ཐུབ་བསྟན་དང་ཁོར་ཡུག་སྲུང་སྐྱོབ།

འགྱན་སངས་རྒྱས་དོན་འགྲུབ།

དང་པོ། སྣོད་བཅུད་ཀྱི་འཁོར་བ་བདག་གཅིག་ཏུ་འབྲེལ་བའི་རྟེན་འབྱུང་གི་རིགས་ཤེས།
ཐུབ་བསྟན་གྱིས་ས་གཞི་རིལ་མོ་འདི་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་སྐྱེ་ཞིང་གནས་པར་བྱེད་པའི་རྟེན་དང་སྟོབས་འབའ་ཞིག་ཏུ་འདོད། ང་ཚོས་སྐྱེ་སྟོབས་འདི་ལ་གསང་བ་ལྐོག་གྱུར་གྱི་ཆོས་ཉིད་དུ་མིང་བཏགས། དེ་དངོས་པོའི་འཇིག་རྟེན་ཁྲོད་ན་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱིས་ཟིན་པའི་སྣོད་ཀྱི་འཇིག་རྟེན་འདི་ལ་དབང་བསྒྱུར་པའི་ཆོས་ཉིད་ཅིག་ཏུ་མངོན་ཞིང༌། རྫས་ཀྱི་འགྱུར་བ་མཐའ་དག་རྟེན་འབྲེལ་གྱི་བདག་ཉིད་ཅིག་ཏུ་ཁས་བླངས་ཏེ་དངོས་པོའི་གནས་ཚོད་ཀྱི་འཇིག་རྟེན་འདིའི་དབྱངས་རྟའི་འགྱུར་བ་ལ་རྣམ་པ་ཐམས་ཅད་ནས་ཚོད་འཛིན་བྱེད་བཞིན་ཡོད། གོ་ཐོབ་བྱས་ན། དངོས་པོ་ལུགས་དང་རྫས་འགྱུར། གནམ་རིག་གི་ཆོས་ཉིད་སོགས་ནི་འཇིག་རྟེན་འདིའི་གསང་བ་ལྐོག་གྱུར་གྱི་ཆོས་ཉིད་དག་ང་ཚོའི་དབང་བོའི་མངོན་སུམ་གྱི་ཡུལ་དུ་བྱས་པ་དེའོ། ། འདི་ལྟ་བུའི་འཇིག་རྟེན་གྱི་སྐྱེ་སྟོབས་དེས་དངོས་པོའི་ཁོར་ཡུག་དང་ང་ཚོའི་བསམ་པའི་འཇིག་རྟེན་མཐའ་དག་བསྐྱེད་ཅིང༌། ང་ཚོས་སྟོབས་དང་ནུས་པ། ཤེས་རབ་ཀྱི་ལེགས་སྐྱེས་གྱ་ནོམ་པ་བསྩལ་ནས་སེམས་ཀྱི་ནུས་པ་མཐའ་དག་བསྐྱེད་པས་ན། འཇིག་རྟེན་གྱི་སྐྱེ་སྟོབས་འདི་ལ་གཞན་པས་“དཀོན་མཆོག་”ཅིས་མིང་དུ་བཏགས་ཤིང་འཇིག་རྟེན་གྱི་ཆོས་ཐམས་ཅད་དཀོན་མཆོག་གིས་བསྐྲུན་པར་འདོད། ཐུབ་བསྟན་གྱིས་འདི་ལ་འཇིག་རྟེན་རང་དུ་འབོད་ཅིང་དེའི་དོན་མཐར་གཏུགས་ནས་སྐྱེ་སྟོབས་ཞེས་པ་ལས་འདའ་མེད་དེ། འཇིག་རྟེན་ཞེས་པ་བསྐལ་པ་དང་སེམས་ཅན་རྣམས་ཀྱི་ཚེ་སྲོག་ཏུ་གནས་པར་བཤད་ལ། འཇིག་རྟེན་གྱི་དངོས་པོའི་ཆོས་ཉིད་དང་ཚེ་སྲོག དེའི་འགྱུར་བའི་སྣང་ཚུལ་མཐའ་དག་སྐྱེ་སྟོབས་ཀྱི་མངོན་ཚུལ་ཙམ་དུ་ངོས་འཛིན་པའི་ཕྱིར་རོ། ། དེས་ཕྱི་རོལ་གྱི་དངོས་པོའི་གནས་ལུགས་དང་གོམས་ཤུགས་ཀྱི་ལྷན་ཅིག་བྱེད་རྐྱེན་དག་ལ་བརྟེན་ནས་ཚེ་སྲོག་དེ་མིའི་རྣམ་པར་འཕེལ་འགྱུར་བྱུང་དུ་བཅུག་པས། ཕུང་པོ་ལྔ་ལ་བརྟེན་པའི་འགྲོ་བའི་ཚེ་སྲོག་དེ་གཞི་གནས་འཇིག་རྟེན་སྐྱེ་སྟོབས་དང་བདག་གཅིག་ཏུ་འབྲེལ་ཡོད། ཚིག་སྒྲོས་བསྒྱུར་ནས་བཤད་ན། སེམས་ཅན་དང་སྐྱེ་དངོས་རེ་རེ་འཇིག་རྟེན་འདིའི་སྐྱེ་སྟོབས་ཀྱི་ངོ་བོ་འགྲུབ་བྱེད་དང་དེའི་ཟད་པ་མེད་པའི་འབྱུང་ཁུངས་འབའ་ཞིག་ཏུ་གྱུར་ཡོད་པར་འདོད། འདི་ལྟ་བུའི་འཇིག་རྟེན་གྱི་སྐྱེ་སྟོབས་ཀྱི་ངོ་བོ་འགྲུབ་བྱེད་དང་དེའི་ཟད་པ་མེད་པའི་འབྱུང་ཁུངས་འབའ་ཞིག་ཏུ་གྱུར་ཡོད་པར་འདོད། འདི་ལྟ་བུའི་འཇིག་རྟེན་གྱི་སྐྱེ་སྟོབས་དེ་འགྲོ་བ་མིའི་རིགས་མ་ཟད་བྱ་བྱེའི་འབའ་འབུའི་དབྱངས་སྙན་དང༌། རང་བྱུང་འགྱུར་བའི་དབྱངས་རྟའི་ཁྲོད་ནས་མཐོང་ཐུབ། སྐྱེ་དངོས་མཐའ་དག་“བཟའ་ཆས་མུ་འབྲེལ་”ལ་བརྟེན་ནས་ཚེ་རྒྱུན་བསྲིང་བའི་རྣམ་་པར་གནས་ཤིང༌། ཚེ་སྲོག་གི་འགྱུར་བས་སྐལ་བའི་དུས་སྟོང་གི་བར་ཁྱད་ཆེན་པོ་ཡོངས་སུ་ཁེངས་ཡོད་པ་ན། ས་གཞི་རིལ་མོ་འདིའང་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དངོས་པོའི་སྣང་ཚུལ་ཞིག་དང་འཇིག་རྟེན་ནི་དེ་ལས་ལྷག་པའི་སྐྱེ་ལྡན་གྱི་ཁམས་ཆེན་པོ་ཞིག་ཡིན་ལོས་དགོས།
ཐུབ་བསྟན་གྱིས་ཚེ་སྲོག་རེ་རེ་ཁམས་དྲུག་ལྡན་གྱི་རྫས་ཀྱི་ཕུང་པོ་དང་རྣམ་ཤེས་གཉིས་ཕན་ཚུན་བརྟེན་ནས་གྲུབ་བ་བཞིན། ས་གཞི་རིལ་མོ་འདི་ནི་འཇིག་རྟེན་ཆེན་པོའི་ཚེ་སྲོག་གི་རྟེན་ས་ལུས་ཀྱི་ཕུང་པོའི་ཆ་ཤས་ལྟ་བུ་དང༌། འཇིག་རྟེན་ནི་རྟེན་ཚེ་སྲོག་ལ་བརྟེན་པའི་རྣམ་ཤེས་ཀྱི་ཆ་ལྟ་བུར་གྱུར་པར་བཞེད་པས། ས་གཞི་རིལ་མོ་འདིའི་ཚེ་སྲོག་ཇི་ལྟར་བསྲིང་རྒྱུ་ནི་འཇིག་རྟེན་སྤྱི་ཡུན་ནས་ཡུན་དུ་བདེ་བར་གནས་པའི་གནད་དམ་པ་ཡིན་པར་འདོད། ཐུབ་བསྟན་གྱིས་འདི་ལྟར་ཆོས་ཐམས་ཅད་ཕན་ཚུན་བརྟེན་ནས་འབྱུང་བའི་རིགས་ལམ་ཕྲ་མོ་སྤྱད་དེ་ཐུགས་བསམ་བཞེས་བཞིན་པ་ནི། ས་གཞི་རིལ་མོ་འདིའི་འཚོ་གནས་ཀྱི་གནད་དོན་ཁོ་ན་མ་ཡིན་པར་ང་ཚོ་སྤྱིར་བཏང་པ་རྣམས་ལ་ལྐོག་ཆོས་སུ་གྱུར་པའི་འཇིག་རྟེན་སྤྱིའི་ཚེ་སྲད་ཇེ་རིང་དུ་བསྲིང་རྒྱུ་དེ་ཡིན་ལ། དེའི་མཐར་ཐུག་གི་དགོངས་པའི་འབབ་སོའང་འགྲོ་བ་སྤྱི་མཐུན་གྱི་ཚེ་སྲོག་ཇི་ལྟར་མུ་མཐུད་ནས་འཚོ་ཞིང་གནས་རྒྱུའི་གནད་དོན་དེ་རེད།
