“ཆོལ་ཁ་གསུམ།”

ཞོགས་ལྗང་།

"དེ་བོད་སྐད་ལེ་ཚན་མ་རེད། བོད་སྐད་ལེ་ཚན་གྱི་སྟེང་དུ་སྒྱུར་དང་།” སྐད་ཆ་འདི་ནི་ཐེངས་ཤིག་ཨ་མའི་ཁ་ནས་ཐོས་པ་ཡིན་ཞིང་། ཡུན་རིང་ཞིག་ལ་འདིར་བསམ་གཞིག་བཏང་ནས་འདུག་དགོས་བྱུང་།
སྐད་ཆ་འདི་ལྟ་བུ་ནི་ཕལ་ཆེར་བོད་ཁུལ་གྱི་ས་ཆ་སོ་སོར་གར་ཁྱབ་དུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་ཡིན་ངེས་ཏེ། མ་མཐའ་ཡང་། ཕ་ཡུལ་གྱི་ཨ་མ་འདྲ་བའི་མང་ཚོགས་དག་ལ་མཚོན་ན། བོད་སྐད་ལེ་ཚན་ནི་མཚོ་སྔོན་བརྙན་འཕྲིན་གྱི་བོད་སྐད་ལེ་ཚན་ཁོ་ན་ཡིན་ངེས་རེད། དེ་བཞིན་དུ། ལྷ་སའི་ཕྱོགས་ཀྱི་མང་ཚོགས་དག་ལ་མཚོན་ན་ཡང་དེ་བཞིན་ཡིན་སྲིད་ལ། ཁམས་ཕྱོགས་ཀྱི་མང་ཚོགས་དག་ལ་མཚོན་ན་ཡང་དེ་བཞིན་ཡིན་སྲིད། ཡིན་ན་ཡང་། འདི་ཙམ་གྱིས་ཉམ་ང་བའི་མང་ཚོགས་དག་ལ་ལེ་འདའ་ཁྱོན་ནས་མི་བྱེད་དེ། སྣང་ཚུལ་འདི་ལྟ་བུའི་མཇུག་འབྲས་ནི་འུ་ཚོས་བཟོས་པ་རེད།
འུ་ཅག་གི་ལོ་རྒྱུས་མཁས་པ་དག་གིས་བོད་ཡུལ་ཆོལ་ཁ་གསུམ་ཞེས། དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་གསུམ་དུ་བགར་ཞིང་། རིམ་གྱིས་ཨ་མདོ་དང་དབུས་གཙང་། ཁམས་པ་ཞེས་སོ་སོ་ཡུལ་ཁམས་རེ་རེར་གྱུར་བ་རེད། འབོད་སྟངས་འདི་ཉིད་རིམ་གྱིས་མང་ཚོགས་དག་གི་ཤ་གསེང་རུས་གསེང་ལ་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་གྱུར་ཞིང་། ད་ལྟ། ཨ་མས་མདོ་སྨད་ཀྱི་བོད་སྐད་ལེ་ཚན་ཆེ་ཤོས་ཏེ། མཚོ་སྔོན་བོད་བརྙན་འཕྲིན་མ་གཏོགས་བོད་སྐད་ཀྱི་ལེ་ཚན་གཞན་དག་བོད་སྐད་མིན་པའི་བས་མཐའ་རུ་དེད་པ་རེད། སྐད་ཆ་འདིའི་ཤུགས་ནས་ཨ་མ་དག་ལ་མཚོན་ན། ཨམ་སྐད་མ་གཏོགས་ཁམས་སྐད་དང་དབུས་སྐད་སོགས་ནི་བོད་སྐད་མིན་པར་གྱུར་བ་རེད་ལ། ནམ་ཞིག ཨམ་མདོ་ལས་གཞན་དག་ནི་བོད་པ་མིན་པའི་ངོས་འཛིན་ཞིག་མི་འབྱུང་བའི་ངེས་པ་རྦད་དེ་མི་འདུག དེ་བཞིན་དུ། གཞན་དག་ལ་ཡང་འདི་ལྟར་རིགས་བསྒྲེས་བྱས་པས་ཤེས་པར་ནུས་པ་མ་ཡིན་ནམ།
