ལོ་རྒྱུས་ལོག་བཤད་དང་བོད་ཀྱི་སློབ་ཆེན་དགེ་རྒན།

གཙང་ཨ་ཚེ།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དབལ་འབར་རྡོ་རྗེ་ལགས་ཀྱི་གཏམ་བཤད་ཅིག་ལས་འཕྲོས་ནས་གླེང་བ།

མི་རིགས་ཤིག་གི་འཕེལ་རྒྱས་ནི་མི་རིགས་དེའི་རིག་གནས་སློབ་གསོའི་འཕེལ་རྒྱས་ཡིན་ལ་རིག་གནས་སློབ་གསོའི་འཕེལ་རྒྱས་ནི་སྤྱི་མི་རིགས་དེའི་ཤེས་ཡོན་པ་དང་སྒོས་དགེ་རྒན་གྱི་ལས་ཀ་ཡིན།དགེ་རྒན་གྱིས་མི་རིགས་རིག་གནས་ལ་བརྩི་མཐོང་མ་བྱས་ཚེ་མི་རིགས་མིང་མེད་དུ་འགྲོ་བའི་གཞི་རྩའི་གནད་དོན་རེད།དེ་བས་དགེ་རྒན་ནི་མི་རིགས་ཀྱི་ཚེ་སྲོག་ཅིག་རེད།མི་རིགས་ཀྱི་ཚེ་སྲོག་དུ་གྱུར་བའི་དགེ་རྒན་གྱིས་མི་རིགས་རིག་གནས་ལ་བརྩི་མཐོང་མི་བྱེད་པ་ནི་འཇིག་རྟེན་འདིར་བཟོད་དུ་མེད་པའི་སྡུག་བསྔལ་ཆེན་པོ་ཞིག་རེད།
----གླེང་གཞི།

དང་པོ། གཏམ་མགོ་མའི་ནང་ན་ནད་ཅིག་འདུག

པེ་ཅིན་མི་རིགས་སློབ་ཆེན་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དབལ་འབར་རྡོ་རྗེ་ལགས་ཕེབས་ནས་གཏམ་བཤད་ཅིག་གནང་རྒྱུ་ཡིན་པའི་བརྡ་སྦྱོར་བསྒྲགས་བྱུང་། སློབ་གྲྭ་དེ་རུ་བོད་ཀྱི་རིག་གནས་སློབ་གསོ་དང་ཆེད་སྦྱོང་གང་ཡང་མེད། ཡིན་ནའང་བོད་ཀྱི་སློབ་མ་སུམ་བརྒྱར་ཉེ་བ་ཞིག་ཡོད། བོད་ཀྱི་རིག་གནས་ཟེར་བ་ཞིག་ཕར་ཞོག་ཐ་ན་བོད་སྐད་ཙམ་བཤད་མཁན་ཡང་དཀོན་པའི་གནས་འདི་རུ་བོད་ཀྱི་སློབ་དཔོན་ཆེན་མོ་ཞིག་ཕེབས་ནས་གཏམ་བཤད་གནང་རྒྱུ་ཡིན་པའི་བརྡ་སྦྱོར་ཐོས་པ་ན་སློབ་གྲྭ་འདིར་ཡོད་པའི་བོད་ཀྱི་སློབ་མ་ཚོ་དགའ་སྤྲོ་འབུམ་ཕྲག་ཅིག་དང་ལྷན་དུ་སྤྱི་ལོ་༢༠༡༡ལོའི་ཟླ་༤བའི་ཚེས་༧ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་སློབ་གྲྭ་འདིའི་སྣ་མང་སློབ་ཁང་གཉིས་པའི་ནང་དུ་བོད་ཀྱི་སློབ་མ་བརྒྱ་ལ་ཉེ་བ་ཞིག་འདུ་འཛོམས་བྱས།
