རྩོམ་རིག་སྐོར་གྱི་དྲན་རྟོག་ཐོར་བུ་ལས་གཉིས་པ།

སྒྲེན་པོ།

རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཙམ་ཡིན་ནམ།

གླེང་གཞི།
རྩོམ་རིག་བརྩམས་ཆོས་ནི་སྐད་ཆའི་སྦྱོར་བར་བརྟེན་ནས་གྲུབ་ཀྱིན་ཡོད། བརྩམས་ཆོས་རོལ་མྱོང་བྱེད་སྐབས་ཀློག་པ་པོའི་དབང་ཤེས་ལ་ཐད་ཀའི་མཛེས་ཚོར་སྟོབ་མཁན་ཡང་རྩོམ་རིག་བརྩམས་ཆོས་ཀྱི་སྐད་ཆ་ཡིན།འདི་ནི་རྩོམ་རིག་གི་ཆེས་རྩ་བར་གྱུར་བའི་རྒྱུན་ཤེས་ཤིག་རེད།རྩོམ་རིག་རོལ་མྱོང་བྱེད་མཁན་ལ་མཚོན་ནའང་རྩོམ་རིག་གི་སྐད་ཆའི་བརྡ་དོན་ཇི་བཞིན་མ་འཁྲོལ་པ་དེ་སྲིད་དུ་བརྩམས་ཆོས་རོལ་མྱོང་གི་གོ་རིམ་འགྲུབ་མི་བཏུབ།དེ་བཞིན་རྩོམ་རིག་གཞུང་ལུགས་སྨྲ་བ་ཚོར་མཚོན་ནས་བཤད་ཀྱང་རྩོམ་རིག་གི་སྐད་ཆ་ནི་ཞིབ་འཇུག་བྱ་ཡུལ་གྱི་རྐང་སྟེགས་ཐོག་མར་ངོས་འཛིན་གནང་ངེས་ཡིན།གལ་སྲིད་རྩོམ་རིག་སྨྲ་བ་ཚོས་རྩོམ་རིག་གི་སྐད་ཆའི་ཞིབ་འཇུག་ལ་མཐོང་ཆུང་བྱས་ཙང་དེ་ལྟ་བུའི་རྩོམ་རིག་ཞིབ་འཇུག་ནི་འཐུས་ཚང་བ་ཞིག་དང་ཁོག་འབུབས་པ་ཞིག་གཞར་ཡང་མིན།༼རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན༽ཞེས་པའི་སྡོམ་ཚིག་འདི་ནི་ཟུར་སྣེ་ཡན་གར་བ་ཞིག་གི་ངོས་ནས་རྩོམ་རིག་ལ་རྒྱུས་ལོན་བྱེད་སྤྱད་ཙམ་དུ་བྱས་ན་ནི་འགལ་ཆ་མེད་ཀྱང་།རྩོམ་རིག་གི་ངོ་བོའི་ཆ་ནས་སྡོམ་ཚིག་དེར་མཐའ་དཔྱོད་བྱས་ན་གནད་དུ་མ་ཐིངས་པའི་སྐྱོན་སེལ་མང་པོ་མཆིས་ན།འུ་ཚོས༼རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན༽ཞེས་པའི་སྡོམ་ཚིག་འདི་རྩོམ་རིག་གི་ངོ་བོའི་སྟེང་ནས་དཔྱད་ན་གྲུབ་མི་གྲུབ་སྡོམ་ཚིག་དེ་རྩོམ་རིག་དང་རྩོམ་རིག་གི་སྐད་ཆའི་འབྲེལ་བའི་སྟེང་བཞག་ནས་ཞིབ་འཇུག་གནད་སྨིན་མཛད་ན་གཞི་ནས་ཨ་ལན་རྙེད་འོངས་བས།གཤམ་དུ་རེ་རེ་བཞིན་གླེང་བ་ལ།

གཅིག སྐད་ཆ་ནི་རྩོམ་རིག་གི་ཤུན་སྐོགས་ཙམ་ཡིན།
སྒྱུ་རྩལ་གྱི་རིགས་དབྱེ་གང་ལ་མཚོན་ཡང་དེ་ལ་དེ་བསྟུན་གྱི་དངོས་པོའི་སྨྱན་བྱེད་ཡོད་ངེས་ཡིན་ལ།ཉིང་མཚམས་སྦྱོར་བྱེད་ཀྱི་དངོས་པོའི་སྨྱན་བྱེད་དང་བྲལ་བ་ཡིན་ན་སྒྱུ་རྩལ་བརྩམས་ཆོས་འགྲུབ་མི་བཏུབ།སྒྱུ་རྩལ་དང་དངོས་པོའི་སྨྱན་བྱེད་གཉིས་རྟེན་དང་བརྟེན་པའི་འབྲེལ་བར་གནས་ཡོད་པ་ནི་མངོན་སུམ་མཐོང་ཆོས་སུ་སྣང་བས་སུས་ཀྱང་བསྙོན་དུ་མེད།རྩོམ་རིག་གི་ཆེས་རྨང་གདན་དུ་གྱུར་བའི་དངོས་པོའི་སྨྱན་བྱེད་ནི་སྐད་ཆ་ཡིན།ཚད་ངེས་ཅན་ནས་གླེང་ན་སྐད་ཆ་མེད་པ་ཡིན་ན་རྩོམ་རིག་གསར་རྩོམ་བྱེད་ཐབས་བྲལ།སྣ་མང་སྒྱུ་རྩལ་གྱི་སྨྱན་བྱེད་སོ་སོ་དང་ཞིབ་བསྡུར་སྒོས་སྐད་ཆའི་སྨྱན་བྱེད་ཀྱིས་རྩོམ་རིག་ལ་ཡང་སྙིང་ཅི་ཞིག་འདོན་སྤྲོད་བྱེད་ཀྱིན་ཡོད་མེད་ལ་ལན་གདབས་དགོས་ཚེ།སྐད་ཆའི་ངོ་བོ་ནས་སྐད་ཆའི་སྨྱན་བྱེད་དང་སྨྱན་བྱེད་གཞན་པའི་དབར་གྱི་མི་འདྲ་ས་ནས་གླེང་དགོས།སྐད་ཆ་ནི་མིའི་རིགས་ཡོངས་ལ་རིས་མེད་དུ་ཁྱབ་པའི་སྣང་ཚུལ་ཞིག་རེད་ལ།རྩོམ་རིག་གིས་སྐད་ཆར་བརྟེན་ནས་གསར་རྩོམ་བྱེད་ཀྱིན་ཡོད་པའི་གནད་ཀ་འདི་ནས་རྩོམ་རིག་གི་ཡོངས་ཁྱབ་རང་བཞིན་ཐག་བཅད་ཡོད།དེ་བས་རྩོམ་རིག་ནི་དམངས་ཡོངས་ལ་ཕྱོགས་པའི་སྒྱུ་རྩལ་ཞིག་རེད།ཀློག་པ་པོ་དང་རྩོམ་པ་པོའི་གྲངས་འབོར་གྱི་ཚད་ནས་བལྟས་ན་སྒྱུ་རྩལ་གཞན་གྱིས་འགྲན་དུ་མི་བཟོད་པའི་ཆ་མངོན་གསལ་དོད་པོ་ཡིན།དེ་བས་རྩོམ་རིག་གིས་སྒྱུ་རྩལ་རྣམ་གྲངས་གཞན་དང་བསྡུར་ན་མིའི་རིགས་ལ་ཤུགས་རྐྱེན་ཐེབས་པའི་ས་ཆོད་ཆེ་བ་ཡིན།ཐ་ན་ཆུང་དུས་ཨ་མས་བྱིས་པར་བླངས་པའི་གཉིད་གཞས་དང་བཤད་པའི་བྱིས་སྒྲུང་སོགས་ཀྱིས་འཐུས།

