རྟོགས་སད་པ་ཞིག་གི་མྱ་ངན།

གཏར་གྲི

རྟོགས་སད་པ་ཞིག་གི་མྱ་ངན།

ངས་དུས་རྒྱུན་གྱི་བསམ་ཚུལ་ཞིག་ལ་དེང་དུས་བོད་ཀྱི་དུས་དེབ་དང་ཚགས་པར་ཁག་གིས་བསྒྲུབ་དགོས་པའི་འོས་འགན་གཙོ་བོ། རྩོམ་པ་པོར་ཆབ་སྲིད་དང་མཐུན་པའི་སྨྲ་བརྗོད་ལ་རང་དབང་སྟེར་དགོས་པར་འདོད། རྩོམ་སྒྲིག་པས་ཁོའི་སྨྲ་བརྗོད་ལ་བཀག་རྒྱ་བཟོས་དྲགས་པས་མཇུག་འབྲས་དང་དེ་ལས་བྱུང་བའི་ཕམ་ཁ་གང་མང་ཞིག་རང་ཅག་ཚང་མས་མྱང་དགོས་པར་མ་ཟད། ང་ཚོའི་བསམ་བློ་བ་མི་ཉུང་བ་ཞིག་གི་སྙིང་གཏམ་འཆི་ཡུལ་དུ་ཁྱེར་བ་ལས་འོས་མེད་པར་སེམས། དེ་ནི་ང་ཚོའི་རྩོམ་པ་པོ་མི་ཉུང་བ་ཞིག་དབུལ་བོ་ཡིན་པས་རེད། རྩོམ་པ་པོ་དུས་རབས་ཀྱི་མགྲིན་ཚབ་པ་ཡིན་ན། དུས་དེབ་སོགས་ཁོའི་ངག་ནས་ཐོན་པའི་གདངས་དེ་རྒྱུད་སྒྲོག་བྱེད་སྤྱད་ཀྱི་སྒྲ་སྐྱེད་ལྟ་བུ་ཡིན་དགོས། ཁོའི་གདངས་དེ་སྦ་གསང་དང་བཀག་རྒྱ་བཟོས་དྲགས་ན། མི་ལོ་གང་མང་ཞིག་འདས་ཀྱང་རྨོངས་མུན་དང་རྨོངས་དད་ཀྱི་ལྷན་པ་ཇེ་མཐུག་ནས་ཇེ་མཐུག་ཏུ་འགྱུར་ཁོ་ཐག་ཡིན་པས། ཆོས་དང་ཆོས་མིན་ཀྱི་དབྱེ་བ། མི་རིགས་སྤྱིའི་གོམས་སྲོལ་དང་མི་བུ་རེ་གཉིས་ཀྱི་ལྟ་བ་སོགས་སོ་སོར་བཀར་ནས་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱས་ཏེ་སྤྱི་ཚོགས་ལ་རྙོག་དྲ་བཟོ་མཁན་དེ་དག་ལ་ངོ་རྒོལ་བྱས་ནས་ཁོ་ཚོའི་བློ་ཁ་ཡང་དག་པའི་ལམ་ལ་འཁྲིད་རྒྱུ་ནི་དེང་དུས་བོད་ཀྱི་བསམ་བློ་བ་དག་གིས་འོས་འགན་གཙོ་བོ་གཅིག་རེད་སྙམ། རང་རེའི་རྩོམ་སྒྲིག་པ་མང་ཤོས་ཤིག་རང་དོན་དང་ཕྱོགས་ལྷུང་གིས་བསླུས་ཏེ་མ་འོངས་བོད་ཀྱི་སྤྱི་ཚོགས་དང་རྩོམ་རིག་འཕེལ་རྒྱས་ལ་བསམ་བློ་མ་བཏང་བས་རང་ཉིད་ཀྱི་བསམ་བློ་དང་མི་མཐུན་པའི་བརྩམས་ཆོས་དག་སྲེག་བཅད་བརྡར་གསུམ་དང༌། ཡང་ན་རྩོམ་གཤིས་ལེགས་པའི་བརྩམས་ཆོས་གང་མང་ཞིག་ད་དུང་ཤོག་བུའི་གད་སྙིགས་ཁྲོད་ན་ཉམ་ཆུང་གིས་འཚོ་བར་གདོན་མི་ཟ། དཔེར་ན་གླག་མིག་གིས་བྲིས་པའི་《འཁྱོགས་གཟུགས་ཀྱི་རྩ་དོན》ཞེས་པ་ཐད་ཀར《སྦྲང་ཆར》རྩོམ་སྒྲིག་ཁང་ལ་བསྐུར་ན་བརྩམས་ཆོས་དེ་འགྲེམ་སྤེལ་མི་བྱེད་པར་མ་ཟད། ཁོས་བཤད་ཟིན་པའི་སྐད་ཆ་དེ་དག་སྦ་གསང་བྱེད་ཁོ་ཐག་ཡིན་ངེས། དེ་ནི་ཁོ་ཚོའི་བསམ་པའི་འཛིན་སྟངས་དང༌། ཡང་ན་ཁོ་ཚོ་ཁ་ཡག་དང་ངོ་བསྟོད་རྐྱང་རྐྱང་གིས་འཚོ་བས་རེད། ད་དུང་འདི་ལྟར་མུ་འཐུད་དུ་སོང་ན་ཕྱིའི་རྣམ་པ་ཆད་མི་སྲིད་ཀྱང༌། ནང་བསམ་བློའི་རྒྱགས་ཕྱེ་ཆད་འགྲོ་བས་འདིའི་ཐད་ལ་ཀུན་གྱིས་བསམ་བློ་གཏོང་རན་འདུག

