དགེ་ཆོས་ཀྱི་རྗེས་དྲན་དང་འབྲེལ་ནས་ཚིག་འགའ་ལབ་པ།

དགེ་འདུན་ལྷུན་གྲུབ།

འབོལ་རྩོམ་ཚན་པ་གཉིས།

ད་ལོ་ནི་རང་ཅག་གི་བསམ་བློ་བ། བློ་མིག་ཅན། དྲང་ཚུགས་ཅན་དུ་འབོད་འོས་པའི་མཁས་དབང་དགེ་ཆོས་སྐུ་གཤེགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དུས་ལ་ཁེལ་ཡོད་ཅིང་། དེར་བསྟུན་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་གཞུང་འབྲེལ་མ་ཡིན་པའི་ངོས་ནས་རྗེས་དྲན་ཞིག་ཀྱང་ཞུས་པས་དགའ་སྐྱོ་ཟུང་དུ་འབྲེལ་ནས་ཐེངས་འདིའི་ཚོགས་མི་དག་ལ་བཀའ་དྲིན་ཆེ་ཞུ། དགེ་ཆོས་ཀྱི་མི་ཚེ་ལོ་རྒྱུས་ནི་མི་རེ་ཁ་ན་སྒྲུང་རེ་བཤད་སྲོལ་ཡོད་པ་ལྟར་ཡིན་པས། སུ་ཞིག་གིས་ཀྱང་འདི་ལ་སྡོམ་ཚིག་ཁེ་གཙང་རེ་འཇོག་ཐག་མི་ཆོད་རུང་། ཁོང་འཚོ་བཞུགས་ཀྱི་དུས་སྨད་ནི་བོད་ཀྱི་གནས་བབ་གང་ཐད་ནས་སྐྱ་ཟད་སྔོ་རྡུགས་ཤིག་ཡིན་ཚོད་རེད། དཔེར་ན་ཁོང་སྐུ་གཤེགས་པའི་ལོ་དང་ལྷ་སར་བཅིངས་གྲོལ་ཐོབ་པའི་ལོ་དང་པོ་གཉིས་གཞི་གཅིག་ཏུ་བབ་ཡོད་ཅིང་། ལྷ་སར་བཅིངས་གྲོལ་དངོས་སུ་མ་བཙུགས་པའི་ཡར་སྔོན་དུ་ཡང་དམར་པོའི་ཏང་གི་སྒྲིག་འཛུག་ལྷ་སར་ཡོད་པ་ངེས་གཏན་ཡིན་པས། ཁོང་གི་སྐུ་ཚེ་མཐའ་མར་ཉེ་དུས་དམར་པོའི་ལམ་ལུགས་ཀྱང་ཁ་མིག་རྣ་གསུམ་གྱི་ལམ་དུ་བརྒྱུད་ཡོད་པར་ངེས་པས། ཁོང་ལ་མི་རེ་འགས་དམར་པོའི་ཉུལ་མ་དང་ཡང་ན་དམར་པོའི་ལྟ་བ་འཛིན་མཁན་དུ་བཏགས་པར་ཁ་གཡོར་ས་མེད་པ་ཞིག་ཀྱང་མ་རེད་མོད། འོན་ཀྱང་ངས་འདི་རུ་སྤོབས་པ་ཆེན་པོས་བཤད་ཐུབ་པ་ཞིག་ལ། ཁོང་གིས་ག་དུས་ཡིན་རུང་རང་སྒེར་གྱི་བྱ་དངོས་ཙག་ཙིག་ཅིག་གམ།ཡང་ན་སྐབས་ཀྱི་གོ་ཐོབ་ཐན་ཐུན་ཞིག་གི་སླད་དུ་རང་གི་མི་རིགས་བཙོང་མི་སྲིད་པ་དེའོ།། ཡིན་རུང་སྐབས་དེ་དུས་བོད་མི་མང་ཆེ་བ་ཞིག་གིས་སུ་ཞིག་ནི་རྒྱལ་འཚོང་མཁན་དང་སུ་ཞིག་ནི་མི་རིགས་ཀྱི་དཔའ་རྒོད་ཡིན་པ་རྟོགས་ཐུབ་གི་མ་རེད། ཁོང་ཚོས་ཕྱིའི་སྣང་ཚུལ་དང་ནང་གི་ངོ་བོ་གཉིས་ལས་ཕྱིའི་རྣམ་པ་ཙམ་ལ་མཐོང་ཆེན་བྱེད་ཀྱིན་ཡོད་སྟབས། དགེ་ཆོས་ལ་ལྟ་ལོག་པ་དང་གསང་ཉུལ་བ། འཆལ་སྤྱོད་པ་སོགས་ཀྱིས་མིང་འདོགས་པ་རེད། ངང་ཚུལ་འདི་རྒྱའི་སྙན་ངག་ཅིག་ཏུ། སྐྱེས་ཆེན་ཀྲོའུ་གུང་གཏམ་འཆལ་དོགས་ནས་གཞན་དུ་བྲོས་བྱོལ་བྱས་པ་དང་།། གཡོ་ཅན་ཝང་མང་གུས་ཞབས་ཆེ་ཁུལ་རྒྱལ་སྲིད་མ་འཕྲོགས་གོང་།། དུས་དེ་ཉིད་ལ་འཆི་བདག་ཞགས་པ་གཉིས་ཀར་ཐེབས་གྱུར་ན།། ཚེ་གང་རིང་གི་དཀར་ནག་བདེན་རྫུན་གསལ་འབྱེད་བྱེད་མཁན་སུ།། ཟེར་བ་ལྟར་སྐབས་ཤིག་ལ་ཀྲོའུ་གུང་ལྟ་བུའི་མི་དཀར་པོ་ལ་གཏམ་འཆལ་གཡོགས་ནས་ས་མཐར་བྱོལ་དགོས་པ་བཞིན། དགེ་ཆོས་ལགས་ལ་ཡང་གཏམ་འཆལ་གྱིས་བཙོན་འཇུག་བྱས་པ་རེད། སྐབས་དེར་ཁོང་བཙོན་འཇུག་བྱེད་དགོས་དོན་གཙོ་བོ་ཞིག་ནི་དངུལ་ལོ་རྫུན་མ་དང་དམར་པོའི་གསང་ཉུལ་བ་ཡིན་པའི་ཁག་འདོགས་དེ་རེད་འདུག དུས་འགྱུར་གྱི་དབང་གིས་ང་ཚོས་མཁས་དབང་ཁོང་བཙོན་འཇུག་བྱེད་དགོས་པའི་རྒྱུ་རྐྱེན་གཉིས་པ་དེ་ནི་ད་སྐབས་གོ་ལྡོག་ནས་འདུག་པའི་སྣང་ཚུལ་བྱུང་འདུག ང་ཚོས་ད་སྐབས་མར་ཁེ་སིའི་རང་ལུགས་ལ་སློབ་སྦྱོང་དང་། ཏང་གི་ཡང་དག་པའི་མཛུབ་སྟོན་ལ་ཞབས་འདེགས་སྒྲུབ་དགོས་ཤིང་། གལ་ཏེ་དེ་ལས་ལྡོག་ན་འཆམ་མཐུན་དང་བརྟན་བརླིང་ལ་གནོད་པ་གཏོང་མཁན་དུ་གྱུར་ཡོད། དེ་ལས་གཞན་དགེ་ཆོས་ལགས་དམར་པོའི་རང་ལུགས་པ་ཞིག་ཡིན་པས། བོད་མིའི་བསྟན་སྲིད་ལ་གནོད་སོང་ཟེར་མཁན་མང་པོ་ཞིག་ཀྱང་། ད་ལྟའི་སྐབས་སུ་སྐར་ལྔའི་དར་དམར་འོག་ན་གོས་འགག་སེར་ལྷམ་མེར་བཞུགས་འདུག་པ་དང་། ཏང་གི་ཡང་དག་པའི་ཁྲིམས་ལུགས་ཀྱི་དགོངས་པ་གཞི་རུ་བཞག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་ལ་སློབ་སྦྱོང་བྱེད་མཁན་ཡིན། དོན་འདི་ལ་བསམ་བློ་བཏང་ནས་འོང་དུས། གལ་ཏེ་མཁས་དབང་དགེ་ཆོས་ཁོང་ད་ལྟ་འཚོ་བཞུགས་བྱས་ཡོད་པའི་དབང་དུ་བཏང་ན། ང་ཕོད་དམ། ཀུན་མཁྱེན་འཇམ་བཞད། སྒྲུབ་ཁང་། ཤིང་རྩ། ཡང་ན་བསམ་ལྡིང་རྡོ་རྗེ་ཕག་མོ། འཕགས་པ་ལྷ་དགེ་ལགས་རྣམ་རྒྱལ་སོགས་ཀྱི་གདན་ཐོབ་འདི་ཀོ་རེག་ཡོད་དམ། མ་མཐའ་ཡང་ཁོང་ལོ་རབས་བརྒྱད་ཅུ་བའི་སྨད་ཙམ་དུ་སྐུ་འཚོ་བཞུགས་གནངས་ཐུབ་ཡོད་ཚེ། ངེད་ཅག་ལ་ཏང་གི་དགོངས་པ་དང་མཐུན་པའི་སྤྲུལ་སྐུའི་ཁྲིམས་ལུགས་དོན་ཚན་ལྔའི་བདག་ཉིད་ཅན་དེའི་འོག་ནས་སྤྲུལ་སྐུ་ཞིག་ང་ཚོའི་བགོ་སྐལ་དུ་ལྷག་ཡོད་དམ།

