དགེ་རང་གཉིས་མ་ཎི་བཞིན་འདོན་མཁན་དག་ལ།

དཔལ་བེའུ།

ཁ་སྔོན་སྐྱབས་ཆེན་བདེ་གྲོལ་གྱིས་བོད་དུ་མཁས་པ་མང་པོ་ཡོད་ཅེས་པའི་ལྷུག་རྩོམ་ཞིག་སྤེལ་བ་ལ་ནུབ་བྱང་ཚང་གི་རྩོམ་རིག་ཚོགས་པའི་ཚོགས་མི་འགས་དཔུང་བསྒྲིགས་ཏེ་གཡུལ་ཆུང་ངུ་ཞིག་བཤམས་སོང་ལ།དེའི་རྗེས་སུ་བོད་ཀྱི་སྤྱི་ཚོགས་དཔྱད་བརྗོད་པ་མེ་ལྕེ་ལགས་ཀྱིས་ཀྱང་འབེན་ལ་མ་བལྟས་པར་རི་བོང་ཅལ་འདྲོག་གི་ལས་ལ་དངོས་སུ་ཞུགས་སོང་།དེ་ནི་ཆུང་ས་ནས་གླེང་ན་ནི་གླེང་རུ་བ་ཞིག་དང་འོ་སྐོལ་གྱིས་ཅིས་ཀྱང་ཤེས་དགོས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཡིན་པར་སུས་ཀྱང་མངོན་སུམ་ལ་བསྙོན་པར་མི་ནུས་མོད།དེང་གི་མཁས་པ་མང་དག་ཅིག་གིས་ཅི་ཞིག་གི་གྲངས་ཀ་མ་ལོངས་པ་ལྟར་དགེ་ཆོས་ནས་རང་གྲོལ་དང་།རང་གྲོལ་ནས་དགེ་ཆོས་ཞེས་ཁ་བཏོན་བཞིན་ཉིན་འདོན་མཚན་འདོན་བྱེད་པ་ནི་མི་རིགས་ཤིག་གི་མདུན་བསྐྱོད་ཀྱི་གོམ་ཁ་ལྕགས་ཐག་གིས་བསྡམས་པ་ཞིག་ལས་བཟང་རྟགས་ཤིག་ཡིན་པར་མ་མཐོང་ལ།ལད་མོ་ཟེར་བའི་སྤྲེའུའི་རྣམ་ཐར་ལས་ཡོངས་སུ་བརྒལ་མི་ནུས་པའི་སྦྱོར་བ་ཞིག་ལས་དམིགས་འབེན་འཇིག་རྟེན་གྱི་ཡང་རྩེར་གཏད་ཅིང་།གོམ་ཁ་འཛམ་གླིང་ལ་བསྒྱུར་དགོས་པའི་ཤེས་ལྡན་པ་ཞིག་ལ་མངའ་དགོས་པའི་ཁྱད་ཆོས་སུ་གཞར་ཡང་མ་མཐོང་ངོ་།དྲང་མོར་བཤད་ན།ང་ཚོས་བསྟོད་ན་བསྟོད་ཚོད་མི་ཟིན་ལ།སྨད་ན་སྨད་ཚོད་མི་ཟིན་པའི་ངན་གོམས་སུ་སོང་ཡོད་གཤིས་ཁྱེད་རང་ཚོས་བཤད་པ་ལྟར་བག་ཆགས་དོང་སྤྲུག་བྱེད་རྒྱུ་ནི་ཆེས་ངལ་བའི་རྒྱུ་ལས་མ་འདས་ཀྱང་།རིག་གནས་མ་ལག་དང་བཅས་པ་ཆ་ཚང་བའི་མི་རིགས་ཤིག་གི་ངོས་ཐད་ནས་བལྟས་ན་ནི་དགེ་ཆོས་དང་རང་གྲོལ་གཉིས་ལས་མཁས་པ་གཞན་པ་དག་རྨང་ནས་བརྗེད་ཅིང་གཏིང་ནས་བོར་ཏེ་སྒྲོ་འདོགས་ཀྱི་ཆ་ལ་སྣོན་རྟགས་ཁོ་ན་བརྩེགས་པ་ནི་མིག་རྒྱང་ཆེས་ཐུང་བའི་གདམ་ག་ཉག་གཅིག་རེད།སྤྱིར་བཤད་ན་སྐྱབས་ཆེན་གྱིས་དགེ་རང་གཉིས་མཁས་པ་མིན་པར་གང་དུའང་གླེང་མི་འདུག་ལ་ཡོད་ཀྱང་ཐ་གཅིག་ཏུ་དེ་འདྲའི་ནོར་བ་དང་འཁྲུལ་བ་ཚབས་ཆེན་ཞིག་ཏུ་སེམས་དོན་ཡེ་ནས་མི་འདུགརྒྱུ་མཚན