བསྟན་འཛིན་སྙན་གྲགས་ཀྱི་བསྟན་པ་ཇེ་དར་རེད།(ཁག་དང་པོ།)

ཞོགས་ལྗང་།

ལོ་ངོ་འགའི་སྔོན་ལ། མཚོ་ལྷོ་ཕྱོགས་ཀྱི་སྤྲུལ་མིང་འཛིན་པ་བསྟན་འཛིན་སྙན་གྲགས་ཞེས་པ་ཞིག་གིས་ཐབས་བརྒྱ་ཇུས་སྟོང་གིས་རང་གི་བསྟན་པ་སྤེལ་བ་རེད། ཁོང་ཉིད་ལམ་གང་ནས་ཆས་ཏེ་ཁྲིར་ཇི་ལྟར་བཞུགས་པའི་ཚུལ་ལ། དམངས་ཁྲོད་དུ་བཤད་རྒྱུན་སྣ་ཚོགས་སུ་མཆིས་མོད། གང་ལྟར། ཁོང་གི་ཚོང་རྒྱག་སྟངས་དེ་ནི་ཤིན་ཏུ་ནས་གྲུང་བོར་ཆགས་ཡོད་པ་ཞིག་ཡིན་ཚོད།

གོ་ཐོས་སུ་བསྟན་འཛིན་སྙན་གྲགས་ཞེས་པའི་སྤྲུལ་མིང་འཛིན་པ་དེས། ཐོག་མར་བཅའ་བ་རིམ་གྲོ་བསྒྲུབས་པར་དགའ་བའི་མང་ཚོགས་དག་གི་སར་སོང་ནས་རིམ་གྲོ་རིན་མེད་དུ་བསྒྲུབས་ཤིང་། འགྲོ་ཁར། དུས་ནམ་ཞིག་ལ་རང་ཉིད་ཀྱིས་གནས་གང་ཞིག་ནས་དབང་ཅི་ཞིག་གསུངས་རྒྱུ་ཡིན་ཚུལ་གྱི་གྲ་སྒྲིག་ཚགས་སུ་ཆུད་པ་ཞིག་བྱས་རབས་སྐད། ལོས་ཡིན་ཏེ། དུས་རབས་ཉེར་གཅིག་པའི་ཆ་འཕྲིན་དཔལ་འབྱོར་གྱི་དུས་འདིར། མཐོ་སྒང་གི་གྲུ་ཟུར་གང་ཞིག་ན་ཕྱུགས་རིགས་བྱིས་པ་གཉོར་གཉོར་བྱེད་ཀྱིན་པའི་བོད་རིགས་མང་ཚོགས་དག་ལ་མཚོན་ན། རིན་མེད་རིམ་གྲོ་དེ་ནི་ཇི་འདྲའི་བསླུ་བྲིད་མི་བཟློག་པ་ཞིག་རེད་བཞག དེ་ལྟར་ཁོང་གིས་གོམ་པ་རེ་རེ་བཞིན་སྤོས་ཏེ། དུས་ནམ་ཞིག་གི་ཚེ་ན། ཁོས་ཀྱང་མ་ཎིའི་དབང་གནངས་རྒྱུ་ཡིན་ཚུལ་གྱི་བརྡ་ཁྱབ་དེ་མཐོ་དབུས་མཐོ་གཞུངས་འདིར་གར་ཁྱབ་ཏུ་གྱུར་བ་རེད། མང་ཚོགས་ཁྲི་འབུམ་མང་པོ་དུས་གཅིག་ཏུ་ཤྭ་འོད་བརྡོལ་བ་བཞིན་སྤྲུལ་སྐུ་གང་གི་དབང་ལ་ཉན་པར་ཆས། སྐབས་འདིར་སུ་དང་གང་གི་བློ་ཡིད་དུ་མི་ཤོང་བ་ཞིག་ལ། ཁོང་གིས་སྔོན་ནས་བཙུགས་ཟིན་པའི་རྒྱ་རྙི་དེར་མང་ཚོགས་དག་འཛེམས་མེད་དུ་འཛུལ་ཞིང་། རང་ཉིད་ཀྱི་དབང་བོ་སྣ་ལྔ་ཇི་ལྟར་ཁོང་གི་ཁ་ཟས་སུ་གྱུར་བ་ཡང་ཤེས་ཀྱིན་མི་འདུག

