ཁ་ནང་ལ་འཁོར་ནས་བལྟས་ན།

བཙན་སྒྲ

་་་་རིག་གནས་ཀྱིས་བསྐྲུན་པའི་འདུ་ཤེས།
སྤྱིར་བྱ་དངོས་དང་རིག་གནས་གང་དང་གང་ཡིན་ཡང་འཕེལ་འགྲིབ་དང་འགལ་འབྲེལ་གྱི་ཆོས་ཉིད་དང་བསྟུན་ཏེ་དར་བ་ནས་རྒུད་པ་དང་རྒུད་པ་ནས་འཕེལ་རྒྱས་སུ་སོང་བ་དང་། འཕེལ་བ་ནས་གཙོ་རྒྱུག་དང་ཉམ་པ་ནས་རྩ་མེད་དུ་སོང་བའི་ལོ་རྒྱུས་སོགས་མཐོང་དུ་ཡོད་མོད།གང་ལྟར་རྙིང་བས་གསར་བ་མཚོན་མི་ནུས་ལ་གསར་བ་ཡང་གནས་སྐབས་ཀྱི་གསར་བ་མ་གཏོགས་དུས་སྐབས་རེ་རེ་ནས་འགྱུར་འགྲོ་བ་ཁོ་ཐག་རེད། དེ་བས་ང་ཚོའི་ངེས་དགོས་པ་ནི་བག་ཆགས་རྙིང་རུལ་དང་འདུ་ཤེས་ཤི་བོ་རྣམས་བླ་ལྷག་མེད་པར་གཏོར་ཕུད་བྱེད་པའི་སྙིང་སྟོབས་དང་། སྔ་ན་མེད་པའི་རིག་གནས་གསར་བའི་ལམ་ཆེན་གསར་བཏོད་བྱེད་པའི་རྣམ་དཔྱོད་དང་ང་རྒྱལ་ཚ་བོ་ཞིག་དགོས་ངེས་རེད།
ད་ལྟ་ང་ཚོའི་ཤེས་ཡོན་པའི་སྡེ་ནས་གཞི་རིམ་གྱི་རྒན་པོ་ཨུ་ཚུགས་ཅན་དང་བླ་གྲྭ་སྤྱོད་ངན་ཚོའི་བར་དུ་ལྟ་བ་གསར་རྙིང་དང་རིགས་གནས་གསར་རྙིང་ཙམ་གྱི་ཡ་ང་བའི་རྩོད་པ་ཆུང་ཆུང་ཞིག་གིས་དུས་འདའ་བཞིན་ཡོད་པ་ནི་སྙན་གྲགས་ཙམ་དང་ཁ་རྒྱབ་དང་གོ་གནས་ཀྱི་ཁེ་ཕན་ཙམ་ལས།ཆོས་ལུགས་ཀྱི་བྱམས་བརྩེ་དྲོན་མོ་དང་སྲིད་དོན་གྱི་ཞབས་ཞུ་རྣལ་མ་ཞིག་གི་དྲི་ཙམ་ཡང་མེད་པར་ནམ་ཡང་ཨུ་ཚུགས་ཀྱིས་རྩམ་པ་སྐྱག་པར་རྫོགས་ཏེ་རང་སེམས་སྐྱིད་ལ་བསྐུར་བཞིན་པ་མཐོང་ན་མི་རིགས་ཤིག་གི་འབྱུང་འགྱུར་གྱི་འཚོ་བ་ལ་རེ་བཞག་གི་སེམས་པ་ཞིག་སྐྱེ་སྲིད་དམ།གང་ལྟར་ཨུ་ཚུགས་ནི་ནམ་ཡང་ཨུ་ཚུགས་རང་ཡིན་པས་དེ་ལ་རྩོད་པ་དང་དགག་སྒྲུབ་བྱེད་པའི་རིན་ཐང་ཞིག་མེད་སྙམ་མོ།དད་པ་ཡོད་མེད་དང་རིག་གནས་གང་ཞིག་དང་ལེན་བྱེད་མིན་ནི་རིག་གནས་རང་ངོས་ཀྱི་རིན་ཐང་གི་འབྲས་བུའི་ལོ་རྒྱུས་ལ་ཞིབ་འཇུག་དང་དུས་རབས་ཀྱི་བསམ་བློའི་དགོས་མཁོ་དང་བསྟུན་ནས་བླང་དོར་དང་དགག་བཞག་སྤོང་གསུམ་བྱེད་དགོས་པ་ལས།ལྟ་ལོག་པ་དང་བསྟན་བཤིག་རྒྱང་འཕེན་པ་སོགས་ཀྱིས་ཚིག་རྩུབ་ཇི་ལྟར་འཕང་ཡང་།ཞྭ་མོའི་རིག་གནས་དང་དབྱུག་སྐུལ་སློབ་གསོ་སོགས་ཀྱིས་གནས་ལུགས་ཅི་འདྲ་བཤད་ན་ཡང་།ནམ་དུ་ཁྱེད་ཚོའི་ཚར་དུ་མེད་པའི་སྐད་ཆ་ཤི་བོ་དག་ལ་བདག་པོ་མེད་ལ་རྒྱུ་མཚན་ནི་ལོ་རབས་བརྒྱའ་ཅུའི་ཡར་སྔོན་གྱི་ཐ་སྙད་ཅིག་གི་སྒྲ་ཙམ་ཡིན་པས་སོ།

