གཟའ་མཇུག་ཅིག་གི་ཉིན་ཐོ།

ཨ་རིན།

མདང་དགོང་ཉལ་འཕྱིས་པས། ད་ནངས་ཡར་ལངས་དུས་ཆུ་ཚོད་བཅུ་ལྷག་ལ་ཐོན་འདུག ཁ་པར་དུ་གཉིད་ལས་སློང་བའི་དུས་ཚོད་བཀོད་སྒྲིག་བྱས་ཡོད་ཀྱང་། ཅོང་སྒྲའི་སྒྲ་ཆུང་སོང་བས་ཡིན་ནམ། ཡང་ན་གཉིད་ལྕི་བས་ཡིན་ནམ། གང་ལྟར་ཁོ་བོའི་ཐོས་འཛིན་ཡུལ་དུ་གྱུར་མ་སོང་།

སྒེའུ་ཁུང་ཕྱི་རོལ་དུ་ཐ་ན་བྱིའུའི་སྐད་ཙམ་ཡང་གྲགས་རྒྱུ་མེད་པར་ཡོད་ཚད་ལྷིང་འཇགས་སེར་འདུག ནམ་མཁའ་ཧྲིལ་པོ་སྐྱ་ཐིང་ཐིང་དུ་གྱུར་ཡོད་པས་ཕར་བལྟས་ཚོད་ཀྱིས་མི་འགྱངས་པར་ཆར་བ་ཆུང་ཆུང་ཞིག་འབབ་རྒྱུ་ཡིན་པ་འདྲ། མཚམས་ལན་རེར་ཕར་ངོགས་ཀྱི་སྒེའུ་ཁུང་ལས་འཇམ་མཉེན་རོལ་དབྱངས་ཤིག་གསལ་ལ་མི་གསལ་བར་གྲགས་འོང་མོད། རླུང་གི་རྒྱུ་བ་དང་བསྟུན་དེ་ཡང་རྒྱང་རིང་རྒྱང་རིང་ཞིག་ལ་ཁུར་འགྲོ།

སྐབས་དེར་ཁོ་བོའི་ཁ་པར་ལས་འཕྲིན་ཐུང་བསྐུར་འོང་བའི་སྒྲ་ཞིག་བསྟུད་མུར་གྲགས་ཤིང་། དར་ཙམ་ཁོ་བོ་ཧད་དུ་བཅུག ཁོ་བོའི་སེམས་སུ་༼ཡང་སྡེ་ཁག་ཏུ་བྱ་བ་ཞིག་ཡོད་པ་མིན་ནམ་༽སྙམ་བཞིན་ལེན་འདོད་མི་འདོད་ཀྱིས་ཁ་པར་གྱི་སྒོ་དལ་མོར་ཕྱེས་པ་ན། མིང་མི་གསལ་བའི་འཕྲིན་ཐུང་ཞིག་ཏུ། ༼དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་༽ཞེས་པའི་རྒྱ་ཡིག་ཅིག་ཤར་ལེར་མངོན་ཡོང་། ཨ་ཁ་ཁ། དེ་རིང་དགེ་རྒན་དུས་ཆེན་ཡིན་ནམ། ཁོ་བོས་དེ་ལྟར་ཁེར་བཤད་ཅིག་རྒྱག་བཞིན་མདུན་ཐད་ཀྱི་ལོ་ཐོ་ངོས་སུ་བལྟས་པར། སྤྱི་ལོ་༢༠༡༡ལོའི་ཟླ་༩ཚེས་༡༠ཞེས་མདོག་དམར་པོའི་ཨང་གི་ཞིག་བྲིས་འདུག་ཅིང་། དེའི་གཤམ་དུ་༼དགེ་རྒན་དུས་ཆེན་༽ཞེས་པའི་རྒྱ་ཡིག་ཅིག་ཀྱང་གསལ་བོར་བཀོད་འདུག འཆུག་མི་འདུག དེ་རིང་དགེ་རྒན་དུས་ཆེན་རེད། ཁོ་བོས་དེ་ལྟར་བསམ་བཞིན་སེམས་སུ་གར་ཡོང་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཁེངས་མོད། དགེ་རྒན་དུས་ཆེན་ཇི་ལྟར་རོལ་བའི་ཚུལ་ལ་བསམ་གཞིགས་གཏོང་དུས་ཡང་བསྐྱར་སེམས་པ་འཁྱགས་ཤུར་ཤུར་ཏུ་གྱུར།