འབོད་མིང་འདིའི་རྐྱེན་གྱིས་མདོ་དབུས་ཁམས་གསུམ་གྱི་བོད་མི་དག་གི་སྣང་ངོར་ཏག་ཏག་ཚོགས་པ་ཆེན་པོ་གསུམ་གྲུབ་ཅིང་། ཁོ་ཚོས་བོད་མི་ནང་ཁུལ་དུ་ས་ཁུལ་ཕྱོགས་རེ་པའི་རྣ་ཅོག་འཛིན་པའི་གནད་དོན་དེ་ཉིད། ད་ལྟ་བྱེས་སྡོད་བོད་མི་དག་གི་ཁྲོད་ན་ཤིན་ཏུ་རབ་ཏུ་རྒྱུགས་ཆེ་བ་ང་ཚོའི་མཐོས་ཆོས་རེད་ལ། གལ་ཏེ། གཞིས་སྡོད་བོད་མི་དག་ལ་ཡང་དམངས་གཙོའི་འདེམ་བསྐོ་རིགས་ཤིག་ཡོད་ཚེ། ཁོ་ཚོས་ཀྱང་དེ་ལྟར་མི་འདེམ་པའི་ངེས་པ་གཞར་ཡང་མི་འདུག་པས། འདི་ནི་གནད་དོན་ཆུང་ཆུང་ཞིག་ག་ལ་ཡིན།
བོད་ཡུལ་ལུང་པ་འདིར་མཚོན་ན། ཚོགས་པ་ཆེས་ཆེན་པོ་གསུམ་ནི་མདོ་དབུས་ཁམས་རེད་དེ། ད་ལྟའི་དབར་དུ་འདི་ལ་ཚོགས་པ་ཞེས་པའི་མིང་གི་འབོད་སྟངས་མེད་མོད། མདོ་དབུས་ཁམས་ཞེས་པའི་འབོད་མིང་འདིའི་ངན་ཤུགས་ཀྱིས་ས་ཁུལ་གྱི་མི་དག་གི་སེམས་སུ་ཚོགས་པ་ཞིག་གི་བག་ཆགས་ངང་ངམ་ཤུགས་ཀྱིས་བཞག་པ་ང་ཚོས་མཐོང་ཐུབ། དཔེར་ན། ལོ་ངོ་འགའི་སྔོན་ལ། བོད་སྐད་གཅིག་གྱུར་གྱི་ལས་དོན་རླབས་པོ་ཆེ་དེའི་ཚོགས་ཐོག་ནས་ཀྱང་མདོ་དབུས་ཁམས་ཀྱི་མཁས་མིང་འཛིན་པ་དག་མ་འཆམ་པ་གསར་འགྱུར་རེད། ཁོ་ཚོ་ཡང་ས་ཁུལ་ཕྱོགས་རེ་བ་དེའི་དོན་དུ་མ་འཆམ་པ་ལས། བོད་སྐད་ནི་མ་གཞི་ནས་གཅིག་གྱུར་གྱི་བོད་སྐད་ཅིག་རེད་པས། ཡུལ་སྐད་ཀྱི་སྒྲ་གདངས་ཙམ་པོ་བའི་དོན་དུ་ཡང་དག་ཡིན་མིན་གྱི་རྩོད་གཞི་ཞིག་འབྱུང་དགོས་མི་འདུག་ཨང་། ཁོ་པ་ཅག་གི་སེམས་སུ་ངས་ནི་ས་ཁུལ་གྱི་ལ་རྒྱ་ཞིག་བཟུང་བ་ཡིན་སྙམ་པའི་ང་རྒྱལ་ཞིག་ད་དུང་སྐྱེས་ཀྱིན་ཡོད་སྲིད་མོད། ང་ཚོའི་གཞོན་རབས་དག་གིས་བལྟས་ནས་ངོ་ཚ་དགོས་པའི་སྐྱོ་གར་དེ་ནི་བོད་ཀྱི་མཁས་མིང་འཛིན་པ་སྔོན་མ་དག་གིས་བཞག་པའི”ཤུལ་རྫས”ཡིན་པར་མ་ཟད། ད་ལྟའི་མཁས་མིང་འཛིན་པ་དག་གི་སྨྱོ་ཧམ་ཚ་བའི་ཕམ་ཁ་ཞིག་ཀྱང་རེད།