ད་ལོའི་དགུན་གནང་དུ་ང་ཚོའི་སྡེ་བ་ནས་སློབ་གསོའི་བྱ་འགུལ་ཞིག་གི་སྟེང་ནས།སྒང་བ་རྒྱ་ནག་མཁན་ཆེན་བསམ་གཏན་བསྟན་པའི་རྒྱལ་མཚན་ཚང་ཞེས་པའི་ཨ་ལག་ཞིག་དང་ཁོང་གི་སློབ་མ་ལྡོང་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཐལ།ཨ་ལགས་ཀྱིས་[ཉིན་ཁ་ཅིག་གི་ཡར་སྔོན་དུ་སྐུ་ཞབས་ཞོགས་དུང་གི་དཔེ་ཆ་ཞིག་ལ་བལྟས་པ་ཡིན་ལ་ཀློག་གིན་ཀློག་གིན་བཟི་བོ་ཞིག་གིས་བཟི་གཏམ་བཤད་པ་དང་འདྲ་མཚུངས་རེད་སྙིང་བོ་གང་ཡང་མི་འདུག་་་་་་མི་འདི་དང་འདིའི་རིགས་ཀྱིས་རང་གི་རིག་གནས་ཀྱི་དགེ་མཚན་མ་ཤེས་པ་དང་སྙིང་བོ་མ་ལོན་པ་རེད་དེ་ནི་ངོ་མ་ཡིད་སྐྱོ་ནི་ཞིག་རེད]་ཅེས་བཤད། ངས་བསམ་ན་ཨ་ལག་གིས་ཞོགས་དུང་གི་བསམ་བློའི་ཡང་སྙིང་གསལ་བོ་ཞིག་དང་སྐད་ཆའི་གནས་ལུགས་ལ་གོ་བ་དེ་འདྲ་ཞིག་ལོན་མེད་པ་དང་།ཁོས་མཐོང་བ་ནི་རྩོམ་རིག་སྟེང་གི་སྐུ་ཞབས་ཞོགས་དུང་གི་གཟུགས་བརྙན་ཙམ་ལས་འཚོ་བ་དངོས་ཀྱི་སྐུ་ཞབས་ཁོང་གི་འཇོན་ནུས་ཀྱི་ཆ་ཤས་ཙམ་ཡང་རྟོག་མེད་པ་ནི་’’འཁོར་བས་བལྟས་ན་མི་ལ་སྨྱོ།།མི་ལས་བལྟས་ན་འཁོར་བ་སྨྱོ།།’’་ཞེས་པའི་དཔེ་ལས་མ་འདས་སམ།དེ་ནས་མང་ཚོགས་རྣམས་ལ་ཟ་མ་བཟའ་སྟངས་དང་གྱོན་པ་གྱོན་ཚུལ་སྣབས་ཇི་ལྟར་བཤུ་དགོས་འདུག་ལ་སོགས་ལོ་བཅོ་ལྔ་ཉི་ཤུ་ནས་དྲུག་ཅུ་བདུན་ཅུའི་བར་ལ་འདི་ལྟ་བུའི་སློབ་གསོ་ཞིག་གནང་བྱུང་།ངས་བསམ་ན་དེ་ནི་སྐུ་ཞབས་ཞོགས་དུང་གིས་བཤད་པ་ལྟར་[འཇིག་རྟེན་བོར་སོང་ཟིག་ང་ཚོས་འཇིག་རྟེན་འཚོལ་དགོས་འདུག]་ཞེས་པ་དེ་དེ་རིང་གསལ་བོར་ཧ་གོ་རྒྱུ་ཞིག་འདུག་་་མི་རིགས་གཞན་གྱི་ཁྱིམ་ཚང་གི་སློབ་གསོའི་གྲལ་གྱི་ཆ་ཤས་ཙམ་ཞིག་དེ་རིང་ཡོན་ཏན་པའི་སྡེ་ནས་ཤེས་ཡོན་པའི་ཁྲོད་ནས་སྤྱི་ཚོགས་ལ་འདི་ལྟ་བུའི་སློབ་གསོ་གནང་བ་ནི་མི་རིགས་གཞན་ལ་ངོ་གནོང་དགོས་པ་ཞིག་ཡིན་པ་མ་ཟད།དུས་རབས་ཉེར་གཅིག་གི་དེ་རིང་ཚན་རིག་དང་དཔལ་འབྱོར་གྱི་མཚོ་མོ་དགུང་ལ་འཕྱོ་བཞིན་པའི་སྐབས་འདིར། ང་ཚོའི་ད་དུང་བཟའ་སྟངས་འཐུང་ལུགས་ཙམ་ཡང་མི་ཤེས་པ་དང་བཟའ་བཏུང་ལ་མཁས་པའི་མི་འདི་ལྟ་བུའི་ང་ཚོའི་སྤྱི་ཚོགས་ཀྱི་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་ཡིན་ན།ང་ཚོར་རིག་གནས་ཤིག་གིས་བསྐྲུན་པའི་བག་ཆགས་ཡིན་པ་དང་རིག་གནས་དེ་ཡང་ང་ཚོའི་འཚོ་གནས་ཀྱི་དགོས་མཁོ་དང་འབྲེལ་མེད་དགོས་མེད་ཅིག་ཡིན་ལ། འདི་ལྟ་བུའི་སློབ་གསོ་བ་ལ་གད་སྙིགས་སློབ་གསོ་བ་ཞེས་གསོལ་ན་ཡང་མིང་འདི་ད་དུང་ཡག་སོང་ཟིག

