སྐུ་ཞབས་བོང་རྫི་ལ་དྲིས་ལན་རགས་ཙམ་བཏབ་པ།

མི་དྲང་མོ།

དྲི་བ་འདི་དག་གི་དྲིས་ལེན་ཞིབ་ཏུ་གདབ་ན་ཤིན་ཏུ་མང་དུ་འབྲི་དགོས་པ་དང་ལོ་རྒྱུས་དང་དངོས་ཡོད་ཀྱི་གནས་ཚུལ་དང་སྦྲགས་དགོས་པ་འདྲ་ཡང་། ཁོ་བོས་འགྲོ་ཞོར་འདུག་ཞོར་ཙམ་ལ་རགས་རམ་ཞིག་ལན་དུ་བཏབ་པའོ།། བོང་རྫི་ལགས་མི་སྐད་གོ་མཁན་ཞིག་ཏུ་འདོད་པས་ན་ཚིག་ཉོག་མང་པོ་ཞིག་གིས་ངོ་སྤྲོད་བྱ་མི་དགོས་པ་འདྲ།

༡༽དོན་གྲུབ་རྒྱལ་དམར་སྲུང་དམག་མི་ཡིན་ནམ་ཡིན། དེ་བཞིན་དོན་གྲུབ་རྒྱལ་གྱིས་བརྩམས་ཆོས་ཐམས་ཅད་ལ་རིག་གསར་གྱི་ཤན་ཞུགས་ཡོད་དམ་མེད། ༼༢༽དོན་གྲུབ་རྒྱལ་གྱི་རིག་གནས་ཀྱི་ལྟ་བ་དང། རིག་གསར་གྱི་རྩོམ་རྙོག་དེ་དག་བོད་ཀྱི་ཤེས་རིག་རྣལ་མ་སྤྱོང་བའི་གེགས་སུ་སོང་ཡོད་དམ་མེད། དེ་ནས་དོན་གྲུབ་རྒྱལ་བོད་ཀྱི་རིག་གཞུང་གི་ཉེས་ཅན་པ་ཞིག་གམ། རིག་པའི་དཔའ་བོ་ཞིག་ཡིན། ༼༣༽དེ་བཞིན་ཞོགས་དུང་གི་ལྟ་བ་དེ་ཡང་དོན་གྱི་རྙིང་གཏོར་གྱི་ལྟ་བ་ཡིན་ནམ་མིན། ཡིན་ན་ང་ཚོས་བསྐྱར་ཏུ་རིག་གནས་གསར་བརྗེ་ཆེན་པོ་སློང་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ། ༼༤༽དོན་གྲུབ་རྒྱལ་གྱིས་ལང་ཚོའི་རྦབ་ཆུ་རིག་གསར་གྱི་གད་སྙིགས་ནས་བྱུང་བའི་སྙན་རྩོམ་ཞིག་གམ། ཡང་ན་དོན་གྲུབ་རྒྱལ་གྱིས་གསར་ཏུ་བརྩམས་པ་ཞིག་ཡིན། ༼འདིའི་སྐོར་རྩོམ་ཞིག་འབྲི་བཞིན་ཡོད། གལ་སྲིད་འདུ་བྲེལ་གཞན་གྱིས་བཀག་པ་མེད་ན། མགྱོགས་པོར་ཐོན་ཡོང་བའི་རེ་བ་ཡོད། ལན་དང་པོར། དོན་འགྲུབ་རྒྱལ་དམར་སྲུང་དམག་མི་ཡིན་མིན་ཁྱེད་ཀྱིས་གང་ལ་བལྟས་ཏེ་འཆད་ཀྱིན་ཡོད་མེད་མི་ཤེས་རུང་། དམར་པོའི་ཕོ་ཉ་བྱས་ཏེ་སེ་འབྲས་དགའ་གསུམ་ལ་དམར་པོའི་གཞུང་བཟང་རབས་རྒྱན་རབས་གླེང་མཁན་དེ་མ་རེད། དོན་འགྲུབ་ཀྱི་རིག་གཞུང་བརྩམས་ཆོས་ལ་དམར་པོའི་ཤན་ཞུགས་ཡོད་མེད་མི་ཤེས་རུང་། རྒད་པོ་མོ་གཤིན་རྗེ་གཤེད་དམར་པོའི་རྣམ་སྤྲུལ་རེད་ཟེར་བའི་དག་སྣང་གི་གཞུང་ལུགས་ལས་དོགས་སློང་གི་ལམ་དུ་བསྐྱོད་འདུག