སྦྲང་ཆར་རྩོམ་སྒྲིག་པས་མཛེས་བཟོ་བྱས་པའི་གླིང་གཙོ་བཀྲ་བྷའི་སྐྱི་ལྤགས།

དགུ་རོང་སྤུན་གྲོལ།

སྤྱིར་དངོས་པའི་རང་ལྡོག་ཅེས་པ་ནི་མཚོན་བྱ་རང་ཉིད་དམ་རང་རང་གི་ལྡོག་ཆ་རྟོག་ངོར་ཤར་བའི་བསམ་བློའི་འདུས་དོན་ཞིག་ལ་གོ་བཞིན་ཡོད་པ་རེད། དངོས་པའི་བྱེ་བྲག་གམ་ཆ་ཤས་སུ་གྱུར་པའི་སྣང་སྲིད་ཀྱི་ཆོས་རྣམས་ལ་ཡང་གོང་དུ་བསྙད་པ་ལྟར་སྤྱི་ལྡོག་དང་རང་ལྡོག་གི་རབ་དབྱེ་དང་། ལྡོག་ཆས་དང་རང་ཆས་ཀྱི་མཚན་གཞི་གྲངས་མེད་ཡོད། དེ་དང་ལྷན་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་གཞོན་པ་སྐུ་ཞབས་བཀྲ་བྷའི་རང་ལྡོག་ཀྱང་དངོས་པོའི་རང་ལྡོག་གི་ནང་ཚན་བྱེ་བྲག་པ་ཞིག་རེད། ལོ་ངོ་དུ་མའི་སྔོན་དུ་བཀྲ་བྷའི་བརྩམས་སྒྲུང་སྐོར་ཞིག་ཁོ་བོའི་གཟུང་འཛིན་གྱི་རྟོག་པས་མྱོང་རོལ་ཕྲན་ཙམ་རེ་བྱས་དང་བྱེད་ཀྱིན་ཡོད། ཁོ་བོས་བཀྲ་བྷའི་བརྩམས་སྒྲུང་དག་ཀློག་སྐབས་ཁོའི་རང་ལྡོག་གི་དོན་སྤྱི་ཡིད་ལ་གསལ་བོར་ཤར་ཏེ། རྩོམ་པ་པོའི་རང་ལྡོག་ནི་ཙི་ཙིའི་རང་ལྡོག་ལྟ་བུ་ཞིག་ཡིན་པར་སེམས་ཀྱིན་ཡོད།་ཙི་ཙིའི་རང་ལྡོག་ནི་གཞན་གྱི་འབྲུ་སྒམ་དང་ཟས་སྣོད་གཏོར་བརླག་གཏོང་བའི་བྱེད་པ་ཞིག་རེད། ཏག་ཏག་སྤྱི་ཟླ་༥་པའི་༢༡་ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་དུ༼རང་གྲོལ་ཞིབ་འཇུག་དང་ཀློག་པོ་མཉམ་འཛོམས༽ཞེས་པ་ཞིག་བསྡུས་པས་དེར་འགྲོ་དགོས་བྱུང་། སྟབས་ལེགས་པ་ཞིག་ལ་སྔར་གྱི་རྟོག་ཡུལ་ན་ཡོད་པའི་རྩོམ་པོ་བཀྲ་བྷའི་སྐྱི་ལྤགས་མཐོང་བྱུང་ལ། ཁོས་དོན་གྲུབ་རྒྱལ་དང་ཁོ་གཉིས་ཀ་འདྲ་ས་མང་པོ་ཡོད་རབས་བཤད་པས་ཁོ་བོར་དངོས་གནས་དགའ་བ་ཉི་ཚེ་བ་ཞིག་སྐྱེས། གང་ཡིན་ཞེ་ན། དོན་གྲུབ་རྒྱལ་ལྟ་བུ་དང་དོན་གྲུབ་རྒྱལ་ལས་འགོངས་པའི་བོད་པ་ཤེས་ལྡན་པ་ཇི་སྙད་ཅིག་འབྱུང་ཐུབ་ན་དེ་ནི་སེམས་ཀྱི་འདོད་ཡིན་པས་སོ།། ཡིན་ནའང་། ཁོས་སྐད་ཆ་ལབ་ཀྱིན་ལབ་ཀྱིན་རང་བྱུང་ངམ་ལྷན་སྐྱེས་ཀྱི་ཁྱད་ཆོས་ལྡན་པའི་སྔར་གྱི་ངའི་རྟོག་ཡུལ་ན་ཡོད་པའི་ཁོའི་སྐྱི་ལྤགས་དེ་སྦྲང་ཆར་རྩོམ་སྒྲིག་པས་མཛེས་བཟོ་བྱས་པ་ཞིག་ཡིན་པར་ཚོར་བྱུང་ལ། སྔར་བསམ་ཞིབ་བྱས་མྱོང་ཡོད་པའི་ཙི་ཙིའི་རང་ལྡོག་དེ བཀྲ་བྷའི་རང་ལྡོག་ལ་ཏག་ཏག་འཕྲོད་ས་ཞིག་ཡིན་པར་དངོས་མྱོང་སྐྱེས། མ་གཞི་ཁོ་ནི་དབང་ཆ་ལ་འཐམ་པའི་དགེ་རྒན་ཞིག་རེད་པས། ཁོས་དོན་གྲུབ་རྒྱལ་དང་ཁོ་གཉིས་འདྲ་ས་མང་པོ་ཡོད་ཅེས་པ་དག་ནི་དོན་གྲུབ་རྒྱལ་དབང་ཆ་ལས་གྱེས་པ་དང་ཁོ་དབང་ཆ་ལ་འཐམ་པ་གཉིས་ཀྱི་བར་ན་ཁོ་གཉིས་ཀྱི་མི་གཞི་བསམ་བློ་དང་ཤེས་སྦྱོར་ལག་ལེན་ཅི་འདྲ་ཞིག་ཡིན་པ་ར་འཕྲོད་ངེས་ཡིན་སྟབས། གལ་བ་ཆེ་ལ་ནན་ཏན་གྱི་ངལ་བ་མི་འཛིན། བཀྲ་བྷ་ནི་ཏང་གི་ཕོ་ཉ་གཞོན་ནུ་དོན་གྲུབ་སྟེ་མཚོ་ལྷོ་ཁུལ་དཔོན་ཟུར་བ་དང་བསྟན་གོ་དང་མཚོ་སྔོན་ཞིང་ཆེན་གྱི་གྱི་མགོ་གཙོའི་གྲས་སུ་ཚུད་ཡོད་པའི་སྟག་འབུམ་ཐར་ལ་སོགས་པས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་གཞོན་པར་མངགས་པ་ཞིག་རེད། དེའི་རྐྱེན་གྱིས་ཁོས་ནམ་ནམ་ཞར་ཞར་གྱིས་ཏང་གི་ཕོ་ཉ་དེ་དག་གི་བཀའ་ཁྱབ་ལས་ལྡོག་པའི་ལྟ་ཚུལ་དང་བསམ་ཚུལ་བརྗོད་མཁན་བྱུང་ཚེ། དེ་མ་ཐག་འབུར་འཇོམ་གཏོང་བའི་ཐབས་ལ་འབད་ཅིང་། ནུབ་བྱང་ནས་གླིང་གི་དཔའ་རྟུལ་གྱི་གྲས་སུ་ཚུད་པའི་མི་བུ་རེ་འགའ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འོངས་ཚེ། ཁོའི་འཁོར་གཡོག་ཏུ་གྱུར་ནས་བཀྲ་བྷས་གསུང་བ་ལ་མངོན་པར་བསྟད་དེ། རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུའི་སྟེང་དུ་བསྐྱོད་པའི་གོ་སྐབས་ཐོབ་ཡོད། བཀྲ་བྷ་ལ་མཚོན་ན་མི་བུ་དེ་དག་གི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐུབ་པ་བྱུང་བ་དེས་ཁོ་ལ་ལས་ཐོབ་དང་སྐར་མ་ཡང་མང་པོ་རག་ཡོད་ནི་རེད་ལ། ཞོར་གྱིས་ཁོས་སློབ་གྲྭའི་ལས་གཞིའི་རྣམ་གྲངས་ཤིག་སྤྲད་དེ། སྔར་དཔྱོད་ཤེས་ཀྱི་མེ་ལྩེ་རྒོད་པོ་དྲག་ཏུ་འཕྱུར་མྱོང་བའི་མི་བུའི་དེ་དག་གིས་ཁོའི་བཀའ་བཅད་ཉག་གཅིག་གི་འོག་ན་རང་གཤིས་དོར་ནས་གདོང་བ་སྨད། མགོ་བོ་དུད་ནས་རྐྱང་ཕྱག་འཚལ་གྲབས་འདུག

