བོད་ཀྱི་སྤྱི་ཚོགས་དང་ཉེ་བའི་མྱི་སྐད་གསོན་པོ།

ཡངས་སངས།

སྤྱིར་ལྟོས་མདོག་གི་ཅི་ཡང་མཁྱེན་ལུས་ཡོད་འདོད་པའི་བོད་མྱི་ཚོའི་དོན་དངོས་སུ་འཆི་པ་འགོ་ཡོང་རག་བར་རང་ཉིད་ཀྱིས་ཅི་བྱེད་པ་དང་ཅི་ཞིག་ལས་དགོས་པ་ཤེས་སྲིད་རྒྱུ་མ་རེད ཀླ་ཀློ་དང་མུན་ནག་བོད་ཀྱི་ངོ་སྦྱར་ན་ཅི་འདྲའི་མཚམས་པ་ལ གཞན་རིགས་འདི་ལྟར་བྱ་འཕུར་བ་ལྟར་སོང་ཤུལ་ན་བོད་པ་ཚང་ད་དུང་ཡིན་ཚིམས་ནས་རང་ཉིད་ལ་ཅི་ཡང་ཡོད་མདོག་གི འདི་འདྲའི་མི་རིགས་ནི་བླུན་རྟགསབག་ཆགས་གི་གདངས་ལ་ཟུག་དྲགས་པས་ལྷ་རྗེ་གང་ཞིག་གིས་སྐྱོབ་པར་ནུས་ ཁོ་ཚོའི་ཤོད་པའི་དཀོན་མཆོག་གསུམ་གྱིས་སྐྱོབ་ནུས་ན ད་འབོད་རན་རེད བླ་མ་བྱིན་རླབས་ཅན་དེའི་སྐྱོབ་ཐུབ་ན ད་འགུལ་རན་རེད ཡིན་ནའང་ཚང་མའི་ཤེས་པ་ལྟར་ཁོ་ཚོ་ཕུ་གཏུགས་ས་ནི་ངག་རྒྱུན་དང་ལྷ་སྒྲུང་ཡིནལྷའི་མཐུ་དང་འདྲེའི་ངན་བཤད་ན་ཁོ་ལས་ལྷག་མེད གཞན་དེ་ནི་སྤྱི་ཚོགས་དོན་དངོསཀྱི་གཟུགས་བརྙན་ཡིན་སྲིད་ཀྱང་ དེ་ནི་ངག་རྒྱུན་དང་ལྷ་སྒྲུང་ཡང་ཅི་ལ་མིན།དེ་ཡང་འདི་ལྟར་ཁོ་ཚོས་ངའི་མེས་པོ་ནི་མཐུ་རྩལ་ཅན་ཞིག་ཡིནཞེས་པ་དང་དེ་ནི་ངའི་ཕ་མེས་ནས་བརྒྱུད་ཡོང་ལྟ་བུ་མ་གཏོགས་ཁོ་ཚོ་ལ་གཏན་ཚིགས་གཞན་ཡོད་མི་སྲིད གོང་མ་འགས་ཀུ་རེའི་ཚུལ་དུ་གཏམ་པའི་རྫུན་ཞིག་ལ་ཡིད་ཆེས་དང་རྒྱུད་འཛིན་བྱེད་པའམ སྨྱོན་པ་ཞིག་གི་སྨྱོ་ཧམ་ལ་རྒྱབ་གཏད་ན ངས་ནི་ཉི་མ་འོད་པོ་ཆེའི་མུན་པ་འཇོམས་པ་བཞིན་འདི་ལྟར་སྨྲ་སྟེ ཁྱོད་ཚོ་དུད་འགྲོ་ལས་ཀྱང་སྡུག་ཡིན་གྱི་ ཁྱོད་ཚོས་དུད་འགྲོའི་ནུས་པའང་བྱེད་ཐུབ་ཀྱིན་མེད་ བཟའ་བའམ་འཐུང་བ་གཉིད་པ་འདིཙམ་ནི་དུད་འགྲོས་ཀྱང་ནུས་ལ་ དུད་འགྲོ་ལ་ལར་ད་རུང་ཕྱིར་རྒོལ་གྱི་སྙིང་སྟོབས་དང་ཁེར་སྡོད་ཀྱི་རང་གཤིས་ཡོད ཁྱོད་ཚོས་དེ་ནུས་སམ མ་ནུས་པར་གཞན་གྱི་སྐྱག་པ་རང་ཉིད་ཀྱི་ཁ་ཟས་སུ་བྱས་ནས་ད་རུང་བློ་སྒམ་ཚུལ་གྱིས་སྐྱག་པའི་དགོས་མཁོ་དང་དེ་ཞིམ་ཚུལ་ལབ་པ་ནི་དངོས་གནས་སྐྱེན་པོའམ་གཞན་རིགས་གིས་མཐོང་ན་ངོ་མི་ཚའངཁོ་ཚོའི་བཤད་སྲོད་ལྟར་ན་སྔོན་ཐོན་རྒྱལ་ཁབ་ན་བོད་ཅེས་སྙན་པ་ཡོད་ཅེས་པའང་དོན་དངོས་སུ་བོད་ལ་གདོད་གཤིས་དང་བླུན་དད་རྫོངས་མཐུག་ནས་གཞན་ཡ་མཚར་བ་ཡིན་ལ་གོ་ཐོས་སུ་མཚོ་སྔོན་ས་ཁུལ་གྱི་མཇལ་བ་སྐོར་ཞིག་ལ་ཕྱི་གླིང་བ་ཞིག་གི་པར་བརྒྱབ་ཚུལ་ལས་སྔགས་པ་ཞིག་ནམ་རྒྱུན་གྱི་བླུན་དམངས་ལ་འགོ་གཡོག་པའི་འགྱིང་སྟོབས་ལྟར་བསྡད་ཡོད་རབ་ལབ རྫུན་སྐྱལ་འགོ་གཡོག་ལ་མཁས་པ་འདིས་ཀྱང་གནད་འདི་ག་ཤེས་ཀྱི་མེད་ བྲལ་བ་དང་སྔགས་པའི་མཚོན་པའི་བོད་ཀྱི་ཤེས་ལྡན་པ་འདི་འདྲ་རེད། ཁོ་ཚོ་ལ་གནད་འདེད་ས་གཅིག་ཀྱང་མེད་བོད་འཛམ་གླིང་གི་རྗེས་ལུས་མི་རིགས་བཅུའི་ནང་དུ་འདྲེན་པའང་དོན་མེད་པ་ཞིག་ག་ལ་ཡིན་ཏེ དཔྱོད་ལྡན་པདག་ད་ནི་བསམ་བློ་གཏོང་པའི་དུས་ལ་ཐོན་ཡོད་ མི་རིགས་འདི་ས་སྒང་རིལ་མོ་འདིའིསྟེང་མུ་ནས་མུ་རུ་གནས་འདོད་ན བླུན་དད་པ་དག་གི་རྣ་ཁར་དུས་ཀྱི་རྔ་བོ་ཆེ་རྡུང་རན་འདུག སྐྱབས་བཅོལ་དང་རེ་ཞུ་རེ་ཞིག་མཇུག་རྫོགས་ན་འོས།