ཐོག་མར་སློབ་དཔོན་ཆེན་མོ་དབལ་འབར་རྡོ་རྗེ་ལགས་ནས་ཁོང་རང་ཉིད་མཚམས་སྦྱོར་བྱས་པ་དང་ཁོང་ནི་རི་བོ་དགེ་ལྡན་པའི་བསྟན་པའི་བདག་པོ་རྗེ་ཙོང་ཁ་པ་ཆེན་པོའི་འཁྲུངས་ཡུལ་མཚོ་སྔོན་སྐུ་འབུམ་ས་ཆའི་ཡིན་པར་གསུངས་། དེ་རྗེས་སློབ་མ་རྣམས་ཀྱིས་ཁོང་ལ་བོད་སྐད་ཀྱིས་གཏམ་བཤད་གནང་བར་སྐུལ་བཏབས་ནའང་ཁོང་གིས་རྒྱ་སྐད་བཤད་དགོས་པའི་རྒྱུ་མཚན་མང་བོ་གསུང་ནས་རྒྱ་སྐད་ཀྱི་སྟེང་ནས་གཏམ་བཤད་བྱས།
སྤྱིར་ན་ཐེངས་འདིའི་ཚོགས་འདུར་ཞུགས་པའི་སློབ་མ་རྣམས་ནི་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པ་ཡིན་པས་བོད་ཀྱི་ལུང་སྐད་གང་རུང་ཞིག་གིས་གསུང་བཤད་གནང་ན་སྐད་ཀྱི་སྒྲ་གདངས་ལ་དྲག་ཞན་ཅུང་རེ་ཡོད་པའི་སློབ་མ་མང་བོ་ཞིག་གིས་གོ་ཐུབ་རྒྱུ་ཅུང་ཁག་པོ་ཡིན་ནའང་སློབ་མ་རྣམས་ཀྱིས་བོད་སྐད་ཀྱིས་གསུང་བཤད་གནང་བར་རེ་བ་ཆེན་པོ་ཡོད་ལ་ཁོང་ལ་དེ་ལྟར་རེ་འདུན་ཡང་ཞུས་པ་རེད།ཡིན་ནའང་ཁོང་གིས་བསམ་བཞིན་དུ་རྒྱ་སྐད་ཀྱིས་གསུང་བཤད་གནང་།སྐབས་དེ་ནི་ཏག་ཏག་བོད་ནང་ཁུལ་ན་སྐད་གཉིས་སློབ་གསོའི་དོན་རྐྱེན་ལྷུང་གིན་པའི་དུས་དང་ཁེལ་འདུག་ལ་ཁོང་གིས་ཅི་བསམ་མེད་པར་བོད་ཀྱི་སྐད་ཡིག་ནི་བོད་རང་གིས་རང་ལའང་བརྡ་སྤྲོད་མི་ནུས་པའི་སྐད་རིགས་ཤིག་ལ་ངོས་བཟུང་ནས་བོད་སྐད་དོར་ནས་རྒྱ་སྐད་ལ་བསྒྱུརར་དགོས་པའི་བསྐུལ་མ་ལྟ་བུར་རྒྱ་སྐད་ཀྱིས་སྒོ་ནས་བོད་ཀྱི་སློབ་མ་ཚོར་གཏམ་བཤད་གནང་བས་སློབ་མ་རྣམས་ཡིད་སྐྱོ།སེམས་སྡུག བློ་ཕམ་གྱི་ངང་ལ་ལ་གཏམ་བཤད་མ་ཚར་སྔོན་ཕྱིར་བུད་སོང་།ལ་ལ་གཏམ་བཤད་སྐབས་གཉིད།ལ་ལ་ཅི་བསམ་མེད་པར་ཉན་འདུག་ནའང་སེམས་ན་བཟོད་མི་ནུས་པའི་ན་ཟུག་རེ་སྐྱེ་བཞིན་འདུག ཁོང་གི་གཏམ་བཤད་དང་སྐབས་དེའི་ཕ་ཡུལ་གྱི་བོད་སྐད་ཡིག་བྱ་བ་གཉིས་ཟུང་དུ་འབྲེལ་ནས་ན་ཟུག་སྐྱེ་བ་དང་ཁོང་ལྟ་བུའི་བོད་ཀྱི་སློབ་དཔོན་ཆེན་མོ་ཞིག་གིས་རང་གི་སྐད་ཡིག་ལ་བཟུང་པའི་ལྷག་བསམ་མཐོང་ནས་ཡིད་སྐྱོ་བ་སོགས་ཀྱིས་བརྡ་སྦྱོར་ཐོས་པའི་དགའ་སྤྲོ་དེ་སྐྱོ་བ་བཟོད་དུ་མེད་པ་ཞིག་དུ་གྱུར།ཡིན་ནའང་སྐབས་དེར་དྲི་བ་འདོན་དབང་མི་བྱིན་པས་ན་ཟུག་དག་སེམས་སུ་བཅངས་ནས་ཕྱིར་མལ་ཁང་དུ་མི་འགྲོ་ག་མརད་བྱུང་།

