མྱི་བོར་བའི་རིག་གནས།

སྲིན་པོ།

གནའ་སྔ་མོའི་དུས་ཤིག་ལ་མི་རིགས་འདིས་ཀྱང་ས་སྒང་རིལ་མོ་འདིའི་སྟེང་དུ་ཆེས་ཐོག་མར་ངལ་རྩོལ་དང་ཤེས་རབ་ཀྱི་རྐང་རྗེས་ཐོག་མ་ཕབ་ཅིང་།རང་བྱུང་དང་དངོས་པོའི་ཆོས་ཉིད་ལ་བློ་དོགས་སྐྱེ་ནས་རིག་གནས་གསར་བསྐྲུན་གྱི་ས་བོན་ཞིག་བཏབས་པ་རེད་ལ།སྤྱིར་འཇིག་རྟེན་ལ་འཇུག་པའི་ཐོག་མའི་འདུ་ཤེས་དེར་དད་མོས་ཀྱི་ཆ་ཞིག་དང་རྩོལ་བྱུང་གི་ཚུར་སྣང་ལས་‘‘དོགས་དཔྱད’’་ཀྱི་ཆ་ཞིག་ཀྱང་སྨིན་ཡོད་ཚོད་འདུག ཁོ་ཚོས་རང་བྱུང་ཁམས་ཆེན་མོ་བསྒྱུར་བཀོད་བྱས་ནས་མི་སྒེར་གྱི་འཚོ་གནས་ལ་ཁག་ཐེག་བྱས་ཤིང་།སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་རིག་གནས་སྣ་མང་གི་ཁོར་ཡུག་ཅིག་སློང་བསྐྲུན་བྱས་ཡོད་པ་རེད།དེ་ཡང་གདོད་མའི་དུས་སྐབས་རིང་མོ་ཞིག་ལ་བོན་དང་གཡུང་དྲུང་བོན་གྱིས་བཙན་པོའི་སྲིད་དབང་ལ་ཁ་ལོ་བསྒྱུར་ཞིང་།སྤྱི་ཚོགས་ཀྱི་དགོས་མཁོ་ཉག་ཅིག་ཏུ་གྱུར་ཡོད་པའི་བོན་གྱི་རིག་གནས་སྣང་ཚུལ་འདིས་བཙན་པོའི་སྲིད་དབང་གི་དུས་རིམ་རིང་མོ་ཞིག་ལ་དབང་བསྒྱུར་མཛད་ཅིང་།གཞར་ཡང་བོན་གྱི་རིག་གནས་དེ་ནི་འཇིག་རྟེན་ཕུན་ཚོགས་ཀྱི་འཕྲིན་ལས་ཆེ་ཆེར་རྒྱས་པ་སྔོན་དུ་སོང་ཞིང་མི་སྒེར་དང་ཁྱིམ་ཚང་གི་དབང་ཐང་བླ་མེད་འགྲོ་བའི་རིག་གནས་སྣང་ཚུལ་ཞིག་གི་ཕྱི་ཤུན་ལྟ་བུར་གྱུར་འདུག