ཐུབ་བསྟན་གྱིས་སེམས་ལྡན་དང་སེམས་མེད་དུ་གྱུར་བའི་དངོས་པོ་ཐམས་ཅད་ས་གཞི་རིལ་མོ་འདི་ལས་བྱུང་བའི་རྫས་རྒྱུན་ཡིན་པས། སྣོད་ཀྱི་འཇིག་རྟེན་དང་གྲུབ་སྟངས་གཅིག་གི་རྣམ་པར་གནས་ཏེ། དང་པོ་འབྱུང་པ་རླུང་ནས་བཟུང་སའི་བར་དུ་རིམ་གྱིས་ཆགས་པའང་སྣོད་ཀྱི་འཇིག་རྟེན་དང་མཚུངས་པས། ཕྱི་རོལ་ཡུལ་གྱི་འབྱུང་བའི་ཁམས་ཆེན་པོ་དང་ནང་སྐྱེ་འགྲོའི་འབྱུང་བ་རྣམས་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་གྲོགས་གཅིག་གིས་བྱེད་བཞིན་ཡོད་པར་འདོད་དེ། ཇི་སྐད་དུ། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། ། གསོ་བྱའི་ནད་ཀྱང་འབྱུང་པ་བཞི་ཡིས་བསྐྱེད། ། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། ། ཅེས་པ་ལྟར་བཞི་གདོས་པོས་མ་བཅིངས་པའི་དངོས་པོ་ཞིག་འཇིག་རྟེན་འདིར་རྙེད་པར་དཀའ་ཞིང་ཚེ་སྲོག་འགྲུབ་བྱེད་ཀྱི་རྒྱུ་བཞི་བོའམ་རང་བྱུང་ཁམས་ཆེན་པོ་ལས་མ་བྱུང་བ་ཞིག་མེད་པས། ཆོས་ཐམས་ཅད་དཀོན་མཆོག་གིས་བསྐྲུན་པའི་མི་བཞེད་པའི་གནད་ཀྱང་རང་བྱུང་ཁམས་ཆེན་པོ་ལ་འདི་ལྟ་བུའི་གདེང་འཇོག་བྱེད་པས་སོ། ། རང་བྱུང་ཁམས་ཆེན་པོའི་སྐྱེ་སྟོབས་འདིས་དངོས་པོ་གང་དེའི་རྫས་རྒྱུན་དག་གི་འདུ་འཕྲོད་ཀྱི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་ཚེ་སྲོག་གི་རྣམ་པ་འདི་དང་འདི་ལྟ་བུ་ཞིག་གི་སྒོ་ནས་མངོན་པར་བྱས་པས། སྐྱེ་འགྲོ་རྣམས་མ་ཟད་དངོས་པོའི་སྣང་ཚུལ་མཐའ་དག་དང་ས་གཞི་རིལ་མོ་འདིའི་བར་ལ་གདོད་མ་ཉིད་ནས་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་འབྲེལ་བ་ཆགས་ཡོད། ལྡོག་སྟེ་བཤད་ན། སྣོད་ཀྱི་འཇིག་རྟེན་འདིའང་སེམས་ཅན་ཐུན་མོང་པའི་རྒྱུས་གྲུབ་ཅིང་ཐུན་མོང་པའི་རྒྱུས་འཇིག་པར་བཞེད་དེ། མེ་རི་འཕྱུར་བ་དང་ས་འགུལ་རྒྱུགས་པ། འཐོར་རླུང་དང་གངས་སྐྱོམ་སོགས་རང་བྱུང་ཁམས་ཆེན་པོའི་ཆགས་འཇིག་དང་འགྱུར་བ་སྣ་ཚོགས་སེམས་ཅན་ཐུན་མོང་པའི་བྱ་བྱེད་ལ་བརྟེན་ནས་འབྱུང་བར་བཤད་པས། མི་དང་རང་བྱུང་ཁམས་ཆེན་པོ་གཉིས་གདོད་མ་ནས་གཅིག་གྲོགས་གཅིག་གིས་འཆའ་དགོས་པར་བཤད་པའི་དགོངས་དོན་ཡང་གནད་འདི་ལ་ཐུག་ཡོད། ལར་ནས་ས་གཞི་རིལ་མོ་འདིའི་སྣང་ཚུལ་མཐའ་དག་ཀྱང་སྲོག་ལྡན་དང་སྲོག་མེད་དུ་གྱུར་པའི་དངོས་པོ་རྣམས་ཕན་ཚུན་བརྟེན་ནས་འབྱུང་བའི་རྒྱུ་འབྲས་ཀྱི་མངོན་ཚུལ་ཙམ་ལས། རྒྱུ་རྐྱེན་རྟེན་འབྲེལ་མ་ཚོགས་པར་རང་བཞིན་གྱིས་གྲུབ་པའམ་རང་རྐྱ་འཕེར་བའི་འཇིག་རྟེན་ཞིག་ལོགས་སུ་མེད་དེ། དེ་གཉིས་ཕན་ཚུན་མེད་ན་མི་འབྱུང་གི་འབྲེལ་བར་གྲུབ་པའམ་ཚེ་སྲོག་རེ་རེ་དང་རང་བྱུང་ཁམས་ཆེན་པོ་གཉིས་བདག་གཅིག་ཏུ་འབྲེལ་བའི་བསམ་བློ་དང་དེ་གཉིས་ཕན་ཚུན་མཐུན་སྦྱོར་བའི་དགོངས་འདུན་འདིས་གནའ་སྔ་མོ་ན་ཚེ་སྲོག་དང་འཚོ་གནས་ཁོར་ཡུག་བར་གྱི་འབྲེལ་བའི་ཆོས་ཉིད་དང་གཞི་རྩའི་ཚད་གཞི་རྣམས་ཐབས་ལམ་དུ་མའི་སྒོ་ནས་ང་ཚོར་གསལ་བོར་བསྟན་ཡོད།
གསུམ།ཁོར་ཡུག་གཙང་སེལ་གནང་བའི་ཐོག་མའི་ལེགས་སྐྱེས།
ཁོར་ཡུག་བཙོག་པོར་བཟོས་པ་ནི་སྐྱེ་ཁམས་ཁོར་ཡུག་གི་དཀའ་གནད་དང་རྒྱུན་མཐུད་ནས་བྱུང་བའི་མིའི་རིགས་ཀྱི་འཚོ་གནས་ཐད་ལ་བྱུང་བའི་དཀའ་གནད་གཉིས་པ་རེད། ཐོན་ལས་གསར་བརྗེ་བྱུང་བ་དང་བསྟུན་ནས་སོལ་དུག་དང་དུད་སྨུག འབར་རྫས། སྣུམ་སྙིགས། གཤེར་སྙིགས་སོགས་ཕལ་ཆེར་ཉིན་ཞག་གཅིག་གི་མཐའ་ཅན་གྱིས་ས་གཞི་རིལ་མོའི་ཁོར་ཡུག་ཏུ་ཡོངས་སུ་ཁྱབ་ཅིང༌། དེ་ལས་བྱུང་བའི་འབྲས་བུ་ནི་སྔོན་ཆད་མ་མཐོང་ཞིང་མ་ཐོས་པའི་རིམས་ནད་དང་ཡམས་ནད་སྣ་ཚོགས་ཀྱིས་བྲོ་འཚལ་བར་གྱུར་ནས་མི་ཕྱུགས་མང་པོ་ཚེ་མི་ཐུབ་པར་སྡུག་བསྔལ་བ་འདི་ལགས། འདིའི་ཐད་ལ་ཐུབ་བསྟན་གྱིས་སྔ་མོ་ནས་ཐུགས་ཁུར་གནང་ཡོད་དེ། འདུལ་བ་ལས། ་དགེ་སློང་ཆུ་ཡི་ནང་དུ་བཤད་གཅི་དང་མཆིལ་མ་དང༌། སྣབས་དང། སྐྱུག་པ་དང༌། རླུགས་པ་མི་བྱ་བ་དང༌། བྱས་ཟིན་པ་མི་དོར་བར་བསླབ་པར་བྱ་བ་དང༌། དགེ་སློང་མི་ན་བར་ཐམས་ཅད་ཁྱབ་པར་མ་གཏོགས་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་གཅི་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུག་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱའོ་ཞེས་པ་ལྟར་ཁྲིམས་མང་དུ་བཅས་ཡོད་པའི་དགོངས་པ་ནི་སྐབས་དེའི་ཁོར་ཡུག་གཙང་བཙོག་གི་ཚད་ལ་བལྟས་ནས་ཁོར་ཡུག་གཙང་མ་ལ་གནོད་པའི་བྱ་སྤྱོད་དེ་རིགས་སྔ་མོ་ནས་འགོག་པའི་ཕྱིར་རེད། དེ་ཡང་ཐུབ་པ་ཉིད་འཇིག་རྟེན་དུ་བྱོན་པ་ན་ཁོར་ཡུག་འབག་བཙོག་ཚད་ངེས་ཅན་ཞིག་ལ་སླེབས་པས། ཁོང་གིས་རབ་བྱུང་བའི་ཀུན་སྤྱོད་ཚད་གཞི་དེ་འཁྱེར་ནས་སྤྱི་ཚོགས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས་པ་དེའོ། །