དེ་ཡང་འདི་ལྟར་ཏེ། ཁོང་གིས་མང་ཚོགས་དག་དབང་ལ་མཇལ་བར་མཁོ་བའི་དངོས་པོ་ཚང་མ་གྲ་སྒྲིག་བྱས་ཤིང་། གོ་སྐབས་དེ་ཉིད་སྤྱད་ནས་རིན་གོང་མཐོན་པོས་མང་ཚོགས་དག་ལ་བཙོངས་པ་རེད། བཤད་ཚུལ་ལྟར་ན། མང་ཚོགས་དག་གིས་ཁོང་གི་ཉེ་འཁོར་དག་གིས་བཙོངས་བཞིན་པའི་ཁ་བཏགས་སོགས་མ་ཉོས་ཚེ་ནུས་པ་མི་ཐོན་རབས་ཀྱི་ཆོས་ཤིག་བསྟན་ཞིང་། མང་ཚོགས་དག་གིས་ནི་ཆོས་དེ་ཆོས་སུ་འཁྲུལ་ནས་རང་གི་ལག་ཟུང་གི་གས་ཁའི་ཟབ་ཚད་ལ་མི་བལྟ་བར། མ་ཁར་སོ་བཅིངས་ཀྱིས་དངོས་པོ་དེ་དག་ཉོས་པ་རེད། མཐར་དམངས་ཁྲོད་ནས་བསྡོམས་རྩིས་བརྒྱབ་པའི་བཤད་རྒྱུན་ལྟར་ན། མི་རེ་རེས་དམངས་སྒོར་སྟོང་ལ་ཉེ་བའི་འགྲོ་སོང་གཏོང་དགོས་རབས་སྐད། གལ་ཏེ། དབང་དེ་ལ་བཟའ་ཚང་གང་བོ་མཇལ་བའི་དབང་དུ་བཏང་ན། ལོ་གཅིག་གི་ཡོངས་སྒོ་ཚང་མ་དེ་ལ་གཏོང་དགོས་པའི་ཚོད་དུ་འདུག་པ་ནི་རང་ཡུལ་རང་ལ་རྒྱུས་མངའ་འདུག་པས་གསལ་བཤད་བྱེད་མི་དགོས་པ་ཞིག་རེད།

མ་ཎི་ཡིག་དྲུག་ཅེས་པའི་ཐ་སྙད་འདི་ཉིད་ནི་ཆེ་ཆུང་རྒན་གཞོན་ཚང་མའི་བློ་ངོས་སུ་གཤགས་ནས་ཡོད་པ་ཞིག་རེད། ཡིན་ན་ཡང་། བསྟན་འཛིན་སྙན་གྲགས་ཀྱིས་མ་ཎི་ཡི་གེ་བདུན་པ་ཞིག་བཟོས་ཡོད་རབས་འདུག་མོད། དེ་ནི་ཁོ་བོ་མ་ཎིའི་རིག་གནས་ལ་རྒྱུས་མངའ་མེད་པས་རེ་ཞིག་གཞན་གྱི་བགོ་སྐལ་དུ་འཇོག་པ་ལས་ཐབས་མི་འདུག ཁོ་བོས་ཅི་ནས་ཀྱང་མིག་གིས་མི་བཟོད་ཅིང་སེམས་ཀྱིས་མི་ཐེག་པ་ནི། ཁོང་གིས་ཐབས་བརྒྱ་ཇུས་སྟོང་གིས་བསྐོར་བའི་ལྕགས་ར་དེ་ཉིད་རེད། ལྕགས་ར་དེ་ཉིད་ལས་འུ་ཅག་གི་མང་ཚོགས་དག་ཤེས་མེད་ཚོར་མེད་ཀྱིས་གསོན་ཐབས་མེད་པའི་གནས་ཚུལ་ཡ་ང་བ་དེ་ཉིད་རེད།

སྤྱིར་མི་སྒེར་རང་གི་གོ་བ་ལེན་ཚུལ་ལྟར་ན། དབང་ཞེས་པ་ནི་སྤྱིར་བཏང་གི་མི་དག་གིས་མི་རྟོགས་པའི་གནས་ལུགས་གང་ཞིག་ཁ་གསལ་གོ་བདེའི་ངང་དེ་དག་ལ་བརྡ་སྤྲོད་པའི་སྦྱོར་བ་ཞིག་ཡིན་ཚོད་འདུག་མོད། ཆོས་དང་རིག་པའི་གཞུང་སོགས་ན་བརྡ་དོན་ཇི་ལྟར་དུ་སྤྲད་ཡོད་པ་ཁོ་བོས་མི་ཤེས་ལགས། གལ་ཏེ། ངས་འདོད་པའི་དེ་འདྲ་ཞིག་རྦད་དེ་མི་མིན་པར། ཁྲི་སྟེང་གི་མི་དེས་ཅི་འདོད་དུ་བཤད་ཚེ་འོག་གི་མི་དག་ལ་མི་མངོན་དབྱིངས་ནས་ནུས་པ་གང་ཞིག་ཟུག་འགྲོ་བ་ཞིག་ཡིན་ཚེ། བསྟན་འཛིན་སྙན་གྲགས་ཀྱི་དབང་ལ་ནུས་པ་བླ་ལྷག་གིས་ཆེ་ཡང་སྲིད་མོད། དེ་འདྲ་ཞིག་ཡིན་པའི་གནས་ལུགས་གཞར་ཡང་མ་རྙེད་དོ། ། ཡང་གཅིག་བཤད་ན། ཁོ་བོ་རིག་གནས་གང་དེའི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་མི་སྐྱི་ཞིག་ཡིན་པས། ཆུང་ངུའི་དུས་སུ་ཁྱིམ་མི་དག་གི་རྗེས་སུ་དེད་ནས་དབང་ལ་སོང་བའི་གནས་ཚུལ་རེ་འགའ་ཡོད་པར་མ་ཟད། ཁ་སང་དེ་རིང་ཡང་དབང་ལུང་ལ་ཉན་དུ་འགྲོ་བའི་རྒྱུན་སྐྱོང་མུས་ཡིན་མོད། ཁོ་བོ་སོང་བའི་སྐབས་དེ་དག་ཏུ། དབང་གསུངས་མཁན་གང་གིས་ནི་གནས་ལུགས་ཤིག་གསལ་བཤད་བྱེད་ཀྱིན་འདུག་པ་ལས། མི་མངོན་པའི་ལྷ་ནུས་ཤིག་སྦྱིན་གྱིན་པའི་སྣང་བ་ཞིག་གཏན་དུ་བཞག་མ་སོང་། དེ་ཡང་ཁོ་བོ་བསོད་ནམས་དམན་པས་དབང་མ་ཐོབ་པ་མིན་ན། ངོས་ནས་དེ་དག་གི་ཁ་ནས་གནས་ལུགས་ཐན་ཐུན་རེ་འཐུས་ནས་འོང་བ་ལས་ལྐོག་གྱུར་ཅི་ཡང་ཐོས་མ་སོང་ངོ་། ། བསྟན་འཛིན་སྙན་གྲགས་ཀྱིས་དབང་གསུངས་རྗེས་མང་ཚོགས་རེ་རེ་ལ་རྒྱལ་ཁབ་ཀྱིས་ཁྲལ་འཇོག་པ་བཞིན། མ་ཎིའི་གྲངས་ཀ་བཞིན་ཁྲལ་བཞག་ཡོད་པར་བཤད། གལ་ཏེ། མ་ཎི་ཞེས་པ་ནི་དད་པས་འདོན་རྒྱུ་ཞིག་མིན་པར་ཁྲལ་ལ་སྐྲག་སྟེ་འདོན་རྒྱུ་ཞིག་ཡིན་ན། མ་ཎི་དང་འབྲེལ་བའི་རིག་གནས་དེ་ཡང་དགོད་བྲོ་བོ་ཁྱད་མཚར་བོ་ཞིག་ཏུ་མི་འགྱུར་བའི་ངེས་པ་རྦད་དེ་མི་འདུག ཡིན་ན་ཡང་། ང་དང་འདྲ་བར། རིག་གནས་གང་དེར་ངེས་ཆ་ཅུང་ཙམ་ལས་མེད་ཅིང་། རང་ཉིད་ཀྱི་ཁེ་ཕན་ལ་རྒྱུ་འབྲས་དྲང་གཞག་མིན་པའི་ཚུལ་གྱིས་སྤྱང་ཀི་ཤ་ལ་རྔམ་པ་ལྟར་རྒྱུགས་པའི་བསྟན་འཛིན་སྙན་གྲགས་དག་ལ་མཚོན་ན། རིག་གནས་དང་མི་རིགས་ཞེས་པ་ནི་ཤར་དང་ནུབ་ཀྱི་ཚུལ་དུ་ཡོད་པར་གདོན་མི་ཟ་མོད། མ་ཎིའི་དབང་གསུངས་མཁན་ཞིག་གོ་ངོས་ཐད་ནས་ལས་འབྲས་ལ་བརྩི་སྲུང་ཅུང་ཙམ་མ་བྱས་ཚེ། ནམ་ཞིག་བྱི་ལུང་གིས་ས་བརྐོས་པའི་ཚུལ་མི་འབྱུང་བའི་གདེང་ཚོད་རང་གཞན་སུ་ལ་ཡང་མེད་ན། ད་ནས་བཟུང་རིག་པ་གྲིམ་པོ་དང་སྦྱོར་བ་ཚུལ་མཐུན་ཞིག་བྱ་ལོས་དགོས་ཨང་།

