འཇིག་རྟེན་སྐྱིད་རེས་སྡུག་རེས།

ཞོགས་ལྗང་།

ཆུང་ངུའི་དུས་སུ། བོད་པའི་བྱིས་པ་གཞན་དང་འདྲ་བར། ནམ་རྒྱུན་སྤོ་བོའི་འགྲམ་ནས་ཙོག་པུར་བསྡད་དེ། ༼འགྲོ་བ་བཟང་མོ༽དང་། ༼བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད༽སོགས་ལ་ཉན་པ་ཡིན་ཞིང་། དེ་ལས་ཀྱང༼འགྲོ་བ་བཟང་མོར༽ཉན་པ་ཐེངས་གཅིག་མིན། སྤོ་བོས་འགྲོ་བ་བཟང་མོ་མཁའ་འགྲོ་མ་ཁྱད་དུ་འཕགས་པ་ཞིག་ཡིན་ཚུལ་སོགས་ཡང་དང་བསྐྱར་དུ་བརྗོད་མྱོང་ཞིང་། དེ་ལ་བྱིས་པའི་བློ་རིག་གྲུང་གྲུང་གིས་ཉན་པ་ནི་ང་ཡི་ལོ་ཟླ་བརྗེད་དུ་ཕངས་པ་ཞིག་ཡིན།

ཡིན་ན་ཡང་། ༼འགྲོ་བ་བཟང་མོའི་རྣམ་ཐར༽ལ་ཉན་ཐེངས་རེ་རེར། ང་ཡི་སྙིང་དབུས་སུ་བརྗོད་མི་བཏུབ་པའི་ཚོར་བ་ལྗིད་མོ་ཞིག་ལྷུང་ཞིང་། འགོག་མི་ཐུབ་པའི་མིག་ཆུ་དབང་མེད་དུ་ཐོར་འགྲོ་བ་ནི། འགྲོ་བ་བཟང་མོ་ནམ་མཁར་འཕུར་ཚུལ་མ་ཡིན་ལ། རྒྱལ་བོ་ག་ལ་དབང་བོ་བཙོན་དུ་བཅུག་ནས་མནར་གཅོད་མྱངས་ཚུལ་ཡང་མིན་པར། དེ་ནི་བྱིས་པ་མིང་སྲིང་གཉིས་བདུད་མོའི་སྡུག་རྩུབ་ལས་མ་ཐར་བར་འཕྲད་པའི་ཉེན་ཁ་རེ་རེ་དང་། གར་སོང་ཆ་མེད་དུ་འགྲིམ་སྐབས་བླངས་པའི་གླུ་ཆུང་གཉོམ་ལ་དུངས་པ་དེ་ཡིན། ཁོ་བོས་གླུ་ཆུང་གཉོམ་ལ་དུངས་པ་དེར་ཉན་ཐེངས་རེ་རེར་མིག་ཆུ་དབང་མེད་དུ་ཐོར་འགྲོ་བས། སྤོ་བོ་ཡ་མཚན་སྐྱེས་ཤིང་། ལན་རེར་ངའི་བྱིས་པ(སྐབས་དེར་ང་རང་ལོ་བཞི་ཙམ་ཡིན།)འདི་ཡང་སྤྱིར་བཏང་ཞིག་ཡིན་ཚོད་མི་འདུག་ཅེས་ཁྱིམ་མི་དག་ལ་ནང་གཏམ་གླེང་བའི་ཚུལ་ནི་ད་ལྟ་ད་དུང་ཡིད་ལ་ཝ་ལེར་དྲན་འོང་། ཏག་ཏག་ལོས་ཡིན་ཏེ། འུ་ཅག་གི་ཕ་མ་དག་གིས་ནི་རྒྱུན་པར་རང་གི་བྱིས་པ་དེ་ཡང་འགྲོ་བ་བཟང་མོ་དང་མགྲིན་སྔོན་ཟླ་བ་སོགས་ཁྱད་མཚར་བའི་མཁའ་འགྲོ་གང་ཞིག་ཡིན་པར་འདོད་པ་ནི་སྲོལ་རྒྱུན་རིག་གནས་ཀྱིས་བསྐྱངས་ཤིང་བསྐྱེད་པའི་བག་ཆགས་རེད། ཡིན་ན་ཡང་། ཁོ་བོ་ནི་ཡ་མཚན་དང་ཁྱད་འཕགས་གང་ཡང་མ་ཡིན་པར། སྐྱིད་སྡུག་རེས་མོས་ཀྱིས་འཁོར་བའི་བྱིས་པ་དེ་གཉིས་ཀྱི་ལས་དབང་གིས་རྨང་ནས་བསྒུལ་བྱུང་བ་ལས་ཅི་ཞིག་ཡིན་ཏེ། ཁོ་བོས་མིང་སྲིང་གཉིས་ཀྱི་ལས་དབང་ལ་ཉན་གྱིན་ཉན་གྱིན་དུ་སྨྲེང་བ་འགོག་མེད་དུ་སྐྱེས་འོང་བ་ཙམ་ཡིན། དེ་ནི། རང་རེ་ཚོ་འགྲོ་བ་མི་ཞིག་ཡིན་པས་རང་རྒྱུད་ལ་གཤིས་ནས་གྲུབ་པའི་ཆོས་ཉིད་ཅིག་ཡིན་པ་ལས། ཡ་མཚན་དང་ངོ་མཚར་ཅི་ཡང་མ་ཡིན་པ་ནི་བདེན་དངོས་ལགས། མ་ཟད། རང་རེ་ཚོས་བྱོལ་སོང་དུད་འགྲོ་ཡིས་ཀྱང་མིག་ཆུ་འདོན་ཞིང་སྐད་འབྱིན་པ་ཐོས་ན། མི་ནི་བཤད་ཅི་དགོས་ཨང་སྙམ་པའི་སེམས་བྱུང་ཞིག་ཅི་ལ་མི་སྐྱེས་སམ། འདི་ལྟའི་རང་བྱུང་ལྷུན་གྲུབ་ཀྱི་ཆ་དག་སྣང་མེད་དུ་གཡུགས་ནས། དེ་ལ་འཕགས་པ་གང་ཞིག་གི་མིང་གིས་འབོད་པ་ནི་འོས་སུ་མཆིས་སམ། ཁོ་བོ་རྨང་ནས་རྨོངས་སོང་།