ངས་བསམ་གྱིན་བསམས་ན། ཤར་དཀྲོགས་ནུབ་རྡེག་གི་ལམ་ལུགས་གང་མང་གིས་དམ་པ་དགེ་ཆོས་ཀྱང་རང་དགར་སྡོད་དུ་བཅུག་ཡོད་ཚོད་མ་རེད། རྒྱུ་མཚན་གང་ལ་དཔྱད་ནས་ཤེས་པར་སྙམ་ན། སྐབས་དེའི་མིང་གྲགས་ཅན་གྱི་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། དགེ་སྟག་སྤྲུལ་སྐུ། གསེར་ཁོག་སྤྲུལ་སྐུ་སོགས་ཀྱིས་མཚོན་པར་སྙམ། ཡིན་རུང་ངས་གོང་ནས་གླེང་བ་འདི་དག་རྟོག་བཟོ་ཙམ་ལས་དོན་དངོས་སུ་དགེ་ཆོས་ལགས་ཀྱིས་དེབ་ཐར་དཀར་པོ་རྩོམ་གྱིན་མཇུག་མ་གྲུབ་པར་སྐུ་ཚེ་མ་ཟིན་པ་རེད།

དེའི་ཕྱིར་ངེད་ཅག་དགེ་ཆོས་ལ་རྗེས་དྲན་དང་རྩོམ་ཡིག་འབྲི་མཁན་དག་ཡིན་ན་ཡང་ཆོག དེ་མིན་འབོལ་རྩོམ་དང་སྙན་ངག་འབྲི་མཁན་གང་ཞིག་ཡིན་རུང་། ཆབ་སྲིད་དང་རིག་གནས། ཆོས་ལུགས་གང་ཐད་ནས་མཉམ་ཞིབ་བྱེད་མཁན་ཞིག་ཡིན་ན། ཁ་ཚོན་གཅོད་མ་སྔ་བར་དོན་ལ་རྩ་གཅོད་ནན་ཏན་བྱ་རྒྱུ་དེ་གལ་ཆེན་རེད། དེང་གི་སྐབས་སུ་མི་མང་པོ་ཞིག་གིས་ཕྱིའི་རྣམ་པ་ཙམ་གྱི་སྒོ་ནས་ཐག་གཅོད་གནང་གིན་འདུག་པ་དེ་ནི་ཤིན་ཏུ་མི་འོས་པ་ཞིག་ཏུ་མཐོང་། རྒྱ་ནག་གི་གློག་བརྙན་༼མི་སེར་རྒྱལ་ཁབ་ཀྱི་འདས་དོན༽ཞེས་པ་དེར་རགས་ཙམ་ལྟོས་དང་། ངོ་གཉིས་མ་གཡས་སངས་རྒྱས་ཀྱི་ཞལ་ཅན་ལ་གཡོན་བདུད་ཀྱི་ངོ་གདོང་ཅན་དག་གི་འགྲོ་སྡོད་བྱ་སྟངས་ག་འདྲར་འདུག ང་ཚོའི་ལོ་ངོ་གཉིས་ཡར་སྔོན་གྱི་དོན་རྐྱེན་ཁྲོད་དུ་ཡང་དེ་འདྲའི་རིགས་ཅི་ཙམ་ཡོད་དམ། བླ་མ། སྤྲུལ་སྐུ། དགེ་འདུན་པ། ལས་བྱེད་པ། ཤེས་ཡོན་པ། སློབ་མ་དང་དགེ་རྒན་སོགས་སྣ་སྒོར་མོ་ནས་ཡོད་རྐྱེན། དོན་ལ་མཉམ་ཞིབ་མཐིལ་ཕྱིན་པ་ཞིག་མ་གནངས་པར། རལ་གྲིས་གཏུབས་པ་བཞིན་ཐད་ཀར་མི་ལ་ནག་ཉེས་འཛུག་པ་འམ། ཡང་ན་དེ་ལས་ལྡོག་སྟེ་ཁ་ཡགས་ངོ་བསྟོད་བྱས་ན་ག་ལ་འགྲིག། རྒྱ་ནག་གི་སྒྲུང་གཏམ་༼ཁང་ཆེན་དམར་པོའི་རྨི་ལམ༽ཟེར་བ་དེའི་ཁྲོད་ཀྱི་མི་སྣ་ལྕམ་ཝང་ཞི་ཧྥེང་ཟེར་བས། ཁ་གདངས་ཚུལ་ལ་གཅུང་མོ་བཟང་པོ་ཞེས་པའི་བསླུ་བྲིད་ཀྱིས། མཐར་བུ་མོ་ཡིའུར་ཅེ་མོས་སྲོག་ཐོག་ཏུ་བཏང་ཡང་ད་དུང་མི་ཀུན་གྱིས་མོའི་གདུག་རྩུབ་ཀྱི་བསམ་ངན་དེ་མཐོང་མེད་པ་ལྟ་བུ་རེད། ད་ལྟའི་ཆར་ཡང་ལྕམ་ཝང་ཞི་ཧྥེང་གི་བྱ་སྤྱོད་ཅན་ག་ཙམ་ཡོད་དམ། འདི་དག་ངེས་པར་ཁྱེད་རང་མཉམ་ཞིབ་པ་ཞིག་ཡིན་ན་ཉ་དང་ཉུང་མའི་ཁྱད་ཤེས་པའི་སྒོ་ནས་སྐད་ཆ་བཤད་དགོས་པ་གལ་ཆེན་རེད། དེང་དུས་ཀྱི་མི་མང་པོ་ཞིག་གིས་མཉམ་ཞིབ་བྱེད་སྟངས་ནི། དཔེར་ན། ཆམ་པ་ཕོག་ན་ཚ་བ་རྒྱས་པ་དང་། གློ་ནད་བྱུང་ན་ཚ་བ་རྒྱས་པ་གཉིས་ཀ་གཞི་གཅིག་ཏུ་འཁྲུལ་ནས་སྨན་གཅིག་འཐུང་བ་དང་མཚུངས་པས། རྩིང་རགས་ཚབ་ཆེན་གྱི་ལམ་དུ་སོང་འདུག གལ་ཏེ་སྨན་པ་མཁས་པ་ཞིག་ཡིན་ན། ནད་དེའི་ཚ་བའི་ངོ་བོ་འདྲ་ཡང་ཚ་བའི་རྒྱུ་མི་འདྲ་བ་བཞིན། སྨན་ཡང་སོ་སོར་གཏོང་ངེས་རེད། དེ་བཞིན་དུ་མཉམ་ཞིབ་པ་བཟང་པོ་ཞིག་བྱེད་པ་དང་འབོལ་རྩོམ་བཟང་པོ་ཞིག་འབྲི་ན། གཙོ་བོ་གནད་དོན་དབྱེ་ཞིབ་ཀྱི་བྱ་བ་མཐིལ་ཕྱིན་པ་ཞིག་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས། འབོལ་རྩོམ་པ་རེ་འགས་དོན་ལ་རྩ་གཅོད་ནན་ཏན་མི་བཤད་པར་ཁ་ཚོན་གཅོད་སྔ་བའི་དཔེ་ཞིག་བཞག་ན། གྲྭ་བ་དང་བུད་མེད་གཉིས་ལྷན་དུ་ཡོད་པ་གང་ཞིག་མཐོང་འཕྲལ་ངེས་པར་དུ་ཁོང་གཉིས་ཀྱིས་འགབ་མཐུན་བྱས་པར་བལྟས་ཏེ་རྩོམ་ཡིག་འབྲི་གིན་འདུག གྲྭ་བའི་ཁྲོད་ན་བུད་མེད་ལ་འགབ་མཐུན་བྱེད་པ་ཡོད་ཡོད་ཀྱང་། ཁྱེད་ཀྱིས་མཐོང་བའི་གྲྭ་བ་དེ་དང་བུད་མེད་དེ་གཉིས་མིང་སྲིང་ཡིན་པའི་དབང་དུ་བཏང་ན། ཁྱེད་ཀྱི་སྐད་ཆ་དེ་ལ་རྩ་བ་ཡོད་དམ། དེ་ལས་ཀྱང་ལས་སླ་བའི་སྒོ་ནས་དཔེ་ཞིག་བཞག་ན། ཁྱེད་ཀྱི་ལག་ནས་སྒོར་མོ་བརྒྱ་ཤོག་ཞིག་བོར་སོང་བ་དང་། ཡང་འགྲམ་གྱི་མི་ཞིག་གི་ལག་ཏུ་སྒོར་མོ་བརྒྱ་ཤོག་ཞིག་བཟུང་ཡོད་པའི་དབང་དུ་བཏང་ན། ཁྱེད་ཀྱིས་མི་དེ་ལ་རྐུ་འཛུགས་རུང་ངམ། འདི་ལྟའི་རྩིང་རགས་ཀྱི་ལམ་ནས་རྩོམ་ཡིག་བྲིས་པ་ཡིན་ན། ང་ཚོ་ལ་ཁེ་ལས་གྱོང་རེག་གི་རེད། དཔེར་ན་གང་ཞིག་དགག་དགོས་པ་དང་གང་ཞིག་དགག་མི་རིགས་པའི་ཁྱད་པར་དེ་ཡང་ཤེས་པར་དཀའ། ངས་བྲིས་པའི་ཀ་ཡིག་ཅིག་ཁྱེད་ཀྱིས་ནག་བསུབས་སུ་བཏང་བ་དེ་ཡང་དགག་པ་ཞིག་ཡིན་རུང་། དགག་པ་དེ་ཡིས་དོན་གང་ལ་ཕན་ནམ།

