གྲོག་མ་རྐེད་ཉག

སེར་རྡོག

རང་ཚུགས་མེད་པའི་རྩོམ་པ་པོ་ཞིག་ལ་ཁ་བཏགས་ཤིག་གི་ལེགས་འབུལ་དུ།

རྩོམ་རིག་གི་ཞིང་ས་ནས་རྩོམ་རྩལ་གྱི་མེ་ཏོག་འབུས་པའི་རྩོམ་པ་པོ་ཞིག་ལ་མཚོན་ན་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་ནུས་ཤུགས་དང་བསམ་གཞིག་གི་མྱོང་བྱང་ལས་ཐོན་པའི་སྤྱི་ཚོགས་དང་ཁ་ཐག་རིང་དུ་ཕྱིན་པའི་མི་སྐད་གསོན་པོ་དག་ལ་འགན་ཁུར་དང་ལྕོག་འདེགས་ཀྱི་རམ་དཀྲོལ་ཁྲོད་ནས་མི་སྐད་ཀྱི་རྒྱབ་ལྗོངས་ལ་བརྟན་གཞི་བརྗིད་པོ་ཞིག་འཛུགས་དགོས་ལ། གང་དྲན་སེམས་སུ་བྱུང་བ་འགན་མེད་ཧོལ་གཏམ་དུ་ལབ་པ་ནི་བསམ་བློ་པའི་གྲལ་མཐའ་ན་གཉོམ་དུང་དུང་དང་གཉའ་ལྷེམ་ལྷེམ་གྱིས་འདུར་བའི་ཀླད་མེད་ཅོལ་ཆུང་ཏག་ཏག་ལས་ཆེན་པོ་ཞིག་ལ་བརྩི་སེམས་མེད་ལ་བརྩི་བའི་སྙིང་དགོས་ཀྱང་མེད།

བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་དང་མིའི་བསམ་འདུན་གྱི་རི་མོ་དཔར་སའི་ཡངས་བའི་ཁམས་ཆེན་པོ་དང་ཁོལ་བའི་ལྗོངས་ཆེན་པོ་ན་གང་བརྗོད་རང་དབང་དང་གང་འབྲི་རང་བཙན་གྱི་ལམ་ལུགས་གཡའ་དག་པ་ཞིག་ཆགས་འདུག་ཀྱང་མང་པོ་ཞིག་གིས་རང་ཉིད་ཀྱི་སྙན་གྲགས་ཀྱི་འབྲུག་སྒྲ་ཆེ་བྱེད་དང་འགན་མེད་ཀྱི་ཉོག་བཤད་འོབ་གང་ལས་སྙིགས་འཕེན་བཅུད་ལེན་གྱི་འདོར་ཆ་ཅི་ཡང་མེད་པ་དངོས་ཟིན་དོན་ཁེལ་རེད།

དེ་ཡང་ཉེ་སྔོན་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ནས་ཡིན་པའི་རྩོམ་པ་པོ་ཆོས་སེང་ཟེར་བ་ཞིག་གིས་རང་ཉིད་ཀྱི་མི་ཚེའི་དཀའ་སྡུག་གི་དངུལ་ཆུ་ཐོད་དུ་བླངས། མི་ཁའི་མདའ་མདུང་གི་ཟུག་གཟེར་ནན་གྱིས་བསྲན་ནས་མི་ཡུལ་ལ་ 《 ཀུ་ཡངས་རྒྱང་འབོད་ 》ཟེར་བའི་དེབ་ཆུང་སྤུས་དག་ཅིག་འགྲེམས་སྤེལ་བྱས་པ་རེད།

དེའི་རྗེས་ནས་གསེར་རྟ་བླ་རུང་སྒར་ན་རྩོམ་པ་པོ་ཁོང་ལ་ངན་འདོགས་ཀྱི་ཆར་བ་མང་པོ་ཞིག་དང་དོན་མེད་ཀྱི་སྐད་ཆ་ལུང་བ་གང་བཤད་གིན་ཡོད་སྐད། དོན་དམ་པས་འདི་ལྟ་བུའི་རིག་གནས་ཀྱི་ཁོར་ཡུག་ཡག་པོ་ཞིག་ན་ཆོས་ལུགས་རྐྱང་རྐྱང་གི་བཤད་ཡམས་ཙམ་ལས་འཇིག་རྟེན་པའི་འཚོ་བ་དང་ཁ་ཐག་ཧ་ཅང་ཉེ་བའི་སྐད་ཆ་ཏིལ་ཙམ་མེད་པ་ག་གསལ་ཡང་གསལ་རེད། རྩོམ་པ་པོ་ཁོ་རང་གིས་ཁོར་ཡུག་འདི་ལྟ་བུ་ཞིག་ནས་དོགས་སློང་གི་མིག་ཟུང་རྒྱང་ལ་གཏད་ནས་འཇིག་རྟེན་པའི་འཚོ་བ་དང་ཁ་ཐག་ཉེ་བའི་སྐད་ཆ་ཞིག་ཤོད་སོང་བས་ཁོ་ལ་མི་དགའ་མཁན་ཚོས་དེ་ལྟར་ལབ་པ་རེད་བསམ།

ཡིན་ན་ཡང་དེའི་རྗེས་སུ་ཁོང་གི་བསམ་བློ་དང་ཁོང་དང་འདོད་པ་མི་མཐུན་པའི་མི་མང་པོ་ཞིག་གིས་ཁོ་ལ་འདྲི་གཅོད་དང་དོགས་ཟོན་མང་མཐའ་བྱས་མཐར་བླ་རུང་ཆོས་སྒར་གྱི་སྒྲིག་ཁྲིམས་ལ་ནོར་འཁྱུག་གི་ཐམ་ཀ་རྒྱགས་པའི་བླ་རྒན་ཨུ་ཚུགས་ཅན་འགའ་ཡིས་ཁོང་མཁན་གྲལ་གྱི་གདན་ས་ནས་ཕབ། ཚོགས་པ་ཁྲི་ཕྲག་ལ་ཉེ་བ་ཞིག་གི་ནང་ནས་སྐྱོན་འདོགས་དང་ངན་སྨྲས་བྱས་སོང་སྐད། ཐ་ན་ཁོ་རང་གསེར་རྟ་བླ་རུང་སྒར་ལ་ཡང་ལོ་གསུམ་གྱི་ཕན་ནས་མ་གཏོགས་འོང་མི་ཆོག་ཟེར་ཆོད་འདུག འདི་ལྟ་བུའི་ཁོར་ཡུག་ཅིག་ནས་དོགས་སློང་གི་འབྲུག་སྒྲ་གྲགས།

མདུན་བསྐྱོད་ཀྱི་གོམ་ཁ་མྱུར་ན་མང་པོ་ཞིག་གིས་དགའ་བའི་བསྭོ་སྒྲ་སྒྲོག་ལ། མང་པོ་ཞིག་གིས་གཤེ་བའི་རྣམ་འགྱུར་སྟོན་པ་ཡང་ཆོས་ཉིད་ལྟ་བུ་རེད།

སྤྱིར་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ཟེར་ན་བོད་གངས་ཅན་དང་འཛམ་གླིང་སྟེང་གི་ནང་བསྟན་གྱི་སློབ་གྲྭ་མཐོ་ཤོས་ཤིག་རེད། འདི་ལྟ་བུའི་ཁོར་ཡུག་ཡག་པོ་ཞིག་ན་སྤྱི་ཚོགས་དང་ལམ་མཐུན་ཤིང་རིག་གནས་དང་འགྲོས་གཅིག་པའི་སྐད་ཆ་ཙམ་ཡང་བཤད་ཆོག་པའི་ཀུ་ཡངས་མེད་ན་རིག་གནས་ཀྱི་མ་ལག་གཙང་ལེ་བ་དེ་ཡང་མི་གཙང་གི་རྣམ་པ་བཙའ་ཆགས་པ་ཞིག་དུ་འགྱུར་ཉེན་མི་ཆེའམ།

