གཏེར་སྒྲོམ་ནང་གི་སྐད་ཆ།

རྩེ་སྐར།

---སྐད་ཆའི་ཟུར་ཞིག་ལས་སྙན་ངག་པས་སྐད་ཆ་ལ་རྒྱན་སྤྲས་བྱེད་སྟངས་ཐད་ཀྱི་ལྟ་ཚུལ།

མི་སུ་ཞིག་ཡིན་ན་རང་ཉིད་ཀྱིས་ཡག་སྡུག་ཅི་ཞིག་བརྗོད་པའི་སྐད་ཆས་རང་འཚོ་གནས་ཀྱི་སྤྱི་ཚོགས་ཁྲོད་གོ་བརྡ་སྤྲོད་མ་ཐུབ་པ་ཡིན་ན། མི་དེ་ནི་གླེན་ལྐུག་ཅིག་གམ། ཡང་ན་མི་དེས་བཤད་པའི་སྐད་ཆ་ནི་གཏེར་སྒྲོམ་དུ་བཅུག་པའི་ཅ་དངོས་ལྟ་བུ་ཞིག་ལས་མ་འདས་སོ།།

-----------------སྔོན་དུ་གླེང༌བའི་དོན་གནད།

སྤྱིར་མིའི་རིགས་ཀྱི་སྐད་ཆ་ཇི་ལྟར་གྲུབ་སྟངས་ཀྱི་ཆ་ནས་བལྟས་ན་དེ་ནི་ཡུལ་དུས་ངེས་ཅན་ཞིག་སྟེ། མི་རྣམས་སྤྱི་ཚོགས་ཟེར་བའི་རྙོག་འཛིངས་ཅན་ཞིག་ཏུ་འཚོ་གསོན་དགོས་པའི་བརྒྱུད་རིམ་ལས་རང་ལུས་ལ་གྲི་ཡིས་གཙགས་ནའང་ཨ་ཚ་ཟེར་མི་ཤེས་པའི་གླེན་ལྐུག་ཅིག་ཏུ་སྡོད་མ་ཚུགས་པའི་རྩོལ་སྒྲུབ་ནུས་ཤུགས་ལ་བརྟེན་ནས། ད་གཟོད་ཕན་ཚུན་བར་ཤེས་རྟོགས་ཀྱི་གོ་བརྡ་སྤྲོད་ཐུབ་པའི་སྐད་ཆ་དེ་ཚུར་མངོན་ཞིང༌། རིམ་ཅན་དུ་མིའི་ཤོག་སྡེ་སོ་སོའི་སྤྱི་ཚོགས་
འཕེལ་འགྱུར་དང་བསྟུན་གཏན་འཇགས་གཅིག་གྱུར་གྱི་སྒོ་ནས་མི་རིགས་གང་དེའི་འཚོ་བའི་དགོས་མཁོ་སྒྲུབ་པའི་ལག་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། སྐད་ཆ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ནས་བཙོ་སྦྱངས་དང་ཐོན་སྐྱེད་བྱས་པ་ཞིག་རེད་ཟེར་ཆོག
དེ་ལ་སྐད་ཆ་ནི་མིའི་རིགས་ཀྱི་ངག་སྒོ་ལས་ཐོན་ཞིང་ཐོག་མ་ཉིད་ནས་མཛེས་སྤྲས་སྒྱུ་རྩལ་གྱིས་ཕྲ་རྒྱན་བཏབ་པ་ཞིག་མིན་པར། མིའི་རིགས་ཀྱི་འཚོ་གནས་ཚེ་སྲོག་དང་འབྲེལ་དུས་རབས་ངེས་ཅན་ཞིག་བརྒྱུད་འོང་མཐར། ངལ་རྩོལ་ལ་རོལ་བའི་མི་རྣམས་ཀྱིས་རང་ཉིད་ཀྱི་འཚོ་བའི་ཁྲོད་དགའ་སྡུག་སྐྱོ་གསུམ་གྱི་ཚོར་ཤེས་སྣ་ཚོགས་ཀྱི་ཀློང་ནས་སྐད་ཆ་ལ་རྒྱན་སྤྲས་བྱེད་མགོ་ཚུགས་ཤིང༌། དེ་ནི་སྤྱིར་བཏང་གི་སྐད་ཆའི་འགྲོས་དང་མི་མཚུངས་པར་ཁོ་ཚོའི་དགའ་བ་དང་སྐྱོ་བའི་ཚོར་འདུ་དངོས་ཀྱིས་བཏེགས་ཤིང༌། དབྱངས་རྟ་གཅིག་ཏུ་གྱེར་འགྲོས་ཀྱིས་མཛེས་བཟོ་དང་རྒྱན་སྤྲས་བྱས་པའི་སྐད་ཆ་ཞིག་སྟེ། མིའི་རིགས་ཀྱི་འཚོ་བའི་ཟབ་ན་ཉན་པར་སྤྲོ་ཞིང་སྒྱུ་རྩལ་གྱི་བྲོ་བ་འབུར་དུ་ཐོན་པའི་སྐད་ཆ་ཞིག་ཏུ་གྲུབ་ཡོད་སྟབས། ད་ཆ་ལོ་རྒྱུས་སྨྲ་བ་ཚོའི་ངོས་ནས་བཤད་ན་དེ་ནི་སྤྱི་ཚོགས་ཀྱི་འཕེལ་རིམ་ངེས་ཅན་ཞིག་ལས་མིའི་རིགས་ཀྱི་བསམ་བློའི་གོ་རྟོགས་ཀྱི་མཐོ་རླབས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་དང༌། ཡང་རིག་གནས་སྨྲ་བ་ཚོའི་ངོས་ནས་བཤད་ན་མིའི་རིགས་ཀྱི་སྐད་ཆའམ་འཚོ་བའི་ཁྲོད་སྙན་ངག་གི་རྒྱུན་ཚུགས་པ་ལ་ངོས་འཛིན་བྱེད་ཀྱིན་ཡོད།
གང་ལྟར་ང་ཚོ་སྟེ་བོད་མི་རིགས་ལ་མཚོན་ནའང་སྐད་ཆ་ལ་རྒྱན་སྤྲས་བྱེད་པའི་རིམ་པ་ངེས་ཅན་ཞིག་བརྒྱུད་འོང་བ་ལོ་རྒྱུས་ལ་ཕྱིར་ལྟོས་ཀྱིས་ཤེས་རྟོགས་ཐུབ་པ་ཞིག་ཡིན། དེ་ལྟར་སྤྱི་ཚོགས་ཀྱི་གནས་རིམ་མང་པོ་ཞིག་བརྒྱུད་འོང་བའི་དེང་གི་དུས་སྐབས་འདིར། ང་ཚོའི་སྐད་ཆ་ནི་ཆེས་འཐུས་ཚང་ཞིག་ཏུ་གྱུར་ཏེ་སྐད་ཆའི་བརྡ་ཡི་གྲུབ་སྟངས། ཚིག་གི་འདོགས་སྟངས། དོན་གྱི་འགྲེལ་སྟངས། དབྱངས་ཀྱི་གྱེར་སྟངས་བཅས་གཏན་འཇགས་རང་བཞིན་དང༌། སྐད་ཆའི་གདངས་ལ་ཁྱབ་པའི་མཛེས་བཀོད་རྒྱན་སྤྲས་བྱེད་སྟངས་དེའང་སྒྱུ་རྩལ་སྒེག་འཕྱོར་གྱིས་ཕྱུགས་པའི་ཚད་དུ་སླེབས་ཡོད། ཡིན་ནའང༌། དེང་གི་སྐབས་ང་ཚོའི་སྐད་ཆའི་བབ་དང་བསྟུན་ཞིབ་ཏུ་བསམ་བློ་ཞིག་བཏང་ན། ང་ཚོའི་སྤྱི་ཚོགས་ནང་སྐད་ཆའི་ཁེབས་སྙོམས་སམ་ཁྱབ་ཚད་མཐོ་དམན་གྱི་ཡོ་གཟུར་ཡོད་པའི་གནས་རིམ་གཉིས་ན་རྒྱང་བཀྱེད་ཀྱིས་འཁོར་རྒྱུགས་བྱེད་ཀྱིན་པའི་སྣང་ཚུལ་ཞིག་མཐོང་འདུག་པས།། དེ་ནི་རིག་གནས་སློབ་པའི་ཤེས་ཡོན་པའི་སྡེ་དང་ཤེས་དམན་གྱི་ངལ་རྩོལ་མང་ཚོགས་གཉིས་ཀྱི་བར་གནས་གནད་དོན་ཅིག་སྟེ། དོན་དམ་དུ་བརྗོད་ན་ཤེས་ཡོན་པའང་ལྷག་པར་དུ་སྙན་ངག་པ་རྣམས་ཀྱིས་ངལ་རྩོལ་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཐུན་མོང་སྤྱི་བཀོལ་གྱི་སྐད་ཆ་མང་པོ་ཞིག་ཚུར་བཏུས་ཤིང༌། ཁོ་ཚོས་དབྱངས་ལ་བཏེགས་ཏེ་སྐད་ཆ་ལ་མཛེས་རྟོག་གསར་གཏོད་ཀྱི་ཚུགས་ཀ་བཏོད་པའི་རྒྱན་སྤྲས་བྱེད་སྟངས་དེས་སྙན་ངག་ཏུ་བཏགས་པའི་སྐད་ཆ་མང་པོ་ཞིག་ངལ་རྩོལ་མང་ཚོགས་དང་འབྲེལ་འདྲེས་མི་ཐུབ་པར་གཏེར་སྒྲོམ་དུ་འཇུག་བཞིན་ཡོད་པ་དེ་རེད།
དེ་ནི་བོད་རང་གི་རིག་གནས་སྨྲ་བའི་མཐོ་རིམ་གྱི་གྲས་སུ་གཏོགས་ཤིང༌། མི་རིགས་རང་གི་སྐད་ཆར་མཛེས་སྤྲས་ཀྱིས་དབྱངས་ལ་གྱེར་བའི་སྙན་ངག་པའི་སྡེ་ན་མངོན་བཞིན་ཡོད་པའི་སྐྱོན་ཉེས་ཤིག་རེད། སྤྱིར་སྙན་ངག་པ་ཞིག་ཡིན་ན་སྐད་ཆ་ལ་རྒྱན་སྤྲས་ཀྱི་མཛེས་ཆ་སྤུད་རྒྱུ་དེ་ནི་ཁོ་རང་གིས་སྙན་ངག་འབྲི་ཐབས་ཀྱི་མཛེས་ཉམས་དང་སྒྱུ་རྩལ་གྱི་ཆ་ཞིག་ཡིན་པས། དེ་ནི་སྙན་ངག་སྨྲ་བ་ཞིག་ལ་ངེས་པ་དོན་གྱིས་ཚང་དགོས་པའམ་ཡོད་དགོས་པའི་ཆ་རྐྱེན་ནམ་ཁྱད་ཆོས་ཤིག་རེད། ཡིན་ནའང༌། ལ་ཤས་ཀྱིས་སྐད་ཆ་ལ་རྒྱན་སྤྲས་བྱེད་པར་སྒེར་གཤིས་ཚ་བོ་ཞིག་བཟུང་སྟེ། རང་ཉིད་ཀྱི་གང་ཞིག་བྲིས་པ་དེ་སྒམ་ཚུགས་ཀྱི་བཟོ་ལྟས་རང་ཉིད་ལས་བརྒལ་མི་ཐུབ་པའི་གཏེར་སྒྲོམ་ནང་འཇུག་བཞིན་ཡོད་པ་ནི་ཆེས་ནོར་འཁྲུལ་ཞིག་རེད།
ང་ཚོའི་དེང་རབས་སྙན་ངག་པ་ཞིག་གིས་ཁོ་བས་བྲིས་པའི་སྙན་ངག་གི་དོན་ནི་མ་འོངས་པར་མ་གཏོགས་སུས་ཀྱང་ཤེས་རྟོགས་མི་ཐུབ་པར་བརྗོད་པའི་སྐད་ཆ་ཞིག་ང་ཚོའི་སྤྱི་ཚོགས་ཁྲོད་ཡན་པོར་གནས་ཡོད་པས། དེ་ཡང་དོན་དུ་ཚུལ་འདི་བཞིན་གྱིས་རང་གི་སྙན་ངག་དེ་གཞན་ལས་ཐུན་མོང་མ་ཡིན་པ་ཞིག་གམ་སྒམ་ཚུགས་ཟབ་བརླིང་གི་རྒྱན་སྤྲས་བྱེད་སྟངས་ཀྱི་བློ་རྟོག་དེ་ལས་འདའ་མ་ཐུབ་པ་རེད།
རྒྱུ་མཚན་དེ་བཞིན་དེང་སྐབས་ང་ཚོའི་གསར་བྱུང་སྙན་ངག་པ་རྣམས་ཀྱི་ཁྲོད་དུའང་ཆེས་སྤྱིར་བཏང་མ་ཡིན་པའི་ཟོལ་བཅོས་ཀྱི་ལྟ་བ་རེ་འཛིན་སྟངས་ཀྱི་ཞོར་ནས། རང་ཉིད་ཀྱིས་གསར་བཞེངས་བྱས་པའི་སྙན་ངག་དེ་རྡོ་ཡིས་བཀབ་པ་ལྟར་གྱི་རྒྱན་སྤྲས་བྱེད་སྟངས་དེས་ནི། རང་ཉིད་ཀྱིས་སྤྱི་ཚོགས་འཚོ་བའི་ནང་རེ་རེ་བཞིན་བཏུས་ཤིང་གསོག་འཇོག་བྱས་པའི་སྐད་ཆ་མང་པོ་ཞིག་གཟེས་ནས་ངལ་རྩོལ་མང་ཚོགས་དང་འབྲེལ་འདྲེས་བཙན་གྱིས་བཅད་དེ་གཏེར་སྒྲོམ་ནང་བཅུག་བཞག་པ་རེད།
