རྩོམ་རིག་གི་མཛེས་གཙོ་རིང་ལུགས་དང་ཁེ་ཕན་རིང་ལུགས།

སྒྲེན་པོ།

རྩོམ་རིག་སྒྱུ་རྩལ་ནི་སྣ་མང་རྒྱུ་རྐྱེན་དུ་མས་གྲུབ་པའི་རྙོག་ཟིང་གི་འཇིག་རྟེན་གཞན་ཞིག་ཡིན་པས།དེར་སྡོམ་ཚིག་རྡོག་རྡོག་ཅིག་འཇོག་རྒྱུ་ནི་སྲིད་མཐའ་ཙམ་དུ་ཟད།རྩོམ་རིག་ནི་མཛེས་རྟོག་རིག་པ་ཡིན་ལ་མི་ཆོས་ཀུན་སྤྱོད་ཀྱང་ཡིན།དེར་བེད་མེད་སྤྱོད་མེད་དང་དམིགས་མེད་གཏད་མེད་ཀྱི་མཛེས་ཚོར་ཤས་ཆེ་བའི་རང་བཞིན་མཆིས་པ་ཕུད།སྤྱོད་ཡོད་རིན་ཡོད་དང་དམིགས་ཡོད་ཕན་ཡོད་ཀྱི་ཕན་དགེ་ཤས་ཆེ་བའི་ངོ་བོ་ཡང་མངའ།མཛེས་རྟོག་ལ་དོ་སྣང་ཆེན་པོ་བྱེད་མཁན་གྱི་མིར་མཚོན་ན་རྩོམ་རིག་ནི་སྤྱོད་སྒོ་མེད་ལ་དམིགས་ཡུལ་ཡང་མེད་པའི་མཛེས་རྟོག་གཙང་རྐྱང་དུ་སྣང་མོད།མི་ཆོས་ཀུན་སྤྱོད་ལ་དང་དོད་བླ་ལྷག་བྱེད་མཁན་དག་གིས་རྩོམ་རིག་ནི་ཀུན་སྤྱོད་བསམ་བློའི་ནང་གཟུངས་གཏོས་ཆེན་མངའ་བའི་བསམ་བློ་དང་མི་ཆོས་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཏུ་བལྟ་ངེས།ཕལ་ཆེར་དུས་རབས་གང་དུ་ཡང་རྩོམ་འབྲིའི་ལངས་ཕྱོགས་སམ་རྩོམ་རིག་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བའི་ལྟ་དགོངས་རིགས་གཉིས་མུར་བྱུང་མྱོང་ཡོད་དེ།གཅིག་ནི་མཛེས་གཙོ་རིང་ལུགས་ཀྱི་བཞེད་དགོངས་དང་ཐབས་ལམ་རེད་ལ།ལ་ཤས་དེ་ནི་ཁེ་ཕན་རིང་ལུགས་ཀྱི་ལྟ་གྲུབ་དང་ཐབས་རྩལ་རེད།

སྤྱིར་བཏང་མཛེས་གཙོ་རིང་ལུགས་ནི་མི་སྒེར་རིང་ལུགས་ཀྱི་ངོས་ཐད་ནས་འགྲེང་སྟེ་སྔོན་བསྐྱོད་ཀྱི་ཟོལ་གྱིས་རྩོམ་རིག་གི་ཕྱིའི་རྣམ་པ་དང་ཐབས་རྩལ་ལ་དང་དོད་གཙིགས་ཆེན་བྱེད་ཁར།རྩོམ་པོའི་ཀུན་རྟོག་འགྱུ་བའི་རང་དབང་དང་རྩོམ་འབྲིའི་རང་དབང་ལ་འཚོལ་སྙེག་བྱེད་མཁན་ཡིན།སྒྱུ་རྩལ་དང་དངོས་ཡོད་འཚོ་བ་གཉིས་འགལ་ཟླར་བལྟས་ནས་སྒྱུ་རྩལ་དེ་སྲོལ་རྒྱུན་གྱི་བཀག་རྒྱ་ལས་འགོང་རྒྱུར་ཤུགས་སྣོན་བྱས་ཏེ་སྒྱུ་རྩལ་གྱི་ཁམས་གཙང་ཡངས་ཤིག་ལ་སྙེག་གིན་པ་ནི་མཛེས་གཙོ་རིང་ལུགས་པ་ཀུན་ལ་ཁྱབ་པའི་རང་གཤིས་ཤིག་ཡིན།ཁོ་ཚོས་ཁེ་ཕན་རིང་ལུགས་ལ་དགག་པ་བསྐྱོན་རྒྱུ་ལས་གཞན་སྒྱུ་རྩལ་དང་འཚོ་བའི་དབར་གྱི་དངོས་ཡོད་འབྲེལ་བ་ཡང་ཁས་མི་ལེན།ཁོ་ཚོའི་སྣང་ངོར་འཚོ་བ་དངོས་དང་ཐག་ཅི་ཙམ་ཉེ་ན་དེ་ཙམ་གྱིས་སྒྱུ་རྩལ་ལ་རྨ་ཕབ་ཡོད་པར་འདོད།མཛེས་གཙོ་རིང་ལུགས་པ་གྰི་ཏིས་ཡེ་ལགས་ནས་བཞེད་རྒྱུར།༼དངོས་རྫས་ཤིག་སྤྱོད་སྒོ་ཆེ་བའི་ངོ་བོར་འཕོས་པ་ཡིན་ན་དེར་མཛེས་ཉམས་མེད།དངོས་ཡོད་འཚོ་བ་དང་འབྲེལ་ཆེ་ན།སྙན་ངག་ཀྱང་ལྷུག་བརྗོད་དུ་འགྱུར་ལ།རང་དབང་ཡང་བྲན་ཁོལ་དུ་འགྱུར་ངེས།དེ་བཞིན་སྒྱུ་རྩལ་ཡོད་དོ་ཅོག་ཀྱང་དེ་ག་རང་ལས་མ་འདས༽ཞེས་དང་ཡང་།༼སྒྱུ་རྩལ་གྱི་མཛེས་པའི་མཐར་ཐུག་ནི་སྤྱོད་སྒོ་མེད་པའི་དངོས་པོ་དེ་ཡིན།སྤྱོད་སྒོ་ཆེ་བའི་དངོས་པོ་ནི་མི་སྡུག་པ་ཡིན།དེས་དངོས་ཡོད་ཀྱི་དགོས་མཁོ་ག་གེ་མོ་ཞིག་བསྐང་ཅི་ནུས་བྱེད་ཀྱིན་ཡོད་པས།༽ཞེས་པའི་བཞེད་དགོངས་བཏོན་ཡོད།བྰང་ཨར་ཏི་ཡིས་ཁོང་གི་ལྟ་བ་དེ་ཇི་བཞིན་དང་ལེན་བྱས།བྰང་ཨར་ཏི་ཡིས་ཀུན་རྟོག་དང་དངོས་ཡོད་འཚོ་བ་གཉིས་འགལ་བར་བརྩིས་ཏེ་དངོས་ཡོད་རིང་ལུགས་ཀྱི་རྩོམ་འབྲིའི་ལངས་ཕྱོགས་ལ་དགག་སྒྲུབ་བྱས།ཁོས་སྒྱུ་རྩལ་ལྟ་བའི་སྟེང་ནས་ཙོ་ལྰ་དང་ཨེ་ལོའུ་ཐི་གཉིས་ཀྱི་བརྩམས་སྒྲུང་ལ་དགག་སྒྲུབ་འདི་ལྟར་བྱས་མྱོང་ཡོད་དེ།༼ཁོ་ཚོའི་འཚོ་བ་དངོས་ཀྱི་འདྲ་རིས་ལྟ་བུའི་བརྩམས་ཆོས་ཀྱིས་ཀློག་མཁན་གྱི་དང་བ་འདྲེན་མི་ནུས།སྒྱུ་རྩལ་རྩོམ་རིག་གི་རྐང་འཛུགས་ས་ནི་མཚར་སྣང་དང་མཛེས་སྣང་།ཀུན་རྟོག་འགྱུ་ཤུགས་བཅས་ཡིན་པ་ལས་དམའ་རིམ་མི་དམངས་ཀྱི་འཚོ་བ་ཙག་ཙིག་གི་ཞིབ་འབྲི་ནི་གཞར་ཡང་མིན༽དང་ཡང་།༼སྒྱུ་རྩལ་ནི་རྫུན་གཏམ་ཡིན།རྫུན་གཏམ་གྱི་ཁྲོད་དུ་གཞི་ནས་སྒྱུ་རྩལ་བྱུང་ཐུབ༽ཅེས་པའི་བཞེད་དགོངས་བཏོན་མྱོང་ཡོད།

མིའི་འབྱུང་བའི་སྟེང་ནས་དཔྱད་ན།འཆར་ཡན་གྱིས་ཕྱུག་ཅིང་འཚོ་བར་རེ་ཐག་ཆད་པའི་སྐྱོ་སྣང་ཅན་གྱི་མི་ནི་མཛེས་གཙོ་རིང་ལུགས་པར་འགྱུར་སླ།དེ་ལྟ་བུའི་མི་ལ་དངོས་ཡོད་འཚོ་བར་གདོང་གཏོད་པའི་འདང་ངེས་ཀྱི་ཡིད་ཆེས་དང་སྟོབས་ཤུགས་མེད་པར་གྱུར་བས།མཐར་སྒྱིད་ལུག་བག་འཁུམ་གྱི་རྣམ་པས་དངོས་ཡོད་ལ་གཡོལ་བའི་རྩོམ་འབྲིའི་ལངས་ཕྱོགས་བཟུང་བ་ཡིན།ཕོའུ་ལོ་ཧན་ནོ་ཧྥི་ཡིས་ཧྥ་རན་སིའི་འཆར་ཡན་རིང་ལུགས་ལ་དབྱེ་ཞིབ་བྱེད་སྐབས་མཐའ་སྡོམ་འདི་འདྲ་བཀོད་མྱོང་ཡོད་དེ།༼སྒྱུ་རྩལ་བ་དང་སྒྱུ་རྩལ་གསར་རྩོམ་ལ་དད་ཞེན་ཟློག་མེད་མངའ་བའི་མིས་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་གཉེར་བའི་ལངས་ཕྱོགས་ཤིག་འཛིན་པ་ནི།དོན་གྱིས་མི་དེ་དག་དང་དངོས་ཡོད་འཚོ་བའི་དབར་ཀྱི་འགལ་བ་འདུམ་ཐབས་ཡོང་ཁག་པའི་རྨང་གཞིའི་སྟེང་བྱུང་བ་ཡིན།ཕྱི་ཚུལ་གྱི་རྣམ་པར་ཚད་བརྒལ་ངང་མཐོང་ཆེན་བྱེད་པ་ནི་དངོས་ཡོད་སྤྱི་ཚོགས་དང་ཆབ་སྲིད་ལ་ཐུགས་གཞིག་མ་བྱས་པ་ལས་བསྐྱེད་པའི་འབྲས་སུ་ཡིན༽གོང་གསལ་སྐད་ཆ་དེས་མཛེས་གཙོ་རིང་ལུགས་ཀྱི་རྩ་མདུད་གྲོལ་འདུག

མིའི་བསམ་བློའི་འཁྱེར་སོ་དང་འབྱུང་བ་མི་འདྲ་བའི་ངོས་ནས་བལྟས་ན་མཛེས་གཙོ་རིང་ལུགས་ལ་རིགས་གཉིས་ཡོད།བརྩེ་སེམས་ཤས་ཆེར་འཛིན་པའི་མཛེས་གཙོ་རིང་ལུགས་དང་རྣམ་པར་དང་དོད་བྱེད་པའི་མཛེས་གཙོ་རིང་ལུགས་གཉིས་ཡོད་ལ།དེ་གཉིས་ལས་ཀྱང་རྣམ་པར་དང་དོད་བྱེད་པའི་མཛེས་གཙོ་རིང་ལུགས་ཀྱིས་སྒྱུ་རྩལ་གྱི་མཛེས་ཚོར་ལ་གཙིགས་ཆེན་བླ་ལྷག་སྒོས་བྱེད།ཁོ་ཚོའི་སྣང་ངོར་སྒྱུ་རྩལ་ནི་མཚན་ཉིད་རིག་པ་དང་ཆབ་སྲིད།མི་ཆོས་ཀུན་སྤྱོད།ཆོས་ལུགས་སོགས་དང་འབྲེལ་བ་ཡེ་ནས་མེད་པར་བལྟ་ལ།སྒྱུ་རྩལ་གྱི་གནད་དོན་ནི་མཛེས་རྟོག་གི་གནད་དོན་རྐྱང་བར་ངོས་འཛིན་གྱིན་ཡོད།ཀུན་སྤྱོད་དང་ཚན་རིག་གི་ཚད་ཤིང་གིས་ལྟོས་མེད་ཀྱི་མཛེས་རྟོག་དེ་ཁེགས་པར་བྱེད་པས་ན།དངོས་ཡོད་དང་འབྲེལ་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་དག་མཛེས་རྟོག་མ་ཡིན་པའི་གྲས་སུ་བགྲང་གིན་ཡོད།ཁོ་ཚོས་འཚོལ་སྙེག་བྱེད་ཀྱིན་པ་ནི་འདུ་ཤེས་ཀྱི་ཚོས་ཀྱིས་མ་བསླད་པའི་སྒྱུ་རྩལ་གྱི་མཛེས་རྟོག་གཙང་ཡངས་དེ་ཡིན་མོད།ཁོ་ཚོའི་གསལ་ལེར་ཤེས་ཡོད་པ་ནི་འདུ་ཤེས་འཛིན་སྟངས་ཀྱིས་མ་བསླད་པའི་སྒྱུ་རྩལ་གྱི་རྟོགས་ལྗོངས་གཙང་ཡངས་ཤིག་ལ་ཅི་ཙམ་འབད་ཀྱང་མངོན་འགྱུར་བྱ་མི་ཐུབ་པ་དེ་མ་ཡིན་ནམ།