སྐད་ཆའི་སྨྱན་བྱེད་ཀྱི་ངོས་ནས་བལྟས་ན།སྐད་ཆ་ནི་རྩོམ་རིག་གནས་བྱེད་ཀྱི་གཞི་རྩའི་གྲུབ་རྒྱུ་ཡིན་ལ།དེ་ནི་རྩོམ་རིག་གི་བསམ་བློའི་ཤུན་སྐོགས་ཡིན།སྐད་ཆའི་མཚོན་སྟངས་ལ་བརྡ་དོན་དང་ཐ་སྙད།སྒྲ་གདངས་སོགས་ཡོད་པ་མ་ཟད་སྐད་ཆའི་བརྡ་སྤྲོད་སྟངས་ཀྱིས་ཀྱང་རྩོམ་རིག་ལ་འགན་ལེན་བྱེད་ཀྱིན་ཡོད།སྐད་ཆ་ནི་བསམ་བློ་དང་རིག་གནས་གང་རུང་ཞིག་གི་ཁུར་འདེགས་བྱེད་པོ་ཡིན་པས།སྐད་ཆ་རང་ཉིད་མ་གཞི་ནས་རིག་གནས་ཤིག་གི་རྣམ་པའམ་རིག་གནས་ཤིག་ཡིན།དེ་བཞིན་སྐད་ཆ་དང་མིའི་རིགས་ཀྱི་བསམ་གཞིག ཡང་ན་སྐད་ཆ་དང་མིའི་རིགས་ཀྱི་བསམ་བློའི་འབྲེལ་བའི་ཐད་དུ།ལ་ཤས་ཀྱིས་སྐད་ཆ་ནི་མི་ཕན་ཚུན་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་བྱེད་སྤྱད་ཀྱི་ལག་ཆར་ངོས་འཛིན་ལ།ཡང་ཁ་ཤས་ཀྱིས་སྐད་ཆ་དང་བསམ་བློ་གཉིས་སོ་སོ་དགར་དུ་མེད་པའི་གཅིག་འདུས་ཀྱི་ཕུང་བོ་ཞིག་ཏུ་བལྟ།དེ་གཉིས་ལས་གང་བདེན་མིན་ནི་ཁ་ཚོན་གཅད་ཐབས་བྲལ་ནའང་།སྣང་ཚུལ་དེ་ལས་སྐད་ཆ་དང་མིའི་བསམ་གཞིག་དབར་དུ་འབྲེལ་བ་དམ་ཟབ་ཡོད་པ་རྗེན་ནེར་ཤེས་འོངས།
རྩོམ་རིག་གཙོས་སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་སྒྱུ་རྩལ་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་དང་མི་ཚེ།མིའི་དགའ་སྐྱོ་ཆགས་སྡང་གི་བསམ་བློ་བཅས་མཚོན་པ་གཅིག་ཏུ་སྣང་ཡང་།སྒྱུ་རྩལ་སོ་སོའི་སྨྱན་བྱེད་མི་འདྲ་བས་སྣང་བརྙན་བསྐྲུན་སྟངས་མི་འདྲ་ལ།དངོས་ཡོད་འཚོ་བ་མཚོན་སྟངས་ཡང་རྦད་དེ་མི་འདྲ།རོལ་མོའི་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་ལ་ཁྱད་པར་ཡོད་ལ།རྩོམ་རིག་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་གཉིས་ཀྱང་མི་འདྲ།རི་མོའི་སྒྱུ་རྩལ་གྱི་སྨྱན་བྱེད་ནི་ཚོས་གཞི་དང་མཚོན་མདངས་གཙོ་བོ་ཡིན་པས།ཚད་ཡོད་པའི་བར་སྟོང་ཁྲོད་ནས་གཟོད་འདི་སྣང་འཚོ་བ་ཚུར་སྣང་བྱེད་ཀྱིན་ཡོད།ཞིབ་ཅིང་ཕྲ་བའི་ཚོན་སྣའི་སྡེབ་སྟངས་ལ་བརྟེན་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་བྱ་དངོས་དང་མིའི་ནང་སེམས་ན་གནས་པའི་དགའ་སྡུག་གི་རི་མོ་སོགས་འདྲ་རིས་ཇི་བཞིན་གསོན་ཉམས་ལྡན་པའི་ངང་ལྟད་མོ་བའི་མིག་ལམ་དུ་འགྲེམ་སྟོན་བྱེད་ཐུབ་པས།སྒྱུ་རྩལ་གཞན་དག་དང་བསྡུར་ན་དེར་སྒྱུ་རྩལ་སླར་མཚོན་བྱེད་པའི་ཐད་དགེ་མཚན་བླ་ལྷག་ལྡན།རྒྱུ་མཚན།རི་མོ་ཡིས་འཐུས་པའི་སླར་མཚོན་སྒྱུ་རྩལ་ཕལ་ཆེ་བ་ནི་བར་སྟོང་གི་སྒྱུ་རྩལ་ཡིན་པས།བར་སྟོང་ཁྲོད་གནས་པའི་བྱ་དངོས་དང་དེར་འབྲེལ་བའི་སྣ་མང་གི་རྙོག་དྲ་མང་པོ་ཞིག་གསོན་གཟུགས་སུ་ཕབ་ནུས་པ་བསྔགས་བྱར་འོས་མོད།མཚོན་བྱའི་བྱ་དངོས་དེ་དུས་ཚོད་ཁྲོད་འགུལ་སྐྱོད་བྱེད་པའི་རྣམ་པ་ཐད་ཀར་མཚོན་ཐབས་བྲལ་བ་ནི་རི་མོའི་སྒྱུ་རྩལ་གྱི་ཞན་ཆར་བཞེད།