གཉིས་པ། སྙིང་རྗེ་སྐྱེ་བའི་བོད་ཀྱི་སྐད་ཡིག

སྔོན་བྱོན་སྐྱེས་བུ་དམ་པ་དག་གིས་རང་གི་ཚེ་སྲོག་དང་བརྗེས་ནས་བོད་ཀྱི་སྐད་ཡིག་འདི་ཉིད་གྲུབ་པ་ཡིན་ལ་མཐོ་བཙན་པོ་དང་བར་བློན་པོ་དམའ་མི་སེར་བཅས་ཀྱིས་དཀའ་བ་མང་བོ་སྤྱད་ནས་སྐད་ཡིག་ལ་བཀས་བཅད་ཐེངས་གསུམ་བྱས་པ་ཡིན།བོད་མི་ཞིག་དུ་སྐྱེས་པ་ཐམས་ཅད་ཀྱིས་བོད་ཀྱི་སྐད་འདི་བཤད་ལ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་དེ་རིང་གི་དུས་འདིར་སླེབས་པ་ཡིན།དེ་རིང་གི་དུས་འདིར་ཕྱི་ན་དཔལ་འབྱོར་སོགས་ཀྱིས་གཉའ་གནོན་དང་ཁེ་དབང་འཕྲོག་གིན་ཡོད་པ་གཙོས་པའི་མི་རིགས་མང་བོ་མཉམ་སྡོད་དང་ཆ་འཕྲིན་བརྡ་གསར་སོགས་ཀྱིས་ཕྱི་ན་རལ་གྲི་སྣོན་པོ་རེ་བསྡེབས་ནས་ཡོང་གིན་ཡོད་ལ།ནང་ན་རང་མི་དག་གིས་ཁ་གསོ་ཐབས་དང་འཚོ་བའི་དགོས་དབང་ག་གེ་མོ་རེའི་ཆེད་དུ་སློབ་སྦྱོང་མི་བྱེད་པ་དང་མི་རིགས་ག་གེ་མོ་རེའི་མིའི་མི་གྲངས་ཀྱི་དམའ་རྩེ་ནས་ཐར་མ་ཐུབས་པའི་རང་སྐད་བཀོལ་སྤྱོད་མི་བྱེད་པ་བཅས་ཀྱིས་སྐྱོ་བ་དང་ཉེན་ཁ།འཆི་བ་སོགས་ཀྱི་འཇིགས་སྣང་མྱོང་གིན་ཡོད།བརྡ་སྤྲོད་ཀྱི་གཞུང་རི་རབ་ལྟ་བུ་དག་འཛམ་གླིང་རིག་པའི་བང་མཛོད་ནང་མི་ཤོང་བ་ཞིག་ཡོད་པའང་ས་དང་རྡུལ་གྱི་གསེང་དུ་ནུབ་གྱིན་པ་འདི་དག་མཐོང་ནས་བོད་མི་མང་བོའི་ཉེ་བའི་ལོ་འདི་འགའི་ནང་དཀའ་བ་བརྒྱ་ཕྲག་རེ་མྱོང་ནས་མྱུར་སྐྱོབ་བྱེད་ཡོད་ནའང།མི་རིགས་ཤིག་གི་རིག་གནས་དང་སྐད་ཡིག་གི་ཚེ་སྲོག་འཛིན་མཁན་གྱི་བོད་ཀྱི་སློབ་ཆེན་སློབ་དཔོན་ཆེན་མོའི་ངག་ནས་ཀྱང་བོད་སྐད་མི་བཤད་དང་བོད་སྐད་ཀྱི་བརྡ་སྤྲོད་མི་ནུས་སོགས་གྲགས་འོང་ན་བོད་སྐད་ཡིག་ནི་ཅི་འདྲའི་སྙིང་རྗེ་བ་ཞིག་རེད་ཨང་།སྔོན་བྱོན་དམ་པ་དག་གིས་ཡོད་ཚད་བློས་བཏང་ནས་བཟོས་པའི་སྐད་ཡིག་འདི་མི་རབས་ང་ཚོའི་ལག་ནས་ཚར་ན་ཅི་འདྲའི་ཡིད་སྐྱོ་བ་ཞིག་ཀྱང་རེད།འདི་དག་རིགས་ཞེན་གྱི་མུ་ཏིག་ལ་ཚོར་བའི་རྒྱུན་ཐག་བྱས་ནས་གླེང་བ་ཡིན་ལ་རིག་པའི་བློ་གྲོས་ལ་དཔྱོད་པའི་རྣམ་དཔྱོད་ཀྱི་ཤེས་རབ་རྒྱུས་ནས་བཤད་ན་མི་རིགས་ཤིག་གི་ལོ་རྒྱུས་མཇུག་སྒྲིལ་དགོས་ན་ཐོག་མར་མི་རིགས་དེའི་སྐད་དང་ཡི་གེ་མཇུག་སྒྲིལ་དགོས་ཞེས་སྐུ་ཞབས་ཟི་ཏ་ལེན་གྱིས་གསུང་བ་དང་པཎ་ཆེན་རིན་པོ་ཆེའི་ཞལ་ནས་མི་རིགས་ཀྱི་རྐང་ཚུགས་དགོས་ན་ཐོག་མར་སྐད་ཡིག་གི་སྟེང་རྐང་ཚུགས་དགོས་ཞེས་གསུང་བར་གཞིར་བཅོལ་དགོས་བས།བོད་སྐད་བཤད་མི་དགོས་ཚེ་མི་རིགས་ཉམས་སོང་ཡང་མི་སྐྱོན་ཟེར་བ་དང་གཅིག་མཚུངས་རེད་ལ་བོད་མི་རིགས་ཀྱི་རིག་གནས་ལས་ཀ་ལས་ཀྱིན་ཡོད་མདོག་ཙམ་གྱི་ཕོགས་ཟན་པའམ་བོད་ཀྱི་སློབ་ཆེན་དགེ་རྒན་གྱིས་བོད་སྐད་ཡིག་ནི་མི་རིགས་ཀྱི་ཚེ་སྲོག་ཡིན་པ་མ་ཤེས་པར་བོད་སྐད་མི་བཤད་ཟེར་ན་བོད་མིང་འདི་འཇིག་རྟེན་དུ་མི་དགོས་ཟེར་བ་དང་གཅིག་མཚུངས་རེད།བོད་ཀྱི་སྐད་ཡིག་ཉམས་གྱུར་ན་བོད་མི་རིགས་ཉམས་ཟིན་པ་ཉིད་ཀྱིས་མ་ཤེས་བ་ཡིན་ཡང་སྲིད་ལ་།ཡང་ན་བསམ་བཞིན་དུ་བོད་མི་རིགས་འཇིག་རྟེན་དུ་གསོན་པའི་བསྐལ་བ་མཐོང་མ་འདོད་པ་ཡིན་སོགས་ཀྱི་དྲི་བ་མང་བོའང་ཁ་བཙུམ་ཡང་མིད་པ་གཤག་ནས་ཤོར་འགྲོ་བ་ཞིག་རེད།