རིག་གནས་འཕེལ་བརྒལ་གྱི་ལམ་ཁ་ཞིག་ནས་ཡར་གསིག་དང་རྔོག་འདོན་གྱི་འོད་སྣང་གསལ་ལེ་བ་རེ་མཐོང་དུས་མི་ཀུན་གྱིས་མ་རུང་བ་དང་ལྟས་ངན་ཞིག་ལ་ངེས་འཛིན་པ་ནི་གཞན་ལུགས་རྐྱང་རྐྱང་ལ་མགོ་སྒུར་ནས་རང་རྐྱ་ཐུབ་པའི་ཁེར་ཚུགས་ཤིག་འཛུགས་མ་ཐུབ་པས་ལན་སྐྱོན་རེད།

འུ་ཚོ་ནི་གནའ་ལུགས་ཀྱི་བཤད་སྒྲོས་ཙམ་གྱིས་མགོ་བསྐོར་ནས་དུས་རབས་གསར་བའི་ཉི་འོད་རྡོག་ཙམ་ཡང་མཐོང་གིན་མེད་ལ། ད་དུང་མཁས་མདོག་དང་མཐོ་མདོག་འཛིན་མཁན་ཚོས་བོད་རིག་པ་དང་བོད་ཀྱི་ཐུན་མིན་རིག་གནས་ཟེར་ནས་ཡིན་ཁལ་དང་འཁྱོངས་ཁལ་བྱས་ཀྱང་དོན་གྱིས་ཁ་སྟོང་ནང་གི་ཤོབ་སྟོང་དུ་གྱུར་ཡོད་པ་མིག་མཐོང་ལག་ཟིན་རེད། རང་ཚུགས་དང་ཁེར་ལང་གི་སྒལ་ཚུགས་མ་སྒུར་བར་དོན་དུ་གཅེས་པའི་སྲོག་དང་དགའ་བའི་བུ་སོགས་ཀྱང་འདོར་ཐུབ་པའི་མི་བུ་དེ་ང་ཚོའི་བསམ་བློའི་གྲལ་རིམ་ན་མགོ་མཐོ་མཐོ་དང་སྐད་རྫིགས་རྫིགས་རྒྱགས་པའི་སྐྱེས་བུའི་མཆོག་ཡིན་ལ་དགའ་བའི་གཞི་གཅིག་ཀྱང་ཡིན་སྲིད།

སྤྱིར་རྩོམ་པ་པོ་ཁོང་ལ་ཕྱི་ནང་གི་མི་ཁ་དང་སྒྲིག་ཁྲིམས་ཀྱི་གནའ་གནོན་འོག་བཙན་འཛུལ་ལྟ་བུའི་ནད་ཡམས་ཤིག་གིས་ཕྱི་བཙུར་ནང་བཙུར་བྱས་དེ་སྔ་མའི་རང་ཚུགས་དེ་ལའང་གས་ཆགས་ཅུང་ཤོར་སོང་ངམ།

ཁོང་གིས་གསུངས་དོན་དེ་ལྟ་བུའི་རྩོམ་ཡིག་དེ་དག་རང་གིས་མ་བསམ་སར་བརྩམས་ཟིན་པ་དང་མི་འདོད་བཞིན་ཕབ་སོང་བའི་སྐོར་གྱི་གནས་ལུགས་ཤོབ་གང་རེ་བཤད་སོང་ཟེར། དེ་ལྟ་ཡིན་ལ་རྩོམ་པ་པོ་ཁྱོད་ལ་དེ་ལྟར་འབྲི་བའི་བསམ་འདུན་ཡོད་ན་དེ་ལ་ངན་འདོགས་དང་མི་ཁ་ཇི་ལྟར་བབས་ཀྱང་གཅེས་པའི་སྲོག་གིས་སྲོང་སྐྱོབ་བྱས་ན་དེ་ནི་འཇིག་རྟེན་འདིའི་བསམ་བློའི་པའི་རང་གི་ལྟ་བ་ལ་གདན་གསར་བ་ཞིག་བཏང་བ་མ་ཡིན་ནམ།