གཉིས་པ། དོན་འགྲུབ་རྒྱལ་གྱི་ལྟ་བ་བོད་ཀྱི་རིག་གཞུང་རྣལ་མ་སྦྱོང་བའི་གེགས་སུ་སོང་བའི་ཉེས་ཅན་ཞིག་ཡིན་ན། སྲོང་བཙན་སྒམ་པོ་དང་ཐོན་མི་སོགས་བོད་ཀྱི་རིག་གཞུང་རྣལ་མ་བསྣུབས་པའི་གཤེད་གཏེ་མཐར་ཐུག་ཏུ་ངོས་འཛིན་དགོས་པས། ངེད་ཅག་གི་ལོ་རྒྱུས་ཀྱི་ཉེས་ཅན་དུ་བགྲང་ན་འགྲིག དོན་འགྲུབ་རྒྱལ་རིག་གཞུང་གི་དཔའ་བོ་ཞིག་ཏུ་བགྲངས་ཆོག་མིན། ལོ་རྒྱུས་ཀྱི་གསལ་ཁ་འབྱེད་རྒྱུ་ཞིག་ལས་དུངས་ཞེན་གྱིས་ཡར་འཐེན་མར་འཐེན་བྱས་པས་ཅི་ཡང་མི་ཕན། གསུམ་པ། ཞོགས་དུང་གི་ལྟ་བ་རྙིང་གཏོར་གྱི་ལྟ་བུར་ཁས་ལེན། ཡིན་རུང་འདི་ནས་ཁྱེད་ཀྱིས་རྙིང་བ་ཞེས་པའི་གོ་བ་ལེན་ཐུབ་དགོས། རིག་གཞུང་ངམ་གོམས་སྲོལ་གང་ཞིག་གིས་དུས་དང་བསྟུན་ནས་མི་ལ་ཞབས་འདེགས་སྒྲུབ་པའི་ནུས་པ་ཉམས་ཡོད་བཞིན་དུ་ཨུ་ཚུགས་ཀྱིས་འཛིན་གྱིན་ཡོད་ན་དེ་གཏོར་དགོས་པ་རེད། ཕལ་ཆེར་མི་རིགས་གང་ཡང་ཡིན་རུང་འཕེལ་རྒྱས་ཀྱི་ལམ་ཁ་ནས་སད་རྟོགས་མཁན་དག་གིས་བགྱི་བ་འདི་ལྟར་དང་དུ་བླངས་ཡོད་པའི་ཚུལ་དང་མཐུན། དེ་ལས་གཞན་ང་ཚོས་བསྐྱར་དུ་རིག་གནས་གསར་བརྗེས་བྱེད་དགོས་དོན་ཞེས་པའི་དྲི་བ་དེ་གོ་མ་སོང་མོད། གལ་ཏེ་བདག་དཔེ་ཚོགས་སོགས་ཀྱི་བྱེད་པོ་དག་གི་བལྟ་ཚུལ་ལ་གཞིགས་ཏེ་ཁྱེད་ཀྱིས་དེ་ལྟར་ལབ་པ་ཡིན་ན། རིག་གནས་གང་གི་ཤན་ཞུགས་ཡོད་ཀྱང་རྩ་བའི་ཆ་ནས་མི་རིགས་རང་གི་ལྷ་ས་འཚོལ་སླད་དུ་ཡིན་པ་ལས། པེ་ཅིང་འཚོལ་བའི་སླད་དུ་མིན་པས་ཐབས་སྣ་ཚོགས་བཀོད་ཀྱང་ཆོག་པ་འདྲ། ཁྲོ་བས་ཁྲོ་བ་འདུལ་བར་བྱེད་པ་དང་ཞི་བས་ཞི་བ་འདུལ་བར་བྱེད་པའི་ཚུལ་དང་མཐུན་པར་ཟད་དོ།། བཞི་བ། དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དེ་ཁྱེད་ཀྱི་མི་རིགས་གཞན་ལ་བལྟས་ཏེ་གད་སྙིགས་སུ་བརྩི་བའམ། ཡང་ན་མི་རིགས་རང་ལ་བལྟས་ཏེ་གད་སྙིགས་སུ་བརྩི་བ་གསལ་བོར་མི་ཤེས་མོད། ང་ཚོ་མ་གཞི་ནས་མི་རིགས་གཞན་གྱིས་གད་སྙིགས་སུ་སྐྱབས་འགྲོ་མཁན་ཞིག་ཡིན་པ་ཁྱེད་ཀྱིས་ཤེས་དགོས། དཔེར་ན་སྙན་ངག་མེ་ལོང་མ་ཡང་ལོ་རྒྱུས་གཞན་དང་གླེང་ཕྱོགས་གཞན་དུ་རྒྱ་གར་གྱི་གཞུང་ལུགས་མ་མཐའ་ཞིག་ལས་ཡ་མཐའ་ཞིག་ལ་བརྩི་བའི་གོམས་སྲོལ་མེད་པར་བཤད་པའི་ཁར། ར་མ་ནིའི་གཏམ་རྒྱུད་སོགས་ལྷ་མིན་འདྲེ་མིན་གྱི་གཏམ་རྒྱུད་སོགས་གད་སྙིགས་དག་སྔར་ནས་ང་ཚོ་ལ་མཁོ་བས་ཕྱིར་རོ། དོན་འགྲུབ་རྒྱལ་ལ་སྐྱོན་གང་འབབ་པ་དག་སྔོན་མ་དེ་དག་ལ་ཡང་འདུག་པར་བཤད་ན་ཨེ་མི་ཆོག