གསུམ་པ། ཁུངས་མེད་ལུང་མེད་ཀྱི་ལོ་རྒྱུས་ལོག་བཤད།

བོད་མི་རིགས་ལ་དམའ་འབེབས་བྱས་པ་དང་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མི་མངའ་བ་གང་ཡིན་ཤོད་དཀའ་མོད།གང་ལྟར་བོད་ཀྱི་ལོ་རྒྱུས་སྐོར་ནས་སྐད་མཐོ་མཐོ་བྱས་ནས་མང་བོ་ཞིག་གླེང་ལ་དེ་དག་གི་རྩ་བ་དང་རྨང་གཞི་ནི་འདི་ལྟ་བུ་སྟེ།༼བོད་མི་རིགས་ནི་པེ་རིགས་དང་ཆྰང་རིགས་ནས་བྱུང་བ་རེད།པེ་མི་རིགས་དང་ཆྰང་རིགས་ནི་གནའ་བོའི་རྒྱའི་རུས་རྒྱུད་ཚོ་བ་གཉིས་ཀྱི་མིང་རེད།ད་ལྟའི་བོད་ཀྱི་དབུས་གཙང་དང་མངའ་རུས་ཕྱོགས་ནི་པེ་རིགས་ཀྱི་རིགས་རྒྱུད་ཡིན་ལ་མདོ་སྨད་ཀྱི་བོད་རིགས་ནི་ཆྰང་རིགས་ཀྱི་རིགས་རྒྱུད་རེད།དེ་བས་བོད་དང་རྒྱ་རིགས་ནི་མི་རིགས་གཅིག་རེད།༽སོགས་གླེང་བ་རེད།
སློབ་དཔོན་ཆེན་མོ་ལགས། ཉིད་ཀྱི་བཤད་ཚུལ་འདི་རྒྱའི་ཡིག་ཚང་ལ་ཁོངས་བཅོལ་ཡིན་བཤད་པར་འདོད།དེ་བས་རྒྱའི་ཡིག་ཚང་ལ་གཞི་བཅོལ་ནས་བཤད་ན།པེ་རིགས་ནི་འཇིག་རྟེན་འདིར་དར་ནས་ལོ་བཞི་སྟོང་ཙམ་ལས་འདུས་མེད་པའི་མི་རིགས་ཤིག་ཡིན་པ་རྒྱའི་ཡིག་ཚང་མང་བོ་མཐུན་ལ་ཆྰང་རིགས་ནི་དར་ནས་ལོ་སུམ་སྟོང་ལས་མ་འདུས་པའི་མི་རིགས་ཤིག་ཡིན་པར་ཡང་རྒྱའི་ཡིག་ཚང་མང་བོ་མཐུན།བོད་མི་རིགས་ཀྱང་རྒྱའི་ཡིག་ཚང་དག་གི་ནང་དུ་ལོ་བཞི་སྟོང་གི་སྔོན་ནས་དར་ཞིང་རྒྱས་པའི་མི་རིགས་ཤིག་ཡིན་པར་བཤད།དེ་བས་བོད་མི་རིགས་ནི་པེ་རིགས་དང་ཆྰང་རིགས་ནས་ཆད་པ་དང་བྱུང་བར་འདོད་ན་ཕ་དང་བུ་མཉམ་གཅིག་དུ་སྐྱེས་པ་རེད་ཟེར་རྒྱུ་ཡིན་ནམ།ཕ་མ་སྐྱེས་སྔོན་ལ་བུ་སྐྱེས་བ་རེད་ཟེར་རྒྱུ་ཡིན།ཆང་རིགས་ནས་བོད་བྱུང་བ་དང་པེ་རིགས་ནས་བོད་བྱུང་བ་ཡིན་ཟེར་ན་མི་འཐད་དེ།བོད་མི་རིགས་ནི་གནའ་སྔ་མོའི་དུས་ནས་བཟུང་མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་བའི་མི་རིགས་ཡིན་པ་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཀུན་གྱིས་ཁས་ལེན་བྱེད་ལ་ཚན་རིག་གིས་ཀྱང་བདེན་དཔང་བྱས་ཡོད་པ་རེད།《བོད་ལྗོངས་ཞིབ་འཇུག་》གི་དུས་དེབ་ཏུ་འཁོད་པ་ལས། ཉིང་ཁྲི་ནས་ཐོན་པའི་མི་རུས་ཀྱི་དུས་ཚོད་ནི་ཧ་ལམ་ལོ་ངོ་ལྔ་སྟོང་ནས་བརྒྱད་སྟོང་བར་དང༌། ཁ་རུབ་ཀྱི་གནའ་ཤུལ་ནི་ལོ་ངོ་བཞི་སྟོང་བདུན་བརྒྱ་ཡས་མས་ཤིག་གི་ཡིན་པར་གསལ།ཅེས་པའི་ལོ་བཞི་སྟོང་གི་སྔ་རོལ་ནས་མདོ་དབུས་མཐོ་སྒང་དུ་མིའི་རིགས་འཚོ་བསྡོད་བྱས་ཡོད་པ་གསལ་བཤད་བྱེད་ཐུབ་ལ་ལོ་ངོ་ཁྲི་ཕྲག་མང་བོའི་སྔོན་ནས་བཟུང་མི་རིགས་ཤིག་གནས་བསྡོད་བྱེད་མྱོང་བ་བདེན་དཔང་བྱས་པ་རེད།མདོ་དབུས་མཐོ་སྒང་དང་བོད་ཟེར་བ་ཞིག་ངོ་ཤེས་ནས་ལོ་བཞི་སྟོང་ཙམ་མ་གཏོགས་སོང་མེད་པའི་རྒྱ་མི་རིགས་མིན་པ་ནི་བློ་དང་མི་ལྡན་ནའང་ཤེས་སྲིད་པ་ཞིག་རེད།རྒྱའི་ཡིག་ཚང་དག་དུ་བོད་མི་རིགས་བྱུང་ནས་ལོ་བཞི་སྟོང་ཙམ་ལས