རོལ་མོའི་སྒྱུ་རྩལ་གྱི་སྨྱན་བྱེད་ནི་དབྱངས་རྟ་དང་དབྱངས་འགྲོས་ཡིན།དེ་ནི་གཡོ་འཁྱོམས་བྱེད་ཀྱིན་པའི་སྒྲ་དབྱངས་ཀྱི་མཐུན་སྦྱོར་ཁྲོད་ནས་བསམ་བློའི་དུངས་པ་དང་འཚོ་བའི་དགའ་སྡུག་མངོན་མཚོན་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན།རོལ་དབྱངས་གྱི་ཐུན་མིན་བྱེད་ནུས་ནི་སྨྲ་བསམ་བརྗོད་འདས་ཀྱི་སྐབས་སུ་དེས་མིའི་སེམས་ཁམས་དང་བླ་སྲོག་ལ་རམ་འདེགས་བྱེད་རྒྱུ་དེ་ཡིན།དེར་གྲགས་ཅན་རོལ་མོ་བ་ཞིག་གིས་གསུངས་དོན།༼རོལ་དབྱངས་ནི་ཐ་སྙད་ཀྱིས་སྟོངས་པའི་སྐབས་སུ་གཟོད་མིའི་སྡོངས་གྲོགས་སུ་འབྱོན་ངེས་ཡིན།རོལ་དབྱངས་ཀྱིས་སྐད་ཆའི་མཚོན་པར་དཀའ་བའི་མིའི་ལྐོག་གྱུར་གྱི་སེམས་ཁམས་དང་དྲན་ཤེས་ལ་ཟུག་གཟེར་སློང་ངེས་ཡིན༽ཞེས་པ་དང་ཡང་འཇར་མན་གྱི་རོལ་དབྱངས་གྲགས་ཅན་པ་པེ་ཟོན་ཧྥིན་གྱིས་བཞེད་དོན།༼ངའི《ས་ཞིང་མཉམ་སྒྲོག་རོལ་དབྱངས》ནི་རི་མོ་རྦད་དེ་མ་ཡིན་པར།དེ་ནི་ཞིང་གྲོང་གིས་མིའི་རིགས་ཀྱི་སྣང་ངོར་བསྒོས་པའི་སྤྲོ་སྣང་གི་ཉམས་རྟོག་ཙམ་དང་ཡང་ན་ཞིང་གྲོང་གི་འཚོ་བར་གདོད་ནས་མངའ་བའི་ཚོར་བ་དེའོ༽ཞེས་པ་ནང་བཞིན།མཚོན་ཐབས་ཀྱི་ཆ་ནས་རོལ་མོ་དེ་རི་མོ་དང་བསྡུར་ན་རབ་རིབ་ཀྱི་ཆ་དང་ངེས་གཏན་མེད་པའི་ཆ་ཡོད།རོལ་མོའི་སྒྱུ་རྩལ་ནི་མངོན་མཚོན་གྱི་སྒྱུ་རྩལ་ཁོངས་གཏོགས་ཡིན་པས།མངོན་མཚོན་སྒྱུ་རྩལ་ནི་དུས་ཚོད་ཀྱི་སྒྱུ་རྩལ་ཡིན།མིའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་བསམ་བློ་སོགས་ཤུགས་དྲག་པའི་མངོན་པར་བྱེད་པ་ནི་བཟང་ཆར་མཐོང་ཡང་།བར་སྟོང་གི་སྒྱུ་རྩལ་ནང་བཞིན་དངོས་པོའི་གཟུགས་བརྙན་འབེབས་མི་ཐུབ་པ་ནི་ཞན་ཆ་ཡིན།

རྩོམ་རིག་སྒྱུ་རྩལ་གྱི་སྐད་ཆའི་སྣང་བརྙན་དེ་རི་མོ་དང་རོལ་མོ་སོགས་དང་གཞར་ཡང་མི་འདྲ་བར།དེས་ཐད་ཀར་མིའི་མིག་ཤེས་ཀྱི་སྣང་ངོར་འདྲ་རིས་སྟོན་གྱིན་མེད་ལ།ཡང་ཐད་ཀར་མིའི་དགའ་སྐྱོ་ཆགས་སྡང་ཡང་གྱེར་གྱིན་མེད་པར།དེས་གཙོ་བོ་མིའི་ཀུན་རྟོག་ལ་ངར་ལྡུད་ཀྱིན་ཡོད།དེ་བས་ཀིར་ཐི་ཡིས་བཞེད་དོན།༼རྩོམ་རིག་ནི་སྣང་བརྙན་ཐད་ཀར་མིའི་མིག་མདུན་དུ་སྟོན་པའི་རི་མོ་དང་མི་འདྲ་བར་རྩོམ་རིག་གི་སྣང་བརྙན་ནི་ཀུན་རྟོག་འགྱུ་ཤུགས་ཀྱིས་རམ་བསྐྱོར་བྱེད་ཀྱིན་ཡོད༽ཅེས་པ་ནང་བཞིན།རྩོམ་རིག་སྒྱུ་རྩལ་ལ་རོལ་དབྱངས་དང་རི་མོ་ཕྱོགས་གཉིས་ཀའི་སྒྱུ་རྩལ་ཁྱད་ཆོས་འཛོམས་ཡོད།ཚད་ཐིག་ངེས་ཅན་ནས་བཤད་ན།རྩོམ་རིག་གི་སྐད་ཆ་ནི་མ་གཞི་ནས་རང་རྐྱ་འཕེར་བའི་མཛེས་རྟོག་གི་རྒྱུ་རྐྱེན་ཞིག་ཡིན་ཞེས་བཤད་ཆོག དེར་མཚོན་བྱེད་ཀྱི་དཔེ་ཅིག་དྲངས་ན།བོད་པའི་མཛེས་དཔྱོད་ལྟ་བའི་ཁྲོད་དུ༼ཉི་མ་དམར་པོ༽ནི་འཇིགས་སྐྲག་དང་བཀྲ་མི་ཤིས་པའི་དོན་རྐྱེན་དུ་གོ་ནའང་།རྒྱ་ནག་གིས་དེ་ནི་སྟོབས་དང་འབྱོར་བ་རྒྱས་པའི་རྟེན་འབྲེལ་དུ་གོ་བ་ལྟ་བུས་འཐུས་སོ།མཐོང་སྣེ་འདི་ནས་བསམ་ན་སྐད་ཆ་ནི་མ་གཞི་ནས་རིག་གནས་ཤིག་དང་མཛེས་རྟོག་ཅིག བསམ་བློ་ཞིག་ཡིན་པ་ལས་ལག་ཆ་ཙམ་དང་བསམ་བློའི་ཕྱི་ཤུན་ཙམ་མ་ཡིན་པ་ལ་ངེས་ཤེས་སྐྱེས་འོངས།རྩོམ་རིག་གི་སྐད་ཆ་དེ་རོལ་མོ་དང་རི་མོ་སོགས་སྒྱུ་རྩལ་གཞན་པའི་སྨྱན་བྱེད་དང་བསྡུར་ན་མངོན་གསལ་ཐུན་མིན་གྱི་ཁྱད་ཆོས་གསུམ་ཡོད་པ་ནི་རེ་རེ་བཞིན།༡ཚོར་བའི་བག་ཆགས་གསར་ཤས་ཅན་སིམ་ཡོད་པ།༢ཚེ་སྲོག་གི་མྱོང་སྟོབས་ཀྱིས་ཕྱུག་པའི་སེམས་འགྱུ་དྲག་པོ་དང་བསྡེབས་ཡོད་པ།༣ཚིག་དོན་དང་བརྡ་དོན་འགྲེལ་དུ་མེད་པའི་རྒྱུ་རྐྱེན་གྱིས་གསར་རྩོམ་ཁྲོད་བྱེད་ནུས་གལ་ཆེན་འདོན་ཐུབ་པ་བཅས་ཡིན།