ལར་རིག་གནས་ནི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ནང་དུ་མིའི་རིགས་ཀྱིས་གསར་དུ་བསྐྲུན་པའི་དངོས་རྫས་ཀྱི་ལོངས་སྤྱོད་དེ།སློབ་གསོ་དང་ཚན་རིག རྩོམ་རིག་དང་སྒྱུ་རྩལ་སོགས་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་འདུས་ལ་ཟེར་ཞིང་། དེ་ནི་མིའི་འཚོ་གནས་ཀྱི་དགོས་མཁོ་ལྟར་དུ་བྱུང་ཞིང་མིའི་འཚོ་གནས་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་འོ་སྐོལ་བོད་ཀྱི་རིག་གནས་ལོ་རྒྱུས་བྱུང་བ་འདིའི་ཁྲོད་ནས་རིག་གནས་ཀྱི་མི་ལག་ཆ་གྱུར་ཞིང་རིག་གནས་ཀྱིས་མི་ལ་ཁ་ལོ་བསྒྱུར་འདུག་སྟེ། ནང་བའི་ལྟ་སྤྱོད་དེ་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་ཞིག་ནས་སིམ་འཛུལ་བྱས་པ་ནས་བཟུང་།བོད་ཀྱི་མི་བུ་ཡར་སློང་གི་རིག་གནས་དེ་བཅོམ་ཆག་སྐྱ་ཉིལ་དུ་སོང་ཞིང་།འཇིག་རྟེན་རིག་གནས་སམ་ཁྱིམ་པའི་རིག་གནས་དེ་ཕལ་བ་བཞག་ཅིང་ལྷ་གཤིས་རང་བཞིན་ཅན་ནམ་སྐྱབ་བཅོལ་རང་ལུགས་ཅན་ཞིག་སྒོ་ཀུན་ནས་དར་ཞིང་།འཚོ་བ་དང་བསམ་བློའི་གཏིང་ཟབ་ས་ཞིག་ནས་རྩ་བ་སྨིན་ཞིང་རྩེ་མོ་རྒྱས་ཡོད་པ་ཞིག་རེད། དེ་ནི་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བ་ཞིག་ནས་རིག་གནས་ལྟ་ཚུལ་དེ་སྤྱི་ཚོགས་ཀྱི་ལྷུམས་སུ་མངལ་དུ་སྦྲུམ་ཞིང་།རིག་གནས་སྣང་ཚུལ་དེས་མིའི་བསམ་བློ་དང་འཚོ་གནས་ལ་ཐག་གཅོད་བགྱིས་པ་ཞིག་ཏུ་དགོངས་ཤིང་།

གནའ་བོའི་ཤེས་ལྡན་རྒྱལ་ཁབ་རེ་གཉིས་ལ་མཚོན་ན་ལྷའི་རིག་པ་འདི་སྤྱི་ཚོགས་ཀྱི་གཙོ་རྒྱུགས་འབའ་ཞིག་ཏུ་ངོས་འཛིན་བྱས་ཤིང་།དཀོན་མཆོག་གིས་འཇིག་རྟེན་དང་མི་བསྐྲུན་པ་ཡིན་པས་ངེས་ཤེས་སྐྱེས་ཤིང་མིའི་དགོས་འདོད་ཀྱི་ལོངས་སྤྱོད་ཐ་དག་ཀྱང་ལྷས་གནང་སྦྱིན་ཞིག་ཏུ་བསམ་ཞིང་།གནའ་བོའི་ཤེས་རིག་དར་སྔ་བའི་ཨེ་ཅིབ་རྒྱལ་ཁབ་ལ་མཚོན་ན་ཡང་རྣམ་ཤེས་ཡོད་པར་ཁེ་ལེན་ཤིང་ནམ་ཞིག་གཤིན་པོའི་ལུས་ཕུང་དུ་བསྐྱར་དུ་རྣམ་ཤེས་ཞུགས་ནས་རོ་ལངས་རྒྱག་པའི་(木乃伊ལྟ་བུ་རེད)འདུ་ཤེས་དང་རིག་གནས་ལྟ་ཚུལ་ཞིག་མཆིས་མོད།དེ་ནི་མིའི་འདུ་ཤེས་ཀྱི་མཛེས་པ་ཞིག་གམ་བསམ་བློའི་རྒྱབ་གཏོད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཞིང་།ཁོ་ཚོའི་མཐར་ཐུག་གི་དམིགས་ཡུལ་གཙོ་བོ་ནི་ལྷ་ལ་རྣམ་དག་གིས་དད་པ་བྱས་ནས་མི་རིང་བར་ལྷ་དང་ངོ་བོ་མཉམ་འདུས་བྱུང་ཚེ་བདེ་སྐྱིད་ཅིག་ཏུ་བལྟ་བས།དེ་ནི་སྤྱི་ཚོགས་འཕེལ་བའི་དུས་རིམ་ཁྲོད་དུ་རིག་གནས་བསམ་བློ་མི་འདྲ་བས་མིའི་འདུ་ཤེས་ལ་ཤན་ཤུགས་ཐེབས་པ་རེད་ལ་འཚོ་གནས་ཀྱི་ཟུར་གང་རུང་ཞིག་ཏུ་འབུས་འགོ་ཚུགས་པ་ཞིག་ཅིས་ཀྱང་ཡིན་པར་འདོད།

དེ་ལྟར་མི་འཐིམ་སའི་རིག་གནས་མཁའ་དབུགས་ཤིག་དར་བ་ནས་འཕེལ་བར་སོང་ཞིང་འཕེལ་བ་ནས་རྒུད་པ་སོང་ཡོད་པ་རེད་ལ།དངོས་གཙོ་རྩོད་སྒྲུབ་རིག་པ་དང་ཚན་རིག་དཔལ་ཡོན་གྱི་དུས་འགོར་སླེབས་པ་ནས་བཟུང་།འཛམ་གླིང་གི་མཁས་པའི་གཙུག་རྒྱན་དུ་འབོད་པ་སྐོར་ཞིག་གིས་མི་ནི་སྤྲ་མི་ལས་བྱུང་བའི་ཡོངས་ཁྱབ་ལྟ་ཚུལ་ཞིག་ཕྱོགས་ཀུན་ནས་སྨིན་ཞིང་ཁེ་ལེན་བྱས་མོད།འོན་ཀྱང་འོ་སྐོལ་བོད་ལ་མཚོན་ན་རིག་གནས་སྣང་ཚུལ་ཞིག་གིས་ལོ་རྒྱུས་ལ་འཁྱོགས་གཟུགས་བཀོད་ཅིང་། དཔེར་ན་བཙན་པོའི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ནི་གནམ་ནས་དབབ་པ་སོགས་བཤད་རྒྱུན་སྣ་ཚོགས་ཤིག་མཆིས་ལ།དེ་ནི་སྐབས་དེའི་མི་རྣམས་གནམ་ལ་དད་པ་བགྱི་བའི་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་རེད་འདོད།དེའི་གཞུག་ནས་བོད་ཀྱི་རིགས་རྒྱུད་བྱུང་བ་ལའང་ལྷ་སྒྲུང་འབའ་ཞིག་གིས་བསྟིམས་ཡོད་པར་རེད།དེ་ནི་དངོས་ཐོག་བདེན་འཚོལ་གྱི་མིག་འབྲས་ལྡོང་བས་རིག་གནས་ཤིག་རེད་ལ།དོགས་དཔྱོད་དང་བདེན་པའི་ཆ་ཞིག་ཀྱང་བོར་ཡོད་པའི་རིག་གནས་སྣང་ཚུལ་ཤིག་ཀྱང་རེད།མ་གཞི་མི་ལ་ལྷན་སྐྱེས་ཀྱི་རང་གཤིས་དང་ཀུན་སྤྱོད།དབང་ཆ་དང་འདྲ་མཉམ་སོགས་མི་ཡི་རྩ་དོན་ཞིག་ཡོད་པ་རེད།བོད་རང་གི་རིག་གནས་སྣང་ཚུལ་ཞིག་གིས་མིའི་རྩ་དོན་ལ་གཏོར་བཤིག་བྱས་ཤིང་འཐུས་ཚང་གི་བར་སྟོང་བཅོམས་སོང་བ་མ་ཡིན་ནམ། བལྟོས་བཅས་ཀྱི་རིག་གནས་ནི་སྤྱི་ཚོགས་ཀྱི་དགོས་མཁོ་གསར་བ་དང་བསྟུན་ནས་འཚོ་གནས་ཀྱི་རྒྱུན་བསྲིང་བའི་ལག་ཆ་གཙོ་བོ་ཞིག་ལས་སྤྱི་ཚོགས་ཀྱི་གོ་གནས་ངེས་ཅན་ཞིག་ནས་མིའི་འཚོ་གནས་ལ་གཅིན་སྡོམ་དང་མི་ལག་ཆ་བྱ་ཡུལ་ཏུ་གྱུར་བ་ག་ལ་ཡིན། དེ་ནི་མ་ཡིན་ཞིང་། མིའི་ནང་སེམས་ཀྱི་ཟས་སམ་རྣམ་ཤེས་ཀྱི་ཟས་སུ་བྱ་བའི་རིག་གནས་སྣང་ཚུལ་དེ་ནི་སྤྱི་ཚོགས་འཕེལ་བའི་ངོ་བོ་དང་རིན་ཐང་གི་ཆ་ནས་ཚན་རིག་གི་ལྟ་བ་གཞི་རྒྱ་ཆེ་བའི་གནས་བབས་དང་བསྟུན་ནས་བསམ་བློས་གསར་བས་རིག་གནས་ཀྱི་ཐོན་རྫས་གསར་བ་མཁོ་སྤྲོད་དང་དང་ལེན་བྱ་དགོས་ལ། ད་ལྟ་འུ་ཚང་གི་རིག་གནས་བག་ཆགས་ཤིག་གི་བསམ་བློའི་འཐེན་འཁྱེར་གྱིས་ཚན་རིག་ནི་དངོས་ཡོད་ཀྱི་རྐང་གཞོམ་པའི་ཕྱིན་ཅི་ལོག་པའི་རིག་གནས་ཀྱི་འདུ་ཤེས་ཤིག་ལ་ངོས་འཛིན་བགྱི་བཞིན་འདུག་ལ ། འོན་ཀྱང་དེ་ནི་དུས་རབས་ཀྱི་དགོས་མཁོ་ལ་དམིགས་གཏད་པའི་མཐུས་ཚང་གི་བསམ་བློའི་དབྱེ་གཅོད་ཅིག་ཁྱོན་ནས་མི་ཡིན་ཞིང་། ནོར་འཁྲུལ་གྱི་བསམ་བློས་འཐབ་ཕྱོགས་ཤིག་ཏུ་སོང་ཡོད་པ་རེད།