བོད་བརྒྱུད་ཐུབ་བསྟན་གྱིས་ཀྱང་ཆུ་བོ་དང་ལྟེང་ཀ གངས་རི་སོགས་སུ་དམར་ཐབ་དང་མི་གཙང་བའི་རྫས་དྲི་ཕོག་ན་ལྷ་ཀླུ་གཞི་བདག་འཁྲུག་ནས་ཡུལ་དེ་ལ་བཙའ་སད་སེར་གསུམ་དང་ནད་ཡམས་སུ་མུ་གེ་སོགས་མི་དགེ་བའི་མཚན་ལྟས་མང་དུ་འབྱུང་བར་བཤད་དེ། མནོལ་བསང་ལྷ་ཆབ་སྔོན་མོ་ལས། དེ་ནས་མོ་པས་བཏབ། རྩིས་པས་རྩིས་བྱས་པས་ཐམས་ཅད་ཁ་འཆམས་པར་མི་གཙང་བའི་མནོལ་གྲིབ་ཀྱིས་རྒྱལ་པོ་དང་ཡུལ་ལྷ་ཐམས་ཅད་འཁྲུགས་པར་འདུག་ཟེར་ཞེས་དང༌། རྒྱལ་པོའི་བཙུན་མོ་མང་བཟའ་ཁྲི་ལྕམ་བྱ་བ་ཞིག་ལ་རྩོལ་མནོལ་གྱི་བུ་གཅིག་བྱུང་བས། བཙུན་མོས་གསང་ནས་ཁོལ་མོ་ལ་གཏད་པར་ཁྱོད་ཀྱིས་འདི་སུས་ཀྱང་མི་མཐོང་ས་ཞིག་ཏུ་སྦས་པ་གལ་ཆེ་ཟེར་བས། ཁོལ་མོས་ཡུག་གཅིག་ཏུ་སྦས་པའི་རྐྱེན་གྱིས་ས་བདག་གི་ལྟེ་བར་འཕྲད་པས་ཡུལ་ལྷ་ཐམས་ཅད་ལ་མི་གཙང་བའི་མནོལ་གྲིབ་ཕོག་ནས་གཟར་བས་རྒྱལ་པོ་དང་ཡུལ་ཁམས་ཐམས་ཅད་མི་བདེ་བ་བྱུང་ཞེས་དང༌། སློབ་དཔོན་པདྨ་འབྱུང་གནས་ཀྱིས། དཀར་དམར་ཐབ་གཞོལ་ཡུལ་ལྷ་གཉན་པོ་མནོལ། །ཐབ་འཁོན་འཁྲུགས་པས་བྱེས་ལྷ་གཉན་པོ་མནོལ། ། ཁྱད་པར་མི་གཙང་བུད་མེད་པང་སྨེ་མནོལ། ། …ཡུལ་ལྷ་མནོལ་བས་ནད་འཁྲུག་མུ་གེ་འབྱུང༌། ། ཞེས་འབྱུང་ལ། མནོལ་ཞེས་པ་སྤྱིར་བཏང་མི་གཙང་དྲིས་བསྒོས་པའམ་འབགས་པ་ལ་འཇུག་པས། འདིའི་སྐབས་ཀྱི་མནོལ་བ་ཞེས་པ་རང་ཉིད་གནས་སའི་ཁོར་ཡུག་དེའི་མཁའ་དབུགས་འབགས་པརབཟོས་པའིདོན་ལས་གཞན་མེད་ལ། མཁའ་དབུགས་འབགས་པ་ལས་བྱུང་བའི་འབྲས་བུ་དེ་ཐུབ་བསྟན་གྱིས་སྔ་མོ་ནས་ངོས་ཟིན་ཡོད་པས། དེ་སེལ་བྱེད་དུ་བསང་ངམ་མནོལ་བསང་ཞེས་བྱ་བའི་ཆོ་ག་འདི་བསྟན་ཏེ། མནོལ་བསང་གི་དོན་ནི་མནོལ་གྲིབ་མི་གཙང་བ་དེ་མྱུར་དུ་སེལ་བའི་དོན་ཡིན། འདི་ལ་བརྟེན་ནས་ང་ཚོའི་མི་རིགས་འདི་ལ་སྔ་དྲོ་ལྷ་བསང་དང་ཕྱི་དྲོ་མནོལ་བསམ་བྱེད་པའི་ཆོ་ག་འདི་བྱུང༌། བསང་རྫས་ལ་བལྟས་པས་ཀྱང་དེའི་དོན་རྟོགས་ནུས་ཏེ། དེ་ལ་ མདོ་སྔགས་གཉིས་ཀྱི་ལུགས་དང་སྦྱར་ནས་བཤད་ཚུལ་ཡོད་ཀྱང༌། སྤྱིར་བཏང་ཁ་དོག་དྲི་རོ་རེད་བྱ་ཕུན་སུམ་ཚོགས་པའི་ཙན་དན་དཀར་དམར་དང་ཨ་དཀར། ཁན་པ། ཤུག་པ་སོགས་ཤིང་སྣའི་ཚོགས་དང༌། བཟང་དྲུག་སོགས་སྨན་སྣའི་ཚོགས། ཆང་དང་ཤིང་མཆོག་གི་ཁུ་བའི་བཅུད་སོགས་གསེར་སྐྱེམས་ཀྱི་སྐོར། དཀར་གསུམ་མངར་གསུམ། གུ་གུལ་དཀར་ནག་སོགས་བདུག་སྤོས