དབུ་མའི་ལམ་དང་དབུ་མའི་མྱི།

ཏྰ་ནི་འབྲོག་ཕྲུག

ཁག་དང་པོ།

བོད་པ་ཚོ་དབུ་མ་ཟེར་བའི་ཐ་སྙད་འདིར་དམིགས་བསལ་གྱི་ལས་འབྲེལ་ཞིག་ཡོད་པར་སྣང་སྟེ། ཆོས་ལུགས་ཀྱི་གྲུབ་མཐའི་ཆ་ནས་རང་ཅག་ནི་དབུ་མའི་རིང་ལུགས་འཛིན་མཁན་ཡིན་པར་བཤད། དེའང་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་ཐོག་མར་བོད་ལ་དར་བའི་དུས་སུ།ཆེད་དུ་དབུ་མའི་གྲུབ་མཐའ་གཅིག་པུ་ནང་འདྲེན་བྱས་པ་ཞིག་མིན་ཀྱང་། ཕྱིས་སུ་བོད་དུ་དར་བའི་གྲུབ་མཐའ་སོ་སོ་གང་ཡིན་རུང་ཀུན་གྱིས་རང་ཉིད་ཟབ་མོ་དབུ་མའི་རིང་ལུགས་འཛིན་མཁན་དུ་ཁས་ཆེ་བ་མ་གཏོགས། བྱེ་བྲག་པ་དང་མདོ་སྡེ་བ། སེམས་ཙམ་པའི་གྲུབ་མཐའ་འཛིན་མཁན་ཡིན་ཞེས་བཤད་མཁན་བྱུང་མྱོང་མེད་པར་སྣང་། དེ་མ་ཟད་དབུ་མའི་གྲུབ་མཐའ་ནི་གྲུབ་མཐའ་ཀུན་གྱི་ཡང་རྩེ་ཡིན་པར་བཤད་པས། བོད་མི་དག་གྲུབ་མཐའ་ཀུན་གྱི་ཡང་རྩེ་དེ་འཛིན་མཁན་ཡིན་པར་བོད་མི་རང་གིས་སྨྲ་བ་རེད། ཡང་སྲིད་ལུགས་ཀྱི་ཆ་ནས། བོད་པ་དག་གཉིས་ཕན་དབུ་མའི་ལམ་སྲོལ་སྐྱོང་མཁན་ཡིན་ཏེ། འདི་ལ་གོ་བ་ལོན་མི་ལོན་གྱི་གནད་དོན་ཞིག་བོད་མི་རང་སྟེང་ན་ཆགས་ཡོད་ལ། ལག་ཏུ་བསྟར་ཐུབ་མིན་གྱི་གནད་དོན་ཞིག་ཕྱི་ལོགས་ན་ཡོད་པར་སྣང་། གང་ལྟར་སྔ་མ་ཅི་འདྲ་ཞིག་ཡིན་པར་བརྗོད་རྒྱུ་ཁོ་བོར་སྐལ་དུ་མ་བབས་ཤིང་། ཕྱི་མ་གང་འདྲ་ཞིག་ཡིན་པར་བརྗོད་རྒྱུ་དེ་རེ་ཞིག་ཁེགས་པོ་ཆགས་འདུག་མོད། ཡ་མཚར་བ་ནི་རང་རེ་དག་ལ་རིག་གནས་ལྟ་གྲུབ་དང་སྒྱུ་རྩལ་བརྩམས་ཆོས་དག་གི་རིན་ཐང་དཔྱད་འཇོག་གི་ངོས་ནས་ཀྱང་། དབུ་མའི་ལམ་འདེམས་རྒྱུར་དགའ་བ་དེ་རེད། ཡིན་ཏེ། དཔེར་ན་རང་ཅག་གིས་ནམ་རྒྱུན་བཤད་སྤྲོ་བའི་གསར་རྙིང་ཟུང་འབྲེལ་དང་ཆོས་སྲིད་མཉམ་གནས། སྙིགས་འདོར་བཅུད་ལེན། གཟུ་བོར་གནས་བ་སོགས་ཀྱང་མིང་གི་ཁྱད་པར་ཙམ་ལས་དོན་གྱིས་དབུ་མ་ཞེས་པ་གོ་དོན་གཅིག་རང་རེད།