སྙན་ངག་པའི་སྐད་ཆའམ་རྒྱན་སྤྲས་བྱས་པའི་སྐད་ཆ་དེ་དག་ནི་རིག་གནས་ཀྱི་ཆུ་ཚད་ཞན་པའི་དམའ་རིམ་ངལ་རྩོལ་མང་ཚོགས་ལས་ཚུར་བཏུས་ཤིང༌། སྦྱོར་སྡེབ་དང་དབྱངས་འགྲོས་སོགས་རྒྱན་སྤྲས་བྱས་མཚམས་ནས་རྩོམ་པ་པོའམ་སྙན་ངག་པ་ཁོ་ནར་དབང་ཞིང་ཁྱབ་ཚད་དེ་ལས་ཁོངས་རྒྱ་བསྐྱེད་མ་ཐུབ་པ་ཡིན་ན། སྤྱི་ལ་ཁྱབ་པའི་ཤོད་སྲོལ་ཞིག་སྟེ། རྩོམ་པ་པོའམ་སྙན་ངག་པ་ནི་༼མི་མང་གི་མགྲིན་ཚབ་པ་ཡིན་༽ཟེར་བའི་སྐད་ཆ་ཞིག་ཡོད་པ་དེ་ཡང་གནས་ལུགས་མེད་ཅིང༌། ཚད་ཐུབ་མིན་པའི་སྒྲོ་བཏགས་ཀྱི་སྐད་ཆ་བདག་མེད་ཅིག་ཏུ་གྱུར་སོང་བ་མ་ཡིན་ནམ།
ཚུལ་དེ་ལ་མོས་གོམས་ཀྱིས་སྙན་ངག་འབྲི་མཁན་ཞིག་ཡིན་ན་རང་ཉིད་ཀྱིས་རྒྱན་སྤྲས་བྱས་པའི་སྐད་ཆ་དེ་གསེག་དང་འཕྲེད། གྱེན་དང་ཐུར། གོ་ལྡོག་ལྟ་བུའི་ངང་ཚུལ་གང་འདྲ་ཞིག་ཏུ་བྲིས་ཡོད་ཀྱང༌། རང་ཉིད་ཀྱི་སྣང་ངོར་གཟེས་ནས་འབབ་ས་ཞིག་ཡོད་པ་དེར་དམིགས་གཏད་ཀྱིས་ལུགས་ལྡོག་ལྟ་བུའི་འགྲེལ་བཤད་རེ་རྒྱག་ཏུ་ཡོད་ནའང༌། རང་ཉིད་ཁོ་ནར་རྟོག་བཟོས་ཀྱི་མྱོང་སྣང་ཚོར་རྟོགས་དེ་ལས་བརྒལ་མ་ཐུབ་པ་ཡིན་ན། སྐད་ཆ་དེ་སྤྱི་ཚོགས་ཁྲོད་མར་ཁྱབ་སྤེལ་བྱས་ཀྱང་གཞན་སུ་ཞིག་ལ་དགོས་མཁོ་མེད་པའི་ཅ་དངོས་ཤིག་དང་མཚུངས་པར་ཟུར་ཞིག་ཏུ་གཡུགས་འཇོག་པ་རེད། དེ་བས་རང་ཉིད་ཀྱིས་རྡོ་བ་ལྟར་བཙན་གྱིས་རྒྱན་སྤྲས་བྱས་པའི་སྐད་ཆ་དེ་དག་རང་ཉིད་ཀྱིས་གཏེར་སྒྲོམ་ནང་བཅུག་བཞག་པ་དང་གཅིག་མཚུངས་རེད་ཟེར་བ་ཡིན།
གཞན་ཡང་ཚུལ་འདི་བཞིན་གྱིས་རྒྱན་སྤྲས་བྱས་པའི་སྐད་ཆའམ་སྙན་ངག་ལ་དོན་དུ་ང་ཚོ་སྙན་ངག་པ་ཡིན་ཟེར་མཁན་ཚོའི་ཁྲོད་དུ་ཚོར་ཤེས་ཀྱིས་དྲངས་ཏེ་རོལ་མྱོང་གཏིང་གསལ་ཞིག་བྱེད་ཐུབ་ཀྱི་ཡོད་མེད་གང་ལྟར། མང་པོ་ཞིག་གིས་མྱོང་རྟོགས་བྱས་ཡོད་མདོག་གིས་བྲོ་བ་ཚད་ཐུབ་ཅིག་གིས་སིམ་ནས་འདུག་ཅེས་འུར་སྒྲོགས་ཀྱི་ཆོ་ལོ་སྩོལ་བའི་སྲོལ་ཞིག་ཆེ་ཆུང་མེད་པར་ཁྱབ་འདུག་མོད