ཡང་བསྟན་འཛིན་སྙན་གྲགས་ཀྱིས་དེང་རབས་ཀྱི་ཚན་རྩལ་འཕྲུལ་གྱི་ནུས་པར་བརྟེན་ནས། ཉག་ག་གང་རུང་ཞིག་ནས་མང་ཚོགས་དག་ལ་བར་སྣང་དུ་འཕུར་བའི་ཚུལ་བསྟན་པ་དེ་ཡང་དེང་སང་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་བཞིན་འདུག་མོད། བར་སྐབས་འདིར། བསྟན་འཛིན་སྙན་གྲགས་དག་གི་སྟོབས་ཤུགས་ཤིན་ཏུ་ཆེ་བས་མང་ཚོགས་ཉམ་ཐག་ཞིག་ལ་མཚོན་ན། གདོང་འབག་དམར་བཤུ་བྱེད་པའི་སྤོབས་པ་ཞིག་ག་ལ་ཡོད། དེ་ལས་ལྡོག་སྟེ། བཤད་ཡམས་ལ་དགའ་བའི་མང་ཚོགས་དག་གིས་ཁྱི་མགོ་མྱི་སྦྱོར་གྱིས་མཐུ་ནུས་ཡ་མཚན་ཡིན་རབས་མི་བཤད་པའི་གདེང་ཆ་སུ་ལའང་མེད། དེ་ལྟའི་སྦྱོར་བ་སྐྱུག་བྲོ་བོ་བསྟན་འཛིན་སྙ་གྲགས་དག་གིས་སྔོན་ནས་ཡང་དང་བསྐྱར་བསྟན་པས། ད་ལྟ་ཡ་མཚར་བའི་གླེང་རིན་ཞིག་མི་འདུག་མོད། ཉེ་བའི་ལོ་འདི་དག་ལ། བསྟན་འཛིན་སྙན་གྲགས་ཀྱི་བསྟན་པ་ཀན་ལྷོའི་ཕྱོགས་སུ་ཤུགས་ཀྱིས་ཁྱབ་ཀྱིན་པ་དེ་མི་གླེང་ཐུ་མེད་རེད་བཞག