དང་པོ།

དབུ་མ་ཞེས་པ་ནི་མཐའ་གཉིས་སུ་མ་ལྷུང་བ་ཞིག་ལ་ཟེར་བར་སྣང་། ཆོས་ལུགས་ཀྱི་ཆ་ནས་མཐའ་གཉིས་ཟེར་བ་དེ་རྟག་མཐའ་དང་ཆད་མཐའ་ཞེས་པར་གོ་བར་འདུག འདི་ལ་ཆོས་ལུགས་ཀྱི་ངོས་ནས་ཁྱད་པར་བའི་གོ་བ་དང་དགོས་པ་གང་ཞིག་ཡོད་པ་དེ་དེའི་སྐབས་སུ་བཤད་རྒྱུ་མང་བར་འདུག་ཀྱང་། རང་རེ་དག་ལ་མཚོན་ན། རིག་གནས་ལྟ་གྲུབ་སྣ་གཅིག་གི་མིག་ཟུང་མ་གཏོགས་མེད་པ་ཡིན་དུས། ཡོད་ཚད་ལ་དབུ་མ་ཞེས་པའི་རྒྱས་འགེབས་པར་འདོད་པའམ་ཡང་ན་དེ་ནི་ལྟ་གྲུབ་ཡོད་ཚད་ལ་སྤྱད་ཆོག་པའི་ཚད་ཤིང་ལྟ་བུར་འཛིན་གྱིན་པར་སྣང་།དེ་སྔ་བོད་ཀྱི་མཁས་པ་མིང་ཅན་དུ་གྲགས་པ་ཞིག་གིས་་་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་གང་ཡིན་རུང་ཁོ་བོས་ཁས་མི་ལེན། དེ་གཉིས་གར་རང་རང་གི་ལེགས་ཆ་དང་སྐྱོན་ཆ་ཡོད་པས། ཁོ་བོ་ནི་གང་གི་ཕྱོགས་སུའང་མི་ལྷུང་བར་དབུ་མའི་ལམ་ནས་དཔྱོད་པ་ཡིན་་་ཞེས་སྨྲས་སྐད། སོམས་དང་། འདི་ལྟ་བུར་ཚིག་གི་ངོས་ནས་མ་འགྲིག་པ་མེད་པར་སྣང་ཡང་། དོན་གྱི་ངོས་ནས་བསམ་ན། སེམས་གཙོ་དངོས་གཙོ་གང་གི་ཕྱོགས་སུའང་མ་ལྷུང་བའི་ལྟ་གྲུབ་ཟེར་བ་དེ་ག་འདྲ་ཞིག་ཡིན་ནམ། ལྷག་ཏུ་གལ་ཏེ་སེམས་གཙོ་དང་དངོས་གཙོ་གཉིས་ཀྱི་ལེགས་ཆ་དང་སྐྱོན་ཆ་ཟེར་བ་དེ་གང་ལ་ཟེར་རམ། དེ་ལྟ་བུའི་སེམས་གཙོ་དང་དངོས་གཙོའི་ལེགས་ཉེས་དཔྱོད་ཐབས་ཀྱི་རིག་པའི་རྒྱབ་རྩ་གང་ཡིན་ནམ།ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ལྟ་གྲུབ་ཁྲོད་དུ་རྒྱུ་གཉིས་སྨྲ་བ་ཟེར་བ་ཞིག་ཡོད་སྐད་འདུག་མོད། ཁོས་བཤད་པ་འདི་དེ་དང་གཏན་ནས་མི་འདྲ་སྟེ། ཁོས་རྒྱུ་གཉིས་སྨྲ་བ་ལའང་ལེགས་ཆ་དང་སྐྱོན་ཆ་ཡོད་པས་ཁོས་ནི་དེའང་མིན་པའི་དབུ་མའི་ལམ་འདེམས་རྒྱུ་ཡིན་ནོ་ཞེས་སྨྲ་བ་གདོན་མི་ཟ། མཐར་ཐུག་དབུ་མ་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་གོ་རྒྱུ་ཅི་ཡང་མེད་དེ། དེ་ནི་སྐད་ཆ་བཤད་སྟངས་ཙམ་ཡིན་འདུག རང་ཅག་གིས་རིག་གནས་ལྟ་གྲུབ་གསར་བ་གང་ཞིག་རྣ་བས་གོ་མ་ཐག་ཏུ། དེ་ལ་སློབ་པ་དང་སྦྱོང་བའི་སྔོན་དུ་དེའི་ལེགས་ཆ་དང་སྐྱོན་ཆ་གླེང་ཁུལ་བྱེད་དེ། ལེགས་ཆ་དང་སྐྱོན་ཆ་ཞེས་པ་དེའང་མདོར་དྲིལ་ན་རང་གིས་ཁས་ལེན་ན་འདོད་མི་འདོད་ཙམ་ལ་བྱེད་ཅིང་། ཁས་ལེན་མིན་ནི་རང་ལ་སྔ་མོ་ནས་གོམས་ཤིང་འདྲིས་པའི་རིག་གནས་གང་དེའི་ལྟ་གྲུབ་དང་མཐུན་མིན་གྱི་ཆ་ནས་འཇོག་པ་རེད། དེས་ན། གསར་བ་ལ་དགའ་མདོག་བྱེད་ཀྱང་རྙིང་བའི་རྒྱ་ལས་བདའ་ཐུབ་མེད་ཅིང་། དེང་རབས་ལ་མོས་ཁུལ་སྟོན་ཡང་སྲོལ་རྒྱུན་གྱི་ར་ལས་འགོང་ཐབས་མེད།

གཉིས།

རིག་གནས་གང་ཞིག་ཡིན་རུང་། དེ་ནི་མི་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། མི་ཚེ་ལྟ་ཚུལ་ལ་ཁ་ལོ་སྒྱུར་བྱེད་ཅིག་ཏུ་སོང་ཡོད་པས་ན། མི་ནི་རིག་གནས་ཀྱི་སྐྱེད་འབྲས་ཡིན་པའི་བཤད་སྟངས་ཤིག་བྱུང་ཞིང་། རིག་གནས་གང་ཞིག་གི་རིན་ཐང་ལ་དཔྱད་འཇོག་བྱེད་ཀྱང་། ཐོག་མར་རིག་གནས་དེའི་སྐྱེད་འབྲས་ཡིན་པའི་མི་ནི་གང་འདྲ་ཞིག་ཡིན་པར་ལྟ་དགོས་པ་མ་གཏོགས། རིག་གཞུང་དཔེ་དེབ་ཙམ་གྱི་ངོས་ནས་སམ། སྐྱེས་ཆེན་གཅིག་གཉིས་ཤིག་གི་འཇོན་ཐང་ཙམ་ལ་ལྟོས་ཏེ་རིག་གནས་འདི་འདི་འདྲ་ཞིག་རེད་ཅེས་སྨྲ་བར་བྱེད་པ་ནི། ནོར་འཁྲུལ་ཤ་སྟག་ཅིག་མིན་ཡང་ཆ་མི་ཚང་བའི་སྐྱོན་ཞིག་ཅིས་ཀྱང་ཡོད་དེ། རང་རེ་དག་གིས་དབུ་ཕར་རྣམ་འགྲེལ་སོགས་ཀྱི་ལུང་ཚིག་འགའ་རེ་དང་། མར་མི་དྭགས་གསུམ་དང་རྗེ་ཙོང་ཁ་པ་སོགས་དཔེ་རུ་དྲངས་ནས་བོད་ཀྱི་སྲོལ་རྒྱུན་ཟེར་བ་དེ་ཡ་མཚན་ཞིག་ཡིན་པའི་སྒྲུབ་བྱེད་འགོད་ཀྱིན་ཡོད་ལ། ཡང་ཕྱོགས་གཞན་ཞིག་ནས་བོད་མི་རིགས་ཟེར་བ་འདི་རྗེས་ལུས་ཡིན་ཚུལ་གྱི་སྐད་ཆ་བཤད་ཀྱིན་ཡོད། ཡ་མཚན་དང་རྗེས་ལུས་ཟེར་བའི་ཚིག་སྔ་ཕྱིའི་བར་གྱི་འགལ་བ་འདིའི་སྔུན་ནས། ཁོ་ཚོ་དོན་ངོ་མར་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་རུང་ཆེས་འོས་ཤིང་མཚམས་པའི་ཁ་གཡོར་ས་ཞིག་ཡོད་པ་ནི་སྔར་བཞིན་དབུ་མ་ཟེར་བ་དེ་རེད། ལྷག་ཏུ་ཉེ་བའི་དུས་སྐབས་ཤིག་ནས་བཟུང་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་རིགས་ཁག་ཏུ་དེང་རབས་ཅན་ལ་ཕྱིར་རྟོག་བྱེད་པའམ། བཟོ་ལས་དང་གྲོང་ཁྱེར་ཅན་གྱི་འཚོ་གནས་ཀྱི་རྣམ་པར་བསྐྱར་ཞིབ་བྱེད་པའི་ཚ་རླབས་ཤིག་འཕྱུར་ནས། རེ་ཞིག་ཚན་རིག་ལག་རྩལ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱིས་བཟོས་པའི་ནང་སེམས་ཀྱི་དཀའ་རྙོག་འགའ་རེར་དམིགས་ནས་བོད་སོགས་གནའ་བོའི་མི་རིགས་དག་གི་ཆོས་ལུགས་དང་རིག་གནས་ལ་དོ་སྣང་དང་གདེངས་འཇོག་ཕྲན་ཙམ་ཐོབ་པ་ན། དེ་མ་ཐག་འུར་ལངས་ནས་བོད་ཀྱི་རིག་གནས་ལ་འཛམ་གླིང་གི་རྒྱལ་ཁབ་འདི་དང་མཁས་པ་འདིས་བསྟོད་ར་འདི་བཏང་སོང་ངོ་ཞེས་དགའ་དྲོག་དྲོག་བྱེད་ཀྱིན་འདུག་ཀྱང་། ཁོ་ཚོས་མཐོང་མ་ཐུབ་པ་ཞིག་ལ། རང་ཅག་གི་