གཉིས།རྩོམ་རིག་ནི་སྐད་ཆ་ལས་འགོང་ཡོད།
གོང་ནས་གླེང་བ་ནང་བཞིན་སྐད་ཆ་ནི་རྩོམ་རིག་གི་དངོས་པོའི་སྨྱན་བྱེད་ཡིན་པས།རྩོམ་རིག་ནི་སྐད་ཆས་གྲུབ་ཀྱིན་ཡོད།རྩོམ་རིག་སྐད་ཆར་བརྟེན་ནས་འགྲུབ་དགོས་པར་སུས་ཀྱང་བསྙོན་དུ་མེད་མོད།རྩོམ་རིག་སྐད་ཆར་བརྟེན་པའི་ཚད་ཐིག་ནི་ག་འདྲ་ཞིག་ཡིན་ནམ།ཕྱོགས་གཅིག་ཏུ་སྐད་ཆ་མེད་ན་རྩོམ་རིག་གསར་རྩོམ་བྱེད་ཐུབ་བྲལ་ལ།ཡང་ཕྱོགས་གཅིག་ཏུ་བསམ་ན་སྐད་ཆ་རང་ཉིད་ནི་རྩོམ་རིག་མ་ཡིན་པས།རླབས་ཆེན་གྱི་རྩོམ་རིག་བརྩམས་ཆོས་ནི་སྐད་ཆའི་སྨྱན་བྱེད་ལས་འགོང་ཡོད།དེ་ཡང་ཁ་ཇེ་གསལ་དུ་བཏང་ནས་བཤད་ན།རླབས་ཆེན་གྱི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ཕྱིན་མི་རྣམས་ཀྱིས་དེའི་ཁྲོད་སྐད་ཆའི་རྒྱུ་ཆ་ཡོད་པར་སྣང་དོགས་མི་བྱེད་པར་རང་དབང་ཤས་ཆེ་བའི་སྒྱུ་རྩལ་གྱི་རྟོག་ལྗོངས་དེས་བཟི་འཐོམ་དུ་བཏང་ཡོད།དེ་ཡང་སྐད་བརྡ་སྨྲ་བ་གྲགས་ཅན་སྰ་པེ་ཨར་གྱི་བཞེད་དགོངས་ཅིག་དྲངས་ན།༼སྒྱུ་རྩལ་པ་མང་ཤས་ཀྱི་བསམ་བློའི་འགྱུ་བ་དེ་སྐད་ཆ་མ་ཡིན་པའི་སྟེང་དུ་མངོན་གྱིན་ཡོད༽ཅེས་པ་བཞིན།རྩོམ་རིག་དང་སྐད་ཆའི་སྤྱི་ལྡོག་གི་འབྲེལ་བའི་སྟེང་ནས་བལྟས་ན།རྩོམ་རིག་ནི་འདེགས་བྱེད་སྐད་ཆ་ལས་འགོང་ཡོད།རྩོམ་རིག་ངེས་པར་དུ་འདེགས་བྱེད་ཀྱི་སྨྱན་བྱེད་ལ་བརྟེན་དགོས་པ་དང་ཆབས་ཅིག་དེ་ལས་འགོང་ཐབས་སུ་འབད་ཀྱིན་ཡོད་པ་ནི་སྒྱུ་རྩལ་ཀུན་གྱི་མཚུངས་ཆོས་སུ་སྣང་།རྩོམ་རིག་དེ་རང་ཉིད་འདེགས་བྱེད་ཀྱི་སྐད་ཆ་ལས་འགོང་བའི་རང་བཞིན་དེ་སྐད་བརྡ་རིག་པ་དང་མཛེས་རྟོག་རིག་པའི་སྟེང་ནས་མངོན་གྱིན་ཡོད།

དང་པོ།སྐད་བརྡ་རིག་པའི་སྟེང་ནས་རྩོམ་རིག་ནི་སྐད་ཆ་ལས་འགོང་ཡོད་ཚུལ་གླེང་བ།
དུས་རབས་ཉི་ཤུ་བའི་ནང་དུ་སྐད་བརྡ་རིག་པར་གྲུབ་འབྲས་མི་དམན་པ་བླངས་ཡོད།སྐད་བརྡ་རིག་པ་བ་ཆེན་མོ་སའོ་ཞའེ་ཨར﹙索绪尔﹚ལགས་ཀྱི་སྐད་བརྡ་དང་སྐད་ཆ་གཉིས་ཟུར་དུ་དབྱེ་བའི་རིགས་པ་དེས་སྐད་བརྡ་རིག་པར་སྔ་ན་མེད་པའི་ལམ་ཁ་གསར་བ་ཞིག་བཏོད་པ་རེད།སྐད་བརྡ་སྨྲ་བ་ཁོང་གིས་བཞེད་དོན།མིའི་རིགས་ཀྱི་སྐད་ཆའི་སྣང་ཚུལ་ཁྲོད་ཕན་ཚུན་སྤང་འགལ་ཡིན་ལ་ཕན་ཚུན་འདྲེས་སྦྱོར་ཡང་ཡིན་པའི་མ་ལག་གཙོ་བོ་གཉིས་ཡོད་དེ།གཅིག་ནི་སྐད་རིགས་གང་རུང་ཞིག་བཀོལ་སྤྱོད་ཀྱི་འབྲེལ་བའི་ཁྲོད་རིམ་གྱིས་གྲུབ་པའི་ཆོས་ཉིད་ཀྱི་མ་ལག་ཅིག་དང་།ཅིག་ཤོས་ནི་སྐད་ཆའི་བཀོལ་སྤྱོད་ཁོ་ནས་གྲུབ་པའི་གཏམ་སྦྱོར་གྱི་མ་ལག་དེ་ཡིན།སྔོན་མར༼སྐད་བརྡ༽་དང་ཕྱི་མར༼སྐད་ཆ༽་རུ་བཏགས།
སྐད་བརྡའི་ཞིབ་འཇུག་བྱ་ཡུལ་ནི་བྱེ་བྲག་གི་མི་སོ་སོའི་བཀོལ་སྤྱོད་བྱེད་ཀྱིན་པའི་སྐད་ཆ་རེད།སྐད་ཆ་དང་སྐད་བརྡའི་འབྲེལ་བའི་སྟེང་ནས་དཔྱད་ན།སྐད་ཆ་ནི་སྐད་བརྡའི་སྔོན་དུ་བྱུང་ཡོད་ལ་སྐད་བརྡ་ནི་སྐད་ཆ་སྣ་མང་ལ་ཞིབ་འཇུག་བྱས་རྗེས་གཟོད་གྲུབ་པའི་ཆོས་ཉིད་ཅིག་གམ་སྡོམ་ཚིག་ཅིག་རེད།དེ་བས་སའོ་ཞའེ་ཨར་གྱིས༼སྐད་བརྡ་ནི་སྐད་ཆར་ཞིབ་འཇུག་བྱེད་པའི་ལག་ཆ་ཡིན་པར་མ་ཟད་སྐད་ཆ་འཕེལ་རྒྱས་ཕྱིན་པའི་ཐོན་འབྲས་ཀྱང་ཡིན།སྐད་ཆ་ནི་བྱེ་བྲག་གི་མིའི་འདུ་ཤེས་དང་རིག་སྟོབས་ཀྱི་སྤྱོད་ལམ་ཞིག་ཡིན༽ཞེས་པར་བརྟག་ན།སྐད་ཆ་དང་སྐད་བརྡ་གཉིས་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་ངེས་ཅན་ཡོད་པ་དེ་རེད།སྐད་ཆ་ནི་བྱེ་བྲག་སོ་སྐྱེས་རེ་རེའི་འཆད་ཀྱིན་པར་གོ་བཞིན་ཡོད་ལ།སྐད་བརྡ་ནི་བྱེ་བྲག་སོ་སྐྱེས་རེ་རེའི་སྐད་ཆར་མཐའ་སྡོམ་འགོད་བྱེད་ཀྱི་བརྡ་སྤྲོད་རིག་པ་ལྟ་བུ་ཡིན་པར་ངེས་ཤེས་སྐྱེས་འོངས།དེ་བས་སྐད་ཆར་སྣ་མང་ཕུན་ཚོགས་ཀྱི་ཆ་དང་རྙོག་ཟིང་གི་ཆ་ངེས་ཅན་ལྡན།

སྐད་ཆའི་སྡེབ་སྦྱོར་དེས་ཕྱོགས་གཅིག་ནས་བརྡ་སྤྲོད་རིག་པའི་ཆོས་ཉིད་སྲུང་བརྩི་བྱེད་དགོས་ལ།ཡང་ཕྱོགས་གཅིག་ཏུ་སྐད་བརྡའི་ཆོས་ཉིད་ཀྱི་སྒྲིག་རིམ་དང་གཏན་ཚིགས་གཏོར་ནས་སྐད་བརྡའི་ཆོས་ཉིད་གསར་བ་ཞིག་བསྐྱེད་ཀྱིན་ཡོད།མཐོང་སྣེ་འདི་ནས་བལྟས་ན་སྐད་ཆའི་འགྱུར་བའི་རང་བཞིན་ལ་ངེས་ཤེས་ཟབ་གསལ་འདྲོངས་ཐུབ་པ་ཡིན།རྩོམ་རིག་གི་སྐད་ཆ་ནི་སྐད་བརྡ་དང་སྐད་ཆ་གཉིས་ལས་སྐད་ཆའི་ཁོངས་སུ་གཞོལ་ཆེ།རྒྱུ་མཚན།རྩོམ་རིག་བརྩམས་ཆོས་ནི་རྩོམ་མཁན་བྱེ་བྲག་པ་ཞིག་གི་སྐད་ཆའི་ཆོས་ཉིད་གཞིར་བཟུང་ནས་བརྩམས་གྲུབ་བྱུང་བ་ཡིན་ལ།རྩོམ་རིག་གི་སྐད་ཆ་ནི་རྩོམ་པ་པོས་དངོས་ཡོད་ཀྱི་སྐད་ཆར་བསལ་བསེད་འདོར་ལེན་གང་ལེགས་བྱས་ཏེ་ཚད་མཐོན་པོའི་སྒོ་ནས་རྩོམ་མཁན་རང་གི་བསྟན་བྱ་རྫོགས་པར་སྟོན་གྱིན་ཡོད་པས། རྩོམ་མཁན་རང་གི་རྩོམ་གཤིས་ཤས་ཆེ་བར་བྱས་ཏེ་རང་གི་སྒེར་གཤིས་ལྟར་བརྡ་སྤྲོད་ཀྱི་ཆོས་ཉིད་དང་སྐད་ཆའི་གཏན་ཚིགས།ཚིག་གི་གྲུབ་གྲོལ་སོགས་འཆོལ་དུ་འཇུག་ངེས་ཡིན།སྤྱིར་བཏང་འཚོ་བའི་ཁྲོད་དམངས་ཕན་ཚུན་གོ་བརྡ་སྤྲོད་བྱེད་དུ་འཆད་ཀྱིན་པའི་སྐད་ཆ་དང་ཚན་རིག་པ་དང་གསར་འགོད་པ།སྙན་སྒྲོན་པ།གཞུང་ལུགས་པ་སོགས་ཀྱིས་བཀོལ་གྱིན་པ་ཚང་མ་རྩོམ་རིག་མིན།དེ་བས་མཐོང་སྣེ་འདི་ནས་བལྟས་ན་སྐད་ཆ་རང་ཉིད་རྩོམ་རིག་མིན་པའང་ཡང་ན་སྐད་ཆ་ཁོ་ནས་རྩོམ་རིག་གྲུབ་ཀྱིན་མེད་པར།རྩོམ་རིག་ནི་སྐད་ཆ་ལས་འགོང་ཡོད་པའི་གནད་ཀ་མཐོང་ཐུབ་པ་མ་ཟད།རྩོམ་རིག་གསར་རྩོམ་ནི་སྐད་ཆ་ལས་འགོང་བའི་རང་དབང་གི་སྦྱོར་བ་ཞིག་ཡིན་པ་རྟོགས་སླ།

