དགེ་ཆོས་རྗེས་དྲན་གྱི་གཏམ་བཤད།

སྤྱན་དུངས།

རང་ཅག་བོད་ཀྱི་ཉེ་རབས་ལོ་རྒྱུས་སུ་སྐར་ཆེན་ལྟ་བུའི་སྐྱེས་བུ་ཁ་ཤས་འཁྲུངས་མྱོང་ཡོད་དེ།སྐྱེས་བུ་དེ་དག་ནི་སྤྱི་ཚོགས་ཀྱི་ཐུགས་ཁུར་ཟབ་པ་དང་དཔེ་ཀློག་གི་བལྟ་རྒྱ་ཡོངས་བ།གསར་གཏོད་དང་དགག་སྒྲུབ་ལྡན་པ།བདེན་པ་སྐྱོང་ཞིང་རང་ལ་ཚུགས་ཐུབ་གྱི་ལངས་ཕྱོགས་ཅན་ཤ་སྟག་ཡིན་པས།ཁོ་ཚོའི་ལོ་རྒྱུས་ཀྱི་ཡིག་ཕྲེང་རེ་རེ་ནི་ང་ཚོས་མ་ཤེས་ཐབས་མེད་ཀྱི་ཤེས་བྱ་རེ་རེ་ཡིན་ལ།ཁོ་ཚོའི་མི་ཚེ་ཡི་དཀའ་སྡུག་གི་གོམ་ཆུང་རེ་རེ་ནི་ང་ཚོས་མ་གླེང་ཐབས་མེད་ཀྱི་རང་རེའི༼ལས་དབང༽གི་ཅོ་འདྲི་རེ་རེའང་ཡིན།བརྒྱ་ལོ་ཉི་ཤུ་པའི་དཀྱིལ་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་ནི་སྐར་ཆེན་ལྟ་བུའི་སྐྱེས་བུ་དེ་དག་གི་ཁྲོད་ཀྱི་གཅིག་ཅི་ལ་མིན་ཨང་།

1.

དགེ་ཆོས་ཀྱི་ལོ་རྒྱུས་ཡིག་ཚང་ནང་དུ་ཁོ་བླ་བྲང་ན་ཞུགས་པའི་སྐབས་སུ་འཇམ་དབྱངས་བཞད་པའི་ཡིག་ཆར་དོགས་སློང་དང་དགག་སྒྲུབ་བྱས་པའི་སྐོར་དང་བློ་བཟང་གྲགས་པའི་དབུ་མའི་ལྟ་བ་དང་ཁ་གཏད་དེ་ཐ་སྙད་ཚད་མས་སྟོང་བའི་དགོངས་པར་གཙོ་བོར་སྟོན་པའི༼ཀླུ་སྒྲུབ་དགོངས་རྒྱན༽མཛད་པའི་སྐོར་དཔེ་རུ་བཞག་ན།ཁོང་ནི་དགག་སྒྲུབ་སྙིང་སྟོབས་དང་ལྡན་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་རྟོགས་ལ།དེ་བཞིན་ཁོའི་མི་ཚེའི་ལོ་རྒྱུས་དང་རྩོམ་གྱི་ཡིག་ཕྲེང་རེ་རེར་ཡུན་གྱིས་མཇལ་ནའང་ཤེས་ཡོང་།དེ་ནི་བརྒྱ་ལོ་ཉི་ཤུ་བའི་སྐབས་རེད།འདི་ནས་ང་ཚོས་རང་ཉིད་ཀྱི་མི་རབས་འདི་དང་ཁོང་གཉིས་བསྡུར་བ་ཞིག་བྱེད།ང་ཚོ་ལ་དགག་སྒྲུབ་སྙིང་སྟོབས་ཡོད་དམ།དོན་ངོ་མས་ཅི་ཞིག་ལ་དགག་སྒྲུབ་སྙིང་སྟོབས་ཟེར་རམ།ང་ཚོས་མི་རབས་འདིའི་གོམ་པ་གཉིས་པ་སྤོ་ཤེས་ཀྱིན་མི་འདུགབསམ་བློ་གསར་བ་དང་རིག་གནས་གསར་བའི་ཚ་རླབས་ཤིག་འཕྱུར་ཅིང་ཚང་མས་དེར་བརྟེན་གྱི་རང་གི་ལམ་ལ་བསམ་གཞིག་ཡང་ཡང་གཏོང་དུས།ང་ཚོ་ལ༼ལམ་ཆས༽མེད་པ་རྟོགས་ཡོད་དམ།ལམ་ཆས་ནི་རང་གི་བསམ་གཞིག་དང་ལངས་ཕྱོགས་ཀྱི་ཁ་ཕྱོགས་རྙེད་སའི་དཔེ་ཀློག་གི་སྒོ་མོ་སྟེ།ཅི་ཙམ་འབད་ན་དེ་ཙམ་གྱིས་ཡངས་པོར་ཕྱེ་ཐུབ་པའི་རྟེན་འབྲེལ་གྱི་ཆོས་ཅན་ཡིན་ནོ།

2.