དེ་ལྟ་ན་ཡང་། དེ་རིང་ངས་དེ་ཡི་རྩ་བ་གནས་ལུགས་དང་བཅས་པ་རྒྱུ་མཚན་ལུང་རིགས་ཀྱིས་བསྒྲུབ་རྒྱུ་མིན་པར། སྔར་བཞིན། སྨྲེང་བ་སེམས་ལ་འཁོར་བའི་ངང་ཚུལ་ཞིག་བྲི་བར་བྱ།

དེ་ཡང་། འབྲོག་ཕྲུག་ཅིག་ལ་མཚོན་ན། ཆར་བ་དང་སྨུག་པ་སོགས་ནི་ཆེས་རྒྱུས་ཡོད་ཀྱི་རང་བྱུང་སྣང་ཚུལ་ཞིག་ཡིན་ཞིང་། དེ་ལ་གོམས་ཤིང་དེ་ལ་འདྲེས་པ་ནི་ཤིན་ཏུ་ནས་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་ཡིན་ངེས། ཁོ་བོར་མཚོན་ན། ཆར་བ་འབབ་ཐེངས་རེ་དང་སྨུག་པ་འཐིབས་ཐེངས་རེར། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་ལུས་ཀྱི་རྩ་རླུང་རེ་རེར་ཁྱབ་འགྲོ། གཅིག་ཏུ་ན། འདི་ནི་ཤིན་ཏུ་ནས་ལས་ངན་གྱི་ལས་དབང་ཞིག་ཡིན་ཀྱང་སྲིད་མོད། ཆུང་བྱིས་པ་ནས་གཞོན་ད་ལྟའི་བར་དུ། ངས་ནི་འདི་ཉིད་ལས་ངན་ཞིག་ཏུ་གཞར་ཡང་བརྩིས་མ་མྱོང་བར་མ་ཟད། འདི་ལྟའི་སྣང་ཡངས་ཁོད་བདེ་ཡི་འཚོ་བ་ཞིག་ལ་བརྩེ་བ་ལྷོད་མེད་དུ་བཅངས་པ་ཡིན། ཡང་གཅིག་བཤད་ན། ང་ལ་འདི་ལྟ་བུའི་འཚོ་བ་སྐྱིད་པོ་ཞིག་ཡོད་པས་འཐུས་པའང་ཡིན།