ཁ་འཐོར་ཡ་འཐོར་གྱིས་སྡོད་པའི་བོད་མི་དག་ནི་ཨ་གསར་ལ་ཤིན་ཏུ་དགའ་བས། སུ་ཞིག་གིས་གང་ཞིག་ནས་དེ་འདྲ་ཞིག་དང་དུ་བླངས་པ་མི་ཤེས་མོད། ཉེ་བའི་ལོ་འདི་འགར་ཀན་ལྷོ་ཕྱོགས་ན་མ་ཎི་ཚོགས་པ་ཞེས་པ་ཞིག་མང་ཚོགས་དག་གི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད་པར་མ་ཟད། དེར་མ་ཞུགས་པ་དག་ལ་ལྟ་ཚུལ་ངན་པ་འཛིན་གྱིན་འདུག ཁོ་ཚོས་འགྲན་སྡུར་གྱིས་མ་ཎི་ཚོགས་པ་བཙུགས་ནས་མ་ཎིའི་དཔྱ་ཁྲལ་བཞག་ཅིང་། དེ་ལྟར་འགྲུབ་རྗེས་དུས་ཡུན་ངེས་ཅན་རེར་བླ་བྲང་དགོན་པ་སོགས་ལ་ཚོགས་སྐོལ་བྱེད་གྲབས་འདུག་པས། ནམ་རྒྱུན་མང་ཚོགས་དག་གི་ལག་ཟུང་ཆེ་ཆུང་ལ་བལྟས་ཤིང་ཅེར་ཡོད་པའི་གྲྭ་བ་དག་གི་འདོད་ཐོག་ལ་རྟ་རྒྱུགས་ཤིང་། བསམ་ཐོག་ལ་ཆར་བབས་ཡོད་ཚོད་འདུག མ་ཟད། ཁོ་ཚོས་བླ་བྲང་གི་དགེ་བཤེས་རེ་འགའི་མདུན་དུ་སོང་ནས་མ་ཎིའི་ལུང་ཞེས་པ་ཞིག་ལེན་གྱིན་འདུག་མོད། ཕྱིར་འོང་ནས་ཅི་གསུངས་འདྲི་དུས་གཅིག་ཀྱང་བཤད་རྒྱུ་མེད་པར་མ་ཟད། ད་དུང་བྱིན་རླབས་ཆེ་རབས་མང་པོ་ཞིག་བཤད་རྒྱུ་འདུག ལུང་ཞེས་པ་ནི་དེ་ལྟར་ཅི་འདོད་དུ་གནངས་ཆོག་པ་ཞིག་དང་ཇི་བཞིན་དུ་ཐོབ་འགྲོ་བ་ཞིག་ཡིན་ན། བོད་ཡུལ་ཡོངས་རྫོགས་བདེ་བ་ཅན་དུ་བཞུད་ཆོག་གི་མོད། ལོ་ངོ་འདི་དག་ལ་དམྱལ་བའི་ཚ་གྲང་མྱོང་གིན་པ་འདི་ནི་ཇི་འདྲའི་མི་སེམས་ཀྱིས་བཟོད་དཀའ་བའི་གསང་བ་ཞིག་རེད་བཞག སྤྱིར་རང་སེམས་ན་ཉེས་པ་མེད་ན། གཤིན་རྗེ་ན་འཇིགས་པ་མེད་ཟེར་བ་བཞིན་དུ། མ་ཎི་ཞེས་པ་ཡང་དད་པས་འདོན་རྒྱུ་ཞིག་མིན་པར་ཁྲལ་ལྟར་འདོན་རྒྱུ་ཞིག་ཡིན་ན། རིག་གནས་འདི་ཉིད་ཕྱོགས་ངོས་གང་ཞིག་ཏུ་རྨ་སྐྱོན་ཆེན་པ་ཞིག་ཡོད་པ་ཐག་གིས་ཆོད་ཅིང་། བོད་མི་འདི་ཚོ་མ་གཏོགས་དད་པའི་མགོ་བོ་གཏུག་མཁན་ཞིག་ཀྱང་གླིང་ན་མེད་ཆོག་མོད། ད་དུང་། ས་སྐུ་གསེར་བྱུགས་མ་དག་གི་མདུན་གྱི་ཁ་བཏགས་ཀྱི་གྲངས་ཀ་ཇེ་མང་དུ་འགྲོ་བ་འདི་ཡ་མཚར་ཞིང་། མིའི་རིགས་ལ་ཡང་རྒྱབ་རྟེན་བྱེད་ས་ཞིག་མེད་ཚེ་སྡོད་ཚུགས་ཀྱིན་མེད་པ་ཡང་ཞོར་རྟོགས་འོང་།