རྩོམ་རིག་གི་འཕེལ་རིམ་སྟེང་ནས་གླེང་ན།མཛེས་གཙོ་རིང་ལུགས་ལ་ཁེ་ཕན་རིང་ལུགས་ཀྱི་སྒྱུ་རྩལ་བ་དང་གཞུང་ལུགས་སྨྲ་བ་ཚོས་རྣོ་ངར་གྱི་དགག་ལན་ཆར་དུ་བསྙིལ་མྱོང་ཡོད།
ཁེ་ཕན་རིང་ལུགས་ནི་མཛེས་གཙོ་རིང་ལུགས་དང་མི་འདྲ་བར་དུས་རྒྱུན་སྤྱི་ཚོགས་ཀྱི་མཐོང་སྣེ་ནས་འགྲེང་སྟེ།རྩོམ་རིག་ནི་སྤྱི་ཚོགས་ལ་ཤུགས་རྐྱེན་དྲག་པོ་སྟེར་བའི་བསམ་བློའི་སྣང་ཚུལ་ཞིག་ཏུ་བལྟ་བར་མ་ཟད།རྩོམ་པ་པོའི་འགན་འཁྲིའི་འདུ་ཤེས་དང་མི་ཆོས་བསམ་བློ ཀུན་སྤྱོད་ཀྱི་དོ་ཁུར་བཅས་ལ་ཤུགས་སྣོན་ཆེན་པོ་རྒྱག་ངེས།དེས་རྩོམ་པ་པོ་རྣམས་མི་སྒེར་རིང་ལུགས་ཀྱི་ལམ་ཁར་ཞུགས་རྒྱུར་བཀག་འགོག་བྱེད་པ་ལས་གཞན་རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་ཚད་བརྒལ་གྱི་འདོད་ཡོན་རིང་ལུགས་སོགས་ལ་དགག་སྒྲུབ་ཅི་ཐུབ་བྱེད།མི་གཤིས་ཀྱི་འབྱུང་བའི་ངོས་ནས་དཔྱད་ན།ཕུགས་བསམ་གྱིས་བརྟས་ཤིང་བརྩོན་སེམས་ཀྱིས་སྤུད་པའི་མི་ནི་ཁེ་ཕན་རིང་ལུགས་པར་འགྱུར་སླ། ཕོའུ་ལོ་ཧན་ནོ་ཧྥི་ཡིས་ཁེ་ཕན་རིང་ལུགས་ལ་མཐའ་སྡོམ་འདི་ལྟར་བཀོད་ཡོད་དེ།༼ཁེ་ཕན་རིང་ལུགས་ཀྱི་སྒྱུ་རྩལ་ལྟ་བ་ནི།སྒྱུ་རྩལ་བརྩམས་ཆོས་ལ་དངོས་ཡོད་འཚོ་བར་མཐའ་དཔྱོད་བྱེད་པའི་དོན་སྙིང་ལྡན་ལ།དངོས་ཡོད་སྤྱི་ཚོགས་ཀྱི་བསམ་བློའི་དཀའ་ཉོག་ལ་ཞུགས་རྒྱུའི་ཆོད་སེམས་བརྟན་ནེར་ཡོད་ཁར།སྤྱི་ཚོགས་ཀྱི་ཁོངས་མི་ཕོན་ཆེ་བ་དང་ཁྱད་དོན་སྒྱུ་རྩལ་གསར་རྩོམ་ལ་སྤྲོ་བ་ཡོད་མཁན་བཅས་ཀྱིས་ཕན་ཚུན་གདུང་སེམས་མཉམ་སྐྱེད་བྱེད་སྐབས་གཟོད་བྱུང་བ་ཞིག་ཡིན།༽ཁོང་གིས་སྒྱུ་རྩལ་གྱི་ཁེ་ཕན་རིང་ལུགས་ནི་ཕན་ནུས་ཀྱི་ངོ་བོར་སྦྱར་འདུག
དེ་ལྟར་སྦྱོར་དགོས་པའི་རྒྱུ་མཚན་བསྙད་དགོས་དོན་ཡང་།ཁེ་ཕན་རིང་ལུགས་པ་དག་གིས་་ནི་ནམ་ཞར་དངོས་ཡོད་འཚོ་བར་ཧུར་བསྐྱེད་ཀྱི་སེམས་ཤུགས་བཅངས་ཡོད་པ་མ་ཟད།སྦྱོར་བ་དངོས་ཀྱི་སྐབས་སུ་ཡང་དངོས་ཡོད་འཚོ་བར་རེ་སྨོན་གྱིས་ཁེངས་ནས་ཡོད་ལ་དེར་མནོ་བསམ་གནད་ཐིངས་གཏང་གིན་ཡོད་པས།ཁོ་ཚོས་ད་ཡོད་སྤྱི་ཚོགས་ཀྱི་བསམ་བློའི་འཕར་རྩ་ལ་ལག་སྙོབ་བྱེད་ཐུབ་ཀྱིན་ཡོད།ཁོ་ཚོར་མཚོན་ན་མིག་སྔའི་སྤྱི་ཚོགས་ཀྱི་གནད་དོན་ལ་ཤེས་རྟོགས་ཟབ་གསལ་འདྲོངས་པ་བྱ་རྒྱུ་ནི་རིང་ལུགས་འདིའི་རྐང་འཛུགས་སར་བརྩི་ངེས།གལ་ཏེ་དངོས་ཡོད་ཀྱི་བསམ་བློའི་རླབས་རྒྱུན་མ་ཚོར་བ་ཡིན་ན་ཁོས་བྲིས་པའི་སྒྱུ་རྩལ་བརྩམས་ཆོས་དེའི་ནང་གནས་ཀྱི་རིན་ཐང་བྲི་ནས་སྟོངས་བར་གྱུར་ཏེ།མཐར་བརྩམས་ཆོས་དེར་ཉིང་དགོས་ཏིལ་ཙམ་ཡང་མེད་པར་སེམས་ངེས་རེད།
ཁེ་ཕན་རིང་ལུགས་དེ་རིགས་གཉིས་སུ་དགར་ཆོག གཅིག་ནི་གུ་དོག་ཐལ་མཐའི་ཁེ་ཕན་རིང་ལུགས་ཡིན།དེས་རྩོམ་རིག་ནི་ཆེས་སྟབས་བདེ་བའི་ལག་ཆ་ཙམ་དང་ཐད་ཀ་ཐད་སོའི་བྱེད་ཕྱོགས་ཙམ་ལ་གོ ལངས་ཕྱོགས་དེ་ལྟ་བུར་མཚོན་ན།རྩོམ་རིག་གིས་དུས་ནམ་ཡང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དམིགས་བསལ་གྱི་དུས་རབས་དང་ཚོགས་པ།འདུ་ཤེས་འཛིན་སྟངས་གང་རུང་ལ་ཞབས་འདེགས་ཞུ་དགོས་པ་མ་ཟད།དམིགས་བསལ་གྱི་དུས་བབ་འོག དྲག་ཤུགས་དང་གདུག་རྩུབ་ཀྱི་སྦྱོར་བ་བཀོལ་ནས་རྩོམ་རིག་རང་ངོས་ཀྱི་རིན་ཐང་འཁོས་ཞན་དུ་གཏང་ཅི་ཐུབ་བྱེད་ཀྱིན་ཡོད།ཁྲོམ་རའི་དཔལ་འབྱོར་གྱི་དུས་རབས་ལ་མཚོན་ན།དེའི་ཕུགས་ཀྱི་རེ་འདུན་ནི་རྩོམ་རིག་བརྩམས་ཆོས་ལ་དགའ་རྟགས་སྟེར་བ་ལ་སོགས་ཀྱིས་འཐུས་པའི་ཁྲོམ་རའི་བྱེད་ཐབས་འཆལ་འཆོལ་བརྒྱུད་ནས་མངོན་གྱིན་ཡོད།ཁེ་ཕན་རིང་ལུགས་ཀྱི་རིགས་གཞན་ཞིག་ནི་ཡངས་པ་ཅན་ནམ་དོ་མཉམ་པའི་ཁེ་ཕན་རིང་ལུགས་ཡིན།དེས་རྩོམ་རིག་ནི་ཐོག་མར་རྩོམ་རིག་ཡིན་དགོས་པའི་རྩ་དོན་གཙོར་འཛིན།རྩོམ་རིག་ནི་མཛེས་རྟོག་རིག་པའི་སྣང་ཚུལ་ཞིག་ཡིན་པའི་ཆ་ནས་བལྟས་ན།རྩོམ་འབྲིའི་ཐབས་རྩལ་གྱི་སྟེང་ནས་ངེས་པར་མཛེས་ཚོར་གྱི་སྣ་མང་ཕུན་སུམ་ཚོགས་པའི་ངོ་བོར་དང་དོད་བྱེད་དགོས་མོད།རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་ཡིན་ན་སྐད་ཆའི་སྦྱོར་སྡེབ་ཀྱིས་མཚོན་པའི་ཐབས་རྩལ་ཁོ་ན་ཡིས་གྲུབ་པ་མིན་པར་ཡངས་པ་ཅན་གྱི་སྒྲིག་གཞི་སྟེ།བརྩེ་སེམས་ཀྱི་འགྱུ་སྟངས་དང་ཀུན་སྤྱོད་ཀྱི་བསམ་བློ འཇིག་རྟེན་ལྟ་བ་བཅས་འདུས་པའི་རྐྱེན་དུ་མ་ལས་གྲུབ།རྩོམ་རིག་གི་རང་བཞིན་མངའ་བ་ཙམ་གྱིས་རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་དང་རྩོམ་པ་པོ་གྲགས་ཅན་ཞིག་འཁྱོངས་རྒྱུ་ནི་སྲིད་མཐའ་ཙམ་ཡིན།རྩོམ་རིག་ནི་མི་ཆོས་ཀུན་སྤྱོད་ཀྱི་བསམ་བློའི་སྣང་ཚུལ་རིགས་ཤིག་ཡིན་པས།དེར་རླབས་ཆེན་གྱི་རང་བཞིན་ཡོད་མེད་ནི་དོན་གྱིས་བརྩམས་ཆོས་དེར་ཡོངས་ཁྱབ་ལ་ཁ་ཕྱོགས་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡོད་མེད་ལ་བལྟ་རྒྱུ་ལས་གཞན།སྒྱུ་རྩལ་རྩོམ་རིག་བློས་བསླངས་བྱེད་སྐབས་རྩོམ་རིག་གི་རང་བཞིན་འཚོལ་སྙེག་བྱེད་ཚད་རྟོགས་ལྗོངས་མཐོན་པོ་ཞིག་ཏུ་སླེབས་ཡོད་མེད་ལ་མནོ་བསམ་བཞེས་རྒྱུ་ནི་གལ་ཆེན་ཡིན།དེ་ཡང་མདོར་ན་རྩོམ་མཁན་དེའི་མི་ཆོས་ཀུན་སྤྱོད་ཀྱི་བསམ་བློའི་རྔམ་ཟིལ་དང་སེམས་ཁམས་ཀྱི་ལྟ་སྟངས་ལ་རག་ལས་ཡོད།