དེང་སྐབས་ཀུན་གྱིས་གླེང་གཞིར་གྱུར་ཡོད་པའི་《དཔྱོད་ཤེས་རྒྱང་འབོད》བྱུང་བ་ནས་བཟུང་བོད་ཀྱི་རྩོམ་རིག་སྟེང་དཔྱད་བརྗོད་འདྲ་མིན་སྣ་ཚོགས་བྱུང་དང་འབྱུང་གིན་འདུག་མོད། འོན་ཀྱང་ཡིད་ཕངས་པ་ཞིག་ལ་དེའི་ཁྲོད་དུ་གཟུ་བོར་གནས་པའི་བསམ་བློ་བ་ཞིག་ང་ཚོའི་མཐོང་ལམ་དུ་སོན་མ་བྱུང་བ་འདྲ། རྒྱུ་མཚན་ཕྱོགས་ལྷུང་དང་མཁྲེག་འཛིན་བྱེད་པ་ལས། ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་དང་སྙིགས་དོར་བཅུད་ལེན་བྱེད་པའི་བསམ་བློ་ཕྱོགས་གཉིས་ལ་མ་སྐྱེས་པས་ལེན་པར་སྙམ། འདི་ལྟ་བུའི་གསོ་མ་ཐུབ་པའི་ནད་གཞི་ཞིག་མནའ་ནས་ད་ལྟའི་བར་དུ་བྱུང་དང་འབྱུང་བཞིན་ཡོད་པས། འདི་གླེང་ནས་གསོ་ཐུབ་བྱེད་པ་ལས་ཅམ་གྱིས་བཞག་ཆོག་པའི་གནད་དོན་ཞིག་ཡེ་ནས་མ་རེད་སྙམ། དེང་སྐབས་དུས་དེབ་ཁག་གི་ཁྲོད《ཤར་དུང་རི》ནི་བསྟོད་ཚོགས་དང་བྲལ་ཞིང་དེང་རབས་རྩོམ་རིག་གི་ཞིང་སར་གླེང་གིན་ཡོད་མོད། ཐེ་ཚོམ་ཞིག་ཡོད་པ་ནི《དཔྱོད་ཤེས་རྒྱང་འབོད》ཀྱི་ཁ་གཏད་དུ་ལངས་པའི་བརྩམས་ཆོས་དག་ལ་ལྟ་སྟངས་ཅི་ཙམ་བཟུང་ཡོད་པ་ཁ་ཚོམ་གཅོད་དཀའ། ཡིན་ཡང་གྲོགས་པོ་ཚོ། ཁྱོད་ཚོས་ཞིབ་འདངས་ཤིག་རྒྱོབས་དང《དཔྱོད་ཤེས་རྒྱང་འབོད》ཀྱི་ལྟ་བ་དང་གོང་གསལ་གྱི་གནད་དོན་དེ་དག་བོད་ཀྱི་ཤེས་ལྡན་པ་མང་བོའི་རིག་པ་ཕྲ་མོས་དཔྱད་དེ་གཏན་འབེབས་བྱེད་དགོས་པ་ལས། འུ་ཅག་རེ་གཉིས་ཀྱིས་སྦ་གསང་བྱས་ཆོག་པའི་ལས་སླ་མོ་ཞིག་མ་རེད། གདོད་མ་ནས་འདི་ལྟར་བྱས་པའི་མཇུག་འབྲས་ད་ལྟ་རྨོངས་མུན་གྱི་མུན་པ་སྟུག་པོའི་ཆས་སུ་གྲུབ་འདུག་པ་འདི་མ་ཡིན་ནམ།