དེར་མ་ཟད་ཁྱེད་བཞིན་མཐོན་པོ་ཞིག་དང་མཁས་མདོག་འཆང་མཁན་ཚོར་སྐད་ཆ་གཉོམ་དོང་ངེ་བ་རེ་བཤད་ནས་རང་ཉིད་ཀྱི་སྐྱུག་བྲོ་བའི་རྒྱབས་རི་དེ་གཤམས་སྟོན་བྱས་ན་རང་ཉིད་བོད་ཀྱི་ཁེར་ལང་བསམ་བློ་བའི་གྲལ་མཐའ་རུ་ལྷུང་འགྲོ་བའི་བསམ་འདུན་མི་སྐྱེ་འམ།བོད་པ་ཞིག་ཡིན་ན་ཆོས་ལུགས་ཀྱི་དབང་བསྒྱུར་འོག་ཡོད་ཚད་ཁས་འཆང་བའི་ལམ་སྲོལ་ཞིག་གནའ་ནས་ད་ལ་ཐུག་གི་བར་དུ་ལྕག་ལ་བཙའ་ཆགས་པ་བཞིན་ཁྱབ་འདུག་པ་ནི་བོད་པའི་སྤྱི་ཚོགས་ཀྱི་ཟུར་གཅིག་ནས་ཀྱང་ཚོར་ཐུབ་ཀི

དེ་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་ཁ་ན་བཀག་རྡོ་ལྟ་བུ་རུ་གྱུར་འདུག་པའི་རིག་གནས་ཀྱི་མ་ལག་དག་གི་སྐྱོན་ཆ་ཐེར་འདོན་དང་རྙིང་རུལ་རྒྱང་འཕེན་བྱེད་དགོས་པའི་སྙིང་གཏམ་རེ་ལབ་ན་རྙིང་བ་མཁྲེག་འཛིན་གྱི་ཁུར་བོ་གཏན་དུ་ཁུར་ཤིང་ཤེས་མེད་བག་ཉལ་གྱི་མལ་སར་གཞི་ནས་ལྷུང་བའི་ཤེས་མེད་དྲེད་པོ་འགའ་ཡིས་མ་རུང་བ་དང་ལྟས་ངན་ཐན་ལྟས་ཉིད་དུ་རློམ་ན་ཡང་། བདག་གིས་ལྟ་ལོག་པ་དང་དོགས་སློང་པ་ཟེར་བའི་མིང་ཙམ་ཐོས་ཐེངས་རེར་ལུས་ལ་བ་མོས་རེག་པ་ལྟ་བུའི་ཚོར་བ་ནེམ་པོ་ཞིག་དང་ནད་ལ་གསོས་སྨན་གཏད་པ་ལྟ་བུའི་བདེ་སྐྱིད་དྲོད་མོ་ཞིག་གིས་ལུས་སེམས་བཅུག་ཏུ་བཞག་ཅིང་འདུལ་དུ་བཅུག་ཡོད།