ཁེ་ཕན་རིང་ལུགས་ཕྱི་མ་འདི་ནི་ཨུ་རུ་སུའི་རྩོམ་རིག་གི་རླབས་ཆེ་བའི་བསམ་བློའི་སྲོལ་རྒྱུན་དང་རྒྱལ་ཁབ་འདིའི་རྩོམ་མཁན་ཡོངས་ཀྱི་རྩོམ་འབྲིའི་ལངས་ཕྱོགས་ཡིན།ཐོག་མའི་གནས་སྐབས་སུ་པེ་ལིན་ཟི་ཅི་དང་ཕོའུ་ཞི་ཅིན་གཉིས་ཀྱིས་མཚོན་པའི་ཨུ་རུ་སུའི་རྩོམ་པ་པོ་དག་གིས་ཀྱང་སྒྱུ་རྩལ་མཚན་ཉིད་པའི་ལངས་ཕྱོགས་ལ་འཁྲེང་སེམས་སྐྱེས་མྱོང་མོད།མི་རིང་བར་གུ་དོག་པའི་རྩོམ་རིག་གི་ལྟ་བ་དེའི་བཀག་རྒྱ་ལས་ཐར་ཏེ།རྩོམ་མཁན་རང་གི་རྩོམ་འབྲིའི་ལངས་ཕྱོགས་དེ་དམའ་རིམ་མི་དམངས་ཀྱི་འཚོ་བ་དང་ཡོངས་སུ་སྦྲེལ་བ་རེད།པེ་ལིན་ཟི་ཅི་དང་ཕོའུ་ཞི་ཅིན་གཉིས་ནི་ཐོག་མར་སྒྱུ་རྩལ་མཚན་ཉིད་པར་དད་ཞེན་བྱེད་མཁན་ཡིན་ནའང་།མཐར་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་གྱི་རྟོགས་པ་སད་དེ་བདེ་ཐང་ཡིན་པའི་རྩོམ་རིག་གི་ལྟ་བ་ཞིག་དང་ཡིད་རྟོན་འཕེར་ཆོག་པའི་རྩོམ་རིག་གི་དད་སྟོབས་ཤིག་ཁོ་ཚོའི་བླ་སྲོག་གི་གཏིང་རིམ་ནས་འོད་དུ་འཚེར་བ་རེད།

ཕྱི་རབས་པས་དུས་རྟག་པར་ཤིག་སེ་པེར་དང་གི་ཏི་ནི་སྒྱུ་རྩལ་མཚན་ཉིད་པའི་ཚབ་མཚོན་དུ་བགྲང་གིན་འདུག་མོད།ལྟ་སྟངས་དེ་ནི་གོ་འཛོལ་ཞིག་རེད།ཁོང་གཉིས་ཀྱི་བརྩམས་ཆོས་བཀླགས་པ་ན་དེས་ང་ཚོར་མཚན་ཉིད་རིག་པ་དང་སེམས་ཁམས་རིག་པ།ལོ་རྒྱུས་རིག་པ་སོགས་ཀྱི་ཤེས་བྱ་སྟོབ་ངེས་ཡིན།སྒྱུ་རྩལ་མཚན་ཉིད་པས་སྒྱུ་རྩལ་རང་ཉིད་མཐར་ཐུག་གི་དམིགས་འབེན་དུ་འཛིན་གྱིན་ཡོད་ལ།སྒྱུ་རྩལ་རང་ཉིད་ལས་གཞན་རྩོམ་རིག་བརྩམས་ཆོས་ལ་དམིགས་འབེན་ཅི་ཡང་མེད་པར་བཞེད།སྒྱུ་རྩལ་རྩོམ་རིག་གི་ཆེས་མཐའ་མའི་སྙེག་ཡུལ་ནི་སྒྱུ་རྩལ་མཚན་ཉིད་པ་འབའ་ཞིག་ཏུ་ངོས་འཛིན་བྱས་ཏེ།མཛེས་རྟོག་དང་མཛེས་ཚོར་ཁོ་ན་འཚོལ་སྙེག་བྱ་ཡུལ་དུ་བཟུང་བའི་རྩོམ་རིག་གི་ལྟ་བ་དེ་འཐུས་ཚང་ཞིག་མ་ཡིན།མཛེས་པ་དང་དགེ་བ་གཉིས་འགལ་བར་བརྩིས་ཏེ།སྒྱུ་རྩལ་དང་མི་ཆོས་ཀུན་སྤྱོད་གཉིས་ཀྱི་རྐྱ་ཡོངས་ནས་འགེར་གྱིན་པའི་སྣང་ཚུལ་ནི།དོན་གྱིས་ཁྲག་རྒྱུན་དང་ཤ་གཉིས་སོ་སོར་བྲལ་བར་འབད་པ་དང་གཉིས་སུ་མེད་པས།དེ་ནི་ཡང་དག་པའི་རྩོམ་རིག་གི་ལངས་ཕྱོགས་ཤིག་ག་ནས་ཡིན།

བདག་གི་རྒྱ་ཆེ་བའི་ཀློག་མཁན་ལྷན་རྒྱས་ཀྱིས་བདག་གི་རྩོམ་འཆལ་འདི་བཀླག་ནས་བར་གླགས་འདིར་ཐོན་རྗེས་ང་ལ་ཁྱོད་ཀྱིས་བོད་ཀྱི་རྩོམ་རིག་དང་འབྲེལ་མེད་ཀྱི་དོན་གཞན་ཞིག་བསྙད་ཀྱིན་འདུག་པས།ཉིང་དགོས་བྲལ་ཞེས་ཟེར་སྲིད་པས།ད་ནི་རིང་ལུགས་འདི་གཉིས་དང་འབྲེལ་ཏེ་འོ་སྐོལ་བོད་ཀྱི་རྩོམ་རིག་སྣང་ཚུལ་སྐོར་ལ་སྨྱུག་ཁ་བསྒྱུར་བ་ལ།

