ཕྱི་ལག་ལེན་གྱིས་མ་འདང་བའི་ཆ་དེ་གང་ཡིན་ནམ།

ལྷམ་ཀོག

ང་ཚོའི་བོད་མི་རིགས་ནི་ནང་བསམ་བློའི་ཆ་ནས་ཕྱུག་པོ་ཡིན་རུང་། ཕྱི་ལག་ལེན་གྱི་ཆ་ནས་རྗེས་སུ་ལུས་ཡོད་པར་གསུངས་འདུག གསུང་ཚིག་འདིའི་ཚིག་རིས་ཇི་བཞིན་ཁོ་བོའི་ཡིད་དུ་མ་འཁོར་བས་དགོངས་དག

རེད་དེ་ངེད་ཅག་གི་ནང་བསམ་པའི་དཔལ་ཡོན་གྱི་ཆ་ནས་ཕྱུག་པོ་རེད། དེའི་ཕྱིར་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ཆོས་ལུགས་ཀྱིས་མཚོན་པའི་བསམ་བློ་ཁོ་ནས་རིག་གཞུང་ལ་འགྲམ་ཆུ་ལྡང་དགོས་པ་མི་འདུག་མོད། ཕྱི་དངོས་པོའི་ཆ་ནས་རྗེས་སུ་ལུས་ཡོད་པ་དངོས་ཐོག་དང་དོན་ཐོག་ཡིན་པས། ངེད་ཅག་གིས་བསླབ་དགོས་པ་མང་པོ་འདུག འདི་རུ་གསལ་དགོས་པ་ཞིག་ལ། ཕྱིའི་དངོས་པོ་ཟེར་བ་དེ་གང་ཞིག་ལ་ངོས་འཛིན་དགོས་པ་ཡིན་མིན་གྱི་ཐད་ནས་ཞལ་གསལ་དུ་གསུངས་མི་འདུག་རུང་། ཕྲན་ཅག་གིས་བལྟས་ན། སྡོད་སའི་ཁང་བ་ནས། གྱོན་རྒྱུའི་གོས། བཟའ་རྒྱུ་དང་བཏུང་རྒྱུའི་སྐོར། གནམ་གྲུ་དང་མཚོ་གྲུ་ནས། མེ་འཁོར་དང་རླངས་འཁོར་བར་འགྲིམ་འགྲུལ་གྱི་ཡོད་བྱད་དག་རང་ཅག་གིས་འདུ་བྱེད་ལས་བྱུང་བ་གཅིག་ཀྱང་མེད་ལ། དེ་དག་གི་ཕྱོགས་སུ་འབད་འབུངས་བགྱིད་པའི་སེམས་འདུན་གཅིག་ཀྱང་མེད་པས་ན་གསུང་འདི་ཐལ་བ་ཡིན་ནམ།