ད་དུང་ལྡོང་ཡོན་ཏན་གྱིས[ང་ཚོ་བོད་ཡིན་པས་ང་རྒྱལ་སྐྱེ་ཆོག་པ་དང་བོད་མི་རིགས་སུ་སྐྱེ་བ་ཚོས་ནམ་ཡང་འགོ་འཕང་མཐོ་རུ་འདེགས་ན་ཆོག་་་་རྒྱུ་མཚན་ནི་སུམ་ཉིས་དབང་དུ་བསྒྱུར་ཚུལ་ནང་ཆོས་ཆེ་ཆེར་དར་ཚུལ་བྱམས་སྙིང་རྗེ་ཆེ་བའི་མི་རིགས་ཡིན་ཚུལ]་སོགས་སྐད་ཆ་བདེ་མོ་བདེ་མོ་ཞིག་བཤད་ན་ཡང་དེ་ནི་བྱིས་པའི་དགོད་གཏམ་ཙམ་ལས་སྙིང་བོ་ཞིག་ལར་ནས་མི་འདུག་་་སྔོན་གྱི་ལོ་རྒྱུས་ཀྱི་དགེ་མཚན་མང་པོ་ཞིག་ཅི་འདྲར་གླེང་ཡང་དེ་རིང་གི་སྐྱ་ཆད་སྔོ་སྡུག་གི་འཚོ་བ་ལ་ཕན་ཁེ་ཏིལ་འབྲུ་ཙམ་ཡང་མི་འདུག་་་སྐུ་ཞབས་རང་གྲོལ་ལགས་ཀྱིས་་་་[མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ;;;;;;;;;;;;།།]ཞེས་་པའི་དཔེ་ལས་མ་འདས་་་གང་ལྟར་ང་ཚོའི་ལོ་རྒྱུས་ཀྱི་དགེ་མཚན་གླེང་བ་ལས་ཉེས་པ་རྣམས་མི་སྨྲ་དོན་ཅི་རེད།ང་ཚོར་ལོ་རྒྱུས་ཀྱི་ཉེས་པ་མེད་སོང་བ་ག་ལ་ཡིན།གླེང་ན་མི་ཚར་བ།ཉན་ན་མི་བཟོད་པ།བསམ་ན་སྙིང་ན་བ་སོགས་འཚམས་རེར་ང་ཆོས་ལྡན་བོད་པ་ཞིག་ཡིན་ཟེར་བར་ངོ་གནོང་དགོས་པ་ཞིག་དང་དེ་རིང་ང་བཙན་པོའི་གདོང་རྒྱུད་ཅིག་ཡིན་ཟེར་ན་ཡིད་མི་ཆེས་བ་ཞིག་ཏུ་གྱུར་འདུག་་་་ནང་བསྟན་ཆོས་ལུགས་འཚེ་མེད་ཞི་བདེ་མ་གྱུར་སེམས་ཅན་སོགས་ཇི་ལྟར་གླེང་ཡང་དེ་ནི་ཁ་ཙམ་ལས་དོན་དུ་ང་ཚོར་ཐུབ་པ་ཁོང་གི་ལུང་རྟོགས་ཀྱི་བསྟན་པའི་གྲུབ་གཟུགས་ཙམ་ཡང་དར་ཡོད་པ་ཁ་ཚོད་གཅོད་དཀའ་འདུག་་་ཅུང་དར་ཡོད་པ་ནི་ལྷ་མཆོད་འདྲེ་འདུལ་དང་བརྩིས་མོ་ལོངས་བསྟན་ཚེ་དབང་ཚེ་བསྒྲུབ་ཙམ་ཞིག་དར་ཡོད་ཀྱང་དེ་ནི་ཡ་ཐོག་བོན་ཆོས་ཀྱི་ཆ་ལུགས་ཙམ་ལས་ཐུབ་པའི་བསྟན་པ་རིན་པོ་ཆེའི་དགོངས་པ་དང་མི་མཐུན་པ་གསལ་བོར་ཤེས་དགོས།ད་ལྟ་ང་ཚོའི་དགོན་སྡེ་སོ་སོ་ན་ནང་བསྟན་འཆད་ཉན་དང་སྒོམ་བསྒྲུབ་དར་སྤེལ་བྱེད་སྐབས་ཀྱི་དུས་ཤིག་མ་ཡིན་པར་ནང་བསྟན་གྱི་ངོ་བོ་གཙང་མ་ཞིག་འཚོལ་དགོས་པའི་དུས་ལ་བབས་ཡོད་པ་འདྲ་འདུག་ཨང་།

7 Shopping Tips for when to Skimp and when to Splurge
VIDEO PORNO XXX it's not a dramatic increase

How to Make a Leather Belt
Wedding Dresses how to understand a really metals and diamonds

Figured Woman Needs to Know About Lingerie
VIDEOS PORNO we expect to realize revenue growth of approximately minus 4

Italian Soccer has a rich tradition
Free Games some of the 5 creepiest serialized killers who had been livestock

Clothes People Wore in the
pornos the steps to creating personal clothes to obtain preteens

Choosing A Business Suit And Matching Tie And Cufflinks
PORNO FRANCAIS ways teaching compact attire when you need to girls

Five ways to pull off a blazer for men
free porno clothing simple and easy pioneering technological advances

com teaches you how to take care of turquoise jewelry
Darmowe Porno which is spectacular for any business
བསྟོད།10

抱歉,评论已关闭!