་སྣ་ཚོགས་བཅས་ལ་བརྟེན་ནས་ཆོས་ལུགས་ཀྱི་ཆོ་ག་འདི་ལག་ཏུ་བསྟར་བཞིན་པས་མཁའ་དབུགས་གཙང་སེལ་ལ་ནུས་པ་ཆེན་པོ་ཐོན་བཞིན་པ་ང་ཚོའི་མངོན་སུམ་ཚད་མའི་གཞལ་བྱར་གྱུར་བ་འདི་ལས། གཞན་ཡང་གོང་གི་སྨན་རྫས་དེ་དང་རིན་པོ་ཆེའི་དྲི་བཟང་སྣ་ཚོགས་ཆུ་གཙང་དང་སྦྱར་ནས་ཡུལ་ཕྱོགས་ཆབ་གཏོར་བྲན་པ་ལ་ཡུལ་ཁྲུས་ཞེས་པའི་རྣམ་གཞག་ཅིག་ཡོད་པའང་དེའི་དོན་རེད། འདི་ལྟ་བུའི་ཆོས་ལུགས་ཀྱི་ལྟ་བའམ་མཆོག་ཞིག་ལ་བརྟེན་ནས་ཁོར་ཡུག་འབགས་པ་གཙང་སེལ་བྱེད་པ་འདི། སྐབས་དེའི་བོད་མི་རིགས་ཀྱི་བསམ་བློ་དང་རིག་གནས་ཀྱི་ཆུ་ཚད། བསམ་པའི་གོ་རྟོགས་ལ་བལྟོས་ཏེ་ཐབས་མཁས་པའི་སྒོ་ནས་མི་རྣམས་ལ་མཁའ་དབུགས་གཙང་མ་དེ་མི་སྦག་པར་ཡུལ་ཁམས་དང་འགྲོ་བའི་ལུས་ཕུང་བདེ་ཐང་ཡོང་བར་དོ་སྣང་བྱེད་རྒྱུའི་འདུ་ཤེས་གསར་བ་ཞིག་སྦྱིན་པ་ཡིན་ཏེ། མཁའ་དབུགས་ཀྱི་གནད་དོན་རྐྱང་རྐྱང་ཞིག་གི་ངོས་ནས་གོ་སྐོན་སློབ་གསོ་བྱས་ན་སྐབས་དེར་མི་རྣམས་ཀྱི་བློ་ངོར་འཆར་དཀའ་ཞིང་དང་དུ་ལེན་མི་ནུས་པའི་རྒྱུ་མཚན་གྱིས་སོ། ། ང་ཚོས་འདི་ལྟ་བུའི་ཆོས་ལུགས་བྱེད་སྒོ་དེ་དམངས་ཁྲོད་ཆོས་ལུགས་དད་མོས་ཀྱི་འདུ་ཤེས་རྐྱང་རྐྱང་ཞིག་ཏུ་མི་བརྩི་བར་ཁོར་ཡུག་ལེགས་བཅོས་ཀྱི་ཐབས་དམ་པ་ཞིག་ཏུ་བརྩི་རྒྱུ་ནི་དེང་སྐབས་སྒྲོག་བཞིན་པའི་རྒྱུན་འཛིན་བྱ་རུང་གི་འཕེལ་རྒྱས་ཐབས་ཇུས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་སྙམ། དེ་ལ་བརྟེན་ནས་ང་ཚོའི་མི་རིགས་འདི་ལ་བེམ་པོ་དུར་སྦས་དང་ཆུ་སྐྱུར། ལྷག་པར་འབྲུམ་ནད་ཅན་དང་མཛེ་ནད། འགོས་ནད་ཚབས་ཆེན་ཅན་གྱི་ཕུང་བོ་བྱ་གཏོར་དང་ཆུ་སྐྱུར་བྱ་མི་རུང་བའི་གོམས་སྲོལ་དར་བ་ཡང་ཁོར་ཡུག་གི་ས་ཆུ་དང་མཁའ་དབུགས་འབག་པར་མི་བྱེད་པའི་བསམ་བློ་དེ་མཚོན་བཞིན་ཡོད་པ་ཞིབ་ཏུ་བཤད་མི་དགོས་སོ། །
བཞི་པ། མཇུག་བསྡུ་བའི་གཏམ།
བོད་བརྒྱུད་ཐུབ་བསྟན་ནི་བོད་ཀྱི་སྲོལ་རྒྱུན་རིགགནས་ཀྱི་གྲུབ་ཆ་གལ་ཆེན་ཆེར་གྱུར་པ་ནས་བཟུང༌། དེའི་གོང་ཐང་གི་ལྟ་བས་བོད་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཀུན་སྤྱོད་སོགས་བསམ་པ་དང་དངོས་པོའི་འཚོ་བ་ལ་ཕྱོགས་ཀུན་ནས་ཁ་དཀྱུས་བཞིན་ཡོད་ལ། མི་རིགས་ཀྱི་བདེ་སྡུག་དང་ལེགས་ཉེས། དགེ་སྐྱོན་གྱི་རྩ་བ་ཡོད་དོ་ཅོག