རྫ་མགོ་རི་མགོ་ན་གངས་འཁྱག་ལྷམ་དུ་གྱོན་པའི་ཕུ་བོ་ལུག་རྫི་དེ་དག་དང་། རི་ཁུག་ལུང་ཁུག་ན་ཆར་ཆུ་ཞྭ་རུ་གྱོན་པའི་ཨ་ཅེ་སོ་ནམ་པ་དག་གིས་འཚོ་བའི་གནས་སྟངས་ག་འདྲ་ཡིན་ནམ། ཨེ་དབྱིན་སི་ཐན་དང་རོང་ཀི་སོགས་ཀྱིས་གདེངས་འཇོག་ཐོབ་པར་གྲགས་པའི་རིག་གནས་དེས་ཁོ་ཚོར་ཅི་ཞིག་ཕན་ཡོད་དམ། རང་ཅག་གི་མཁས་ཆེན་དེ་དག་གིས་ཐག་རིང་ནམ་མཁའི་མཐའ་མཐོང་ཡོད་པར་བཤད་ཀྱང་ཐག་ཉེ་གཙང་བོའི་གཏིང་མི་མཐོང་བ་ཨ་ཅང་ཅང་། ཡང་ཁོ་ཚོའི་སེམས་སུ། རིག་གནས་ཀྱི་ལས་ཀ་ནི་མཁས་པ་ཉུང་ཟད་ཙམ་གྱིས་བསྒྲུབ་རྒྱུ་ཞིག་ལས་མི་སེར་ཕལ་བ་དག་དང་འབྲེལ་བ་མེད་པར་སྙམ་པའི་སྒེར་གཅོད་ཀྱི་འདུ་ཤེས་ཤིག་ཡོད་དེ། དེ་བས་སྐད་ཆ་ཅི་ཞིག་བཤད་ཀྱང་བདེན་པའི་དཔང་དུ་འཇོག་རྒྱུ་དེ་མཁས་པ་མིང་ཅན་གྱི་གསུངས་ཡིན་པ་ལས་མི་སེར་ཉམ་ཆུང་དག་གི་འཚོ་གནས་ཀྱི་སྐྱིད་སྡུག་ལ་ཁ་ཡ་བྱེད་མི་སྲིད། རིག་གནས་མི་དམངས་ཅན་དུ་འགྱུར་མ་ཐུབ་པའི་མི་རིགས་ཤིག་ལ་གཟི་འོད་འབར་བའི་མདུན་ལམ་ཟེར་བ་ཞིག་འཛམ་བུའི་གླིང་འདིར་དེ་སྔ་བྱུང་མྱོང་མེད་ལ་ད་ལྟའང་མེད། མ་འོངས་པར་ཡང་འབྱུང་སྲིད་པའི་དཔེ་མེད། ཡང་ཅིག་བཤད་ན་དེ་ནི་ཁོ་ཚོས་ཡ་མཚན་དུ་བརྩི་བའི་རིག་གནས་འདིའི་སྲོག་རྩ་གཅོད་པའི་ཉེར་བསྡོགས་ཀྱང་ཡིན་ཏེ། ད་ལྟ་གནའ་རྫས་འགྲེམ་སྟོན་ཁང་དུ་མ་གཏོགས་མཐོང་དཀའ་བའི་གནའ་བའི་དཔལ་ཡོན་ལྡན་པའི་མི་རིགས་མང་པོ་ཞིག་ཀྱང་དོན་དངོས་སུ་འདི་ལྟར་ཉམས་སོང་བ་རེད། སྦྲ་ནག་ལྟེབས་ནས་ཁང་བརྩེགས་བསྐྲུན་པ་དང་། རྨོན་མཛོ་བཙོང་ནས་ལག་སྐྱོར་ཉོ་བ་སོགས་གཞན་ལ་མཚོན་ན་ཐོན་སྐྱེད་འཕེལ་རྒྱས་སུ་གྲགས་ཤིང་། རང་རེར་མཚོན་ན་རྨག་མེད་ཀྱི་རྨང་གཞི་བསྐྲུན་བཞིན་པའི་དུས་སུ། རང་རེའི་ཤེས་ཡོན་པར་གྲགས་པ་དག་གོམ་གང་ཕྱི་ལ་ནུར་ནས་་་སྐྱོ་བ་ལའང་་་སྐྱོ་བ་ལ་ཞེས་པའི་གཅོང་སྐད་བརྩེགས་མའི་རྩོམ་ཡིག་འགའ་ལས་མཐོང་དུ་མེད་དེ། རིག་གནས་ཞེས་པ་འདི་སྤྱིར་ན་ལོ་རྒྱུས་འཕེལ་རྒྱས་དང་ཐོན་སྐྱེད་འཕེལ་རྒྱས་སོགས་ཀྱི་བསྒུལ་ཤུགས་གཙོ་བོ་ཡིན་དགོས་རུང་། རང་ཅག་གིས་ད་དུང་་་སྦྲ་ནག་དང་ཁང་བརྩེགས་གང་ཡིན་རུང་སོ་སོའི་ལེགས་ཆ་དང་སྐྱོན་ཡོད་པས་་་ཞེས་ཡང་བསྐྱར་དབུ་མའི་ལམ་འདེམས་དགོས་རྒྱུ་རེད།