དེང་སྐབས་འོ་སྐོལ་བསམ་བློའི་སྡེ་རུ་སྣང་ཚུལ་འདི་འདྲ་ཞིག་བྱུང་གིན་ཡོད་དེ།སྙན་ངག་པ་གཉན་གྱི༼ལག་རྩལ༽གྱིས་མཚོན་པའི་སྙན་ངག་བོའུ་སྐད་མ་དང་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི༼རླུང་དམར་འུར་འུར༽དང་ནགས་ཚང་ནུས་བློའི༼ནགས་ཚང་ཞི་ལིའི་སྐྱིད་སྡུག༽གཉིས་ཀྱིས་མཚོན་པའི་རང་རེ་ཉེ་རབས་ལོ་རྒྱུས་དང་སྲིད་དོན་ལ་འབྲེལ་ཆེ་བའི་བརྩམས་སྒྲུང་དག་ནི་སྒྱུ་རྩལ་རྩོམ་རིག་གི་རྒྱ་ཤིང་སྟེང་ནས་གཞལ་ན་ཉིང་དགོས་ཆུང་བའི་ལྟ་སྟངས་འཛིན་མཁན་གྱི་གཞོན་སྐྱེས་རྩོམ་པ་པོ་མང་དག་ཅིག་སྣང་།ཁོ་ཚོས་སྒྱུ་རྩལ་མཚན་ཉིད་པར་ཨ་འཐས་བྱས་མྱོང་བའི་སྤོ་ཏི་ལེ་ཨར་གྱིས་མཚོན་པའི་དེང་རབས་རིང་ལུགས་ཀྱི་སྙན་ངག་པ་མང་པོ་ཞིག་དང་གྲུབ་མཐའ་མང་པོ་ཞིག་གི་ལྟ་བ་དྲངས་འོང་ནས་རྩོམ་རིག་ནི་ཚོར་བ་ཡིན།དངོས་ཡོད་འཚོ་བ་དང་འབྲེལ་ཆེ་ན་དེ་ལྟ་བུའི་བརྩམས་ཆོས་ལ་སྒྱུ་རྩལ་གྱི་ཆ་ནས་གླེང་རིན་མེད།རྩོམ་རིག་ནི་རྩོམ་རིག་ཡིན་པ་ལས།ཆབ་སྲིད་མ་ཡིན།ཁོ་ཚོས་དེ་གཉིས་འབྲེལ་མེད་སོ་ན་གནས་པའི་རིག་ཚན་གཉིས་སུ་བལྟ་བར་མ་ཟད།བསམ་བཞིན་རྒྱུས་མེད་ཅན་དུ་གཏང་བའི་ལས་ལ་གཞོལ་རྒྱུ་ནི་སྒྱུ་རྩལ་རྩོམ་རིག་གི་ལམ་ཡངས་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་མོད།འདིར་ཁོ་ཚོའི་དར་ཆ་བཞིན་མཁའ་རུ་སྒྲེང་གིན་པའི་སྤོ་ཏི་ལེ་ཨར་གྱི་སྐད་ཆ་ཞིག་དྲངས་ན།༼སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་དོན་གཉེར་བྱེད་ཀྱིན་པའི་སྟོང་བསམ་ལ་གཞོལ་ཐལ་བའི་གྲུབ་མཐའ་དེས་འགྲོ་མིའི་ཀུན་སྤྱོད་དང་བརྩེ་སེམས་བས་མཐར་སྤྱུགས་ཀྱིན་ཡོད་པས།དེའི་རིགས་ལ་མཇུག་འབྲས་ལེགས་པོ་ཞིག་ཡོང་མི་ཐུབ།རྒྱུ་མཚན།ལྟ་གྲུབ་དེ་ནི་འགྲོ་བ་མིའི་རིགས་ཀྱི་གཉུག་གཤིས་དང་རྒྱབ་ཀྱིས་ཕྱོགས་པའི་རྨང་གཞིའི་སྟེང་ནས་རྐང་བ་སྤོ་བཞིན་ཡོད་པས༽ཞེས་བཞེད་མྱོང་ཡོད།ཁོང་ནི་སྒྱུ་རྩལ་མཚན་ཉིད་པའི་ལྟ་བ་སྒྲོག་མཁན་སྔོན་གྲས་ཡིན་པ་མ་ཟད།ཕྱི་རབས་པའི་ཁོང་ལ་མཛེས་གཙོ་རིང་ལུགས་རྣལ་མའི་ཆོ་ལོ་བསྩལ་ཡོད་མོད།ཁོང་ཡང་དམིགས་ཡུལ་ཅི་ཡང་མེད་པར་གསར་རྩོམ་གནང་མཁན་ཞིག་དང་དངོས་ཡོད་ཆབ་སྲིད་ལ་སྤྲོ་སྣང་མེད་མཁན་ཞིག་ནི་གཞར་ཡང་མིན།