་ཕལ་ཆེར་འདི་ལ་བརྟེན་ནས་འབྱུང་ཞིང་འདིས་ཐག་གཅོད་བཞིན་ཡོད། མི་རིགས་གང་ཞིག་གི་རིག་གནས་དེ་འཐུས་སྒོ་ཀུན་ནས་ཚང་བའི་འཇིག་རྟེན་ལྟ་བུ་ཞིག་ཡིན་ལ། དེ་ལ་དགེ་སྐྱོན་གཅིག་འདུའི་མ་ལག་ཅིག་ངང་གིས་ཆགས་ཡོད་པ་ནི་སྤྱིར་བཏང་བའི་ཆོས་ཉིད་ཡིན་པས་རིག་གནས་དེ་སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་རྫོགས་ཤིག་ཡིན་པར་སུས་ཀྱང་སྨྲ་མི་སྤོབས་པ། སྐྱོན་གྱི་ཕྱོགས་གཅིག་གཙོ་བོར་བཟུང་ནས་དེ་ལ་མཐའ་གཅིག་ཏུ་གནོད་བྱེད་ཀྱི་རིགས་པ་གསར་པ་སྤྲོ་བའམ་ཚད་ལས་བརྒལ་བའི་བསྔགས་བརྗོད་བྱེད་པ་འཇིག་རྟེན་གྱི་དཔྱོད་ལུགས་དང་མི་མཐུན་ལ་ཚན་རིག་གི་བསྡོམས་ཚིག་ཅིག་ཀྱང་འཐོབ་དཀའ་བ་ཡིན། བོད་བརྒྱུད་ཐུབ་བསྟན་ཡང་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པའི་ཆ་ནས་དེ་ལ་དྲང་ལྡོག་དང་ལེགས་ཉེས། ཕན་གནོད་ཀྱི་ཆ་རྣམས་རྐྱ་འཐམས་ནས་ཡོད་པས། རང་སྣང་དང་ཞེ་འདོད་ཁོ་ནའི་དབང་དུ་མ་སོང་བར་ཕྱོགས་དང་རྣམ་པ་ཐམས་ཅད་ནས་བློ་གཟུ་བོར་གནས་ཏེ། དེ་ལ་བརྟག་དཔྱད་ཅིང་དཔྱད་ནས་དེ་ལས་བྱུང་བའི་དུས་རུང་གི་བཟའ་བ་རྣམས་སྣང་མེད་དུ་མི་བསྐྱུར་བར་ཇི་སྲིད་སྲོག་གི་རྒྱུ་བ་ཤུགས་ཇེ་དྲག་ཏུ་ཕྱིན་ཏེ་སེམས་ཀྱི་བཙན་ས་ཟིན་ཞིང་ཕྱིའི་འཚོ་སྡོད་ཀྱི་ཆ་རྐྱེན་སོགས་ཕྱོགས་ཐམས་ཅད་ནས་རང་རྐྱ་འཕེར་བའི་བར་དུ་བསྟེན་རྒྱུ་དང༌། དེ་ལས་བྱུང་བའི་དུས་ལས་ཡོལ་བའི་ཁ་ཟས་རྣམས་ཞེན་པའི་འཛིན་སྟངས་ཀྱི་བློས་མ་བསླད་པར་དུས་ད་ལྟ་ཉིད་ནས་སྤངས་ཏེ། སྤྱི་ཚོགས་གསར་པ་དང་ཁོར་ཡུག་གསར་བའི་འདོད་ཡོན་གྱི་ལོངས་སྤྱོད་གསར་པ་དེ་ཉམས་སུ་མྱོང་རྒྱུར་བརྩོན་པ་ནི་དུས་རབས་རྒན་པོའི་དགོངས་པའི་གཏད་སོ་དང་དེས་ང་ཚོ་ལ་གནང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོའང་རེད།
ལྷག་པར་དུ་བཟོ་ལས་ཐོན་སྐྱེད་གོང་དུ་འཕེལ་བ་ལ་བརྟེན་ནས་ས་གཞི་རིལ་མོའི་ཁོར་ཡུག་འབག་བཙོག་ཏུ་བཏང་བ་དང་སྐྱེ་ཁམས་དོ་མི་མཉམ་པའི་སྣང་ཚུལ་འབྱུ་ང་བཞིན་པའི་དུས་སྐབས་འདིར། ང་ཚོས་ཐུབ་བསྟན་མ་ཟད་ནུབ་གླིང་ཤེས་རིག་གིས་ཟུར་བརྒྱན་པའི་དེང་རབས་རིག་གནས་ལ་མནོ་བསམ་ཞིབ་མོ་གཏོང་དགོས་ཤིང༌། ཤེས་རིག་གི་ཉམས་ཉེས་དག་ཇི་ལྟར་སྐྱོབ་པའི་ཐབས་ལ་འབད་རྒྱུ་ནི་ང་ཚོའི་མི་རིགས་འདི་