བཀའ་རྩི་དང་ལེན་བྱེད་པའི་སྲོལ་རྒྱུན་གྱི་རྫོང་མཐུག་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བཀྲ་བྷའི་བློ་ཁ་དང་མི་འཚམས་པའི་སྐད་ཆ་འགའ་རེ་ལབ་པས་རྐྱེན་གྱིས་བཀྲ་བྷ་ལགས་སྟབས་སྟབས་དང་མེར་མེར་བོར་གྱུར་ནས་རང་གྲོལ་ཞིབ་འཇུག་དང་ཀློག་པོ་མཉམ་འཛོམ་བསྡུས་པའི་རྗེས་ཀྱི་ཉིན་ཤས་རིང་ཁོས་སློབ་ཁྲིད་སྐབས་ང་ལ་སྒྲོ་སྐུར་ཚད་ལས་འདས་པ་ཞིག་བྱས་འདུག ཁོས་སློབ་ཁྲིད་སྐབས་ང་ལ་སྒྲོ་སྐུར་བྱས་པའི་སྐད་ཆའི་སྒྲ་ཕབ་བཤུས་ཏེ་བཀོད་ན་འདི་འདྲ་རེད། “ད གུ་རོང་སྤུན་གྲོལ་ཟེར་བ་དེས་དོན་གྲུབ་རྒྱལ་ནི་རིག་ཚན་ཞིག་ཡིན་པར་བཤད་མོད། དོན་དམ་དུ་ཁོང་གིས་ཅི་ཞིག་རིག་ཚན་ཟེར་བ་གོ་མི་འདུག་སྟེ། དཔེར་ན་མར་ཁི་སི་ནི་རིག་ཚན་མིན་ལ། མཚན་ཉིད་རིག་པ་ནི་རིག་ཚན་ཡིན་པ་དང་། སྟོན་པ་ཤཀྱཱ་ཐུབ་ནི་རིག་ཚན་མིན་ལ། ཆོས་ལུགས་ནི་རིག་ཚན་ཡིན་པ་ལྟ་བུའོ།།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བཤད་སྟེགས་ནི་མི་སྣ་འཇོན་ཐང་ཅན་དང་། བསམ་བློ་ཅན། བྱས་རྗེས་ཅན་སོགས་ལ་བཀོད་སྒྲིག་བྱས་པ་ལས། སྤྱི་ཚོགས་སྟེང་ང་རྒྱལ་གྱི་མགོ་བོ་ཞྭ་ནང་དུ་མ་ཆུད་པར་འགྲོ་ཞིང་ཁ་ནས་ཅི་བཤད་འདི་བཤད་མེད་པའི་མི་རྣམས་ལ་བཀོད་སྒྲིག་བྱས་པ་མིན་པ་ཤེས་པར་གྱིས།