དོན་ངོ་མ་སྙིང་མ་རྗེ་སྟེ་ངའང་ཐེ་བའི་ཁོ་ཚོས་ཨ་ཕ་དང་ཨ་མ་ངོ་ཤེས་པ་ཙམ་ལས་ས་གོམ་གང་བགྲོད་མ་མྱོང་ལ་གཞན་གྱིས་ཅི་བྱེད་པ་ག་ལ་ཤེས བདག་ལ་ཁོ་ཚོའི་བཤད་སྲོལ་ལྟར་བསྐལ་བ་བཟང་བོ་ཞིག་གི་རྐྱེན་བྱས རང་སྐད་ལ་ངོ་ཙམ་ཟིན་པ་དང་གཞན་སྐད་ལ་འདྲིས་ཆ་ཅུང་ཡོད་པ་མ་གཏོགས་ང་ཡང་ཁོ་ཚོ་བཞིན་སུ་ཞིག་གིས་རང་ཉིད་གསོད་པ་དང་སུ་ཞིག་གིས་སྐྱོབ་པའང་མ་ཤེས་པར་འདུག་ཁོ་ཐག་ཡིནདེ་ཡང་སྔགས་པ་དང་བྲལ་བའི་མཚོན་པའི་བོད་དམངས་སྤྱིའི་དོན་དངོས་སུ་སྔོན་མ་ཚོས་གཏམ་པའི་རྫུན་ཞིག་ལ་སྲུང་སྐྱོབ་བྱས་ཏེ་སྔོན་བྱོན་ཚོའི་དཔའ་མཛངས་དང་བློ་སྟོབསཕྱོགས་སུ་གཡུགས་འདུག་ ཁོ་ཚོ་རྒྱུ་མཚན་ཅི་ཡང་མེད་པར་རྫུན་གཏམ་རིང་མོ་ཞིག་བསྐྱར་ཟློས་བྱས་ཏེ་ དེ་ལ་སྲོལ་རྒྱུན་རྒྱུན་འཛིན་ཟེར ཨ ཨ ཨ སྤྱིར་མྱི་ཡིན་ན་མ་མཐའ་ཡང་རང་གི་ནུས་པས་བསམ་བློ་གཏོང་ནུས་དགོས་ཏེ དེ་ལྟར་ནི་མྱི་ཞེས་པའི་དོན་སྙིང་ཙམ་གླེང་ཆོག འདི་ལྟར་བསྡད་ན་ལོ་ངོ་དུ་མའི་རྗེས་སུ་མཐོ་སྒང་ན་སྒོ་ཕྱུགས་དང་རི་དྭགས་མངས་བ་བཞིན་བོད་དུད་འགྲོའི་ནང་དུ་འཐིམ་འགྲོ་བའི་ཉེན་ཁ་མེད་པ་གཏན་ནས་མ་རེད་ མྱིས་ཀླད་པར་སྦྱོང་བརྡར་མཁོ་ལ་དེ་མེད་པའམ་ཉུང་ན་རིམ་བཞིན་བཙའ་ཡིས་ཟིན་པའམ་གཡའ་ཆགས་སྲིད་པ་འཛམགླིང་རིག་པས་མགྲིན་གཅིག་དུ་གསུངས་བ་བཞིན་ནོ།།སྔོན་ཆད་རྒྱའི་རྒྱལ་རབས་ལོ་རྒྱུས་སུ་བོད་ལ་གདེང་འཇོག་བྱེད་དུས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཅེས་དང་དབྱིན་ཇིས་བོད་ལ་རྒྱགདུས་དམག་དཔོན་འགས་ཁ་ནང་ནས་ཅི་འདྲའི་བློས་མི་ཕོགས་པའི་མི་རིགས་ཤིག་ཅེས་ཤོར་མྱོང་ཡང་ད་ལྟ་དེ་ལས་ལྡོག་སྟེ་སོས་དལ་བག་ཕེབས་ལ་དགའ་བའི་མི་རིགས་ཤིག་གམ་རེ་ཆད་ཀྱི་མི་རིགས་ཤིག་དུ་གྱུར་ཏེ་ཡབ་མེས་ཀྱིས་ཁྲག་གིས་བཞེངས་བའི་ཕ་སའང་འཆོར་ལ་ཉེ མེས་པོ་ཚོས་དུར་ཁུང་ནས་ཕྱིར་བལྟས་ན་ངོ་མ་ངོ་གནོང་དགོས་པའི་ཚད་ཐིག་ལ་ལྷུང་ཡོད་ ད་རུང་ཁ་ནས་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་བཤད་ཁུལ་གྱིས་དོན་ཐོག་དུ་རྒྱུ་འབྲས་ཟེར་ཞོར་དུ་རྒྱུ་འབྲས་ལ་རྡོག་རྫིས་དང་མ་ནི་འདོན་ཞོར་དུ་སྒོ་ཕྱུགས་ལ་རྡོ་ཁ་བྱེད་པ་མངོན་སུམ་དུ་གྲུབ་བ་ལ་ ཆོས་ལུགས་ཡང་ཆོས་ལུགས་རང་རེད་དེ་དེ་ལ་རང་གི་དགེ་མཚན་ལུས་ཡོད་ འོན་ཏེ་ཆོས་ལུགས་དེ་ཡུལ་དུས་གང་རུང་གི་དབང་གིས་དེ་ལ་བཅོས་བསྒྱུར་དང་ཁ་སྐོང་བྱེད་དགོས་ལ་ དེ་རང་ཚན་རིག་ཏུ་བསྒྱུར་བ་དེ་རེད འོ་སྐོལ་ཚོས་དེ་མ་འདོད་པའམ་མ་ཤེས་པར་སྔོན་ན་ཅི་གསུངས་བ་དེ་ལེགས་བཤད་དུ་བསྒོམ་ནས་བསྡད་ན་ང་ཚོ་ནི་ང་ཚོ་མ་ཡིན་ཏེ་སྔོན་མ་ཚོའི་འདྲ་དཔར་ཙམ་རེད དེ་ལྟར་ནི་མྱི་ཞེས་པ་དངོས་གནས་འགྲུབ་མེད་དོ།།