་ནི་མི་སུ་ལའང་རང་རང་གི་ལྟ་ཚུལ་གླེང་བའི་ཁེ་དབང་དང་ཐོབ་ཐང་ཡོད་ཆོག་ལ།དེ་རྩིས་མེད་དུ་གཏོང་མཁན་ནི་སྒེར་གཅོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་མཁན་འབའ་ཞིག་རེད།མི་དེའི་རིགས་ཀྱིས་མི་རིགས་ཧྲིལ་པོ་ཞིག་གི་རྣམ་ཤེས་བཟང་ཕྱོགས་སུ་བསྒྱུར་ཐབས་མེད་ལ།སྤྱི་ཚོགས་ཧྲིལ་པོ་ཞིག་ལ་བཀོད་འདོམས་དང་མཛུབ་སྟོན་བྱེད་པའི་སྨྲ་ལྕེ་གང་ན་མཆིས།སྤྱིར་བོད་མིའི་བཤད་སྲོལ་ལ་གསེར་ས་ན་ཡོད་ན།འོད་གནམ་ན་ཡོད་ཅེས་པ་ལྟར་ཁྱོད་ཀྱིས་བཟང་དུ་འགྲེལ་བས་བཟང་དུ་མི་འགྲོ་ལ།ངན་པར་བརྩིས་པས་ངན་དུ་མི་འགྱུར་མོད།ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་མངའ་བའི་མི་རིགས་འདིའི་ཁྲོད་ནས་མཁས་པ་གཉིས་ཀྱི་མིང་བྱང་ཁོ་ན་བཏོན་ཏེ་སྡོད་པ་ནི་མཁས་པ་གཞན་དག་གི་སྐུ་དྲིན་མ་ཚོར་བའི་སྐྱོན་དུ་ཟད་ལ།སྒྱིད་ལུག་ནས་སྒྱིད་ལུག་གི་གནས་ལས་ཐར་མི་ཐུབ་པའི་བདེན་དཔང་དུ་ཅིས་མི་འགྲོཡང་གཅིག་བཤད་ན།ཕྱོགས་རིས་ཀྱི་མིག་ཟུང་གིས་སྤྱི་ཚོགས་ཧྲིལ་པོར་སྡོམ་ཚིག་རྒྱག་པ་ནི་ལམ་འཁྲིད་པ་ལོང་བ་ཅིག་གི་བྱ་སྤྱོད་ལས་མ་འདས་པས་ང་ཚོའི་སྤང་བྱ་ཅི་ལ་མིན།སྔོན་བྱོན་མཁས་པ་དག་ལ་རྗེས་དྲན་དང་དྲན་གསོ་བྱེད་པ་ནི་ཡ་རབས་ཀྱི་བྱ་སྤྱོད་ཅིག་ཡིན་པས་ཁོ་བོས་དུས་ནམ་ཡང་བསྟོད་པའི་མཐེ་བོང་འགྲེང་བཞིན་ཡོད་ལ།ལྷག་པར་དུ་དགེ་ཆོས་དང་རང་གྲོལ་གྱི་ཀྱི་མིང་ཐོག་ནས་བགྲོ་གླེང་དང་།དྲ་ཚིགས་གཉེར་བ།སློབ་གསོའི་བྱ་འགུལ་དང་སློབ་གྲྭ་འཛུགས་པ།རེ་རྐང་གླིང་སོགས་ཀྱིས་སྣེ་འཁྲིད་སྒོས་རང་གྲོལ་གྱི་མིང་ཐོག་ནས་རྩོམ་རིག་གི་བྱ་འགུལ་སྤེལ་བ་སོགས་ནི་ཆེས་ཡི་རང་བྱེད་དགོས་པའི་གནས་སུ་འཁུམས་མོད།ང་ཚོས་ནམ་ནམ་ཞར་ཞར་ལ་དགེ་ཆོས་མིན་ན་རང་གྲོལ་དང་།རང་གྲོལ་མིན་ན་དགེ་ཆོས་ཡིན་པའི་བསྐྱར་བཟླས་ཀྱི་འཚོ་བ་ལ་ཤི་འཐམ་རོ་འཐམ་བྱེད་པ་ནི་གཞན་གྱི་གྲིབ་གཟུགས་འོག་ནས་ཐར་མ་ཐུབ་པའི་དཔང་རྟགས་ཅི་ལ་མིན།ང་ཚོས་ངེས་པ་དོན་གྱིས་སྔོན་བྱོན་མཁས་པ་དང་མེས་པོ་སྐུ་དྲིན་ཅན་དག་ལ་རྗེས་དྲན་དང་ཁོང་རྣམ་པ་དག་གིས་འོ་