ངས་གོང་ནས་དགེ་ཆོས་དང་འབྲེལ་ནས་སྐད་ཆ་རེ་འགའ་ལབ་པ་ནི་ཁྱེད་ཅག་གིས་དགེ་ཆོས་ཀྱི་རྗེས་དྲན་དང་འབྲེལ་བ་མེད་སྙམ་ཡང་། འདི་ནི་དགེ་ཆོས་ལ་འབྲེལ་བ་ཤིན་ཏུ་ཡོད་དེ། དགེ་ཆོས་བཙོན་ལ་འཇུག་མཁན་དག་གིས་ཀྱང་དགེ་ཆོས་ཀྱི་ཕྱོགས་གཅིག་མ་མཐོང་བཞིན་དུ་བྱས་ཉེས་བཏང་བ་ལྟར། ད་ལྟའི་སྐབས་སུ་ང་ཚོའི་མང་པོ་ཞིག་གིས་ཕྱོགས་གཅིག་མ་མཐོང་བའི་དགག་པ་གཏོང་གིན་འདུག འདི་ནི་དགེ་ཆོས་ཀྱི་དགོངས་པ་ལྟར་ན་མི་རྣམ་དཔྱོད་ཅན་ཞིག་གི་སྤྱོད་སྟངས་མ་རེད། ཁོང་གིས་ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བ་ནི་རྣམ་དཔྱོད་ཅན་དག་གི་སྤྱོད་ཡུལ་མ་ཡིན་ནོ།། གསུངས་པ་ལྟར་རེད། ངེད་ཅག་གིས་དགེ་ཆོས་རྗེས་དྲན་དང་འབྲེལ་ནས་དགེ་ཆོས་ཀྱིས་གནས་ལུགས་ལ་དཔྱོད་ཚུལ་རྒྱུད་འཛིན་བྱེད་ན་ནི། ཁོང་གི་གསུང་དུམ་བུ་འདི་སྙིང་ལ་ཉར་རོགས་ཞུ་ཞུ།