བླུན་པོས་བླུན་རྟགས་བསྟན་པ་དེའི་མི་རྣམས་ཡ་མཚན་སྐྱེ་བ་དང་ མཁས་པས་མཁས་རྟགས་བསྟན་པ་དེའི་མི་རྣམས་ཧ་ལས་སུ་འཇུག་པ་དེ་འདྲ་འདྲ་རུ་རློམ་པའི་ཡུལ་མི་ཚོ་ ད་སད་རན་འདུག་ གཞན་པའི་འུ་སྐོལ་ཚོ་རྩེད་བསྐྱལ་དུ་བྱེད་པ་ངོས་སུ་ཆུགས

གསལ་བཤད། སྤྱིར་བདག་ལྟ་བུས་འདི་འདིའི་སྐད་སྒྲ་སྒྲོག་པའི་དགོས་པ་མེད་ཅིང་རང་ཉིད་ཀྱི་མྱི་ཞིག་ཡིན་པའི་ངོས་ཐད་དང་བསམ་བློ་ཙམ་གཏོང་ཤེས་བའི་ངོས་ཐད་ནས་སྐད་ཆ་བདེན་པར་སྨྲས་པ་མ་གཏོགས ལན་རེ་ལྟར་གནས་ཚུལ་དངོས་ཤེས་ཀྱང་དོན་དངོས་ལ་ལོག་བཤད་དང་རང་གི་ཕམ་ཁ་ཞིག་རེག་ཨེ་འཇོག་སྙམ་པའི་སྡུག་བསྔལ་འཁུར་མི་འདོད་པའི་སེམས་ནི་མེད། གཞན་ཀུན་སློང་ཡང་དག་པ་སྔོན་དུ་སོང་ནས་ཁ་བརྡ་ཙམ་རེད་ཀྱི་གང་ཞིག་ལ་རེ་བའི་བློ་ནི་མེད།ངས་འདི་ལྟར་བཤད་དོན་ནི་འོ་སྐོལ་ཚོས་ཤུ་རེ་ཞིག་མ་བྱས་ན་མི་རིགས་འདི་ལྷག་མེད་དུ་འགྲོ་བས་ང་ཚོའི་སྙིང་སྟོབས་ཆེན་པོའི་གང་དགོས་པ་དང་གང་མི་དགོས་པའི་དབྱེ་བ་འབྱེད་དགོས་པ་སྟེ་གང་དགོས་པའི་ཐད་ཤུགས་སྣོན་རེ་རྒྱབ་ནས་ན་གཞོན་རེ་རེ་ནས་འབྲས་བུ་རེ་རེ་བླངས་ན རང་རིགས་ལ་ཡང་རེ་བ་དང་ཡིད་ཆེས་འབྱུང་སྲིད་ལ ང་ཚོའི་བཟའ་བྱའི་ཤ་དང་མི་ཟ་བའི་སྐྱག་པ་ཡོད་ཚད་བཟོས་ན་དུས་ཀྱི་རྗེས་སུ་ལུས་འགྲོ་བ་འདི་འདྲ་རེད དེ་ལྟར་ནི་ཅི་བྱེད་ཅེ་ན ངེས་པར་བཟའ་དགོས་པ་དེ་ངེས་པར་བཟའ་དགོས་ཏེ་དུས་ཚོད་ངེས་ཅན་ནང་མི་སྣ་མང་ཙམ་གྱིས ཞེས་པ་དེ་ཡིན དེ་བས་ན་གཞོན་ཤེས་ལྡན་པ་དག་ལ་སྐུལ་སློང་ངམ་སྙིང་སྟོབས་བསྐྱེད་ཅེས་བའི་ཀི་རིང་ཞིག་རང་དབང་མེད་པར་ཤོར་སོང་།

མཚོ་ལྷོའི་མགར་མིང་བ་ཡངས་སངས་ནས།

Robert Pattinson Beats David Beckham for Fashion Award
PORNO for all your guild battles 2 trend own personal needs

Remember The Lost With The Beautiful Sound Of A Memorial Wind Chime
Gowns Online Shop Build a prototype of your fashion doll body

How to Be a Good Model
PORNO a do's since don'ts because of modcloth then twee

CITY SHORT WITH PLAID PIPING
Free Games but let us know what you think in the comments below

How To Choose The Right Men s Jumpers
Kostenlose Pornos von TGT and Toys

Products to Remove Bumps on the Scalp
free xxx this book did have a mission to sell toys

5 True Stories That Shatter Your Image of Famous Rock Icons
free porno A subconscious desire to lose

Secondary Sexual Characteristics of Human Beings
Free Porno Wife Definition of Fashion Designing
བསྟོད།6

抱歉,评论已关闭!