ད་དུང་དགོད་བྲོ་བའི་གཏམ་རྒྱུད་མཚར་བོ་ཞིག་འབྱུང་གིན་ཡོད་པ་ནི་མི་རབས་གསུམ་པ་ཞེས་པའི་ཚོགས་པ་དེ་རེད། ཚོགས་པ་དེའི་མིང་ཆ་ཚང་ལ་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པ་ཞེས་འབོད་ཅིང་། ཨམ་མདོ་ས་ཆའི་གསར་བུ་སྣང་ཡང་འགས་མཉམ་རུབ་ཀྱིས་གྲུབ་པའི་རང་མིང་བཏགས་པ་བ་ཞིག་རེད། ཁོ་ཚོས་རང་ཉིད་ཀྱི་མིང་ལ་མི་རབས་གསུམ་པ་ཞེས་འབོད་པའི་རྒྱུ་མཚན་ཡང་། བོད་ཀྱི་སྙན་ངག་གི་འཕེལ་རིམ་ཞིག་ལ་བལྟས་ཏེ་བཏགས་པ་ཡིན་ཚོད་གདའ་མོད། དེའི་ཕག་ཏུ་ད་དུང་བསྔོག་དཀའ་བའི་ངོ་གདོང་གཞན་ཞིག་ཡིབ་མེད་པའི་གདེང་ཚོད་སུ་ལ་ཡང་མེད་པས། སྙན་ངག་པ་དེ་དག་གི་ཚོགས་པ་དེ་ཡང་དེ་འདྲའི་དྭངས་གཙང་ལྷད་མེད་ཅིག་ཡིན་པའི་ཡིད་ཆེས་ཁྱོན་ནས་མེད། དེའི་ངན་ཤུགས་ཀྱིས་མི་རབས་བཞི་བ་ཞེས་པ་ཞིག་ཀྱང་བྱུང་ཞིང་། མིང་དེ་ཡང་ཁོ་ཚོ་རང་ཉིད་ཀྱིས་བཏགས་པ་ཞིག་རེད། ཁོ་ཚོས་བཤད་ན། བོད་ཀྱི་སྙན་ངག་གི་ལས་དབང་དེ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་རྩིས་ཡིན་མོད། དེར་ཞུགས་ཀྱི་གསར་བུ་ཞིག་གིས༼རྗེས་སུ་གསར་བུ་དེ་ཁོ་ཚོའི་ཚོགས་གྲལ་ནས་རྒྱང་ཕུད་བཏང་འདུག༽ཁོ་བོར་བརྗོད་དོན། ཚོགས་པ་དེར་ཞུགས་ན་རང་ཉིད་ཀྱི་མིང་གྲགས་བསྐྱེད་ཐུབ་པས། ང་རང་ཡང་དེར་ཞུགས་ན་བཟང་རབས་ཟེར། ༼འདིའི་སྐོར་གྱི་རྩོད་གླེང་དེ་སྔོན་ཆད་བོད་སྐད་ཡིག་ཟིན་བྲིས་དང་མཆོད་མེ་ཟིན་བྲིས་སུ་བཀོད་པ་ལྟར་ཡིན།༽ དེའི་རྗེས་སུ་ཐོས་ཚོད་ལྟར་ན། མི་རེ་གཉིས་ཀྱིས་མི་རབས་བཞི་བར་ཞུགས་འདུན་ཤིན་ཏུ་ཆེ་རབས་ལབ་པ་དང་དེར་ལེན་པའི་རེ་བ་ཡང་ཡང་ཞུས་མཐར། ཚོགས་པ་དེའི་ཚོགས་དཔོན་གྱིས་དང་ལེན་བྱས་པར་སྐད་མོད། དེ་ཡང་རྗེས་སུ་ཚོགས་གྲལ་ནས་རྒྱང་ཕུད་བཏང་འདུག་པས། ཚོགས་པ་དེའི་ངོ་གདོང་ཇེ་གསལ་ནས་ཇེ་གསལ་རེད། དགའ་འོས་པ་ཞིག་ལ། སྐབས་ཐོག་དེར་མི་རབས་ཟེར་བའི་ཚོགས་པའི་རྦ་རླབས་ཤིག་འཕྱུར་བྱུང་སྟེ། དུས་ཡུན་ཐུང་ཐུང་གི་རིང་ལ་མི་རབས་བརྒྱད་པར་བུད་བྱུང་། ༼རྗེས་མ་དག་ནི་མི་རབས་སྔོན་མ་དག་ལ་ཟུར་ཟ་བྱས་པའི་མིང་རྐྱང་རྐྱང་རེད།༽
མི་རབས་གསུམ་པ་ཟེར་བའི་སྙན་ངག་གི་ཚོགས་པ་གང་དེ་བྱུང་རྗེས། བོད་ཀྱི་སྙན་ངག་གི་འབྲི་ཐབས་ཐད་ལ་སྒྱུ་རྩལ་གསར་བ་རེ་གཉིས་བྱུང་བ་ནི་ཁོ་ཚོའི་བྱས་རྗེས་མ་རེད་ཅེས་སུ་དང་གང་གིས་ཀྱང་བསྙོན་མི་ཐུབ་ལ། བདེན་དོན་ལ་རྡོག་བརྫིས་གཏོང་མཁན་དག་ནི་རྒྱུ་འབྲས་ལ་བསྙོན་འཛུགས་བྱེད་མཁན་འབའ་ཞིག་ཡིན། ཡིན་ན་ཡང་། སྐྱ་ཆད་སྔོ་སྡུག་གི་དུས་སྐབས་འདི་འདྲར། བོད་ཀྱི་སྙན་ངག་གི་མི་རབས་གསུམ་པ་ཞེས་པ་ཞིག་བྱུང་ཞིང་། དེ་ཚོ་ཡང་མི་རེ་གཉིས་ཀྱི་ཁ་རྗེས་སུ་སྙེགས་ནས། བར་སྣང་ནས་སྒྱུ་རྩལ་གྱི་ཕོ་བྲང་ཁོ་ན་བཞེངས་ཅི་ཐུབ་ལ་འབད་པ་ནི་ཅུང་ཙམ་བདེ་ཐང་མིན་པའི་རྟགས་ཤིག་ཨེ་ཡིན་ནམ། མ་ཟད། མི་རབས་བཞི་བས་ཀྱང་དེ་ལྟར་རྩ་དོན་བཟོ་བ་ནི་རི་བོང་ཅལ་འདྲོགས་ཀྱི་སྐྱོ་གར་ཞིག་ཏུ་མི་འགྱུར་བའི་ངེས་པ་གཞར་ཡང་མེད་ན། རང་རེ་ཚོས་ད་ལྟ་ཉིད་ནས་གཟབ་གཟབ་བྱ་དགོས་འདུག་ཨང་།
མི་རབས་གསུམ་པ་ཞེས་པའི་ཚོགས་པ་དེ་བྱུང་རྗེས། མི་རབས་མ་ཡིན་པའི་ཚོགས་པ་གཞན་འགའ་ཡང་བྱུང་བ་སྟེ། ནུབ་བྱང་གི་གསར་བུ་བཞིས་གྲུབ་པའི་རང་བསྐྱེད་སྨྱུག་ཚོགས་དང་། གཞན། ཕ་སྐད་སྨྱུག་ཚོགས་དང་། ཕ་སྐད་མྱུར་སྐྱོབ་ཚོགས་ཆུང་སོགས་བོད་ཁུལ་དུ་ཚོགས་མིང་མང་པོ་ཞིག་འབྱུང་གིན་འདུག་ཅིང་། ཕན་ཚུན་གྱི་བར་དུ་རྒྱུན་ལྡན་མིན་པའི་སྣང་ཚུལ་འགའ་ཡང་