གཉིས་པ།མཛེས་རྟོག་རིག་པའི་སྟེང་ནས་རྩོམ་རིག་ནི་སྐད་ཆ་ལས་འགོང་ཡོད་ཚུལ་གླེང་བ།
རྩོམ་རིག་གསར་རྩོམ་དེ་རྩོམ་རིག་གི་སྐད་ཆ་ལས་འགོང་སྟེ་རང་དབང་གི་སྒྱུ་རྩལ་རྟོག་ལྗོངས་ཤིག་ལ་སྙེག་རྒྱུ་ནི་ཚད་མཐོའི་སྒྱུ་རྩལ་གྱི་ཚད་ཤིང་དུ་ཁས་འཆེས་ཀྱིན་ཡོད་མོད།ཚད་ཐིག་དེར་སླེབས་རྒྱུ་ལས་སླ་མོ་ཞིག་ག་ནས་ཡིན།རྩོམ་མཁན་རང་ལ་མངའ་བའི་འབྱམས་ཀླས་རང་དབང་གི་སྒྱུ་རྩལ་ཚོར་བ་དང་སྐད་ཆའི་སྨྱན་བྱེད་དབར་དུ་འགལ་བ་འབྱུང་ངེས།རྩོམ་རིག་གསར་རྩོམ་བྱེད་སྐབས་རྩོམ་མཁན་གྱི་བསམ་བློའི་མངོན་སྟངས་ལ་ཚད་མེད་ཀྱང་།སྐད་ཆའི་སྨྱན་བྱེད་དེས་རང་དབང་དེ་འགོག་ངེས་ཡིན།སྨྲ་བསམ་བརྗོད་འདས་ནི་དེའི་དཔེ་མཚོན་ལྟ་བུ་ཡིན།སྨྲ་བསམ་བརྗོད་འདས་ནི་དོན་གྱིས་སྐད་ཆས་མིའི་ནང་སེམས་ཀྱི་བརྗོད་དོན་ཇི་བཞིན་མཐར་ཆགས་སུ་མཚོན་ཐབས་བྲལ་བའི་དོན་ཡིན་ན།རྩོམ་མཁན་གྱི་ནང་སེམས་ཀྱི་བསམ་བློ་དང་ཆགས་སྡང་དེ་སྐད་ཆ་ལས་འགོང་ཡོད་པ་རྟོགས་ཐུབ།མིའི་ནང་གནས་ཀྱི་ཤེས་པ་དེ་སྒྲིག་གཞིའི་ཆ་ནས་དབྱེ་ན།གཅིག་ནི་གཏན་ཚིགས་ཀྱི་སྒྲོག་ཏུ་ཚུད་པའི་དཔྱོད་ཤེས་དང་།ཅིག་ཤོས་ནི་ཉམས་རྟོག་གི་ཚོས་ཀྱིས་བསྒོས་པའི་ཚོར་ཤེས་རེད།དེ་གཉིས་ལས་སྐད་ཆས་གསལ་ལེར་རྗེན་ནེར་ཇི་བཞིན་སྟོན་ནུས་པ་ནི་དཔྱོད་ཤེས་ཀྱི་ཆ་ཡིན་ལ།མཚོན་ཐབས་བྲལ་བ་ནི་མྱོང་རྟོགས་ཀྱིས་ཕྱུག་པའི་ཚོར་ཤེས་རེད།རྩོམ་མཁན་གྱིས་རྩོམ་རིག་གསར་རྩོམ་བྱེད་དོན་ནི་རང་གི་མཛེས་རྟོག་གི་ཉམས་སྣང་དང་ཚེ་སྲོག་གི་མྱོང་སྟོབས་ཀྱི་མཐོང་སྣེ་ནས་འགྲེང་སྟེ་རང་གི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་རྗེན་ནེར་དགྲམ་རྒྱུ་དེ་ཡིན་མོད།གསར་རྩོམ་དངོས་ཀྱི་སྐབས་སྐད་བརྡའི་ཆོས་ཉིད་དང་སྐད་ཆའི་སྨྱན་བྱེད་ཀྱི་ཚད་བཀག་ཐེབས་ནས་ཇི་བཞིན་འགྲེམ་མི་ཐུབ།རྩོམ་མཁན་གྱིས་ཇི་ལྟར་བྱས་ན་གཟོད་སྐད་ཆའི་སྨྱན་བྱེད་ལ་བརྟེན་ནས་ནང་སེམས་ཀྱི་ཆགས་སྡང་གསལ་ལེར་བཀྲམ་ཐུབ་པ་ཡིན།སྤྱིར་བཏང་གི་སྐད་ཆ་དང་སྐད་བརྡའི་ཞན་ཆ་དེ་བསབ་དགོས་རྒྱུ་ནི་རྩོམ་རིག་གསར་རྩོམ་ལ་མཚོན་ན་དོ་བསྡོ་བ་ཆེན་པོ་ཞིག་མ་ཡིན་གྲང་།