དགྱ་ནག་པ་ཧུས་ཧྲིས་དཀྱེལ་ཡངས་ནི་རང་དབང་ལས་ཀྱང་གལ་ཆེའོ་ཅེས་བཤད་པ་བཞིན་མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་རེ་རེའམ་ལྷག་ཏུ་ཚིག་བཅད་སྙན་ངག་དག་གི་བསམ་བློའི་སྙིང་པོར་ཞུགས་ན་གང་ཟག་སུ་དང་སུ་ཡིན་ཡང་།ཕན་ཚུན་གྱི་ལྟ་ཚུལ་མི་མཐུན་པ་བདེན་པར་གྲུབ་ཅིང་།དེ་བཞིན་ལྟ་ཚུལ་མི་མཐུན་པའི་གང་ཟག་དག་གིས་ཀྱང༼རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས༽པ་ལས་མི་འདོད་ནན་གྱིས་བསྐུལ་བ་དང་འདོད་ན་བཙན་གྱིས་འགོག་པའི་བསམ་པ་དང་སྤྱོད་པར་སྙིང་པོས་དབུལ་པའི་ཐུགས་བཞེད་ཤིན་ཏུ་ཟབ་པ་ཤེས་ཐུབ།འདི་ནི་བརྒྱ་ལོ་ཉི་ཤུ་པ་ནས་རྙེད་པའི་མཁས་དབང་དགེ་ཆོས་ཀྱིས་བསམ་བློའི་ནང་བཅུད་གཙོ་བོ་ཞིག་སྟེ་དཀྱེལ་ཡངས་ཀྱི་བསམ་བློ་རེད།འདི་ནས་ང་ཚོས་རང་གི་མི་རབས་དང་ཁོང་གཉིས་བསྡུར་བ་ཞིག་བྱེད།ང་ཚོ་ལ་དཀྱེལ་ཡངས་ཀྱི་བསམ་བློ་ཡོད་དམ།དོན་ངོ་མར་ཅི་ཞིག་ལ་དཀྱེལ་ཡངས་ཟེར་རམ།རིག་གནས་ཀྱི་རྟོགས་པ་མ་སད་པའི་རང་ཅག་གིས་སྔར་བཞིན་ཀློའུ་རྟགས་ཁོ་ནས་དུས་འདའ་བར་བྱས་ཡོད།མི་ཐམས་ཅད་འདྲ་མཉམ་དུ་མ་ཆགས་པའི་ཚུད་ཆད་ནས་ང་ཚོ་ལ་ལྟ་ཚུལ་ཐམས་ཅད་འདྲ་མཉམ་གྱི་འདུ་ཤེས་ཅིག་རྙེད་མི་སྲིད་ལ།ལྟ་ཚུལ་ཐམས་ཅད་ལ་འདྲ་མཉམ་གྱི་འདུ་ཤེས་མེད་པའི་ཚུད་ཆད་ནས་ང་ཚོ་ལ་ངེས་པ་དོན་གྱི་དཀྱེལ་ཡངས་ཀྱི་བསམ་བློ་ཞིག་གང་ནས་ཆགས།སྔར་བཞིན་རིག་གནས་སེམས་ཁམས་གང་རུང་ཞིག་གི་བཀག་བཅུན་ནས་སྒེར་གཅོད་ཁོ་ནས་ལས་སུ་ཞུགས་ཀྱིན་ཡོད།

3.