བྱུང་དང་འབྱང་མུས་སུ་མཆིས། མ་ཟད། མི་རབས་གསུམ་པ་དང་ལྟ་ཚུལ་གུད་ནས་མི་མཚུངས་པའི་མི་མགོ་སྐོར་ཞིག་བྱུང་བ་སྟེ། དེ་ཚོའི་མིང་ལ་མང་པོ་ཞིག་གིས་ཞོགས་དུང་ཚོགས་པ་ཞེས་འབོད། ཞོགས་དུང་ཚོགས་པ་ཞེས་པ་ནི་མི་རེ་གཉིས་ཀྱིས་རང་རང་གི་ཁེ་ཕན་ཆེད་དུ་བསམ་གཟས་ནས་ཕར་བཏགས་པ་ཞིག་རེད་ལ། རིམ་གྱིས་དེ་ཉིད་ཚོགས་པ་ཞིག་གི་སྣང་ཚུལ་གྱིས་བོད་ཡུལ་ས་ཆ་སོ་སོར་གར་ཁྱབ་ཏུ་གྱུར། མི་མགོ་དེ་ཚོར་བཟང་ཆ་ཞིག་ཡོད་པ་ནི། ཁོ་ཚོས་འགན་དབང་གི་དབྱེ་མཚམས་གསལ་བོར་ངེས་ཤིང་། མི་གཞི་དང་སྒལ་ཚིགས། ཐོབ་ཐང་དང་རྩིས་ཐང་སོགས་ལ་དོ་སྣང་བླ་ལྷག་གིས་གནང་བ་དེ་རེད། རྒྱུ་འབྲས་བློ་མིག་གི་ཤེས་རབ་གསལ་ཞིང་འཚེར་བ་དེ་ནི་མི་རབས་གསུམ་པ་དང་བཞི་བ་སོགས་བོད་ཡུལ་གྱི་ཚོགས་ཆུང་དེ་ཚོ་དང་ཁྱོན་ནས་མི་མཐུན་པའི་ཁྱད་ཆོས་རེད། ད་དུང་། མི་བུ་དེ་དག་གི་ཤུགས་རྐྱེན་གྱི་འོག་ནས་ནར་སོན་གྱིན་པའི་གསར་བུ་སྐོར་ཞིག་སྟེ། གཞན་གྱིས་ཁོ་ཚོའི་མིང་ལ་ན་གཞོན་གསར་བ་ཞེས་འབོད་པ་དེ་ནི། ན་གཞོན་གསར་བ་ཞེས་པའི་དུས་དེབ་དེར་རྐྱེན་བྱས་ནས་བཏགས་པ་ཞིག་རེད་ལ། རིམ་གྱིས་ཁོ་ཚོས་ཀྱང་ན་གཞོན་གསར་བ་ཞེས་པའི་བཏགས་མིང་དེར་ངོས་ལེན་བྱེད་ཀྱིན་ཡོད་པར་མ་ཟད། ན་གཞོན་ལ་ན་གཞོན་གྱི་བློ་ཚོད་དང་མཐུན་པའི་ཤེས་འཇོན་ཞིག་ཡོད་པར་ཁས་ལེན་ཞིང་། རྒྱུ་འབྲས་ཀྱི་གཏན་ཚིགས་རེ་རེ་ཡང་རང་ཉིད་ཀྱི་མིག་འབྲས་བཞིན་བསྲུང་ཅི་ཐུབ་ལ་འབད་ཀྱིན་ཡོད་པར་མ་ཟད། མི་བུ་རང་ཉིད་ནས་འགོ་རྩོམ་པ་ནི་འགན་འཁྲིའི་འགོ་རྩོམ་ས་ཡིན་པར་དམ་བཅའ་བ་རེད།