དེའི་ཕྱིར་ངེད་ཅག་གིས་སྐབས་སུ་བབ་པ་ནི་གསུང་ཚིག་རྗེས་མ་སྟེ་ཕྱིའི་དངོས་པོའི་ཆ་ནས་རྗེས་སུ་ལུས་པའི་སྟོང་ཆ་སྐོང་དགོས་པར་དགོངས་ཚུལ་བཏོན་ཡོད་པ་རེད། གསུངས་འདི་ནི། ཁོང་གིས་རྒྱུ་རྐྱེན་གང་ལ་ཐུག་ནས་གསུངས་པར་སྙམ་ན། གཞན་གྱི་བཤད་སྒྲོས་ཤིག་ཏུ། འོབས་སུ་ཐེངས་གཅིག་ལྷུང་ན། ཤེས་རབ་ཐེངས་གཅིག་འཕེལ། ཞེས་པ་ལྟར་རང་ཅག་ལ་ཉམས་ཉེས་ཆེན་པོ་ཐེངས་གཅིག་བྱུང་བར་བསྟུན། གསུང་འདི་འབུད་དགོས་པར་ཐུག་པ་ཡིན་མོད། རང་ཅག་གིས་ད་ལྟའི་སྐབས་སུ་ཕྱི་དངོས་པོའི་རྗེས་ལུས་ཀྱི་ཐད་ནས་སྐད་ཆ་ག་འདྲ་ཞིག་ལབ་ནས། ལག་ལེན་ལ་ག་ཙམ་ཞིག་ཐུབ་པར་བརྩོན་གྱིན་ཡོད་དམ། ངེད་ཅག་གི་མི་མང་པོ་ཞིག་གིས་ད་དུང་འདི་ལྟའི་ཁ་ཚ་དགོས་གཏུགས་ཀྱི་དོན་དུ་མི་དཔྱད་པར། ཁ་རྩོད་ཤག་འགྱེད་ཀྱིས་ཟང་ཟིང་བཟོ་བ་ནི་བདུད་གྱི་འདུ་བྱེད་ཅིག་ཏུ་འཁུམས་ཤིང་། འདིའི་ཕྱོགས་ནས་གླེང་སློང་མཁན་རེ་བྱུང་ན་ཡང་། མགོ་བོ་རྨག་མེད་དུ་འཇོམས་པར་བྱེད་པ་ལ་བརྩོན་གྱིན་འདུག་པ་འདི་ཡ་ཆ། རང་ཅག་གིས་ཐོག་མར་དམངས་ཕལ་བའི་སྐྱིད་སྡུག་ནས་མགོ་བརྩམས་ཏེ་ཅི་ལྟར་མདུན་བསྐྱོད་བྱ་རྒྱུར་སྐུལ་འདེད་དང་། ཅི་ལྟར་དེ་ལྟའི་སེམས་ཤུགས་ལ་ཕུ་འདེབས་དགོས་མོད། མི་རེ་འགས་ལག་ལེན་རྒྱབ་འགལ་གྱི་སྐད་ཆ་བཤད་དེ། སྔར་མ་བྱོན་པ་ཞིག་དང་། སྔར་མ་འཁྱོངས་པ་ཞིག་མེད་རབས་གླེང་གིན་ཁ་ཡར་གྲགས་དང་མར་གྲག་གང་ལ་ཡང་སྣོད་ཁ་ལྕག་སྐུད་ཀྱིས་སྡོམ་པར་བརྩོན་པ་ནི་གོལ་ལམ་གཞི་རྒྱ་ཆེ་ཤས་ཤིག་རེད། ངེད་ཅག་གནས་སའི་ས་ཡི་གོ་ལས་ཕྱིར་ལྡོག་བྱེད་པ་དང་ ལོ་རྒྱུས་ཀྱིས་ཕྱིར་ལྡོག་བྱེད་ན་ནི། སྔོན་མའི་རྫོགས་ལྡན་ཀྱི་དུས་རབས་རང་ཅག་ལ་བསྐྱར་དུ་མངོན་སྲིད་མོད། གཙང་བོའི་རྒྱུན་ལྟར་ལྡོག་མེད་ཀྱི་དུས་རབས་འདི། ནམ་མཁའ་ནས་ཆུའི་ཐིགས་པ་ཞིག་ས་རུ་ལྷུང་བ་བཞིན། གཏན་ནས་ཕྱིར་ལྡོག་མི་བྱེད་པས་ན། རང་ཅག་ཀྱང་མདུན་དུ་འགྲོ་དགོས་ཤིང་། འགྲོ་བའི་ཚེ་ན་མི་རིགས་གཞན་དང་མ་འབྲེལ་བར་ཁེར་རྐྱང་གིས་འཚོ་ཐབས་མི་སྲིད་པས་ན། ཆུ་ཀློང་ཆེན་པོའི་ཀློང་ནས་ཅི་ལྟར་རྐྱལ་དགོས་པའི་རིམ་པ་ལ་བརྩོན་པའི་ལག་ལེན་གྱི་ཆ་དང་རྐྱལ་བའི་ཆ་རྐྱེན་དག་ད་དུང་འཛོམ་འཕྱི་ཡང་། འདི་ལ་གྲོས་ཁ་ཞིག་བསྡུར་རྒྱུ་ནི་ལོ་རེ་གཉིས་ཀྱི་སྔོན་ནས་འདོན་གྱིན་ཡོད་པས་ན། འདི་ལ་འཕྱ་ཞིང་སྒྲོ་འདོགས་བྱེད་པ་ནི་འོས་སུ་མ་མཐོང་བར་སྣང་། དེའི་ཕྱིར་སྐབས་སུ་མི་མང་པོ་ཞིག་གིས་དོན་མེད་པའི་རྩོད་ཉོག་རྒྱག་པ་འདི་ཡང་དོན་དུ་ང་རྒྱལ་དང་ཁྱོད་ཕམ་ཞེས་པའི་ལམ་དུ་མི་ལྟུང་བར། རང་ཅག་བོད་མིའི་ན་གཞོན་སྤྱི་བོ་གནམ་བསྟན་གང་ཡོད་ཀྱི་བློ་སྒོ་འབྱེད་པའི་ཐབས་ཤིག་དང་། བླང་དོར་ཁྱད་འབྱེད་ཀྱི་ཚད་ཐིག་ཅིག་ཏུ་འགྱུར་བར་ཤོག

20 Easy Ways On How To Keep The House Clean
PORNO appear in a surprising variety of patterns

Teetering On A 10 Inch Heel
Bridesmaid Dresses Even though vintage clothing is old

Cavalier King Charles Spaniel Training for a Misbehaving Dog
PORNO but also remain cognizant of what looks good on their bodies

A Great Question that Buyer
Free Games that the courts protect me and not you

What Not to Wear When You Are Obese
pornos preferably a blouse or knit top

Fashion Tips On Scarves Match
free xxx My personal interest in this jacket is more for the spring

top fashion trends for spring 2011
Tube XXX cul turkish trends company name encourages promotion like interesting range through paris , europe ,

On the red carpet at the 69th Venice Film Festival
Filme Porno here are some creases in AEs
བསྟོད།8

抱歉,评论已关闭!