་འདས་མེད་ཟེར་ནི་བོད་ལ་ལོ་རྒྱུས་ལོ་བཞི་སྟོང་ཙམ་ལས་མེད་པ་མིན་ལ་རྒྱ་མི་རིགས་ཀྱིས་བོད་ངོ་ཤེས་ནས་ལོ་བཞི་སྟོང་ལས་སོང་མེད་པ་དེ་རེད།དེ་ནི་རྒྱའི་ཡིག་ཚང་དག་ལས་སྐབས་གང་ཞིག་ནས་ཁོང་ཚོས་ཡིག་ཚང་ནང་ཐ་སྙད་དེ་ཡོད་ན་དེ་ནས་བཟུང་དར་བར་བཤད་པ་ནི་ལོ་རྒྱུས་ཙམ་དུ་མ་ཟད་སྐད་བརྡ་ཞིག་གི་བྱུང་དར་བཤད་ནའང་དེ་ལྟར་འགྲེལ་རྒྱག་པ་དེ་ཡིས་ཤེས་ཐུབ།འདི་ནི་ལོ་ཚིགས་ཀྱིས་བདེན་དཔང་ཙམ་རེད།ཁྱེད་རང་ཉིད་ཀྱིས་གསུང་བ་བཞིན་ཁྱེད་ནི་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ་བོད་ཀྱི་རིག་གནས་དང་སྐད་རིག་གི་ལོ་རྒྱུས་ཀྱིས་ཀྱང་ཁྱེད་ལ་གསལ་བོ་ཞིག་བསྟན་ཡོད་ལ་རྒྱ་མི་རིགས་ལ་རིག་གནས་ཀྱི་ལོ་རྒྱུས་རྐྱང་བ་ལ་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཡོད་ཟེར་ལ་བོད་ལ་མི་རིགས་དར་ནས་ལོ་བཞི་སྟོང་གི་ལོ་རྒྱུས་མ་གཏོགས་མེད་ན་རིག་གནས་ཀྱི་དར་ཆབ་དང་རིག་གནས་ཀྱི་ཟབ་རྒྱ་རྒྱ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་རིག་གནས་དང་བསྡུར་ན་གསལ་བོ་ཤེས་ཐུབ་བོ།ཡང་ཕྱོགས་གཞན་ཞིག་ནས་གླེང་ན་བོད་རང་གི་གནའ་དེང་གི་ལོ་རྒྱུས་སྨྲ་བ་དག་གིས་གསུང་བའི་ལོ་རྒྱུས་དང་བོད་རང་གི་ངག་རྒྱུན་གཏམ་རྒྱུད་དག་ལས་གསལ་བ་ལྟར་བཤད་ན་ལེགས་ཤིང་མི་རིགས་གཞན་ཞིག་ལོ་རྒྱུས་ལྟར་བཤད་ན་ཡ་མ་ཟུང་གི་ལུགས་ཤིག་རེད།ཁྱེད་ཀྱི་ཨ་མྱེའི་ལོ་རྒྱུས་ཁྱེད་ཀྱིས་ཤེས་པ་ལས་ངས་མི་ཤེས་དང་ང་ཡི་ཨ་མྱེས་ལོ་རྒྱུས་ངས་ཤེས་པ་ལས་ཁྱེད་ཀྱིས་མི་ཤེས་པ་བཞིན་བོད་ཀྱི་ལོ་རྒྱུས་བོད་རང་ལ་གསལ་ཆ་ཡོད་པ་ལས་གཞན་ཞིག་གིས་ཤེས་སྲིད་དོ།
དེ་ཡང་ཆྰང་རིགས་ཀྱི་ལོ་རྒྱུས་ཅུང་ཙམ་གླེང་ན་བོད་སྔ་མའི་ལོ་རྒྱུས་ནང་ཆྰང་རིགས་ཟེར་བ་ཞིག་མེད་ལ་ཉེ་བའི་བོད་ཀྱི་ལོ་རྒྱུས་དག་གི་ནང་གསར་དུ་བྱུང་བའི་ཐ་སྙད་ཅིག་རེད།དེ་ལ་དཔོག་ན་ཆྰང་རིགས་ཟེར་བ་འདི་བོད་སྔ་མའི་དུས་སུ་ཆྰང་རིགས་ཟེར་བ་ཞིག་བྱུང་མ་མྱོང་བ་དང་རྒྱ་དང་ཡང་ན་མི་གཞན་གྱི་ཐ་སྙད་ཅིག་ཡིན་པ་ནི་ཤེས་ཐུབ།བོད་ཆྰང་གི་རྒྱུད་པ་ཡིན་ཟེར་བ་དེ་ཁུངས་མེད་ལུང་རྫུན་ཞིག་ཡིན་པ་ཤེས་ཐུབ།རྒྱ་མི་རིགས་ཀྱིས་གནའ་སྔ་མོའི་དུས་མདོ་དབུས་མཐོ་སྒང་གི་ཡུལ་ཕྱོགས་སྤྱིའི་མི་རིགས་ཚང་མའི་སྤྱི་མིང་ལ་ཆྰང་ཞེས་འབོད་ལ་ཆྰང་ནི་ལུག་འཚོ་བའི་མི་ལ་གོ སྐབས་དེར་མཐོ་སྒང་ན་ལུག་འཚོ་བའི་མི་རིགས་སོག་པོ་སོགས་མང་བོའི་སྤྱི་མིང་དུ་འབོད།དེ་བས་བོད་ཆྰང་གི་རྒྱུད་ཡིན་ཟེར་བ་ནི་ནོར་བ་སྟེ་ཆྰང་བོད་ཀྱི་རྒྱུད་པ་ཡིན།གནའ་བོའི་དུས་སུ་བོད་ཀྱི་མི་རིགས་སྤྱི་འམ་ཡང་ན་རུས་རྒྱུད་ཚོ་བ་ཞིག་གིས་ལུག་དང་ཡང་ན་ལུག་གི་ནང་ནས་ཁྲོམ་སྲུང་མར་བཀུར་བའི་སྲོལ་ཞིག་ཡོད་ལ་དེ་བས་མི་རིགས་གཞན་གྱིས་ཁོང་ཚོས་སྐད་གདངས་ལྟར་ཆྰང་ཞེས་བོས་པ་རེད།ཆྰང་གི་སྒྲ་དོན་ནི་ལུག་འཚོ་བའི་མི་ལ་གོ་བའི་ཡིན།དེ་ཡང་རྒྱའི་ཡི་གེའི་ནང་ཆྰང་འདི་ལྟར་འབྲི་སྟེ༼羌༽ཆྰང་ཟེར་བ་ནི་ཐོག་དུ་ལུག༼羊༽དང་འོག་དུ་མི་དང་ཡང་ན་བུ་ཆུང་༼儿༽གཉིས་ཀྱིས་གྲུབ་པའི་ཡི་གེ་ཞིག་རེད།དེ་ཙམ་ལ་དཔོག་ནའང་སྲུང་མ་ལུག་གིས་བསྐྱང་བའི་མི་རིགས་སམ་ལུག་ལ་བརྟེན་ནས་འཚོ་བ་རོལ་མི་རིགས་ཞིག་བསྟན་ཡོད་པའི་རྒྱ་སྔ་མའི་མཐོ་སྒང་གི་ལུག་འཚོ་བའི་མི་རིགས་སྤྱི་ལ་འབོད་པ་ཡིན་གྱི།བྱེ་བྲག་བོད་ཀྱི་ལུག་སྲུང་མར་བཀུར་བའི་རུས་རྒྱུད་ཚོ་བར་འབོད་པ་ཡིན།དེ་ལས་ཀྱང་སྔ་ཕྱི་གཉིས་ལས་ཕྱི་མ་ཡིན་པར་འདོད།གང་ཞེ་ན།ད་ལྟའི་སི་ཁྲོན་རྔ་བ་ས་ཆའི་ཆྰང་རིགས་སུ་ངོས་བཟུང་ཡོད་པའི་མི་རྣམས་ཀྱིས་སྐད་དང་ལུགས་སྲོལ་གོམས་གཤིས་སོགས་བོད་དང་ཧ་ཅང་འདྲ་བ་དང་གཅིག་མཚུངས་ཡིན་སའང་ཧ་ཅང་མང་བ་དང་ད་དུང་ཁོང་ཚོས་ཁོང་ཚོ་ནི་བོད་ཡིན་ཟེར་བ་དེའི་རྟོགས་ཐུབ།དེ་བས་ཆྰང་རིགས་བོད་ཀྱི་སྲུང་མར་ལུག་བཀུར་བའི་རུས་རྒྱུད་ཚོ་བ་ཞིག་གི་རྒྱུད་པ་ཡིན་པ་དང་ཆྰང་བོད་ཀྱི་རྒྱུད་ཡིན་པ་གསལ་བཤད་བྱེད་ཐུབ།དེ་བཞིན་ཆྰང་རིགས་ནི་རྒྱའི་རུས་རྒྱུད་མིན་པའང་གསལ་བཤད་བྱེད་ཐུབ་བོ།ཡིན་ནའང་ཉིད་ནི་སློབ་དཔོན་ཆེན་པོ་རང་ཡིན་པས་ལོ་རྒྱུས་དང་དངོས་ཡོད་འཚོ་བ་སོགས་ཅི་ལའང་བསམ་བློ་མི་གཏོང་བར་གང་འདོད་ཅི་འདོད་དུ་བཤད་ཆོག་པས་ལོ་རྒྱུས་དཔེ་ཆ་མང་བོའང་བཀླགས་ཡོད་མི་སྲིད་པ་ནི་ཁྱེད་རང་སློབ་དཔོན་ཆེན་མོ་རང་ཡིན་པའི་རྟགས་མཚན་རེད།
པེ་རིགས་ནས་བོད་ཀྱི་རིགས་རྒྱུད་དར་ཟེར་དེ་སྐོར་ཕྱོགས་ཙམ་གླེང་ན་དགོད་བྲོ་ཞིག་རེད་ལ་སྤྱིར་ན་ཁྱེད་ཀྱི་གསུང་འདི་དགོད་ཁ་འཆོར་བ་ཞིག་རེད།བོད་པེ་རིགས་དང་ཆྰང་རིགས་ལས་བྱུང་བ་ཡིན་ཟེར་བ་དེ་དོན་དམ་པར་བུ་གཅིག་ཨ་མ་གཉིས་ལ་སྐྱེས་ཟེར་བ་དང་ཆ་འདྲ།གོང་དུ་བཤད་ཟིན་པ་བཞིན་ལོ་ཚུགས་ཀྱི་དབང་དུ་བྱས་ན་པེ་རིགས་བྱུང་ནས་ལོ་བཞི་སྟོང་ཙམ་ལས་འདས་མེད་པས་ཕ་བུ་གཉིས་ཀ་མཉམ་གཅིག་དུ་སྐྱེས་སོང་ཟེར་དགོས་འདུག་ལ་དེ་ལྟར་མི་གླེང་གླེང་བའི་དགོས་པའང་ཆུང་ངོ།དེ་ན་བོད་ཀྱི་སྔ་ཕྱིའི་ལོ་རྒྱུས་ཡིག་ཚང་མང་བོའི་ནང་དུ་བོད་རིགས་པེ་རིགས་ནས་བྱུང་ཟེར་བའི་ཚིག་གི་ཟུར་སྣེ་ཙམ་ཡང་མཐོང་མི་ཐུབ་ལ་པེ་རིགས་ཟེར་བའི་ཐ་སྙད་ཙམ་ཡང་མཐོང་མི་ཐུབ་པ་ཞིག་རེད།ཡིན་ནའང་རྒྱུའི་ལོ་རྒྱུས་ལ་ལར་བོད་དང་ཚོང་འབྲེལ་ཡོད་པའི་མི་རིགས་ཤིག་ཡིན་པར་བཤད།ད་ལྟ་པེ་རིགས་ད་དུང་ཇ་ལོའི་རིག་གནས་དར་བའི་མི་རིགས་ཤིག་རེད་ལ་གནའ་སྔ་མོར་བོད་དང་ཇ་ལོའི་ཚོང་འབྲེལ་བྱས་བར་བཤད།པེ་རིགས་ནི་ཇ་ལོ་ལ་བརྟེན་ནས་འཚོ་རོལ་བའི་མི་རིགས་ཤིག་ཡིན་པར་བཤད།དེ་ན་མཐོ་སྒང་དུ་ནོར་ལུག་འཚོ་བའི་ང་ཚོ་དང་འབྲེལ་བ་མེད་པར་བསམ།ཇ་ལོ་མཐོ་སྒང་དུ་མི་སྐྱེ་བ་དང་ཇ་ལོའི་ཐོན་ཁུངས་གཙོ་བོ་ཡུལ་དམའ་སར་ཡོད་པ་དང་བོད་ལ་ཇ་ལོ་བཙན་པོའི་དུས་སྐབས་སུ་དར་བ་བོད་ཀྱི་ལོ་རྒྱུས་མང་བོའི་མགྲིན་གཅིག་ཁས་ལེན་པ་དེ་ཡིས་ཡིན།དེ་ན་པེ་རིགས་གང་ནས་བྱུང་བ་དང་པེ་རིགས་ཀྱི་མེས་པོ་སུ་ཡིན་ལ་དཔྱད་པ་ཞིག་བྱེད་དགོས་འདུག དེ་ཡང་རྒྱའི་ཡིག་རྙིང་དག་གི་ནང་དུ་པའེ་མི་རུ་འབོད་ལ་དེ་ཡང་སྔོན་ལྷོ་ནུབ་དུ་གནས་མི་རིགས་སྤྱི་ལ་འབོད་པ་དང་རིམ་བཞིན་པེ་རིགས་རྐྱང་བ་ལ་དེ་ལྟར་འབོད། པོའོ་མི་ཞེས་པའི་སྐད་དོད་ནི་ཚེར་མའི་འོག་གི་མི་ཡིན།དེ་ཡང་རྒྱ་ཡིག་ནས་པོའོ་མི་འབྲི་བ་ལ་པོའི་མི་༼僰人༽ཡི་པོའོ་༼僰༽ནི་ཚེར་མ་༼朿༽གཉིས་༼ 棘༽མཉམ་དུ་སྒྲིག་ནས་འོག་དུ་མི་༼人༽ཞིག་གིས་གྲུབ་པ་རེད།དེ་ནི་སྔོན་རྒྱའི་ལྷོ་ནུབ་ཕྱོགས་ཀྱི་མི་རིགས་ཁག་སྟོན་དཔྱིད་ཀྱི་ཆར་ཆུ་ལ་གཞོལ་ཕྱིར་ཚེར་མའི་སྡོང་བོའི་འོག་དུ་འདུག་པས་ཚེར་ལྡོང་འོག་གི་མི་ཞེས་འབོད་པ་རེད།དེ་བས་ན་པེ་རིགས་སམ་པོའོ་མི་ནི་ཚེར་སྡོང་སོགས་སྐྱེ་བའི་ས་དམའ་སར་འཚོ་སྡོད་བྱས་ཤིང་མཐོ་སྒང་ཚེར་མ་སོགས་སྐྱེ་བའི་ས་ཆར་གནས་བའི་མི་རིགས་ཤིག་མིན་པ་ནི་ཤེས་ཐུབ།དེ་བས་ས་གནས་ཀྱི་དབང་དུ་བྱས་ན་པེ་རིགས་དང་བོད་རིགས་གཉིས་མི་རིགས་སོ་སོ་གཉིས་རེད།ཡིན་ནའང་པེ་རིགས་ཀྱི་མི་སྐོར་ཞིག་གིས་བོད་སྐད་སྤྱོད་པ་དང་བོད་ཀྱི་གོམས་གཤིས་སོགས་དང་འདྲ་བ་འདི་ལ་བསམ་བློ་ཞིག་གཏོང་དགོས་འདུག་ལ་དེ་ནི་བོད་ཀྱི་མཐའ་སྲུང་དམག་མི་མང་བོ་མི་རིགས་གཞན་ལ་འདྲེས་སོང་བ་སོགས་མང་ལ་དེ་དག་ནི་དེའི་རིགས་ཤིག་ཡིན་པར་འདོད།རྒྱུ་མཚན་གང་ཞེ་ན།པེ་རིགས་ལའང་ཁོང་ཚོའི་སྐད་ཡིག་ཡོད་ལ་བོད་པེ་རིགས་ནས་བྱུང་བར་འདོད་ན་བོད་ཀྱི་མི་ཡིས་ཀྱང་པེ་རིགས་ཀྱི་སྐད་སྤྱོད་སྲིད་མོད་བོད་མི་པེ་སྐད་སྤྱོད་མཁན་ཞིག་ནི་ཉིན་མོའི་སྐར་མ་བཞིན་འཚོལ་དཀའ་བ་ཞིག་ཡིན་པ་འདིའི་བོད་པེ་རིགས་ནས་བྱུང་བ་མིན་པ་གསལ་བཤད་བྱེད་ཐུབ་པ་ལས་པེ་རིགས་བོད་སྐད་སྤྱོད་མཁན་རེ་ཡོད་པ་འདིའི་པེ་རིགས་བོད་ནས་བྱུང་ཡིན་པའི་བདེན་དཔང་ཙམ་ཐུབ་བོ།ཡང་ཕྱོགས་གཞན་ཞིག་ནས་གླེང་ན་མི་རིགས་དེ་གཉིས་ཀྱི་གང་ཡིན་འང་རྒྱའི་རིགས་རྒྱུད་ཡིན་པའི་ངེས་པ་མེད་ལ་བོད་ཀྱི་རིགས་རྒྱུད་ཡིན་ཆོག་པའི་བདེན་དབང་མང་བོ་ད་ལྟའི་འཚོ་བ་དང་སྔོན་གྱི་ལོ་རྒྱུས་སོགས་མང་བོ་ཞིག་ནས་རྙེད་ཐུབ།མི་རིགས་དེ་གཉིས་ཀྱི་གང་ཡིན་ཡང་གཅིག་མཚུངས་སུ་བོད་སྐད་སྤྱོད་མཁན་ཡོད་པ་དང་བོད་སྐད་ཀྱང་གནའ་བོའི་བརྡ་རྙིང་ཡིན་པ་སོགས་ལ་དཔག་ན་བོད་བཙན་པོའི་སྐབས་ཀྱི་མཐའ་སྲུང་དམག་གི་རྒྱུད་པ་ཡིན་པ་རྟོགས་ནུས་པ་དང་འཚོ་བའི་གོམས་གཤིས་སོགས་བོད་དང་འདྲ་བོར་ཡོད་པའི་བོད་ཀྱི་མི་རིགས་ཀྱི་རྒྱུད་པ་ཡིན་པ་ར་སྤྲོད་ཐུབ།ཡིན་ནའང་བོད་རང་གི་ལོ་རྒྱུས་རྣམས་སུ་ཆྰང་རིགས་ལས་པེ་རིགས་བོད་རིགས་ཡིན་པའི་ལོ་རྒྱུས་སོགས་མ་མཐོང་བའི་འདིར་གླེང་མི་སྤྲོའོ།