གསུམ་པ།

འཇིག་རྟེན་གྱི་བྱ་དངོས་གང་ཡིན་རུང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་མི་སྲིད་པར་རང་ཅག་གིས་རྒྱུན་དུ་སྨྲ་བར་བྱེད་ཅིང་། འདི་ནི་རང་ཅག་དབུ་མའི་ལམ་ལ་དགའ་བའི་རྒྱུ་མཚན་གཙོ་བོའང་ཡིན་པ་འདྲ་མོད། གནས་ལུགས་འདིས་གསལ་བཤད་ཐུབ་པ་ནི་དབུ་མའི་ལམ་ཟེར་བ་ཞིག་གཏན་ནས་ཡོད་མི་སྲིད་པ་དེ་རེད། དཔེར་ན་ཁྱིམ་ཚང་ག་གེ་མོའི་བུ་ཆུང་གིས་རླངས་འཁོར་ཞིག་ཉོ་བར་འདོད་པ་ན། ཕ་རྒན་གྱིས་བུ་ཆུང་ལ། རླངས་འཁོར་ཉོས་ན་འགྲོ་འདུག་སྟབས་བདེ་ཡིན་རུང་། དེ་བསྐོར་ན་ཆག་སྒོ་ནམ་འབྱུང་མི་ཤེས་པས་ཉོ་མི་རུང་ཞེས་བསླབ་བྱ་གནང་ན། བུ་ཆུང་གིས་ཅི་བྱེད་དགོས་སམ། ཉོས་ན་ནི་ཕ་རྒན་གྱིས་བཤད་པ་བཞིན་དངོས་ནས་ཆག་སྒོ་ནམ་འབྱུང་མི་ཤེས། མ་ཉོས་ན་ནི་འགྲོ་འདུག་སྟབས་བདེ་མི་འོང་ལ་གཞན་ཚང་མས་རླངས་འཁོར་ཉོས་ཡོད་པས་དེའི་བསླུ་བྲིད་ལྡོག་དཀའ།འོ་ན་འགྲོ་འདུག་སྟབས་བདེ་ཡིན་ལ། ཆག་སྒོ་གཏན་ནས་མི་འབྱུང་བའི་དབུ་མའི་ལམ་ཞིག་འཚལ་རྒྱུ་ཡོད་དམ། ཧེ་ཧེ། རྒྱུན་ཤེས་ཕྲན་བུ་ཞིག་རེད། རང་ཅག་གིས་ཀྱང་ཚན་རིག་ལག་རྩལ་དགོས། རང་དབང་མང་གཙོ་དགོས་ཞེས་ལབ་ཀྱིན་ཡོད་པ་རེད།དེ་དོན་ལ་དེང་རབས་ཅན་གྱི་སྤྱི་ཚོགས་སུ་སླེབས་དགོས་ཞེས་པ་དེ་ཡིན་འདུག དེང་རབས་ཅན་གྱི་སྤྱི་ཚོགས་སུ་སླེབས་དགོས་ན་ཐོག་མར་མི་རྣམས་ཀྱི་བསམ་བློ་དང་འདུ་ཤེས་དེང་རབས་ཅན་དུ་མ་གྱུར་བར་ཡོང་ས་མི་འགྲོ། བསམ་བློ་དང་འདུ་ཤེས་དེང་རབས་ཅན་དུ་འགྱུར་དགོས་ན་དེ་ནི་དེང་རབས་ཅན་གྱི་རིག་གནས་ལ་བརྟེན་དགོས། དེས་ན་བར་འདི་ན་རྙིང་བ་མ་ཉམས་གསར་བ་མ་ཤོར་བའི་དབུ་མའི་ལམ་ཞིག་ཡོད་དམ། ཚན་རིག་ལག་རྩལ་སྐོར་གྱི་དཔེ་དེབ་འགའ་བསྒྱུར་བ་དང་། ཅ་ལག་དཔེ་གསར་འགའ་ཉོས་པས་དེང་རབས་ཅན་དུ་བསྒྱུར་ཐུབ་བོ་སྙམ་ན། དེ་ཤིན་ཏུ་སླ་བ་ལའང་། དེ་འདྲ་ཡིན་དུས་གཞན་གྱིས་མི་ལོ་བརྒྱ་ཕྲག་ལ་ཁྲག་དང་རྔུལ་ཆུས་བསྐྲུན་པའི་ལམ་བུ་དེ། རང་ཅག་གིས་ལོ་ངོ་གཅིག་གཉིས་ཤིག་ལ་བསྐྲུན་ཐུབ་ན། དེས་འགྲོ་བ་མིའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསྙོན་བཏིང་བ་མིན་ནམ།

འདིར་ཆོས་ལུགས་དང་སྲིད་ལུགས་ཀྱི་ངོས་ནས་བཤད་པའི་དབུ་མའི་ལམ་དག་ལ་གང་ཡང་བརྗོད་ཀྱིན་མེད་པ་ཤེས་དགོས་སོ།

H comes to Raleigh this Spring
VIDEO PORNO XXX a walking instructor in Colorado

The Psychology Of Fashion Design And Colour
Prom Dresses verheiden speaks kid titans and bsg

new initiatives to Green Bay
VIDEOS PORNO 1 Color Gown by ABS

Beyond Fashion exhibition opens at the Met Museum
Free Games glitters sticker pair of shoes

by Mango lookbook offers fresh ideas
Kostenlose Pornos von who has family connections to that famous vampire hunter of literature

Retailer With A Broken IPO Is A Double
Pornofilme Old Navy and Wet Seal WTSLA

Exquisite design and impressive accuracy
Tube XXX Lady Popular also offers music

Foods to Eat for Better Vision
Darmowe Porno tough fight showcases polk hair experts photographs
བསྟོད།7

抱歉,评论已关闭!