ད་ལོ་བརྙན་འཕྲིན་གྱི་ག་ས་གང་དུ་ལིས་པིས་ཡའི་གནས་ཚུལ་གྱིས་ཁྱབ་ནས་འདུག་ཅིང་། ཁ་དགྲ་ཧྥེ་ཡི་ཆོས་ཚོགས་ཀྱིས་ཁོའི་དོན་དུ་རང་སྲོག་བློས་གཏོང་གིན་པའི་གནས་ཚུལ་དེ་མཚར་བོ་འདུག འཛམ་གླིང་ཤར་ནུབ་གང་དུ་ཡང་བདུད་དུ་འབོད་ཀྱིན་པའི་ཁོ་རང་ཡང་ཆོས་ལུགས་ཀྱི་ནུས་པས་སྲུང་འདུག་པ་མཐོང་དུས། ནམ་ཞིག བསྟན་འཛིན་སྙན་གྲགས་དག་ཀྱང་དེ་ལྟར་མི་འགྱུར་གདེང་ཚོད་གཞར་ཡང་མ་རྙེད་ལ། བོད་རིགས་མང་ཚོགས་དག་ནི་འཛམ་གླིང་གི་གསར་ལམ་གང་དུ་མིག་ཆུ་འདོན་མཁན་མིན་པའི་རྒྱུ་མཚན་གཏན་དུ་མ་རྟོགས།

སྤྱིར་མ་ཎི་འདོན་པ་དང་རྐྱང་ཕྱག་འཚལ་བ་གང་ཡིན་རུང་། དེ་ལ་དེ་མཐུན་གྱི་དགེ་མཚན་རེ་ཡོད་ཀྱང་སྲིད་མོད། རྒྱལ་ཁབ་ཀྱི་རྒྱུ་ཁྲལ་མཚམས་བཞག་རྗེས། ད་ལྟ་བོད་ཡུལ་དུ་ཆོས་ཁྲལ་འཇིགས་སུ་རུང་བ་ཞིག་ཡོད་པར་བསམས་ན། བོད་ཡུལ་འདི་བདུད་ཀྱི་གནས་ས་ཡིན་ཞེས་པའི་ལོང་གཏམ་ལ་ཡང་བསམ་གཞིག་མི་གཏོང་ག་མེད་རེད། གང་ལྟར། ད་ལྟ་མཎི་འདོན་མཁན་ཁོ་ནས་ག་ལ་ཚད་དེ། སྡེ་བ་སོ་སོའི་ཁྱིམ་མི་རེ་རེ་ནས་རྐྱང་ཕྱག་འཚལ་ཏེ་བླ་བྲང་དགོན་པར་གཏུག་གིན་འདུག་ཅིང་། དེ་ལྟར་མ་བྱས་ཚེ་མི་ཁས་སྡོད་ཐབས་མེད་རབས་ལབ་ལ། ནམ་རྒྱུན་རྒྱ་ལམ་སྟེང་ན་སྐྱལ་ལེབ་བེར་འོང་གིན་པ་དག་མཐོང་ན། འཛམ་གླིང་གི་བརྙན་མིག་དག་བོད་ལ་བསྐོར་བར་ཡང་ཡ་མཚན་སྐྱེས་རྒྱུ་མི་འདུག་སྙམ། ཡིན་ན་ཡང་། བརྙན་མིག་དེ་དག་འདི་ཁོ་ནའི་ཆེད་དུ་ག་ལ་ཡིན་ཨང་།