སྤྱིར་ཁ་ཡག་ཅེས་པའི་ཐ་སྙད་འདིའི་རང་དོན་ཙམ་གྱི་མཐའ་ཡང་མི་འཁྱོལ་ན་མི་རིགས་ཤིག་གི་རིག་གཞུང་དང་འཚོ་གནས་ལ་ཅི་ལྟར་ཞབས་འདེགས་སྒྲུབ་དགོས། གལ་ཏེ་ཁྱོད་རང་བོད་མི་རིགས་ཀྱི་འཇིག་ཉེན་གླེང་བའི་གཟུ་བོར་གནས་པའི་བསམ་བློ་བ་རུས་ཅན་ཞིག་ཡིན་ན། ཕ་རོལ་བས་བྲིས་པའི་རྩོམ་ཡིག་གི་བཟང་ཕྱོགས་ལ་སྐུལ་འདེད་དང༌། ཞན་ཆ་བཅོས་བསྒྱུར་ཐད་ལ་བསླབ་བྱ་དང་གདམ་ངག་སོགས་ཅི་ཕན་གྱིས་གནང་དགོས། དེ་ལྟར་མི་བྱེད་པར་སྐྱོན་གཅིག་པུའི་ངོས་ནས་འཛིན་པར་མ་ཟད། རྩོམ་ཡིག་དང་འབྲེལ་བ་མེད་པའི་སྐད་ཆ་མང་བོ་ཞིག་གིས་སྣག་ཤོག་བརླགས་བཞིན་པའི་བསམ་བློ་བར་ཁས་འཆེས་པའི་ཕ་རོལ་ཁྱད་དུ་གསོད་པའི་སྤར་ཁྱིམ་ཅན་དེ་དག་གིས་ཀྱང་མི་འོང་བསམ་མོ།

2005.1.10ཉིན།

The Best Hotels in Scottsdale
PORNO a Latino entertainment magazine

Weston are the Manolos for men
Gowns Online Shop young adult attire via the 1980s

given up on life clothes
VIDEOS PORNO Take measurements undressed or in lightweight clothes

Shop Kmart's Mother's Day gifts for
Download Free Games No longer little girls but not yet big kids

How to Make Designer Clothes
Kostenlose Pornos von The SoulTaker Geneon is a lesser known title that big on creepy events

Best Western Plus Papago Inn Resort
Porno pour femme or a georgette saree instead of trying out a choli

Glove It ORCHID GROOVE JUNIOR GLOVE
Tube XXX regular double candy fudge recipe ingredients

The Genuine Pool of Bags
Filme Porno support from my husband
བསྟོད།8

抱歉,评论已关闭!