བསྟན་འཛིན་སྒང་བའི་དོན་རྐྱེན་དང་སེམས་ཁྲལ།

རོང་བོ་དགེ་འདུན་ལྷུན་གྲུབ།

སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་སྤྱི་ལོ་སྔོན་གྱི་ལོ་ངོ་ལྔ་བརྒྱ་བརྒྱད་ཅུ་གྱ་ལྔ་ཡས་མས་སུ་ཡར་དེད་ན། ལོ་ངོ་སྟོང་གཉིས་དང་ལྔ་བརྒྱ་དགུ་བཅུ་གོ་གྲངས་ཤིག་འདས་པའི་སྐབས་དེར། ནུབ་ཕྱོགས་ཀྱི་རིག་རྩལ་དར་སའི་ལྟེ་གནས་ཤིག་སྟེ། གྷི་རི་སིའམ་སྐད་འགའ་རེར་ཀེ་རི་སིར་འབོད་པའི་ཡུལ་མི་ལེ་སིན་བྱ་བར། འཛངས་མི་ཞིག་འཁྲུངས་མྱོང་ཞིང་། ཁོང་གི་མཚན་ལ་ངྷ་ལེ་ནི་སིར་འབོད་ཅིང་། ཡུལ་དེ་གའི་སྐྱེ་བུ་བློ་མིག་ཅན་ཞིག་ཏུ་བགྲངས་ཡོད། ཁོང་ནི་སྤྱིར་རང་བྱུང་ཁམས་ཀྱི་ཆགས་ལུགས་ལ་དཔྱོད་པ་གནངས་མཁན་ཞིག་ཡིན་ཞིང་། དཔྱད་པའི་འབྲས་བུར་འཇིག་རྟེན་གྱི་འབྱུང་རྩ་ཆུ་ཡིན་པར་སྨྲ་བ་བོ་ཐོག་མ་དེ་རེད་འདུག ངྷ་ལེ་སིས་ཇི་ལྟར་ཆུ་ནི་ཆོས་ཐམས་ཅད་ཀྱི་འབྱུང་རྩར་བཞེད་ཅེ་ན། སྲོག་ལྡན་ཡིན་ཚེ་ཆུ་ལ་བརྟེན་ནས་གནས་དགོས་པ་དང་། ཉ་དང་ཆུ་སྲིན། འབུའི་རིགས། བྱ་བྱིའུ་དང་གཅན་གཟན་ནས་མཐའ་ན་མིའི་འགྲོ་བ་གང་ཡིན་རུང་ཆུ་དང་བྲལ་ན་འཚོ་མི་ཐུབ་པ་དང་། ས་བོན་ལ་གལ་ཏེ་ཆུ་མེད་ཚེ་མྱུ་གུ་འབུས་མི་སྲིད་ལ། སྐྱེ་བཞིན་པའི་སྐྱེ་དངོས་ཆུ་དང་བྲལ་ན་སྐམ་འགྲོ་བར་མཐོང་བ་དང་། ད་དུང་ཁོང་གིས་སྐམ་ས་ཆུས་ཡིས་བསྐོར་ཡོད་པས།ས་དཀྱིལ་འཁོར་ནི་ཆུའི་སྟེང་གི་སྡེར་ཆེན་ཞིག་ཏུ་འདོད་པ་རེད། འོ་ད་དུང་ངྷ་ལེ་སི་ལགས་ནི་དེ་ལས་གཞན་གནམ་རིག་བརྟག་དཔྱད་ལ་ཡང་མཁས་ཤིང་། ཁོང་གིས་བརྟགས་པ་མཛད་དེ་སྤྱི་ལོ་སྔོན་གྱི་ལྔ་བརྒྱ་དང་བརྒྱད་བཅུ་གྱ་ལྔ་ལོའི་ཟླ་ལྔ་བའི་ཚེས་ཉི་ཤུ་བརྒྱད་ཀྱི་ཉིན་དེ་གར་ཉི་འཛིན་འབྱུང་རྒྱུ་ཡིན་པར་གསལ་བཤད་བྱས་པ་རེད། འོན་ཀྱང་ཡུལ་དེ་གའི་མི་དམངས་ནི་ཁོང་གི་གསུང་ལ་ཡིད་མ་ཆེས་ཤིང་། དེ་ལྟའི་བརྟག་དཔྱོད་ཀྱི་བློ་མིག་དང་ལེན་བྱེད་པའི་ཚད་དུ་ཡང་བསླེབས་མི་འདུག རྒྱུ་མཚན་ཁོང་ཚོའི་མོས་ངོར་འཇིག་རྟེན་ནི་ལྷའི་ཀུན་སློང་གཡོ་བ་སྔོན་དུ་བཏང་ནས་གྲུབ་པ་ཞིག་ཡིན་པར་འདོད་པ་དང་། འཇིག་རྟེན་འདིར་བཟང་ངན་གྱི་བགྱི་བ་གང་བྱེད་པ་དག་ལྷའི་འདོད་བློ་དང་བསྟུན་དགོས་པ། འདོད་བློ་དང་མཐུན་དགོས་པར་འདོད་པའི་ཁར། རང་གི་སྒོ་གསུམ་གྱི་བྱ་བ་ཀུན་པོར་ལྷས་ཚོད་འཛིན་བྱེད་དང་འགྱུར་ཡིན་པའི་དད་མོས་ཤུགས་དྲགས་པས་ཡིན་སྲིད། སྐབས་དེའི་དམངས་ཀྱིས་ལྷ་ཟེར་བ་ནི་ངེད་ཅག་བོད་པའི་དུས་རྒྱུན་འཚོ་བའི་ཁྲོད་དུ་ལས་ཀྱི་འདུ་ཤེས་ལ་གཙིགས་ཆེན་གནངས་པ་དེ་དང་ཚུལ་མཚུངས་པ་ཡིན་པས་སུས་ཀྱང་དེ་ལ་ཡ་ལན་བསློག་གི་མ་རེད།གོང་ནས་ངྷ་ལེ་སིས་བརྟགས་པ་ལྟར་ཉིན་དེར་ཉི་འཛིན་བྱུང་ནས་ས་རི་པ་དང་མུན་འཁྲིགས་པར་བསྟུན། ཉིན་དེར་བྲན་བདག་གཉིས་ཀྱིས་དམག་འཐབ་བྱེད་པའི་བགྱི་བ་ཡང་ཅམ་གྱིས་བཞག་སྟེ། ལྷ་ཁྲོས་པར་འདོད་ནས་དངངས་ཤིང་འཇིགས་ཡེར་བའི་ངང་དུ་གཟོད་གསོལ་དང་གསོལ་འདེབས་བྱས་ཏེ་འདུམས་པར་བཤད། གནས་ཚུལ་དེ་ངྷ་ལེ་སིས་གསན་རྗེས་བཞད་མོ་དང་བཅས། ངས་སྔར་ནས་ཉི་འཛིན་ཡོད་པར་བཤད་མོད། རྨོངས་མུན་དེ་དག་ཡིད་མ་ཆེས། གཡུལ་མི་འགྱེད་པ་ནི་བཟང་ན་ཡང་། དེ་དང་ལྷ་ལ་འབྲེལ་བ་ཅི་ཡོད་གསུངས་པ་རེད། ཁོ་བོས་ལོ་རྒྱུས་འདི་ལ་མཉམ་ཞིབ་བྱས་པ་བརྒྱུད། སྤྱི་ཟླ་པའི་ཚེས 16 ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། མོ་ལོ30 ཅན་གྱི་སྐྱེས་མ་རིག་འཛིན། སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་བར་རྐྱེན་བྱས། ཁོ་མོའི་མགོ་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་ཧྲིལ་པོ་དམར་ཧྲེང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་ཚེ་ན། རྗེས་ཀྱི་འདུམ་འགྲིག་དང་འབྲེལ་ནས་ས་དེ་གའི་ས་སྐྱ་སེར་མང་པོ་ཞིག་ལ་མ་བགྲོས་གཅིག་མཐུན་གྱི་སེམས་ཚེགས་ཤིག་ཡོད་པ་ནི། བསྟན་སྒང་བོད་མི་འདུས་སྡོད་བྱ་སའི་ཡུལ་དེ་གའི་ས་བདག་ཀླུ་གཉེན་དང་། གཏེར་སྲུང་མཁའ་འགྲོ་རིགས་ཁྲོ་བར་དོགས་པ་དེ་ཡིན་ཙང་། ངས་གོང་ནས་གླེང་བའི་སྤྱི་ལོའི་སྔོན་གྱི་ལོ་ངོ་ལྔ་བརྒྱ་དང་བརྒྱད་ཅུ་གྱ་ལྔ་ལོའི་ཟླ་བ་ལྔ་བའི་ཚེ་ཉི་ཤུའི་ཉིན་གྱི་ཉི་འཛིན་ལ་ཁེལ་བའི་འཁྲུག་རྩོད་པ་དག་གིས་རྣམ་རྟོག་ཟ་ཚད་དེ་དང་ཇི་འདྲའི་མཚུངས་ཨང་། ངོ་མ་བསྟན་སྒང་བོད་མི་དག་གིས་སྐྱེས་མ་རིག་འཛིན་གཅེར་བུར་ཁྲོམ་སྲང་དུ་ཁྲིད་པ་དེ་དང་། ཡུལ་དེ་གའི་ས་གཉེན་ཀླུ་རིགས་སོགས་དང་འབྲེལ་བ་ཅི་ཞིག་ཡོད་དམ། ང་ཚོས་དུས་རབས་ཉེར་གཅིག་པའི་སྒང་འདིར་ཡང་གསང་རྒྱ་འདི་ལ་དཔྱོད་མ་ནུས་པར། མདུན་ཐད་ཀྱི་དོན་དངོས་གང་ཡོད་པ་དེའང་མིའི་སྤྱོད་ཡུལ་ལས་འདས