རྩོམ་མཁན་རང་གི་བརྗོད་འདོད་པའི་མཐར་ཆགས་ཀྱི་སེམས་དོན་དེ་སྣང་བརྙན་དང་མཚོན་རྟགས།ཡིད་བརྙན།རབ་བཏགས།དཔེ་འགོད།ཡིད་བརྙན་གྱི་ཚོགས་པ་བཅས་ལ་བརྟེན་པ་ཡིན་ན་གཞི་ནས་ཇི་བཞིན་མཚོན་ཐུབ་པ་ཡིན།སྣང་བརྙན་དང་ཡིད་བརྙན་སོགས་ལ་མ་བརྟེན་པ་ཡིན་ན་སྐད་ཆ་རྐྱང་བས་ནམ་ཡང་རྩོམ་རིག་གྲུབ་མི་ཐུབ།འདིའི་སྐབས་སུ་ཡིད་བརྙན་དང་སྣང་བརྙན་སོགས་རྩོམ་རིག་གི་བླ་སྲོག་དང་དམ་དུ་འབྲེལ་བའི་བརྡ་ཆད་རེ་རེ་ཇི་བཞིན་དགྲོལ་རྒྱུ་ནི་གལ་ཆེར་མཐོང་ཡང་།ཞིབ་ཆ་ཐོན་པ་ཞིག་རང་ཉིད་ལ་ཡང་བཀྲོལ་རྒྱུ་མེད་པས་རེ་ཞིག་འཇོག་པ་ལས་འོས་མེད། བརྗོད་པར་འདོད་པའི་ཡིད་ཅན་གྱི་བརྡ་འཕྲིན་གང་ཞིག་ཕྱི་རོལ་ཡུལ་གྱི་ཆོས་ག་གེ་མོའི་སྟེང་འཕོ་རུ་བཅུག་ཐོག ཕྱི་རོལ་གྱི་ཆོས་འབྲི་བའི་ཤུགས་ནས་རྩོམ་པ་པོའི་ནང་སེམས་ཀྱི་འགྱུར་བ་མཚོན་རྒྱུ་ནི་རྩོམ་རིག་སྤྱིའི་ཆོས་ཉིད་དུ་འདོད་ན།མཐོང་སྣེ་འདི་ནས་བལྟས་ན་རྩོམ་རིག་གསར་རྩོམ་གྱི་སྐད་ཆ་ནི་སྤྱིར་བཏང་གི་སྐད་ཆའི་ངོ་བོ་ལས་འཕོས་ཡོད།སྙན་ངག་ཁྲོད་ཀྱི་ཐ་སྙད་དག་ཚིག་མཛོད་དུ་འགྲེལ་ཡོད་པ་ཇི་བཞིན་གོ་བ་བླངས་ན་རྦད་དེ་མི་འགྲིག་པའི་གནད་ཀ་དེ་ནས་སྙན་ངག་དང་རྩོམ་རིག་གྲུབ་བྱེད་ནི་སྐད་ཆ་དང་སྐད་ཆའི་བཙོ་སྦྱངས་ཙམ་མ་ཡིན་པར།དེའི་ཕན་གྱི་ཀུན་རྟོག་དང་ཚོར་གདུང་།བརྩེ་སེམས།ཡིད་འགྱུ་སོགས་ཀྱིས་རྩོམ་རིག་གི་ནང་སྙིང་གཏོས་ཆེ་བ་ཟིན་ཡོད།མཛེས་དཔྱོད་དང་མཛེས་རྟོག་གི་མྱོང་བ་ནི་ཀུན་རྟོག་དང་ཚོར་གདུང་།བརྩེ་སེམས།ཡིད་འགྱུ་བཅས་བསྣོལ་མར་སྦྲེལ་བ་ལས་འགྲུབ་ཀྱིན་ཡོད་པ་མ་ཟད།རྩོམ་རིག་གི་གཞི་རྩའི་ངོ་བོ་ཡང་མཛེས་རྟོག་གི་མྱོང་སྣང་དེ་ཡིན།བརྡ་དོན་དང་སྙན་ངག་ཁྲོད་བཀོལ་གྱིན་པའི་ཡིད་བརྙན་གཉིས་རྦད་དེ་མི་འདྲ།རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་ཐ་སྙད་ཀྱིས་མཚོན་པའི་ཡིད་བརྙན་དག་སྙན་ངག་དེའི་བམ་སྤྱིའི་ཁམས་ཀྱི་ཁྲོད་བཞག་སྟེ་མིའི་མྱོང་བའི་ལེན་ལུགས་དང་བརྩེ་དུངས་ཀྱི་ཤུགས་ཚོར་བཅས་ཀྱི་ཁུད་དུ་གཅུད་ནས་བཀླགས་པ་ཡིན་ན་གཟོད་མཛེས་ཚོར་བསྐྱེད་ངེས་ཡིན།ཁ་གསལ་སྒོས་བཤད་ན་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་བརྡ་དོན་དང་ཐ་སྙད།ཡིད་བརྙན་སོགས་རྩོམ་པ་པོའི་བསམ་བློའི་ཚོས་ཀྱིས་བསྒྱུར་ཡོད་པ་ཡིན།དེ་བས་རྩོམ་རིག་ནི་མཛེས་རྟོག་གི་མྱོང་སྣང་དང་ཡིད་འགྱུ་སྣོ་སིང་ངེ་བ་དག་རྗེན་ནེར་ཀེར་བྱེད་ཅིག་ཡིན་པས།དེ་སྐད་ཆ་ལས་འགོང་ཡོད།རྩོམ་རིག་ནི་སེམས་འགྱུ་དང་ཚོར་ཤེས་ཀྱི་གཏན་ཚིགས་ཅིག་ལས་དཔྱོད་ཤེས་དང་བརྡ་དོན་གྱིས་གཅུན་དྲགས་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཆེད་རྩོམ།ལོ་རྒྱུས་བསྟན་བཅོས་སོགས་དང་གཞར་ཡང་མི་འདྲ།དེ་བས་དེང་སྐབས་སྐད་ཆ་དེ་ལ་སྒྱུ་རྩལ་གྱི་སྐད་ཆ་དང་སྒྱུ་རྩལ་མ་ཡིན་པའི་སྐད་ཆ་བཅས་ཟུར་གཉིས་སུ་དབྱེ་ཡོད།སྒྱུ་རྩལ་སྐད་ཆའི་ཁོངས་གཏོགས་སུ་གྱུར་བའི་རྩོམ་རིག་གི་སྐད་ཆ་ནི་དེ་འདྲའི་ཡན་གར་བ་ཞིག་དང་ཚུགས་ཐུབ་པ་ཞིག ཡང་ན་རྩོམ་རིག་གི་སྐད་ཆ་བསྐྱེད་མཁན་གྱི་རྩོམ་པ་པོ་དེའི་གཉུག་གཤིས་ཀྱི་གཏིང་དང་རུས་རྐང་གི་སྦུབས་སུ་འཐིམས་ཚར་བའི།མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་འདུ་ཤེས་ཀྱི་འཛིན་སྟངས།རིག་གནས་ཀྱི་སེམས་ཁམས་བཅས་ཀྱིས་བརྩམས་ཆོས་ཀྱི་སྐད་ཆར་ཚེ་སྲོག་སྟོབ་ཀྱིན་ཡོད།སྒྱུ་རྩལ་གྱི་སྐད་ཆ་ཡིན་ཕྱིན།དེར་ངེས་པར་འདུ་ཤེས་འཛིན་སྟངས་ཀྱི་ཚོས་ཀྱིས་བསྒྱུར་ཡོད་པ་ནི་གདོན་མི་ཟ།ཟུར་སྣེ་འདི་ནས་དཔྱད་ན།དེང་སྐབས་རང་སྐད་ཀྱིས་བརྩམས་པའི་རྩོམ་རིག་བརྩམས་ཆོས་དག་གཞན་སྐད་དུ་བསྒྱུར་ན་རུང་མི་རུང་གི་མཚམས་ཚིགས་ཤིག་འབྱེད་ཀྱིན་པ་ལ་ཡང་སྙིང་བོ་མེད་པ་ཞིག་ཏུ་མ་མཐོང་།རྒྱུ་མཚན།སྒྱུ་རྩལ་རྩོམ་རིག་སྐད་ཆར་རྩོམ་མཁན་རང་ཉིད་གཏོགས་སའི་མི་རིགས་དེའི་མཛེས་དཔྱོད་ལྟ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཚོས་ཀྱིས་བསྒྱུར་ཡོད་པ་ནི་སུ་ཡིས་བསྙོན་ནུས།