མ་ཟད་འཛམ་གླིང་འགྲོ་བ་ཐུན་མོང་པ་ས་སྒང་འདིའི་སྟེང་དུ་མུ་མཐུད་ནས་འཚོ་ཞིང་གནས་རྒྱུའི་གནད་དམ་པ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་དུ་གྱུར་བའི་བོད་བརྒྱུད་ཐུབ་བསྟན་གྱིས་འཇིག་རྟེན་ལས་བརྒལ་བའི་བསམ་བློ་དང་རིགས་ཤེས་སྤྱད་དེ་མིའི་རིགས་ཀྱི་ཤེས་རིག་གི་ཉམས་ཉེས་དེ་ཇི་ལྟར་སྐྱོབ་བའི་འགན་ལྕི་མོ་ཕྲག་ཏུ་བཞེས་མྱོང་ལ། ལྷག་པར་དུ་རྟེན་ཁོར་ཡུག་དང་བརྟེན་པ་ཚེ་སྲོག་གཉིས་ཕན་ཚུན་བརྟེན་ནས་འབྱུང་བའི་བདག་ཉིད་དུ་འདོད་པའི་ལྟ་བ་སྤྱད་དེ་མི་རྣམས་ལ་རང་ཉིད་འཚོ་ཞིང་གནས་སའི་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་པར་གསལ་འདེབས་བྱས་དང་བྱེད་བཞིན་ཡོད་ལ། འབྱུང་འགྱུར་ལོ་རྒྱུས་ཀྱི་དཀྱོག་མཚམས་རེ་རེའི་ཁྲོད་ནས་ཀྱང་མི་དང་རང་བྱུང་ཁམས་ཆེན་པོ་གཉིས་ཇི་ལྟར་སྙོམ་སྒྲིག་ཡོང་བར་སྤྱོད་པའིསྒོ་ནས་མཛུབ་ཁྲིད་བྱེད་ངེས་རེད།དཔྱད་གཞིའི་ཡིག་ཆ།སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི《མནོལ་བསང་ལྷ་ཆབ་སྔོན་མོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི1993 ལོའི་པར།མཚོ་སྣ་པས་མཛད་པའི《འདུལ་ཀ་ཉི་མའི་འོད་ཟེར》ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི1993 ལོའི་པར།
དགག་སྒྲུབ་སྙིང་སྟོབས་ལས་བཏུས།

How to Apply Avril Lavigne Makeup
VIDEO PORNO XXX but it will happen over time

What Is a 501c7 Corporation
Wedding Dresses are blessed with finishing touches in support of teens

Top eyebrow products of 2013
PORNO The soles were flat

My 2008 Plus American Pageant Diary
Free Games it can be used as a handbag and a backpack

Obesity rates vary but remain high
pornos you can choose a cotton fabric

stockings and leggings in style
Pornofilme If you screw up in conversations

Limiting liability on multiple rental properties
PORNO XXX the zipper is a lie

Want to know everything about Korean fashion
Filme Porno there's so much that can go wrong
བསྟོད།10

抱歉,评论已关闭!