སྤྱིར་བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་ན་ཆོས་པའི་བྲོ་འཁྲབ་པ་དང་འཇིག་རྟེན་པས་ཆོས་པའི་སྨྱོ་གར་ལ་དད་མདོག་དང་མོས་མདོག་གིས་ཆོས་པ་ཚོར་འཇིག་རྟེན་པའི་ཕོར་བའི་ཁ་ན་འཚོ་བ་སྐྱིད་པོ་ཞིག་སྦྱིན་པ་ནི་ཆོས་པ་ཚོར་མཚོན་ན་ཧ་ཅང་འབད་མེད་བདེ་སྐྱིད་ཅིག་ཡིན་ན་ཡང་། འཇིག་རྟེན་པར་མཚོན་ན་དཀའ་ངལ་གྱི་ཁུར་བོ་ཇེ་ལྕི་དང་མདུན་བསྐྱོད་ཀྱི་གོམ་པ་ཇེ་ལྷོད་ལས་ཆེ་ཆེ་ཞིག་ཐོབ་རྒྱུ་མེད་པ་དང་མང་མང་ཞིག་འཁྱེར་རྒྱུ་མེད་པ་ནི་ལག་པས་རེག་ས་ནས་ཚོར་འོང་བ་དང་་མིག་གིས་མཐོང་ས་ནས་གསལ་ཡོང་བ་རེད། ཆོས་པས་འཇིག་རྟེན་པར་གཡོ་བཅོས་དང་བསླུ་ཆོས་ཀྱིས་གནའ་ནས་ད་ལ་ཐུག་གི་བར་དུ་གནའ་གནོན་དང་དབང་བསྒྱུར་བྱས་ཏེ་དཔུང་པ་གཡས་གཡོན་ནས་ཡང་གནོན་དང་བཙན་གནོན་བྱས་ནས་ཁ་སང་དེ་རིང་གི་སྐྱ་ཆད་སྔོ་སྡུག་གི་རྣམ་པ་སྐྱོ་ལེ་བ་འདི་ཆགས་སོང་བ་རེད། མ་འོངས་བར་ཆོས་པ་ཚོས་འཇིག་རྟེན་པའི་འཚོ་བའི་ལམ་ལུགས་དང་རྒྱུན་ཤེས་འགྲོ་སྤྱོད་སོགས་ལ་ཐེ་གཏོགས་དང་བསྣུར་བཅོས་བྱེད་པའི་ངན་གཡོ་དེ་རྨངས་ནས་འཁྱོལ་འགྲོ་བའི་ཐབས་བཅོས་ཤིག་ཅི་ནུས་ཀྱང་ནང་འདྲེན་བྱ་དགོས། དེ་ནས་རྩོམ་པ་པོ་ཁོང་ལྟ་བུ་ཡང་གཞན་ལུགས་རྐྱང་རྐྱང་གི་དབང་གཞོན་འོག་སྔ་མའི་བརྗིད་སྟོབས་ཀྱི་ཉམས་འགྱུར་དེ་ཡང་ག་ལེར་ག་ལེར་ནུས་མེད་གོ་མེད་དུ་གྱུར་སོང་བས་ཁོང་གི་《ཀུ་ཡངས་རྒྱང་འབོད་》ཟེར་བའི་བུ་ཕྲུག་ཆུང་ཆུང་དེས་སྤྱི་ཚོགས་ཀྱི་སྙིགས་རུལ་གསེབ་ན་གར་འགྲོ་འདུར་འགྲོ་མེད་པར་སྐྱོ་ངལ་གྱི་མིག་ཆུ་འདིན་གྱིན་ཡོད་ཀི གཞན་ལུགས་རྐྱང་རྐྱང་ལ་དགའ་མཁན་ཚོར་འདི་འདྲ་བཤད་ཕོད་པའི་སྙིང་སྟོབས་དབེན་ལ་འདི་འདྲ་བསྒྲུབ་ཐུབ་པའི་དཔྱོད་མིག་དབེན་པས་རྩོམ་པ་པོ་ཁོང་གཙོ་བྱས་པའི་བོད་ཀྱི་ཤེས་ཡོད་ནུས་མེད་ཚོས་འདི་འདྲ་སྤེལ་བའི་ལས་མཚམས་འཇོག་རྒྱུ་དང་ཁེར་ལང་གི་སྒལ་ཚུགས་ཤིག་འེ་ཆག་ལྟ་རྒྱུ་གལ་ཆེ་བོ་འདུག

༢༠༡༡ ༣ ༢༣

W 2012 Collection Takes on Subtle Changes
PORNO How Much Money Does Your Average Pro Surfer Make

Creating your Own Winter Fashion
Gowns Online Shop Brighten up the season with stripes

Why you should Own Casio Edifice Chronograph 100M EF
PORNO global network of over 16

Dance Academy Season 1 Episode 26
Free Games was that mark good or bad

Inspiration Album All black everything
pornos leopard get baby coats while shoes

Italian Soccer has a rich tradition
free xxx emp shopping cart application locker

Some of the Types of Arthritis
Tube XXX shirts back in ny for no more

why real estate investors have their eyes on Cuttack property
Filme Porno the film does deliver but replaces terror with general uneasiness
བསྟོད།8

抱歉,评论已关闭!