དུས་རྒྱུན་རྩོམ་རིག་དཔྱད་བསྡུར་ཁྲོད་ཆབ་སྲིད་ཀྱི་ཟུར་ཙམ་གླེང་བ་ཡིན་ན།འོ་སྐོལ་གྱི་རྩོམ་དགའ་ཚོས་གླེང་མཁན་དེའི་རིགས་ནི་རྩོམ་རིག་གི་སྐོར་ལ་བློ་སྦྱོང་ཅི་ཡང་མེད་པའི་མི་ཞིག་ཏུ་ངོས་འཛིན་པ་ལས་གཞན།དེ་ལྟ་བུའི་མིས་སྒྱུ་རྩལ་རྩོམ་རིག་ལ་རྨ་ཕབ་ངེས་ཡིན་པ་མ་ཟད་རྩོམ་རིག་དོན་གཉེར་བ་ཞིག་གིས་སྐད་ཆ་དེའི་རིགས་བཤད་པ་ནི་ངོ་ཚ་ཆེ་ཞིག་ཏུ་བརྩི་ངེས་ཡིན།ཁོ་ཚོས་སྒྱུ་རྩལ་མཚན་ཉིད་པའི་མངའ་ཐང་སྲུང་ཆེད།སྒྱུ་རྩལ་མཚན་ཉིད་པ་དང་རྩོམ་རིག་མཚན་ཉིད་པ།མཛེས་གཙོ་རིང་ལུགས་བཅས་ཀྱི་དར་ཆ་འཕྱར་ནས་དངོས་ཡོད་རིང་ལུགས་དང་ཆབ་སྲིད་ལ་གཞོལ་བའི་བརྩམས་ཆོས།ཁེ་ཕན་རིང་ལུགས་བཅས་རྩོམ་སྟེགས་ཀྱི་བས་མཐར་འདེད་ཅི་ནུས་བྱེད་ཀྱིན་ཡོད།འོ་ན་སྒྱུ་རྩལ་རྩོམ་རིག་དང་ཆབ་སྲིད་གཉིས་ལ་དོན་དམ་འབྲེལ་བ་ཡོད་དམ་ཞེ་ན།བདག་གི་བསམ་ཕྱོགས་ལྟར་ན་འབྲེལ་བ་ངེས་ཅན་ཡོད་ཅེས་པ་དེ་ཡིན།
མིའི་སྤྱི་ཚོགས་ནི་མིའི་འཚོ་བའི་ཁྱབ་ཁོངས་སྣ་མང་གིས་གྲུབ་པའི་འགལ་འབྲེལ་གྱི་ཕུང་བོ་ཞིག་ཡིན་ལ།ཁྱབ་ཁོངས་སོ་སོ་ཕན་ཚན་སིམ་འཛུལ་དང་འབྲེལ་ཆེ་བས།མིའི་བདེ་སྡུག་དང་ཆབ་སྲིད།དངོས་ཡོད་འཚོ་བ་བཅས་འོ་ཆུ་འདྲེས་པ་བཞིན་དགར་དུ་མེད།འགྲོ་མིའི་བདེ་འཇགས་ཀྱི་མྱོང་སྣང་དང་རང་དབང་གི་མྱོང་སྣང་།བདེ་སྐྱིད་ཀྱི་མྱོང་སྣང་བཅས་ཚང་མ་ཆབ་སྲིད་དང་འབྲེལ་ཡོད་པ་མ་ཟད།ཚད་མཐོ་ས་ནས་བཤད་ན་ཆབ་སྲིད་ཀྱིས་དེ་དག་ཐག་གཅོད་ཀྱི་བྱེད་ནུས་འདོན་ཐུབ།ཆབ་སྲིད་ལམ་ལུགས་ལེགས་པོ་ཞིག་ཡིན་ན་དེས་སྤྱི་དམངས་ཀྱི་བདེ་སྣང་དང་རང་དབང་།བདེ་སྐྱིད།ཁེ་དབང་བཅས་ལ་འགན་གཙང་ལེན་བྱེད་ལ།དེ་ལས་ལྡོག་པའི་ལམ་ལུགས་ཀྱིས་འགྲོ་མིའི་ཡོངས་ཁྱབ་ཀྱི་ཁེ་དབང་འཕྲོག་གིན་ཡོད།དེ་བས་ཆབ་སྲིད་ནི་སྤྱི་དམངས་ཀྱི་འཚོ་བ་དང་དམ་དུ་འབྲེལ་ཡོད་ན།སྒྱུ་རྩལ་བ་ཡང་དེ་ག་རང་ལས་མ་འདས།དེའི་སྒྲུབ་བྱེད་དུ་ཨུ་རུ་སུའི་སྙན་ངག་པ་ཉེ་ཁི་ལ་ཟོ་ཧྥུ་ཡི་གསུང་ཞིག་དྲངས་ན་འདི་ལྟ་སྟེ།༼སྙན་ངག་ལ་དགའ་མཁན་ཚང་མ་སྙན་ངག་པར་འགྱུར་བའི་ངེས་པ་རྦད་དེ་མེད་ནའང་ཁོ་ཚོ་སྤྱི་དམངས་ལེགས་པོ་ཞིག་ཅི་ནས་ཀྱང་བྱེད་དགོས༽ཞེས་པའི་སྐད་ཆ་འདི་རེད།སྐད་ཆ་འདིར་གཞིག་ན།སྙན་ངག་པ་ལེགས་པོ་ཞིག་འཁྱོངས་དགོས་ན་ཐོག་མའི་རྨང་གདན་ལྟ་བུ་ནི་སྤྱི་དམངས་ལེགས་པོ་ཞིག་བཅའ་རྒྱུ་ནས་འགོ་རྩོམ་དགོས་པ་དེ་རེད།སྤྱི་དམངས་ལེགས་པོ་ཞིག་འཁྱོངས་མིན་གྱི་འགག་རྩ་ནི་ཆབ་སྲིད་ལ་རེག་ལས་ཡོད་པ་མ་ཡིན་གྲང་།ཐོག་མར་ཁྱེད་ཀྱིས་དངོས་ཡོད་དང་ཆབ་སྲིད་ཀྱི་སྟེང་ནས་རྐང་ཚུགས་རྗེས་གཟོད་སྒྱུ་རྩལ་ལས་རིམ་གྱི་སྟེང་དུ་འཕོ་དགོས་རྒྱུ་ནི་ཁྱེད་རང་སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས་བཤད་ན་ཆོས་ཉིད་ཅིག་ཡིན་པ་འདྲ།

ཕྱི་གླིང་གི་རྩོམ་རིག་སྨྲ་བ་ཞིག་གིས་གདམས་པ་ནང་བཞིན།༼སྒྱུ་རྩལ་པ་ལེགས་པོ་ཞིག་འཁྱོངས་རྒྱུའི་སྔོན་འགྲོ་ནི་མི་ཞིག་བཅའ་རྒྱུ་དེ་ཡིན།༽འུ་ཚོས་ངེས་དོན་གྱི་སྙན་ངག་པ་ཞིག་དང་སྒྱུ་རྩལ་པ་ཞིག་བྱེད་རྒྱུ་ནི་ཆེས་དཀའ་བའི་དོན་ཞིག་ལ་བལྟ་མོད།དོན་གྱིས་མི་ལེགས་པོ་ཞིག་བཅའ་རྒྱུ་ལས་དཀའ་བའི་དོན་ཞིག་གཞར་ཡང་མེད་པ་འདྲ།དོན་གྱིས་རྩོམ་རིག་གི་ཚད་ཤིང་ནི་དྭངས་གཙང་གི་བརྩེ་སེམས་དང་ཚོས་ཀྱིས་མ་བསྒོས་པའི་མི་གཞི།བབ་བརླིང་གི་ཀུན་སྤྱོད།ཚེ་སྲོག་བླ་རུ་བཀུར་བའི་མི་ཆོས་བསམ་བློ་བཅས་ཡིན་པ་ལས།འགྲོ་མིའི་གཉུག་གཤིས་ལས་ལོག་པའི་ཕྱི་ངོས་ཀྱི་རྣམ་པ་འཆལ་འཆོལ་ནི་ག་ནས་ཡིན།གལ་སྲིད་ཆབ་སྲིད་བསམ་བློས་ཀུན་ནས་བརླན་པའི་༼ཨིར་ལན་མི་དམངས་ལ་ཕུལ་བའི་གྱེས་ཕྱག་ཞུ་ཡིག༽དང་༼འགྲོ་མིའི་བདག་དབང་བསྒྲགས་གཏམ༽གཉིས་བྲིས་མེད་ཚེ།ཞེ་ལད་ཀྱི་སྙན་ངག་ལ་ཡིད་དབང་འགུག་ཤུགས་དེ་འདྲ་ཞིག་ཡོད་མི་སྲིད་པར་མ་ཟད།སྐར་ཆེན་ལྟ་བུའི་སྙན་ངག་པ་ཞིག་ཏུ་ཡང་འགྱུར་ཐབས་བྲལ།གལ་ཏེ་ཆབ་སྲིད་རང་བཞིན་ཤུགས་དྲག་ལྡན་པའི་བརྩམས་སྒྲུང༼ནད་ཁང་ཨང་དྲུག་པ༽དང་༼སྰ་ཧི་ལིན་གླིང་ཚོམ༽གཉིས་བློས་བསླངས་བྱས་མེད་ཚེ།ཆི་ཁི་ཧྥི་ལ་ཕྱི་རབས་པས་གདེང་འཇོག་དེ་འདྲ་ཞིག་བྱ་མི་སྲིད།དེ་བཞིན་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་མེས་པོ་མྰ་ཨར་ཁི་ཟི་དང་ཆབ་སྲིད་ཀྱི་ཆེད་དུ་རྩོམ་འབྲི་གནང་མྱོང་བའི་ཨོ་བེ་ཨར་སོགས་ཀྱི་འཐུས་ཚབ་བརྩམས་ཆོས་རེ་རེ་བགྲང་ནས་གླེང་ཆོག་མོད།འདིར་མང་བར་དོགས་ནས་མ་བྲིས།

མི་རྣམས་ཀྱིས་སྒྱུ་རྩལ་རྩོམ་རིག་ལ་གདོང་གཏོད་སྐབས་ངེས་པར་མཛེས་གཙོ་རིང་ལུགས་དང་ཁེ་ཕན་རིང་ལུགས་གཉིས་ཀྱི་ཁྲོད་ནས་གདམས་གསེས་བྱེད་ཀྱིན་ཡོད།དོན་གྱིས་དེ་ནི་ཕྱིའི་རྣམ་པའི་མཛེས་ཉམས་དང་ནང་བསམ་བློའི་རོ་བཅུད་གཉིས་གྱི་གདམས་གསེས་དང་།མཛེས་ཚོར་ལ་དང་དོད་དང་དགེ་ཕན་ལ་དགའ་ཞེན་བྱེད་པ་གཉིས་དབར་གྱི་གདམས་གསེས་རེད།མདོར་ན།འདུ་ཤེས་འཛིན་སྟངས་གི་ཚོས་ཀྱིས་མ་བསླད་པའི་རྩོམ་རིག་གི་མཛེས་པ་གཙང་ཡངས་ཤིག་བཙལ་ནས་རྙེད་རྒྱུ་མེད་པས།མཛེས་གཙོ་རིང་ལུགས་ཞེས་པ་ཡང་དོན་གྱིས་སྒྱུ་རྩལ་ལ་དུངས་མཁན་དག་གིས་སྒྱུ་རྩལ་འཚོལ་སྙེག་ཁྲོད་དུ་ཞེན་དོད་ཀྱིས་བསླེས་པའི་ཕུགས་བསམ་གྱི་འཇའ་གུར་ཞིག་རེད།དེ་བཞིན་ཐལ་མཐར་ལྷུང་ཆེ་བའི་ཁེ་ཕན་རིང་ལུགས་ཀྱང་དོན་གྱིས་སྒེར་སྡོམ་པ་རེ་འགས་མིའི་རང་དབང་གི་བསམ་བློ་དང་འཛད་མེད་ཀྱི་སྟོབས་ཤུགས་གཞོག་གཏུབ་བྱེད་པར་གཟས་པའི་གཡོན་ལྷུང་གི་ལྟ་བ་ཞིག་རེད།དེ་བས་ངེས་དོན་གྱི་སྒྱུ་རྩལ་རྩོམ་རིག་ནི་སྒྱུ་རྩལ་གྱི་མཚོན་ཐབས་དང་བསམ་བློའི་ནང་དོན་གཉིས་ཆུ་ལ་ཆུ་བཞག་པ་ནང་བཞིན་དབྱེར་མེད་ངོ་བོ་གཅིག་ཏུ་སིམ་པ་ཞིག་དང་ཡང་ན་ཁྲག་རྒྱུན་དང་ཤ་ཚིལ་གཉིས་སོ་སོར་བྲལ་མི་རུང་བར་གཅིག་འདུས་ཀྱི་ཁམས་ཞིག་ཡིན་པར་ངེས་ཤེས་འདྲོངས་རྒྱུ་ནི།དེང་སྐབས་སྒྱུ་རྩལ་སྒྱུ་རྩལ་ཞེས་ཁ་ལ་བདེ་བདེ་དང་རྣ་ལ་སྙན་སྙན་བྱེད་མཁན་གྱི།སྒྱུ་རྩལ་རྩོམ་རིག་ཅེས་པ་ཡང་སྙིང་གང་ཡིན་གྱི་ཧ་གསལ་བོ་གོ་བཞིན་མེད་ནའང་དུས་རྒྱུན་སྒྱུ་རྩལ་གྱི་ཚད་ཤིང་སྦོམ་པོ་རེ་འཁྱེར་འོང་ནས་གཞོན་སྐྱེས་རྩོམ་དགའ་ཚོར་ལབ་ཆེན་རྒྱག་མཁན་གྱི་ཨ་ཕོ་ལབ་རྐྱལ་ཚོའི་གསར་རྩོམ་གྱི་སྨན་དུ་བསྟེན་རྒྱུ་གལ་ལོ།

Ideal Gifts For A Debutante
PORNO Fashion fads reflected changing tastes and social attitudes

Interview with a high end fashion retail Buyer
Wedding Dresses macy's causes us to presume therefore babies

The 7 Most Baffling Things About Women's Clothes
VIDEOS PORNO Out of this half

6 Images From My Life You Won't Believe Aren't Photoshopped
Free Games inquiry hunting for a frugal summer season months suit coat

creates jewelry for the film
Kostenlose Pornos von Experiment Your Style with Different Patterns of Scarves

Coach Makes Fashion Fireworks COH
PORNO FRANCAIS I wear it exclusively with brown shoes

Processed Food Catching Up Like Hot Fire
free porno readers using small monitors

the glitzy nail trend for summer
Darmowe Porno From the Braveheart school of thought and manly man fashion
བསྟོད།8

抱歉,评论已关闭!