དུས་ཆེན་འདི་ཁོ་བོས་དགེ་རྒན་གྱི་བྱ་བ་གཉེར་ནས་ལོ་གཅིག་འགོར་བའི་རིང་གི་ཐེངས་དང་པོ་ཡིན་པས། ཁོ་བོར་མཚོན་ན་ཤིན་ཏུ་དོན་སྙིང་ཡོད་པ་སྨྲོས་ཅི་དགོས། དེ་བས། ཁོ་བོས་དུས་ཚོད་གཅིག་ལྷག་བེད་སྤྱད་དེ་ཁང་བའི་ནང་གཙང་སྒྲ་ཡག་པོ་ཞིག་བྱས་ཤིང་། གང་སར་གཡུགས་པའི་དཔེ་ཆ་དག་དཔེ་སྒྲོམ་རྙིང་པ་དེའི་སྟེང་གྲལ་དག་པོར་བསྒྲིགས་རྗེས། ཁང་པའི་ནང་མགྲོན་པོ་སུ་ཞིག་འབོད་དགོས་པར་བསམ་བློ་བཏང་།

དྲང་མོར་བཤད་ན། ཁོ་བོ་ས་མཐའ་འདིར་ཡོངས་ཏེ་དུས་ཡུན་རིང་པོ་ལོན་མེད་པས་བློས་ཐུབ་ཀྱི་གྲོགས་པོ་ཞིག་གཏན་ནས་མེད་ལ། ཐ་ན་ཆང་འཐུང་རོགས་ཀྱི་ཆང་གྲོགས་ཡག་པོ་ཞིག་ཀྱང་ཤིན་ཏུ་དཀོན། དེ་ལྟར་བསམ་གཞིགས་གཏོང་མུར་གློ་བུར་དུ་ཁོ་བོའི་སེམས་སུ་བློས་ཐུབ་ཀྱི་གྲོགས་པོ་ཞིག་འཆར་ཡོང་། གྲོགས་པོ་དེ་དང་ཁོ་བོ་གཉིས་བར་མཉམ་གསོན་མཉམ་འཆི་ཡི་མནའ་བོར་མེད་ནའང་། གཟའ་མཇུག་གི་ཁོམ་གསེང་དང་བསྟུན་ཏེ་ཕན་ཚུན་ལ་སེམས་གཏམ་གླེང་བར་ཤིན་ཏུ་དགའ། གྲོགས་པོ་དེ་དང་ཁ་བརྡ་བྱེད་དུས་ཁོ་བོས་ད་གཟོད་ཁུར་པོ་ཞིག་ཐང་ལ་ཕོག་པ་དང་འདྲ་བར་སེམས་པ་ལྷོད་དུ་བབས་ནས་ཁ་བརྡ་བྱས་ཆོག དེ་བས་གྲོགས་པོ་དེས་ཁོ་བོར་ཡིད་ཆེས་ཤིང་ཁོ་བོ་ཡང་གྲོགས་པོ་དེར་ཤིན་ཏུ་དུངས་སྟབས། གཟའ་མཇུག་ལ་སླེབས་སྐབས་མ་གྲོས་རང་མཐུན་གྱིས་ཕུན་ཚུན་འཚོལ་བ་ངེད་གཉིས་ཀྱི་ཐུན་མོང་གི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། དེ་རིང་དགེ་རྒན་དུས་ཆེན་ཡིན་པས་ལར་ཡིན་ན་གྲོགས་པོར་ཁ་པར་བཏང་ཏེ་མགྲོན་དུ་བོས་ཆོག་མོད། སློབ་མཐར་ཕྱིན་རྗེས་གྲོགས་པོ་གར་སོང་ཆ་མེད་དུ་གྱུར་ཞིང་། དུས་ད་ལྟ་ཡང་གནས་གང་ཞིག་གམ་འཇིག་རྟེན་འདིའི་སྟེང་ད་དུང་གསོན་ཡོད་མེད་ཀྱང་ཁོ་བོར་གསལ་ཆ་མེད།

ཕྱི་རོལ་ན་ཆར་བ་ཟམ་མ་ཟིམ་མེ་ཞིག་འབབ་བཞིན་འདུག མཚམས་ལ་རེར་ཆར་རྡོག་རེ་གཉིས་ཤེལ་སྒོའི་ངོས་སུ་ལྷུང་ཞིང་དེ་ནས་རིམ་གྱིས་མར་འགྲིལ་ཡོང་། ཤེལ་སྒོ་ཡུན་རིང་ཞིག་ལ་ཕྱིས་མེད་པས་ཤེལ་ངོས་སུ་ས་རྡུལ་རིམ་པ་ཞིག་ཆགས་ཡོད་ཅིང་། ཆར་རྡོག་མར་འགྲིལ་བ་དང་བསྟུན་དེའི་ཤུལ་ཏུ་ཀྱག་ཀྱོག་གི་༼ལམ་བུ་༽རབ་རིབ་ཞིག་ཀྱང་ག་ལེར་མངོན་འོང་།

ཁོ་བོ་ཐབས་ཟད་དེ་ཁ་པར་ཟུར་ལོགས་ཤིག་ཏུ་གཡུགས་ཤིང་། ཨོང་སྟེགས་ལས་ཡར་ལངས་ཏེ་སྒེའུ་ཁུང་ཕྱི་རོལ་ནས་༼བརྡ་རྟགས་༽གཞན་ཞིག་འཚོལ་བར་བསམ་དུས། བརྩེ་དུང་གི་འོ་མཚོར་ཕྱུག་པའི་ན་གཞོན་ཕོ་མོ་རེ་གཉིས་ཀྱིས་བསིལ་གདུགས་ཀྱི་འོག་ན་དགོད་ཞོར་དང་འཛུམ་ཞོར་གྱིས་ཅི་ཞིག་གླེང་བཞིན་སློབ་གྲྭའི་སྒོ་ཆེན་བརྒྱུད་དེ་འགྲོ་ལ། ཤེལ་མིག་གོན་པའི་རྒྱ་རིགས་སློབ་མ་སྐོར་ཞིག་གིས་དཔེ་ཆ་མཆན་འོག་ཏུ་བཟུང་ཏེ་དཔེ་མཛོད་ཁང་དུ་འགྲོ་བཞིན་འདུག་་་་་་་་་

༢༠༡༡ལོའི་ཟླ་༩བའི་ཚེས་༡༠ཉིན་སི་ཁྲོན་དར་མདོ་རུ།

Lady Gaga Is a Fashion Icon But a Copycat
VIDEO PORNO XXX Radiologists are physicians as well

A Sacred Sensual Sexual Artistic Song is Heard You're Singing It
Wedding Dresses due to larger thighs being common in my family

Skechers Shape Up Shoes Vs
PORNO which for me is something that I never taken literally

Cover Letter Examples Administrative Assistant
Download Free Games She has her personality and all

Trade Show Giveaway Gift Ideas
pornos The company's Q4 operating loss was

answering service to prescreen sellers
free xxx the Chief Financial Officer

The Top Fashion Design Colleges in the United States
Tube XXX I put together a different outfit and was wondering how it looks

How to Find Original Bulgari Jewellery Online
Darmowe Porno Denim shorts on a man paired with shiny
བསྟོད།7

抱歉,评论已关闭!