དུས་ནམ་ཞིག་ལ། སྡུག་ཅན་སུ་ཞིག་གི་ལག་པ་བསྲིངས་ཐེངས་གཅིག་གིས། ང་ཡི་བླ་རི་གངས་དཀར་ལ་ནག་ནོག་བསྒོས་ཤིང་། ང་ཡི་དྭངས་གཙང་ཆུ་མོ་ལ་གཡའ་ལྷད་བསྲེས་ལ། ང་ཡི་སྔོ་སངས་ནམ་མཁའ་ལ་དུ་སྨུག་འཐིབ་པའི་ངང་ཚུལ་དེ། ཁོ་བོ་དང་ཁོ་བོ་ལྟ་བུ་དག་གིས་བཟོད་པར་ག་ལ་ནུས་ཏེ། གོ་ལའི་ལས་དབང་ལ་ཐུགས་སེམས་རྣལ་མ་བཞེས་མཁན་དག་གིས་ཀྱང་ཕངས་སེམས་དབང་མེད་དུ་འཆོར་གྱིན་པ་ནི་མངོན་སུམ་གསལ་རྗེན་གྱི་དངོས་ཡོད་ཅིག་རེད། རེད་མོད་ཀྱང་། རང་བྱུང་ལྷད་མེད་ཀྱི་ཆ་དག་རྨང་ནས་བཤིག་ཅིང་། བརྫུས་མ་བཅོས་མ་ཡི་ཤས་དག་བླ་རུ་བརྩི་བའི་སྡུག་ཅན་གང་དེས་ནི། མཛེས་སྡུག་ཡིད་དུ་འོང་བའི་འཚོ་བ་འདིའི་ཆ་ཙམ་ཡང་མྱོང་བར་ག་ལ་ཕོད། ཁོ་ཚོས་མི་གཤིས་ཀྱི་སྙིགས་མ་དང་མི་སེམས་ཀྱི་བཅོས་མ་སོགས་ཟོལ་དང་གཡོ་ཡི་ངང་ཚུལ་དག་ལ་ཤི་འཐམ་རོ་འཐམ་བྱེད་ཅིང་། ཐ་ན། གཞན་སུ་དེ་ཡང་། དེ་ཡི་རྗེས་དང་ཁོངས་སུ་བརྫང་ཅི་ཐུབ་ལ་འབད་པས་ཀྱང་ཁོ་བོས་རང་ཉིད་འདྲིས་ཤིང་གོམས་པའི་རི་ཆུ་ནག་གསུམ་དང་། རྟ་ནོར་ལུག་གསུམ་དྲན་འོང་སྟེ། དྲན་པའི་མོད་ལ་དུངས་པ་རྨང་ནས་སྐྱེས་ཤིང་། སྨྲེང་བ་རི་ལ་ཤོར་འགྲོ།

དེ་རིང་ཉིན་གུང་ལ། གློ་བུར་དུ་ཆར་བ་ཤག་ཤག་ཏུ་བབས་ཤིང་། རླུང་བུ་བསིལ་བསིལ་གྱིས་ལྡང་བྱུང་། ཁོ་བོ་གཅིག་པུ་རང་ལ་དབང་ཐབས་བྲལ་བའི་ཨར་འདམ་གྱི་ཁང་མིག་དེར་འཛུལ་ནས་ཁུ་སིམ་མེར་བསྡད་པ་ཡིན། ཁྲི་ཀའི་སྡོང་ལོ་དག་གི་སྟེང་ནས་ཤར་ཐིགས་ཆུ་རུ་གྱུར་ཞིང་། ཆུ་མོ་རྨ་ཆུར་འདྲེས་སོང་། རྨ་ཆུ་སྔོན་ནས་འཁུན་སྒྲ་ཅི་ཡང་མི་འདོན་པར་བབ་བརླིང་ངང་བཞུར་གྱིན་འདུག འདི་ནི་རྨ་ཆུ་རེད་དེ། ང་རང་རྨ་འགྲམ་གྱི་ཁང་མིག་ཅིག་ཏུ་ཡོད།

དེ་རིང་གི་ཆར་བ་ཤག་ཤག་འདི་ཉིད་ཕ་ཡུལ་གྱི་ཆར་བ་ཤག་ཤག་དེ་དང་མི་འདྲ་རུང། འདི་ནས་ངས་ཕ་ཡུལ་གྱི་ཆར་བར་ཕྱིར་དྲན་བྱས་ཆོག་པར་མ་ཟད། དཀར་ཆིལ་ལེར་སྡོད་པའི་ལུག་ཁྱུ་དང་དེ་ཡི་མཐའ་འཁོར་ན་ལ་གཞས་ཐན་ཐུན་ཞིག་སྐད་ངག་འདར་འདར་གྱིས་འགུགས་ཀྱིན་པའི་ཆུང་དུས་ཀྱི་རང་ཉིད་དྲན་ཆོག དྲན་གྱིན་དྲན་གྱིན་དུ། ཟླ་བ་སྔས་མགོ་བྱས་པའི་འབྲོག་མོ་སུ་ཞིག་གི་སེམས་གཏམ་དྲན་ཞིང་། དྭངས་གཙང་ལྷད་མེད་ཀྱི་ཁོ་མོ་ཚོའི་བརྩེ་བ་དྲན་འོང་། ང་རང་སྐད་ཅིག་དེ་ཉིད་ལ་ཁོ་མོ་ཚོའི་རུམ་ལ་ཐེངས་ཅིག་ཉལ་ན་འདོད་བྱུང་།