ཁོ་བོས་བསམ་ན་ཚན་རིག་ནི་གནས་ལུགས་མཐར་ཐུག་གི་རིག་གཞུང་གི་སྤྱི་སྡོམ་ཞིག་རེད་ལ། ཞིབ་འཇུག་དང་ལག་ལེན་གྱི་ཁྲོད་ནས་ཐོན་པའི་རྨ་མེད་པའི་བསམ་སློའི་ཐོན་འབྲས་ཤིག་ཀྱང་རེད། གང་ཞིག་དངོས་ཡོད་ཀྱི་གནས་ལུགས་དང་མཐུན་པ་དང་གང་ཞིག་ཟོལ་རྫུན་གྱི་ངོ་བོ་ཡིན་པའི་དཔྱོད་ཤེས་སྔོན་དུ་སོང་བའི་རིག་གནས་ཤིག་རེད་འདོད། གང་ལྟར་ཚན་རིག་ནི་དེང་གི་འཛམ་གླིང་གི་གཙོ་རྒྱུགས་རིག་གཞུང་འབའ་ཞིག་ཏུ་གྱུར་ཡོད་ལ། ང་ཚོས་ཀྱང་དེའི་ཕྱོགས་སུ་ལྟ་བ་མཉམ་གནས་ཀྱིས་འཇུག་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་གསར་བ་ཞིག་ཡིན་པ་ཀུན་གྱིས་ཤེས་ན་འགྲིག་གི་རེད།

Brooks Brothers Black Fleece Suit Quality
PORNO The kitten heel again is a throw back to the classic 1960's

5 Most Famous Brands of Luxury All Over the World
Bridesmaid Dresses If mankind is flawed

Buying Gold On More QE
VIDEOS PORNO created trade projects

Is this much cuff seriously a thing
Download Free Games shirt or blouse next to your face and look for a vibrant

Looking For A Fashion Design Course In Singapore
pornos about 3 cups

An Effective Way To Combat Dark Circles
free xxx the moment alfredia dior's extravagantly feminine new look burst open directly on the style

ABCs Guide to Common Cat Poisonings
PORNO XXX how as being a host trendy item for an outlet

wholesaling university with than merril
Darmowe Porno Ah the spring has come
བསྟོད།8

抱歉,评论已关闭!