བོད་ཀྱི་ལོ་རྒྱུས་སྟེང་དུ། ཁྲི་སྲོང་ལྡེ་བཙན་ཞེས་པའི་བོད་རྒྱལ་ཞིག་གི་སྐབས་སུ། བོད་མི་དག་གིས་གྲྭ་བ་དང་དགོན་པར་རྒྱུ་ཁྲལ་འཇལ་བའི་ལོ་རྒྱུས་འདུག་ཅིང་། ད་ལྟ་བཤད་ན། དེ་ནི་བོད་ཡུལ་ཁ་འཐོར་འགྲོ་བའི་རྒྱུ་རུ་བགྲང་གིན་འདུག དེའི་རྗེས་ཀྱི་ལོ་ངོ་མང་པོ་ཞིག་འགོར་རྗེས། བོད་ལ་ཙོང་ཁ་པ་ཞེས་པའི་སྐྱེས་བུ་ཆེན་པོ་ཞིག་འཁྲུངས་ཤིང་། བོད་མི་ཚོས་རྒྱལ་བ་གཉིས་པ་འབོད། ཁོའི་སྐབས་སུ་བོད་དུ་ཆོས་ཁྲལ་བཞག་པའི་གནས་ཚུལ་ནི་མ་བྱུང་། ཡིན་ན་ཡང་། ད་ལྟ་བསྟན་འཛིན་སྙན་གྲགས་ཞེས་པ་ཞིག་སྐྱེས་ཤིང་། ཁོས་བོད་མི་དག་ལ་མ་ཎིའི་དཔྱ་ཁྲལ་བཞག་པས། བོད་མི་ཚོས་ཁོ་ལ་ཨ་ལགས་མ་ཎི་བ་ཞེས་འབོད། མིང་དེ་བསྟོད་མིང་ངམ་ཟུར་ཟའི་མིང་གང་ཡིན་བཤད་དཀའ་མོད། མ་ཎི་དཔྱ་ཁྲལ་དུ་གྱུར་བའི་ལོ་རྒྱུས་ནི་ཁོའི་སྐབས་ནས་འགོ་ཚུགས་པ་ཡིན་ཚེ། ཨ་ལགས་མ་ཎི་བ་ཞེས་པ་ནི་བསྟོད་པའི་ཞོར་གྱི་སྨད་པ་ཞིག་ཅི་མིན།

2011.5.10བླ་བྲང་ནས།

Express IPO Prices Below Range
VIDEO PORNO XXX Popping a balloon with an asshole operated pea shooter

Amazing Dining Experience At The Restaurants In Mexico
Prom Dresses xam'd range 2

Artistic Jewelry Jewellery sets of Mogul pattern
VIDEOS PORNO The company's Q4 operating loss was

Cheap Plus Size Womens Evening Wear
Free Games There is also a pool

Pippa Middleton plays the ultimate rock goddess in leather
pornos the fundamentals for this company are very poor

Trendy Gucci bags for well
Porno pour femme Very agreed upon goateed Spectre

Jute Emporium Offers Jute Bags Jute Handbags
free porno better of audi layout competition singapore 2012 day 2

So You're Hosting an Alien Embryo
Free Porno Wife I just a lurker who posted a WAYWT twice
བསྟོད།7

抱歉,评论已关闭!