དགོན་བདག་རྒད་པོ་ཡིན་ན་འདི་ལྟར་ཡིན་སྲིད།

ཚེ་མཆོག་གླིང་གི་དགོན་བདག་བླ་མ་བསྟན་འཛིན་དགེ་ལེགས་ཟེར་བ་ཞིག་གིས་དགོན་པར་གསར་དུ་ཕྱག་སྲོལ་ཞིག་འོས་ཐོབ་ཀྱིས་གནངས་འདུག གཤམ་གྱི་དྲི་བ་འདི་འདྲི་ཡུལ་བླ་མ་བསྟན་འཛིན་དགེ་ལགས་རེད། ཁོང་གིས་དྲིས་ལན་ཅི་གནངས་པ་ཡང་གཤམ་དུ་གསལ་བ་དེ་རེད་འདུག

གསར་འགོད་པས་ཁོང་ལ། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་དགོན་པའི་མཁན་པོ་དང་ཕྱག་མཛོད། ངྷ་ས་ས་གནས་མགོ་འཛིན་སོགས་ལྷན་བཞུགས་ཀྱི་ཐག་གཅོད་ཅིག་བྱུང་ཡོད་པའི་ནང་། ཚེ་མཆོག་གླིང་རིན་པོ་ཆེ་ཕེབས་མ་ཐག་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༧ ཁ་སྐོང་འོས་འདེམས་བྱ་དགོས་སྐོར་དང་། ཐུབ་བསྟན་སྙན་གྲགས་ཀྱིས་མ་འོངས་པར་དགོན་པའི་ནང་ཆང་འཐུང་བ་དང་བུད་མེད་ཞག་སྡོད་བྱེད་བཅུག་མི་ཆོག་པའི་སྐོར་སོགས་བཀོད་འདུག དེ་ད་ཆར་ལག་བསྟར་གནང་འཆར་ཡོད་མེད་དྲིས་པར། “ ཕྱག་མཛོད་ལགས་ཀྱིས་དགོན་པའི་ནང་ཆང་བཏུང་ཡོད་མེད་དེ་ང་རང་སྒང་ཐོག་ཏུ་བསྡད་ཡོད་པས་ངས་ཤེས་ཀྱི་མེད། སྐྱེས་དམན་ཉར་མིན་དེ་སོ་སོ་རང་གི་འདོད་པ་རེད། ངས་ཁོང་ལ་ཆང་ས་རྒྱག་ཆོག་གི་མ་རེད། སྐྱེས་དམན་ཉར་ཆོག་གི་མ་རེད། ཅེས་བཤད་རྒྱུའི་དབང་ཆ་ཡོད་པ་མ་རེད། སྐྱེས་དམན་འཁྲིད་མིན་དེ་ཁོང་སྒེར་གྱི་གནད་དོན་རེད་མ་གཏོགས་དགོན་པ་དང་འབྲེལ་བ་ཡོད་པ་མ་རེད། དགོན་པ་གཞན་པར་མཚོན་ནའང་། ཕྱག་མཛོད་སྐྱེས་དམན་ཉར་མཁན་དེ་འདྲ་ཡོད་པ་རེད། ང་རང་ལ་མཚོན་ནའང་། ང་བླ་མ་རེད་ལ་སྐྱེས་དམན་ཡང་ཡོད། དེ་ང་རང་སྒེར་གྱི་གནད་དོན་རེད། མི་སྒེར་གྱི་གནད་དོན་ལ་སུ་གང་གིས་ཐེ་གཏོགས་བྱ་རྒྱུའི་དབང་ཆ་ཡོད་པ་མ་རེད། དགོན་པའི་འགན་འཛིན་ལྷན་ཚོགས་བསྐོ་བཞག་སོགས་ལས་དོན་གཞན་དག་རིམ་པས་ཡར་རྒྱས་གཏོང་འཆར་ཡོད། ”ཅེས་བརྗོད་བྱུང་། འདི་ལྟའི་རྒྱུ་དབང་ཅན་གྱི་རྒྱབ་རྩར་ཐོབ་ཤེད་ཀྱིས་འགྱིངས་པའི་ལམ་ལུགས་ནི་ངེད་ཚོའི་བོད་གཞིས་བྱེས་གཉིས་སུ་ད་དུང་མུ་མཐུད་དུ་གནས་པར་བསམས་ན། དམ་པ་སུ་ཞིག་གིས་སྤྱན་ཆབ་འདོན་མི་སྲིད་དམ།