ཉི་དབང་མགོན་པོའི་རེ་ཞུ་ལྟར་དགེ་ཆོས་ཀྱིས་ཁོའི་སློབ་གྲྭ་དེ་ནས་དགེ་རྒན་གྱི་འགན་མ་བཞེས་དོན་ཅི་ཡིན་ནམ།བོད་བཀའ་ཤག་སྲིད་གཞུང་གི་སྲིད་ལུགས་བཅོས་བསྒྱུར་དང་བོད་ལྗོངས་གསར་བརྗེ་ཡི་ཕྱིར་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཚོགས་པར་ཞུགས་དོན་ག་རེ་ཡིན་ནམ།གཞན་མིན་ཏེ།༼རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།རང་གི་ནུས་པས་སྲི་ཞུ་ཅུང་ཙམ་བསྒྲུབ༽འདོད་པས་མ་ཡིན་ནམ།ནམ་ཡང་།ཁོང་གི་འཁྱགས་སིབ་སིབ་གྱི་སེམས་རྩར་ན་ཟུག་དང་སྐྱོ་སྣང་གིས་སྦས་ཡོད་པ་ནི།༼རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས་ཤིང་གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས༽་པའི་རང་ཅག་སྟེ།རྙིང་ཞེན་དང་བག་འཁུགས་དང་རྗེས་ལུས་དང་རྨོངས་པ་ཁོ་ནའི་བོད་ཡུལ་འདི་མ་ཡིན་ནམ།ད་དུང་བཙོན་ནས་ཧོར་ཁང་ལ་གནང་བའི་ཕྱག་བྲིས་སོགས་བརྩམས་ཆོས་གང་ཡིན་དང་བཙོན་དུ་ལྷུང་བའི་མི་ཚེའི་སྐྱོ་ཀར་སོགས་ལོ་རྒྱུས་གང་དང་གང་ཡིན་ཡང་།ཁོ་ནི་མི་རིགས་ཀྱི་འདུ་ཤེས་དང་འགན་འཁྲི་དང་ཐུགས་ཁུར་ཤིན་ཏུ་ཟབ་པའི་སྐྱེས་བུ་ཞིག་ཡིན་པ་བསྙོན་དུ་མེད།འདི་ནས་ང་ཚོསརང་གི་མི་རབས་དང་ཁོང་གཉིས་བསྡུར་བ་ཞིག་བྱེད།ང་ཚོ་ལ་འགན་འཁྲི་ཞིག་ཡོད་དམ།དོན་ངོ་མར་འགན་འཁྲི་ཞེས་པ་ནི་ཅི་ཡིན་ནམ།གང་ལྟར་ཕྱོགས་གཞན་པ་ཞིག་ནས་འདང་རྒྱག་པར་བྱ་སྟེ།དེ་ནི་ཡུལ་མི་སྤུན་ཟླའོ།སྐྱ་ཆད་སྔོ་གཏུག་གི་འཚོ་བའོ།ང་ཚོས་ང་ལ་འགན་འཁྲི་ཡོད།རིགས་ཀྱི་འགན་འཁྲི་ཡོད་ཅེས་སྐད་འབོད་བྱེད་མྱོང་།འོན་ཀྱང་།དེ་ནི་ཚོགས་འདུ་ག་གེ་མོའི་ཚོགས་ཐོག་ཡིན་འདུགཡང་ན་འབྲི་ཤོག་སྐྱ་བོ་དང་འཐེབ་གཞུང་ཡིན་འདུགདེ་ནི་འཚོ་བ་དངོས་ཡིན་མི་འདུགདངོས་ཡིན་མི་འདུག

4.

༼བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས༽དམ་ཚིག་འདི་ལས་མི་ཚེ་ལྕགས་སྨྱུག་དང་མཉམ་དུ་ཟད་པའི་མཁས་དབང་དགེ་ཆོས་མཆོག་གི་ཚུགས་ཐུབ་གྱི་ལངས་ཕྱོགས་ཤེས་པར་འདོད་ལ།གཞན༼མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ།རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོག་པའི་༽བདེན་པ་སྐྱོང་བའི་མི་ཚེའི་ལངས་ཕྱོགས་འདི་དག་ལས་ཁོང་གི་མི་གཞིའི་མཛེས་པ་མཐོང་བར་ངེས་ལ།རྒྱུ་དང་འབྱོར་བ།ཐོབ་དང་གོ་ས།ཆུང་མ་དང་བུ་རྒྱུད་གཅིག་གིས་ཀྱང་ཟླ་དང་བྲལ་བའི་སྐྱོ་ལ་སྡུག་པའི་ཁོང་གི༼དད་འདུན༽རིང་མོ་དེའི་གོ་རིམ་ཧྲིལ་བོ་ནི་ཅིའི་འདྲའི་མཚར་སྡུག་དང་ལྡན་པ་ཞིག་རེད་ཨང་།ང་ཚོས་ཡང་བསྐྱར་རང་གི་མི་རབས་དང་ཁོང་གཉིས་བསྡུར་བ་ཞིག་བྱེད།ང་ཚོ་ལ་ངེས་དོན་གྱི་ཚུགས་ཐུབ་གྱི་ལངས་ཕྱོགས་ཅིག་ཡོད་དམ།ལས་ཁུངས་ནས་བྱ་བ་རེག་རྗེས།ཆུང་མ་དང་བུ་རྒྱུད་ཡོད་རྗེས།གཏམ་དང་མྱི་ཁ་འཁོར་རྗེས།འགག་དང་ཉེན་ཁར་ལྷུང་དུས།ང་ཚོ་སུ་ཞིག་གིས་རང་ལ་ཚུགས་ཐུབ་གྱི་ལངས་ཕྱོགས་ཅིག་ཡོད་པར་བདེན་དཔང་བྱེད།ང་ཚོ་ལ་མ་གཞི་ནས་སྲ་འཐས་ཀྱི་ལངས་ཕྱོགས་ཅིག་ཆགས་ཐུབ་གྱིན་མི་འདུག