དེ་ལྟར། རང་གིས་རང་ལ་བཏགས་པ་དང་གཞན་གྱིས་ཚུར་ལ་བཏགས་པའི་ཚོགས་མིང་དེ་དག་གི་རྐྱེན་གྱིས། བོད་ཡུལ་འདིར་མི་གྲངས་ཞེ་དྲག་ཉུང་བའི་ཁར། སྟོབས་ཤུགས་གཅིག་ཏུ་མི་སྒྲིལ་བའི་སྐྱོ་གར་འབྱུང་གིན་འདུག་ལ། ཐོར་ཞིག་དང་འཇིག་ཉེན་ཤིན་ཏུ་ཚ་བ་རེད། དཔེར་ན། བོད་ཡུལ་ཆོལ་ཁ་གསུམ་ཞེས་པའི་འབོད་མིང་དེས་རིམ་གྱིས་བོད་ཡོངས་གཅིག་གྱུར་མིན་པའི་གནས་བབས་ཤིག་ཏུ་བསྐྱལ་གྱིན་འདུག་ཅིང་། མི་རབས་ཞེས་པའི་ཚོགས་པ་དེས་ཀྱང་གསར་བུ་དག་གི་བར་ལ་རང་ཚུགས་རྭ་ཅོ་འདྲ་རེ་འཛིན་པར་བྱེད་པས། ཤེར་བསྟན་སོགས་ཀྱིས་མཐུན་སྒྲིལ་བྱོས་ཤིག་ཅེས་སྐད་ངག་འཛེར་འཛེར་གྱིས་བླངས་ཀྱང་དོན་སྒོ་ཁྱོན་ནས་མི་འདུག་ཨང་།
ཡང་གཅིག་བཤད་ན། རྒྱལ་ཁབ་འདིས་དཀའ་ལས་གང་མང་བརྒྱབ་ནས་མི་རིགས་ང་དྲུག་ཅེས་སུ་བགར་ཞིང་། ད་ལྟ་ད་དུང་ཡང་དེའི་ཕྱོགས་ལ་ཞིབ་འཇུག་དང་ཚོད་བགམ་ཅི་ནུས་བྱེད་ཀྱིན་འདུག་པས། ནམ་ཞིག མི་རབས་གསུམ་པ་དང་བཞི་བ་སོགས་ཀྱི་ཚོགས་མིང་དག་ཀྱང་མི་རིགས་ཆུང་ཆུང་ཞིག་ཏུ་མི་འགྱུར་བའི་ངེས་པ་ཁྱོན་ནས་མི་འདུག
ད་ལྟ། རྒྱལ་ཁབ་ཀྱིས་དངུལ་སྒོར་ཁྲི་ཕྲག་མང་པོ་བཏང་ནས་ཁམས་པའི་བརྙན་འཕྲིན་ཞེས་པ་ཞིག་བསྒྲུབས་ཤིང་། ཁམས་པ་མང་པོ་ཞིག་གིས་ཀྱང་ང་རྒྱལ་གྱི་མགོ་བོ་ཀྲོག་ཀྲོག་བྱེད་ཀྱིན་ཡོད་ཚུལ་མཐོང་ན། རང་སེམས་ཀྱི་རྩ་རླུང་རེ་རེ་ཡང་སྦྲིད་པར་འགྱུར་མོད། ནམ་ཞིག ཨམ་མདོའི་བརྙན་འཕྲིན་དང་དབུས་གཙང་བརྙན་འཕྲིན་ཞེས་པ་གཉིས་ཀྱང་འབྱུང་རྒྱུ་ཡིན་ཚུལ་ལ་བསམ་ན། དེ་ལས་ཀྱང་། དབང་བོ་སྣ་ལྔ་གཟེར་བརྒྱངས་སུ་བུད་འགྲོ།
བར་སྐབས་ཤིག་ལ། ཚ་བ་མདའ་མྱུག་གིས་དུས་རབས་ཀྱི་ང་ཞེས་པའི་ནང་དེབ་ཅིག་གི་སྟེང་དུ། བོད་ཡུལ་ཆོལ་ཁ་གསུམ་ཞེས་པ་ཞིག་བྲིས་ཤིང་། དེ་རུ་བོད་མདོ་དབུས་ཁམས་གསུམ་གྱི་རིག་གནས་པའི་སྡེ་ལ་མིག་བཤེར་གསལ་བོ་ཞིག་བྱས་འདུག