གཞན་ཀྲུང་དབྱང་མི་རིགས་སློབ་ཆེན་ནི་འཛམ་གླིང་རང་བ ཞིན་གྱི་གྲོང་ཁྱེར་ཆེན་པོ་པེ་ཅིང་ནས་རང་མི་རིགས་རིག་གནས་དང་ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན་བཟང་པོ་ཕྱིར་ངོམས་ས་དང་། མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་རིག་གནས་ཀྱི་བརྡ་འཕྲིན་གསར་པ་ཚུར་ལེན་ས་ཞིག་ཡིན་པ་ལས། ཅི་ཡང་མི་ཤེས་ཤིང་ཁེངས་དྲགས་ཀྱི་མགོ་བོ་དགུང་ལ་བཏེགས་ནས་ཕན་ཚུན་ལ་དམའ་འབེབས་བྱེད་མཁན་གྱི་སྐྱེ་བོ་དེ་དག་གི་བཤད་སྟེགས་མ་ཡིན་པ་ཤེས་པར་གྱིས།

དགུ་རོང་སྤུན་གྲོལ་ཟེར་བ་དེས་རང་གྲོལ་ལ་ཞིབ་འཇུག་བྱེད་པ་དེ་རིག་ཚན་ཞིག་ཡིན་པར་བཤད་ལ། ང་ཚོར་སྔ་མོ་ནས་རྩ་འགྲེལ་ཡང་འགྲེལ་རྩོམ་པའི་གོམས་གཤིས་ཡག་པོ་ཞིག་ཆགས་ཡོད་པའི་རྐྱེན་གྱིས་དོན་གྲུབ་རྒྱལ་དང་འབྲེལ་བའི་དོན་དག་སྣ་ཟིན་སྤུ་ཟིན་དག་བརྗོད་ཅི་ཐུབ་དང་། ཁོང་གི་བརྩམས་ཆོས་དེ་ཚོར་དཔྱད་པ་ཐན་ཐུན་སྤེལ་ཅི་ཐུབ་བྱས་པ་དག་དེབ་ཕྲེང་བསྒྲིགས་པ་ཡི ན་ན་བཀའ་བསྟན་གྱི་གྲངས་མཉམ་པ་ཞིག་ཡོང་སྲིད་ན་ཡང་ཐང་མོད། དོན་གྲུབ་རྒྱལ་ཞིབ་འཇུག་བྱེད་པ་དེ་དེང་རབས་རྩོམ་རིག་དང་ལོགས་སུ་གར་ནས་རང་རྐྱ་འཕེར་བའི་རིག་ཚན་ཞིག་ཏུ་ཆགས་དགོས་པ་ཡིན་ན་གཞི་གྲུབ་ཐུབ་དཀའ་བར་འདུག གལ་སྲིད་ཁོ་ལོ་བཅུའི་གཞོན་པ་ཞིག་ཡིན་རྒྱུ་ཡིན་ན། རྣོ་སྦྲེང་ལ་རྒྱུགས་ཐེངས་གཅིག་གིས་ཁུ་ཚུའི་གཞུས་ཐེངས་གཅིག་བཤད་ངེས་ཡིན”སོགས་ལབ་འདུག

