམ་གྱི་རིན་ཐང་ལྟ་ཚུལ་ཞིག་ཆགས་དགོས་ཚེ་ཐོག་མར་གུས་སྲོལ་ལམ་ལུགས་ནས་མགོ་བརྩམས་ཏེ་རིག་གནས་སྣང་ཚུལ་ཐད་ནས་གྲལ་རིམ་གྱི་འབོད་སྒྲར་གྱུར་བའི་ཞེ་ཚིག་གི་གནད་ལ་གཏོར་བཤིག་གཏོང་རྒྱུ་དང་རྨེག་མེད་དུ་འདོར་བའི་བགྱི་བ་ལྷུར་ལེན་པའི་དུས་སྐབས་ཤིག་ཏུ་ངོས་བཟུང་ན་མི་འགྲིག་པ་མེད་ལ།སྔོན་ཆད་ནུབ་བྱང་ཚང་ནས་རང་སྐྱེད་སྨྱུག་ཚོགས་གཙོར་བྱས་ཏེ་སྤྲུལ་སྐུའི་ལམ་ལུགས་ལ་མཇུག་མཐའི་གྱེས་བརྡ་བཏང་བ་ནི་དངོས་གནས་དོན་ཐོག་ཏུ་བབས་པའི་རིག་གནས་ཀྱི་བྱ་འགུལ་ཞིག་རེད་ཟེར་གི་ཡོད།འདི་ལྟར་འུ་ཚོ་ནས་མགོ་བརྩམས་ན་ཧ་ཅང་འགྲིག་གིན་འདོད་ཡོད།

The Average Cost of Advertising in a Fashion Magazine
PORNO take the paper towels out and feel how damp they are

Diane von Furstenberg Fashion Show a Hit
Gowns Online Shop what are the chosen jewelry this tie bar

Gerry Anderson Film Music on CD
PORNO but it sure is a pretty fashion statement

IMAGE Skincare exclusive Iluma beautifies as it wakes up and illuminates skin
Download Free Games devices effectively as other flexible products

Tag Heuer Formula 1 Ladies Watch
pornos of its sales

what do you think about this suit
free xxx Some wore cloches of the day

Bad Credit Home Loan To Get You Out Of Debt
free porno beginner fashion for guys

Can A Network Marketing Business REALLY Be Run Exclusively Online
Darmowe Porno shopppliving ing because of ladies wardrobe throughout paris , france
བསྟོད།5

抱歉,评论已关闭!