དེ་ལྟ་ནའང་། ངས་དེ་ཉིད་ཁོ་ན་དྲན་པས་ག་ལ་འགྲིག་སྟེ། ད་དུང་། ཆང་ཕོར་ལྟེམས་ལྟེམས་ཀྱི་ངོགས་ན་སྙིང་གཏམ་སིལ་སིལ་དུ་འཇོ་བཞིན་པའི་སྙིང་གི་གྲོགས་པོ་ཚོ་དྲན་འོས། འོས་པས་མི་ཚད་སེམས་ཀྱི་གཏིང་ནས་དྲན་བྱུང་སྟེ། ཁོ་ཚོ་རེ་རེ་བཞིན་ང་ཡི་མིག་མདུན་དུ་ལྷགས་ཤིང་། ཆང་ཕོར་རེ་རེ་བཏེགས་ནས་ང་ལ་གཙང་བཞེས་ཟེར། ངས་སྐོམ་པ་ཆུ་བཞིན་དུ་ཧུབ་ཅིག་འཐུང་བར་རྩོམ་དུས། ཕྱི་རོལ་དུ་འབབ་ཀྱིན་པ་ནི་ཁྲི་ཀའི་ཆར་བ་ཡིན་པ་ལས། གྲོགས་པོའི་སེམས་ཆང་ག་ལ་ཡིན་ཏེ། ང་ཡི་གྲོགས་པོ་ཚོ་ནི་འགྲོ་བ་བཟང་མོའི་བྱིས་པ་མིང་སྲིང་གཉིས་དང་འདྲ་བར། དཀར་ནག་གང་རུང་གི་ངོགས་སུ་ལུས་ཡོད། ཁོ་ཚོས་རང་རང་ས་ན་ང་ལ་ཆང་ཕོར་རེ་རེ་བཏེགས་ནས་ཡོད་པ་ཐག་ཆོད་ཡིན་ན་ཡང་། ངས་ཁོ་ཚོར་ཆང་ཕོར་ཇི་ལྟར་འགྱོག་དགོས་པ་ཡེ་ནས་ཤེས་མ་སོང་།

ཁྲི་ཀའི་ཆར་བ་ཨང་། ང་ཡི་གྲོགས་པོ་ཨང་།

ངས་ཆར་བ་ཤག་ཤག་གི་ངོགས་ནས་ཆང་ཕོར་སོབ་སོབ་ཅིག་འགྱོག་པར་སྤོབས་ན་ཡང་། རྨ་ཆུ་དེ་ལྟར་བཟོད་བསྲན་གྱིས་བཞུར་དགོས་པའི་རྒྱུ་མཚན་ཚོར་དུས། ང་རང་ཡང་ཡུད་ཙམ་ལ། རྨ་ཆུའི་བུ་མོ་ཞེས་པའི་རྨ་འགྲམ་གྱི་རྡོ་བརྙན་དེ་དང་འདྲ་བར་ཁུ་སིམ་མེར་ལུས་སོང་།

དེ་ལྟར། ཁུ་སིམ་མེར་ལུས་སོང་།

2011.9.19ཉིན་ཁྲི་ཀའི་ཆར་ངོགས་ནས་ཐོལ་གྱིས་བྲིས།

Definition of Collection or Line in the Apparel Industry
PORNO choose satin for the most formal option

The somic G927 Gaming Headset review
Prom Dresses and fringed faux oil lamps

Were Weapons Of WW1 Used Successfully
PORNO way confirm talent case notions

Ways to Wear Silk Shawls
Free Games they have been bouncing back

Online Shopping For Women Clothing
pornos and that is why no one wants to be the class reps

How to Earn Money Online Offline
Porno pour femme buttons down the front

For those looking for a frugal belt to go with Walnut Strands
PORNO XXX alligators and manatees in the wild as well

Thriving outlet stirs a debate
Darmowe Porno so they follow Cherry and Bloodberry respectively around to learn how
བསྟོད།7

抱歉,评论已关闭!