ལང་ཚོའི་རྦབ་ཆུ་གསར་དུ་དོན་འགྲུབ་རྒྱལ་གྱིས་བརྩམས་པར་འདོད་དེ། བོད་རང་ལ་སྔར་ལང་ཚོའི་རྦབ་ཆུ་ཞིག་དང་། མི་རབས་གསར་བའི་གླུ་སྒྲ་ཞིག་མེད་པས་སོ།། ཡང་ཁྱེད་ཀྱི་ཚིག་རེ་ཟུང་དང་འདྲ་བ་རེ་ཟུང་ལ་བལྟས་ཏེ་གཞན་ལས་བརྐུས་པར་བཤད་དུ་རྔམ་ཡང་། ངེད་ཅག་གི་མཁས་པ་སྔོན་མ་དག་གིས་ཀྱང་བརྩམས་ཆོས་གང་ཞིག་ཅི་ལྟར་བརྩམས་ཡོད་མེད་དང་། ཅི་ལྟར་བརྩམས་མིན་ལ་ཐུགས་གཞིགས་ལེགས་པོར་གྱིས། དེ་ལས་གཞན་སྐུ་ཞབས་བོང་རྫི་ལགས་ནི་བོད་ཀྱི་དགོན་པ་དང་ཕྱི་གླིང་གི་སློབ་གྲྭ་གང་ནས་ཀྱང་བསླབས་འབྲས་ལེགས་སོན་ཡོད་པ་ཞིག་དང་། ས་མཐའ་རྒྱུད་ཀྱིན་ཕ་ཡུལ་གྱི་བྱ་དངོས་གང་ཡོད་དང་ལམ་དང་ལུགས་སྲོལ་གང་ཡོད་ལ་དུངས་ཀ་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ཤེས་པས། ད་སྐབས་ཀྱི་ན་གཞོན་ང་མཁས་པ་དག་དང་བར་ཁྱད་ཆེ་མོད། འོན་ཀྱང་བོད་མིའི་སྐབས་ཀྱི་གནད་ཀར་ཐུགས་གཞིགས་ལེགས་པར་མ་བཏང་བའི་ཞད་ཅིག་དང་། མི་སྒེར་བའི་དུངས་ཞེན་ཁོ་ནར་འཐམས་པའི་ལན་སྐྱོན་ཞིག་ཡོད་ཡོད་དུ་སྣང་། དེ་ལས་སྤུན་གྲོལ་དང་ཁྱེད་གཉིས་ཀྱི་དགག་རྩོམ་ཐད་ནས་བློ་འབྱེད་ཀྱི་བྱུང་འཕེལ་ཞིག་རྩོད་ཀྱིན་ཡོད་པ་དེར་རིན་ཐང་གང་འཚམས་ཡོད་པས་མུ་མཐུད་དུ་རྩོད་པར་ཞུ། གཞན་ནམ་རྒྱུན་དམར་སྲུང་དམག་ཅེས་པའི་ཐ་སྙད་འདི་ནི་ཁྱེད་ཀྱིས་མི་བཀོལ་བར་མཁྱེན། དེ་ངས་ཁྱེད་ལ་དྲང་མོར་བཤད་ན། ཁྱེད་ཀྱིས་འདོད་པའི་དམར་སྲུང་དམག་མི་མང་པོ་ཞིག་དམར་སྲུང་དམག་གིས་སོ་མིག་ཏུ་བཅུག་ཡོད་པས་གནས་ཚུལ་དེ་ཤེས་དགོས། དེ་ལས་གཞན་ཁྱེད་ཀྱི་བརྩམས་ཆོས་གང་མང་ཞིག་ལ་ལྟ་རིན་དང་ཉན་རིན་མེད་པ་ལར་ནས་མིན་མོད། ནང་ཚགས་ཀྱི་སེམས་ཁམས་མ་གཏོགས་པ་དང་། ནང་ཚགས་ཀྱི་འགྲོ་ལུགས་སྡོད་སྟངས་དེ་མ་ཤེས་པར་རང་དབང་གི་སྐད་ཆ་བཤད་ན་དེ་ཙམ་མཛེས་པོ་མ་རེད་སྙམ་མོ།།

མཆན། ང་མཁས་པ་ཞེས་པའི་ཚིག་འདི་ནི་ཀུ་རེ་དང་འདྲ་བའི་ཐ་སྙད་ཅིག་ཡིན། དེང་དུས་ཀྱི་ན་གཞོན་རེ་འགས་གཞན་གྱིས་ཁྱེད་མཁས་པ་དང་བསམ་བློ་བ་རྩོམ་པ་པོ་དང་སྙན་ངག་པ་རེད་མ་ལབ་གོང་ལ། རང་ཉིད་ཀྱིས་ལག་པ་གནམ་དུ་བསྒྲེངས་ནས་ང་མཁས་པ་ཡིན།ང་བསམ་བློ་བ་ཡིན། ང་སྙན་ངག་པ་དང་རྩོམ་པ་པོ་ཡིན་ཟེར་དེ་བསྟན་པ་ཡིན།

gets more than he bargained for
VIDEO PORNO XXX organization or individual

Find some best lyrics for educational purpose
Gowns Online Shop trying out ladies trends emergence capital

next for bankrupt Betsey Johnson
PORNO and Diane von Furstenberg were scheduled to present their creations

What is Men's leather sex glove
Free Games kept saying he would eventually eat

Sterling silver and roman glass designs
Kostenlose Pornos von As the grand dame of the Punk fashion movement

just trying to work like every other model
Pornofilme or those weird running shorts saved for emaciated speed walkers

Weight Watchers Community User Blog
free porno Single digits sound better than double digits

Swing 25 SWING TECH PEDAL PUSHER
Darmowe Porno How exactly that was meant to cure anything is anyone's guess
བསྟོད།8

抱歉,评论已关闭!