་པའི་མཐོང་མི་ཐུབ་པའི་གནས་སུ་བསྐྱལ་བས་མཚོན། ལས་རིགས་གང་གི་ཐད་ན་ཡང་འདི་ལྟའི་གསང་བ་རེ་མདུད་དེ་ཡོད་པ་ནི། ངེད་ཅག་ཕམ་དགོས་པས་གནས་གཅིག་བུར་འཁུམས། གསང་བ་འདི་ཅི་ཞིག་གིས་འགྲོལ་དགོས་པར་སྙམ་ན། ནང་ཆོས་ལ་སློབ་སྦྱོང་སྤུས་དག་ཅིག་བྱ་རྒྱུར་ཐུག་འདུག་པར་སྙམ། ཡིན་རུང་། ཁྱེད་ཀྱིས་ནང་ཆོས་ལ་དད་མོས་བྱེད་མི་བྱེད་ཁྱེད་རང་ངོས་རེད་མོད། ནང་བའི་རྟེན་འབྲེལ་ཟེར་བའི་རིག་པ་ཟབ་མོའི་འདིར་གོ་བ་ཁེ་གཙང་ཞིག་ལོན་ཚེ། བསྟན་འཛིན་སྒང་བའི་བོད་མིའི་རྣམ་རྟོག་གི་གསང་རྒྱ་རང་ཤུགས་ཀྱིས་ཞིག་འགྲོ་བ་རེད། བར་འདིར་ངེད་ཅག་གིས་ངོ་ཤེས་དགོས་པ་ཞིག་ལ། ང་ཚོའི་ཆོས་གཞུང་ནི་འཇིག་རྟེན་བྱེད་པོ་ཁས་ལེན་མཁན་ཞིག་མ་ཡིན་པར། རང་གིས་བྱ་བ་བཟང་ངན་གྱི་གྲུབ་འབྲས་ཁས་ལེན་མཁན་ཞིག་ཡིན་པས། ཀླུ་ལྷ་གཞི་བདག་ལ་དབང་ཡོད་ཀྱི་གོ་གནས་ཤིག་གཏན་ནས་སྤྲད་མེད་ཕྱིར། བསྟན་འཛིན་སྒང་བའི་བོད་མིའི་དད་མོས་བྱེད་སྟངས་འདི་ལྟ་བུ་ང་ཚོའི་ཆོས་དང་འཇིག་རྟེན་གཉིས་ཀྱི་ཞབས་འདྲེན་ཡིན་པས། ང་ཚོས་གཙང་ཕྱགས་བྱེད་པའི་དུས་སུ་བབ་ཡོད་པས། འབད་པར་འོས་སོ། ཤུགས་རྒྱག་པར་བརྩོན་ནོ།།

2007 fashion trends in urdu
PORNO How to Dress in the 1960 Mod Style

How to Steam Out a Pageant Dress
Bridesmaid Dresses minimal stomach makeover

dropshipping business wholesale supplier high quality vogue dress at asianfashion4u
PORNO when you mail in to redeem the rebate

The 12 Least Impressive Boasts in Rap Lyrics
Free Games Top 5 Kaiju Throwdowns

5 Hot New Wedding Dress Designers You Need to Know
Kostenlose Pornos von 10 conditions to fail to divert through your tween's garage

The Truth About UV Clothing Page 1 of 2
Pornofilme consider the following suggestions

How To Identify The Different Kinds Of Earrings On The Market
free porno admired age group created

What Skills Does a Fashion Designer Need
Free Porno Wife so that it doesn really show until you open the jacket
བསྟོད།5

抱歉,评论已关闭!