གསུམ།མཐའ་སྡོམ།
སྐད་ཆ་ནི་རྩོམ་རིག་གི་དངོས་པོའི་སྨྱན་བྱེད་ཡིན་པས།ཕྱོགས་གཅིག་ནས་རྩོམ་རིག་དེ་ངེས་པར་རང་ཉིད་འདེགས་བྱེད་ཀྱི་སྐད་ཆར་བརྟེན་དགོས་ལ།ཕྱོགས་གཞན་ཅིག་ཏུ་ནི་དེ་སྐད་ཆ་ལས་འགོང་གིན་ཡོད།མཚན་ཉིད་རིག་པའི་སྟེང་དུ་འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་མོ་ཧེས་ཏེ་ཀེར་གྱིས༼སྐད་ཆ་ནི་གནས་པ་དང་རྟག་པ།ཡོད་པ།གཞི་གྲུབ་བཅས་ཀྱི་ངོ་བོར་སྦྱར་ཡོད་པར་མ་ཟད།སྐད་ཆའི་འབྱུང་ཁུངས་དང་ངོ་བོར་གདོད་ནས་སྙན་ངག་གི་ཆ་འདྲེས་ཡོད་པས།སྐད་ཆ་ནི་གདོད་མའི་སྙན་ངག་ཏུ་གོ༽ཅེས་པའི་བཞེད་དགོངས་བཏོན་མྱོང་ཡོད་པ་རེད།གང་ལྟར་རྩོམ་རིག་གི་སྐད་ཆའི་ཐུན་མིན་ཆ་དང་དེས་རྩོམ་རིག་ཁྲོད་ཟིན་པའི་གོ་ས།དེ་མིན་རྩོམ་རིག་གི་སྐད་ཆ་དང་རྩོམ་རིག་མ་ཡིན་པའི་སྐད་ཆའི་དབར་གྱི་དབྱེ་མཚམས།རྩོམ་རིག་ནི་སྐད་ཆའི་བཙོ་སྦྱངས་ཙམ་མ་ཡིན་པར།དེ་མཛེས་རྟོག་གི་མྱོང་སྣང་ལ་བརྟེན་ནས་སྐད་ཆ་ལས་འགོང་ཚུལ་བཅས།བལྟས་ན་སླ་སླར་སྣང་ཡང་།དོན་གྱིས་རྩོམ་རིག་དང་འབྲེལ་ཆེ་བའི་སྣང་ཚུལ་འདི་དག་འཇོན་ཚོད་ཀྱིས་གསལ་ལེར་ཀེར་རྒྱུ་ནི།རྩོམ་རིག་ལ་དགའ་མཁན་དག་གི་ཕྲག་སྟེང་དུ་ལེན་རྒྱུའི་བླངས་བྱ་ཡིན་པ་མ་ཟད།འུ་ཚོའི་རྩོམ་རིག་འདི་མྱུར་ལམ་དུ་གོམ་ཁ་འཇོག་མིན་གྱི་གནད་ཀར་མཐོང་ངོ་།
མུ་འགོད།

མཆན་བུ།བརྩམས་ཆོས་འདི་ལས་འབྱུང་བའི་མི་མིང་དང་བརྡ་དོན་སྐོར་ཞིག་གི་ཤན་སྦྱར།
ཧེས་ཏེ་ཀེར། 海德格尔 སའོ་ཞའེ་ཨར།索绪尔
མཛེས་རྟོག་གི་མྱོང་སྣང་། 审美体验 སྐད་བརྡ།语言སྐད་ཆ།言语

On Improving your Fashion Photography
PORNO I'm not really showing that much

High quality cheap price korean japanese fashion at asianfashion4u
Bridesmaid Dresses Before your party

Quick Easy Vegetable Side Dishes that Can Be Prepared in Minutes
PORNO is also helpful

Brazil Foundation Gala with Marko Jaric
Download Free Games how to choose youngster footballing pants

Get Victoria's Secret free angel wings necklace on Monday
pornos and pour into Battle Girls

Facts supporting growth of exporters and leather garments manufacturers in India
Pornofilme Not just any accessories

How to Create a Fashion Doll
PORNO XXX when Thomas Wayne called the masked Bruce his chum

Tadd Gadduang and Joshua Allen perform a Lil
Free Porno Wife To make bacon curls
བསྟོད།7

抱歉,评论已关闭!