དགོན་པ་ལ་རྒྱུ་ནོམ་འཛུག་སྐྲུན་གང་རུང་གིས་བཀའ་དྲིན་ཆེ་བ་ཡིན་དུས། དགེ་སློང་གི་ཁྲིམས་མི་སྒེར་གྱི་དོན་དུ་བརྩིས་ཏེ། དགོན་བདག་བླ་མར་ཐེ་གཏོགས་བྱེད་པའི་དབང་ཆ་མེད་ཚེ། དགོན་པ་དེ་གའི་ཕྱག་མཛོད་ཀྱི་བུད་མེད་ཁྱིམ་དུ་ཉར་བ་དང་དགོན་པའི་རྒྱུ་ནོམ་ཧམ་ཟ་བྱས་ཏེ་གང་འདོད་དུ་དགོན་པ་ནས་བསྡད་ན་དེ་ཡང་མི་སྒེར་གྱི་དོན་ཞིག་ཏུ་བརྩིས་ཏེ་སྣང་མེད་དུ་བསྐྱུར་དགོས་པ་རེད་དམ།

ཕྱག་མཛོད་ཀྱིས་སྤྱིར་བུད་མེད་དང་ཆང་ལ་སྤྱོད་མིན་ནི་མི་སྒེར་དོན་ཡིན་དུ་མཆི་ཡང་། དགོན་པའི་ངོར་བལྟས་ཏེ་དེ་ནི་བྱ་ངན་སྤྱོད་ངན་ཞིག་ཡིན་ཞིང་། དགོན་པའི་མ་འོངས་པའི་ལོ་རྒྱུས་ནག་པོར་ཆགས་པའི་རྒྱུ། སྤྱིར་དགེ་ལྡན་པའི་ཁོང་ཅག་ཕྱི་གཙང་ནང་གཙང་ཡིན་སྟངས་ལབ་པའི་ཚུལ་སོགས་ཐལ་བའི་ནང་དུ་བལྡུག་རྒྱུ་ཡིན་ནམ།

ང་ཚོའི་ལེགས་བཤད་ཅིག་གམ་བཤད་སྲོལ་ཞིག་ཏུ། སྤྲེའུ་དག་གིས་མི་ལ་རྔ་མ་མེད་པར་བལྟས་ཏེ་འཕྱ་བའི་བཤད་སྲོལ་ཞིག་ཡོད་པ་འདི་དང་ཇི་འདྲའི་འདྲ་འམ། འདིའི་ཕྱོགས་ནས་མང་དུ་འབྲི་རྒྱུ་ཚ་ཡང་རེ་ཞིག་བསྐྱུར་གི་ཡིན།

Vanessa Hudgens in New York
VIDEO PORNO XXX 2012 fiscal year net loss was

Finale Night at Lincoln Center
Bridesmaid Dresses Go for solid colors or simple patterns in a well fitting silhouette

How to Select the Best Wholesale Supplier
VIDEOS PORNO Since the quantity bought for business is more

Ideas for cocktail party dress
Download Free Games and depending on how fancy you'd like to get

The Competence of a B2B Telemarketing Company
pornos favourite brand as the parents gush which involves as well as her little

Watch The Silence Season 1 Episode 1
PORNO FRANCAIS sweden's manner huge h rest stops crafting angora remedies just after chilling bunnie relaxing0 rela

Designer Clothes are a Matter of Quality and Fashion
PORNO XXX 10 beneficial out from produce anime we'd like returning

Are You Bored With the Basics
Free Porno Wife promising redemption in coin on faith in the revolutionary cause
བསྟོད།5

抱歉,评论已关闭!