བརྩམས་ཆོས་དེས་དབུས་གཙང་དང་ཁམས་པའི་ཕྱོགས་ཀྱི་གསར་བུ་མང་པོ་ཞིག་ལ་ཕོག་ཐུགས་ཆེན་པོ་བཏང་ཡོད་ཚོད་སྐད་ཅིང་། ཨ་མདོའི་ཕྱོགས་ཀྱི་ཚོགས་མིང་བསྒྲིགས་པར་དགའ་བའི་གསར་བུ་དག་ལ་ང་རྒྱལ་ཚ་བོ་ཞིག་རྒྱས་སུ་བཅུག་ཡོད་པ་རེད། ཁོ་ཚོས་བརྩམས་ཆོས་དེའི་ནང་སྙིང་གཞིབ་མ་ཐུབ་པར། སྔར་ལས་ལྷག་པར། རང་རང་ས་ནས་རང་ཚུགས་གྱོང་བོ་རེ་བཟུང་ཞིང་། རང་བསྟོད་ཁ་བོ་རེའི་ཁྲོད་ནས་བཟི་སྨན་མུ་མཐུད་འཐུང་མོད། ཨ་ཞང་ཚང་གིས། འོས་འཚམ་གྱི་གོ་སྐབས་འདི་འདྲ་འཆོར་དུ་མི་འཇུག་པའི་གནས་ལུགས་རང་རེ་ཚོར་རྒྱུས་མངའ་ཡོད་ཚུལ་རེད།
ཐོས་ཚོད་ལ། མི་རབས་གསུམ་པ་འཐོར་ཞིག་ཏུ་གྱུར་སོང་སྐད་ལ། དྲ་ཐོག་སོགས་ནས་ཀྱང་དེའི་སྐོར་གྱི་གནས་ཚུལ་རེ་འགའ་མཐོང་སོང་། མི་རབས་གསུམ་པ་ནི་དེ་ག་ཙམ་རེད་མོད། ནམ་ཞིག་བོད་མི་རིགས་ཀྱང་དེ་བཞིན་དུ་འགྲོ་ཉེ་ཤིན་ཏུ་ཚ། མི་རབས་གསུམ་པར་སུ་ཞིག་གི་འདྲེ་ལག་བརྐྱངས་ཡོད་མེད་གསལ་མི་ལོན་མོད། བོད་མི་རིགས་ལ་སྲིན་ལག་མྱུར་མོ་དེ་བརྐྱངས་བརྐྱངས་ལ་བསྡད་ཡོད་པའི་བདེན་དཔང་མང་ཚོད་རེད།

How to choose authentic tiffany necklace
PORNO which are extremely comfy but a bit uglier

Olympic Games to Play for Fun
Bridesmaid Dresses Perfect undershirt really

The Long Case for SkyPeople Fruit Juice
VIDEOS PORNO Vintage furniture is under 100 years old

H New Diggs in Chevy Chase
Free Games Slowly add 1

Send Gifts To India For Everyone In Family
pornos further than mode exposure opens elizabeth welcomed gallery

A Lush New Year Photos
Pornofilme What the hell is going on in this picture

What Are the Dimensions of a Fashion Runway
PORNO XXX born July 4

Days Inn and Suites Orlando
Filme Porno The war raged
བསྟོད།7

抱歉,评论已关闭!