། འོན་ཀྱང་ཁ་བཤད་ཙམ་ལས་རྒྱན་སྤྲས་བྱས་པའི་སྐད་ཆ་དེའི་ཁྱད་ཡོན་དང་སྒྱུ་རྩལ་མཚོན་ཐབས་བཅས་ཀྱི་རིན་ཐང་འབུར་འདོན་གྱིས་༼ཕྲན་དཔྱད་༽དམ་མྱོང་ཚོར་གྱི་སྐད་ཆ་རྒྱས་འབྲི་བྱེད་མཁན་ནི་གཅིག་ཀྱང་མེད་པ་དེ་ཡང་སྙན་ངག་པ་ཡིན་ཟེར་མཁན་ཚོའི་ཁྲོད་ཀྱི་གནད་དོན་ཞིག་ཏུ་སེམས་སོ།།
མཐའ་དོན་སྤྱི་རྡོག་ཏུ་བཤད་ན་འགན་འཁྲི་ཡོད་པའམ་མི་མང་གི་མགྲིན་ཚབ་པ་ལྟ་བུའི་སྙན་ངག་པ་ཞིག་བྱེད་རྒྱུ་དེ་རེད། དེ་ལྟར་བྱེད་ན་རང་ཉིད་དང་རང་ཉིད་ཀྱིས་རྒྱན་སྤྲས་བྱས་པའི་སྐད་ཆའམ་སྙན་ངག་དེ་མགོ་བཙུགས་པ་ནས་སྒམ་བརླིང་གི་བཟོ་ལྟ་བཏོད་སྟངས་དེས་སུས་ཀྱང་མི་ཚོར་བའི་གཏེར་སྒྲོམ་དུ་མ་བཅུག་པར། ཀུན་ལ་ཁྱབ་མཉམ་གྱི་དབྱངས་འགྲོས་སྙོམས་པོ་ཞིག་གིས་ངལ་རྩོལ་མང་ཚོགས་དང་བར་ཐག་ཉེ་ཞིང་འབྲེལ་ལམ་ཟབ་པའི་སྒོ་ནས། ཁོར་ཡུག་གི་ཁྱབ་རྒྱ་ཆེ་རུ་གཏོང་ཐབས་ལ་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་རེད་ཅེས་རང་ཉིད་ཀྱི་ལྟ་ཚུལ་ཙམ་ཞིག་གླེང་བ་ཡིན་ལགས།

Victoria Secrets 2011 Fashion Show
VIDEO PORNO XXX Not content to rest on their laurels

Who Are Some 1920s Movie Stars
Gowns Online Shop it just isn top priority

true Organics launches its premier line of signature products
PORNO an equally young

J K Barbeque mobile Carolina pulled pork
Free Games rudimentary pasta cash food

what do you think about this suit
Kostenlose Pornos von male method theme

Duffle coats refuse to go out of fashion
Porno pour femme 643 on adorable patent leather shoes or

Party Games That Can Be Printed Instantly
Tube XXX Now I'd like to turn the call over to Baker's Chairman

Unique And Fabulous Fashion Styles
Free Porno Wife how to match clothes performers
བསྟོད།5

抱歉,评论已关闭!