སྐོལ་ལ་མཛད་རྗེས་བླ་མེད་བཞག་པ་དག་ཕྱིར་རྟོག་བྱེད་དགོས་ན་ནི་དེ་ལས་གཞན་ཞིག་མེད་སོང་བ་ག་ལ་ཡིན།སྐུ་དྲིན་གྱི་ཆ་ནས་གླེང་བ་ཡིན་ན་ཡང་སློབ་དཔོན་ཐོན་མི་དང་།དུང་དཀར་ཚང་།ཨ་ལག་ཞབས་དྲུང་ཚང་།འབའ་བ་ཕུན་དབང་སོགས་ལས་ཁྱད་པ་བ་ཞིག་ཡིན་པར་མི་ཚོར་རོ།ང་ཚོས་བོད་ཡིག་ཐད་བྱས་རྗེས་བླ་མེད་བཞག་མྱོང་བའི་སློབ་དཔོན་ཐོན་མིར་རྗེས་དྲན་དང་དྲན་གསོ་ཕར་ཞོགཐ་ན་ཞིབ་འཇུག་ཙམ་ཡང་མི་བྱེད་པ་ནི་ཁོང་ལ་བྱས་རྗེས་མེད་སོང་བས་ལན་ནམ།རྗེས་དྲན་བྱེད་རན་མེད་སོང་བས་རེད།དགེ་ཆོས་ལ་ཡོན་ཏན་ཆེ་ཡང་བསམ་བློ་དེ་ནི་གཙོ་ཆེ་བ་ཆོས་གཞུང་ལས་ཐར་མི་འདུག་པས་དེང་གི་དུས་འདིར་དེ་འདྲའི་དམིགས་བསམ་གྱིས་དྲན་གསོ་བྱེད་ཡུལ་ཞིག་ཡིན་པར་མི་ཚོར་ལ།ཆོས་ཀྱི་ཐད་ནས་གླེང་ན་ནི་ཆོས་ལུགས་ཆོས་ལུགས་སུ་མི་འཛིན་པར་འོག་སྡོམ་ཙམ་ཡང་སྲུང་མི་ནུས་པའི་གྲྭ་ལོག་སྡོམ་ཤོར་ཅིག་རེད།རང་གྲོལ་ལྟ་བུར་མཚོན་ན་ཡང་སྙིང་སྟོབས་དང་བསམ་བློ་གསར་བའི་ཆ་ནས་འབའ་བ་ཕུན་དབང་ལས་སྔོན་དུ་བརྒལ་ཡོད་སྣང་མི་སྐྱེ་ལ།བསམ་བློའི་རྒྱང་འབོད་བྱེད་ཚུལ་དང་མི་རིགས་ཀྱི་ཁོག་དཔུང་ལ་རྒྱའི་ཐད་ནས་ཞོགས་དུང་ལས་འབུར་དུ་ཐོན་ཡོད་པར་མ་མཐོང་།མི་རིགས་རིག་གནས་ལ་བྱས་རྗེས་འཇོག་ཚུལ་གྱི་ཐད་ནས་གོང་དུ་གླེང་མ་ཐག་པའི་ཨ་ལག་དུང་དཀར་ཚང་དང་ཨ་ལགས་ཞབས་དྲུང་ཚང་སོགས་སྤྱི་ཚོགས་ཧྲིལ་པོ་ཞིག་གི་རིག་གནས་རིན་ཐང་ཅན་དེ་དག་ཉམས་པ་སླར་གསོ་བྱས་པའི་མཁས་ཆེན་དེ་དག་ལས་བྱས་རྗེས་ཁྱད་པར་བ་ཞིག་ཡོད་པར་མི་འདོད་དོ།དེས་ན་ཁོང་གི་རིན་ཐང་གཙོ་བོ་དེ་གང་ནས་མངོན་པ་ཡིན་ནམ་ཞེ་ན།གཙོ་བོ་རྩོམ་རིག་གསར་བའི་ཆ་ནང་འདྲེན་དང་བསམ་བློའི་འབོད་སྐུལ་གྱི་སྙིང་སྟོབས་ཀྱི་ཆ་རེད། ཡིན་ནའང་།དེང་གི་ཧོལ་རྒྱུགས་བྱེད་པར་སྤྲོ་བའི་མི་གང་མང་ཞིག་གིས་སྣོན་རྟགས་ནས་སྣོན་རྟགས་བརྩེགས་ཏེ་འུར་བསྟོད་བྱེད་པ་དང་བསྡུར་ན་ནི་དེ་འདྲའི་ཡ་མཚན་པ་ཞིག་ཏུ་ཡེ་ནས་མི་སེམས་སོ།རྒྱུ་མཚན་ནི་ཚེ་སྲོག་དང་འཚོ་གནས་ཀྱི་རིན་ཐང་ཙམ་ཡང་མ་ཚོར་བར་རང་སྐལ་རང་གིས་བཅད་པ་དེ་རེད།ལ་ལས་རང་སྲོག་བཅད་པ་དེ་ཡང་ཅིག་གི་དོན་དང་།གཉིས་ཀྱི་ན་ཟུག་མ་ཐེག་པའི་དོན་དུ་ལུང་སྣེ་མེད་པར་ལུང་དོན་འཇོག་པ་ནི་གཞན་གྱི་ཆེ་བ་བརྗོད་ཁུལ་གྱིས་རང་དོན་བསྒྲུབ་པ་ཙམ་ལས་མ་དམིགས་ན།མིག་ཟུང་ཆེས་ཆེར་ཕྱེས་ཏེ་ཕྱོགས་ཡོངས་ལ་མནོ་བསམ་གཏོང་རྒྱུ་ནི་འོ་སྐོལ་མདུན་དུ་བསྐྱོད་པར་ཆེས་མཁོ་གལ་ཆེའོ།མ་ཟད་སྐྱབས་ཆེན་བདེ་གྲོལ་གྱི་སྐད་ཆའི་དོན་ལ་མི་དཔྱད་པར་ཚིག་སྣེ་ཙམ་བཟུང་ནས་འབུར་འཇོམས་བྱེད་མཁན་དག་ལ་ཆེད་དམིགས་ཀྱིས་བཤད་འདོད་པ་ནི།ང་ཚོ་དུས་ནམ་ཡང་དགེ་རང་གཉིས་ཁོ་ནའི་གྲིབ་གཟུགས་ཅེར་བའི་མིག་ཟུང་གིས་བོད་མི་བྱིངས་ལ་མ་གཟིགས་རོགས་ཞུས་པ་དང་།དམ་པ་གཉིས་ཚོང་རྫས་ཀྱི་ཚུལ་དུ་མ་བཞག་པར་མིའི་རིན་ཐང་དེ་མིའི་རིན་ཐང་གི་ཚུལ་དུ་དང་།ལྷ་མེད་སྨྲ་ཞོར་མི་དེ་ལྷ་རུ་མ་འགྲེལ་རོགས་ཞེས་པའི་སེམས་གཏམ་འདིས་འཐུས་པར་བྱས་སོ།

༢༠༡༡ལོའི་སྤྱི་ཟླ་༩པའི་ཚེས༢༤ཉིན་མེ་ལྕེ་ལགས་ཀྱིས་སྐྱབས་ཆེན་ལ་དགེ་རྒན་གྱིས་སློབ་མར་གཤེ་གཤེ་གཏོང་བའི་ཚུལ་གྱིས་རྩོམ་ཐུང་ཞིག་བྲིས་འདུག་པ་མཐོང་རྗེས་ཤར་མར་བྲིས་སོ།

3 Retailer For Speculative Investors
VIDEO PORNO XXX just what development retailing job opportunity

How to Conduct Keyword Research
Wedding Dresses especially when the weather warms up a little bit

Wellness With Food Magazine Philippines
PORNO with a safari

The Best Babies Kids Fashion Clothes
Free Games for medium rare

An MFA primer on designers and runway fashion
Kostenlose Pornos von Look at the surface of the crystal

Summer Programs for Kids in NYC
Porno pour femme will focus on subjects like business

why real estate investors have their eyes on Cuttack property
free porno There'd be obvious signs

Hottest Styles in Women's Dress Sandals
Filme Porno Something appropriate for sports bar
བསྟོད།6

抱歉,评论已关闭!