5

དགེ་ཆོས་ནི་ལོ་རྒྱུས་ཀྱི་དེབ་རྒན་ངོས་ན་སུས་ཀྱང་འབོར་དུ་མི་རུང་བའི་ལྗིད་ཏིག་ཏིག་གི་སྐྱེས་བུ་ཆེན་པོ་ཞིག་སྟེ།སྔོན་ཆད་མ་བྱུང་བ་མི་བརྗོད་པ་དང་སྤྱོད་པ་ལྟ་བའི་རྗེས་སུ་མི་ཤོར་བའི་བོད་ཀྱི་མཁས་རྒན་གནམ་གྱིས་ས་བཀབ་པ་ལྟ་བུ་དག་དང་བསྡུར་ན།ཁོང་ནི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་ལ།དངོས་ཡོད་ཀྱི་མི་སྣ་ཞིག་ཀྱང་ཡིན།ལྷག་དུ་བོད་ཀྱི་ཤེས་ཡོན་པའི་སྡེ་ཡིས་སྣང་མེད་དུ་གཡུག་མི་རུང་པའི་སྐྱེས་བུ་གལ་ཆེན་ཞིག་ཀྱང་རེད།ཁོང་ལ་བོད་ཀྱི་ལོ་རྒྱུས་ཀྱི་ངོས་དང་སྤྱི་ཚོགས་ཀྱི་ངོས།རིག་གནས་ཀྱི་ངོས་དང་བསམ་བློའི་ངོས།རྩོམ་རིག་གི་ངོས་དང་ཆབ་སྲིད་ཀྱི་ངོས་སོགས་ཟུར་དང་ལེབས་གང་ནས་བལྟས་ཅིང་།ཁོང་གི་བསམ་བློའི་བང་རིམ་གྱི་མཛེས་པ་ཡིད་ཀྱི་གསོས་སུ་སྨིན་ཐུབ་པར་འགྱུར།དེ་བཞིན་ཉེར་སྔོན་དགེ་ཆོས་སྐོར་གྱི་བརྩམས་ཆོས་དང་དཔེ་ཆ་རབ་དང་རིམ་པ་ཐོན་གྱིན་པས་སེམས་པ་དགའ་སྤྲོའི་བརྟས་ཡོད་ལ།མི་ཚུལ་རིང་ལུགས་ཀྱི་གསོན་དཔེ་རུ་བཞག་པར་དོགས་པ་ཞིག་ཀྱང་ཞོར་ནས་སྐྱེས་ཡོང་ངོ་།

འདི་ནི་11.9.11ཉིན་གྱི་ནུབ་བྱང་གི་དགེ་ཆོས་རྗེས་དྲན་ཚོགས་འདུའི་སྟེང་གི་རང་གི་གཏམ་བཤད་དྲ་ཁང་ཅིག་ནས་ཡིག་ཐོག་ཏུ་བཀོད་པ་ཡིན་ནོ།

Hyatt Newport Back Bay Golf Course Hotels
VIDEO PORNO XXX The Fashion Show

How to find a mentor
Prom Dresses Don bypass on the color yellow this fall

Chanel Metiers D'Art Fashion Show Paris Byzance pre
PORNO This can be made up to 24 hours in advance and refrigerated

Fashion Challenges of Short and Petite Women
Download Free Games Looking at the questions through the eyes of a friend my own age

The Nicole Miller Boutiques in Philadelphia
pornos for what reason mattel is constantly on the control you you see , the ragdolls concept

Swan Valley Golf Club Hotels
free xxx Gone are the heavy parkas and thick tights

Tips To Start Sketching Design
PORNO XXX on the cover of her album LOVE

Fajita Recipes And Healthy Eating Habits
Darmowe Porno Then they loosely tied them together
བསྟོད།7

抱歉,评论已关闭!