བཞི་བ། མཇུག་བསྡུ་བ་དང་ཁ་ཏ་སློབ་གསོ།

ཀྱེ།སློབ་དཔོན་ཆེན་མོ་ལགས།ཁྱེད་ནི་མི་རིགས་ཤིག་གི་མིག་གི་བལྟ་ས་དང་རྣ་བའི་ཉན་ས་ཡིན་པའི་ཁྱེད་ནི་མི་རིགས་ཤིག་གི་སྲོག་ཤིང་ལྟ་བུར་གྱུར་ཡོད།ལྷག་པར་དུ་ཀྲུང་དབྱངས་མི་རིགས་སློབ་ཆེན་ལ་མཚོན་ན་བོད་ཀྱི་སློབ་མ་ཡ་རབས་རྐྱང་རྐྱང་ལས་འགྲོ་མི་ཐུབ་པའི་སློབ་གྲྭ་ཞིག་རེད་ལ་བོད་ཀྱི་ས་ཆ་སོ་སོ་ནས་ལོ་རེར་སྔོན་ཐོན་སློབ་མ་དག་གདམས་ནས་སློབ་གྲྭ་དེར་སྐྱེལ་བ་རེད།བོད་ཀྱི་རིག་གནས་དང་སློབ་གསོ།མདོར་ན་བོད་ཀྱི་ཡོད་ཚད་ལ་རག་ལས་པའི་སློབ་གྲྭ་ཞིག་རེད།དེ་བས་ཁྱེད་ནི་སློབ་གྲྭ་དེའི་སློབ་གསོ་གཏོངས་བ་བོ་ཡིན་པས་ན་ཁྱེད་ནི་རིག་གནས་ཀྱི་ཕྱུགས་དགོས་པ་བཤད་མི་དགོས་ལ་དེ་ལས་ཀྱང་བོད་མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་ལ་རྒྱུས་མངའ་ཡོད་དགོས།ཁྱེད་ཀྱི་ཐེངས་འདིར་གསུང་བ་བཞིན་བོད་སྐད་མི་བཤད་དང་བོད་ནི་མི་རིགས་གཞན་གང་ཞིག་གི་རྒྱུད་པ་ཡིན་ཟེར་བ་ནི་བོད་མི་རིགས་ཀྱི་སློབ་གསོ་བའམ་ཤེས་ཡོན་པ་ཙམ་དུ་མ་ཟད་འབྲོག་པ་ཟོག་རྫི་ཞིག་ཡིན་ནའང་བཤད་མི་སྲིད་པའི་གཏམ་ཞིག་རེད།ཁྱེད་ནི་བོད་ཀྱི་ཤེས་ཡོན་པའི་ནང་ནས་ཀྱང་ཤེས་ཡོན་པར་སློབ་གསོ་བྱེད་མཁན་གྱི་མི་སྣ་གྲགས་ཆེན་ཞིག་རེད།མི་རིགས་གང་དང་གང་ཡིན་ནའང་ཤེས་ཡོན་པས་སྣེ་ཁྲིད་བྱས་ནས་འཛམ་གླེང་སྔོན་ཐོན་མི་རིགས་སུ་འགྱུར་བ་རྗེས་སྙེགས་པ་རེད་ལ་ཁྱེད་ནི་བོད་ཀྱི་ཤེས་ཡོན་པའི་གར་སྟེགས་ཀྱི་མཐོ་སར་བཞུགས་ནས་བོད་མི་རིགས་འདི་ལྟར་སྔོན་ཐོན་གྱི་ལམ་དུ་ཁྲིད་འདོད་པ་ཡིན་ན་འདི་ནི་ཁྱེད་ནོར་འཁྲུལ་གནམ་འོག་དུ་མི་ཤོང་ཞིག་རེད།མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་ཀུན་གྱི་སྲོག་ཤོང་དུ་གྱུར་བའི་སྐད་ཡིག་དོར་ཟིན་ན་མི་རིགས་དེ་འཇིག་རྟེན་དུ་གནས་པའི་བསྐལ་བ་མེད་པའི་ཕྱིར་རོ།ཁྱེད་ཀྱིས་བསམ་བཞིན་དུ་བོད་མི་རིགས་ཚར་དུ་འཇུག་འདོད་པ་ཡིན་ན་ཁྱེད་ཀྱི་ཐབས་བཀོལ་དེ་འགྲིག་མོད།བོད་མི་རིགས་ཀྱིས་ཁྱེད་ལ་སྐར་མ་གང་ཡང་མི་ཆད་པས་ཁྱེད་ཀྱིས་བོད་མི་རིགས་ལ་འདི་ལྟར་བྱེད་དོན་མི་འདུག་ལ་རྒྱུ་འབྲས་མི་བརྩི་བར་འདི་ལྟར་བྱེད་ན་ཁྱེད་དམྱལ་བར་སྐྱེ་ངེས་ཡིན་ལ་དམྱལ་བར་སྐྱེ་བའི་རྒྱུ་མི་དགེ་བའི་ལས་བསགས་ཡོད་པའི་ཕྱིར་རོ།ལོ་རྒྱུས་ལོག་བཤད་ཀྱི་ཉེས་པ་ལ་ཁྱེད་ཀྱིས་བོད་ཀྱི་ལོ་རྒྱུས་མ་ཤེས་བ་ཡིན་སྲིད་བདག་གིས་ཁྱེད་ལ་ཁྲིམས་ཐག་ཡང་མོ་ཞིག་བཅད་ཀྱང་ཆོག་མོད་རྗེས་ཕྱོགས་ད་དུང་འདི་ལྟར་བཤད་ན་དམྱལ་བར་སྐྱེ་བའི་ཁྲིམས་འབབ་ལ་དེ་ཡང་རྒྱུ་ཤེས་ཀྱང་ལོག་བཤད་བྱས་ནས་མི་དགེ་བའི་ཉེས་པ་བསགས་ཡོད་པའི་ཕྱིར་རོ།འདི་དག་ནི་བདག་གིས་ཁྱེད་ཁ་ཏ་སློབ་གསོ་ཙམ་བྱས་པ་ཡིན།གལ་ཏེ་བདག་གི་སྐད་ཆ་དག་བློར་མི་འབབ་པ་དང་བདེན་པར་མི་བསམ་ཚེ་བདག་ལ་དགག་ལན་ཞིག་གནང་རོགས།ཡིན་ནའང་བདག་གིས་བསམ་པར་ཁྱེད་ཀྱིས་བདག་ལ་ལན་ཞིག་མི་ཐོབ་པར་འདོད་ལ་འེ་ཐོབ་གྱི་བསམ་པའང་མེད།དེ་ན་འདི་ནི་ཅི་ཡིན་ཞེ་ན།ཁྱེད་ལ་ཁ་ཏ་སློབ་གསོ་ཞིག་བྱས་པ་དང་ཤེས་བྱ་ཕྲན་ཙམ་གྱིས་མན་ངག་ཅིག་གནང་བ་ཡིན།དེ་ལའང་རྒྱུ་མཚན་ཞིག་ཡོད་དེ་ཁྱེད་ནི་ཁ་ཏ་སློབ་གསོ་དང་ཤེས་རིག་གི་དབུལ་བའི་གང་ཟག་དེ་ཡིན་པའི་ཕྱིར།

ཞེས་གཙང་ཨ་ཚེ་རུ་འབོད་པས།

A Closer Look at 2 Tech Giants
PORNO Any person male or female can participate in modeling auditions

Day Threats and High Spam Levels
Wedding Dresses The shirts were often worn in layers

How To Ride The Subway
VIDEOS PORNO worn by men in the earlier part of the nineteenth century

Expressing Style in Unique Way
Free Games I also wear classic pieces

Back to School Fashion Tips for 15 Year Olds
Kostenlose Pornos von and Velma was the brains

Q with Bay Area Fashion Stylist Ferriss Mason
Pornofilme and also its very narcissistic

Macy's Glamorama 2013 celebrates Fashion in a New Light
free porno Refer to Reference 2 for a complete list

A Career as a Fashion Editor
Free Porno Wife So you need to intern
བསྟོད།8

抱歉,评论已关闭!