ཚུལ་འདི་ལ་གཞུག་ན་ཁྱེད་ཀྱིས་གྲོང་གསེབ་ནས་འོངས་པའི་བོད་ཀྱི་སློབ་ཆེན་པ་དེ་དག་གི་མགོ་ལ་དབྱུག་པས་བརྡུངས་ནས་རྒྱུན་གོམས་སུ་སོང་ཡོད་སྟབས། ངེད་དང་རྣོ་སྦྲེང་ལྟ་བུ་ཡང་དབྱུག་པ་དེའི་འོག་ཏུ་འདྲུད་རྩིས་བྱེད་ཀྱིན་ཡོད་པ་རེད། ཁྱེད་ཀྱི་ཁ་ཤོམ་དེ་ཁྱེད་ཀྱི་རྒན་མོ་དང་འཁོར་གཡོག་རྣམས་ལ་འོས་འཚམས་ཤིག་ཡིན་ཀྱང་། མི་བུ་སྒེར་གྱི་རྩིས་ཐང་ལ་བླ་ནས་བཀུར་ཞིང་དེའི་ཆེད་དུ་སྦྱོར་བ་རྩོམ་བཞིན་པའི་ངེད་གཉིས་ལ་མཚོན་ན། ཡེ་ནས་འཚམས་པ་ཞིག་མིན། ཁྱེད་ཀྱིས་ངེད་གཉིས་ཀྱི་གཞི་རྩའི་ཐོབ་ཐང་རྡོལ་རལ་ཏུ་བཏང་བ་དེས་མ་གཞི་ནས་ཁྱེད་རང་ཡང་ཏང་གི་ཕོ་ཉ་གཞོན་ནུ་དོན་གྲུབ་ཅིག་ཆགས་གྲབས་ཡོད་པའི་རྟགས་རེད། ངས་ཅི་ཞིག་ལབ་ཡོད་མེད་དེ༼ངའི་གཏམ་བཤད༽ལས་ཤེས་ཐུབ་པར་སྨོན། http://www.rdrol.net/node/383

རང་གྲོལ་ཞིབ་འཇུག་དེ་ཉིད་ཅི་འདྲ་ཞིག་ཡིན་མིན་དང་དེ་ཇི་ལྟ་བུ་ཞིག་ཏུ་འགྱུར་མིན་དེ་ཁྱེད་ཀྱིས་སེམས་ཁྲལ་ཡེ་ནས་གནང་དགོས་དོན་མེད། གང་ཡིན་ཞེ་ན། རང་གྲོལ་ཞིབ་འཇུག་གིས་ཁྱེད་དང་ཐག་ཉེ་ས་ནས་ནམ་ཡང་གོམ་པ་སྤོ་མི་སྲིད་པས་དེ་ཁྱེད་ཀྱིས་ངེས་པར་དུ་ཧ་དགོས་པའི་གནད་ཀྱི་དོན་པོ་ཞིག་ཡིན། རང་གྲོལ་གྱི་མི་གཞི་དང་བསམ་བློ། བརྩམས་ཆོས་རང་སྟེང་ནས་ཞིབ་འཇུག་བྱ་བའི་ལྡོག་པ་ཞིག་རང་ཆས་སུ་གྲུབ་པ་ན་དེ་སུས་ཀྱང་འགོག་མི་ཐུབ་ལ། དེ་རྩ་འགྲེལ་ཡང་འགྲེལ་ལྟ་བུ་ཡང་ཆགས་མི་སྲིད་དོ།། ཁྱེད་ཀྱིས་མ་གཞི་ནས་ཞིབ་འཇུག་ཅེས་པ་དང་རིག་ཚན་ཞེས་པའི་བརྡ་དོན་གསལ་བོ་ཞིག་གོ་ཐུབ་ཀྱིན་མི་འདུག འདི་ལྟར་ལབ་ན་ཁྱེད་རང་སྙིང་རླུང་སྟོད་ལ་འཚང་སྲིད་མོད། འོན་ཀྱང་དོན་དངོས་པའི་གནས་ཚོད་ཀྱིས་དེ་ག་རང་རེད་འདུག ཁྱེད་ཀྱིས་བྲིས་པའི་བརྩམས་སྒྲུང་དག་ཁྱེད་ཕ་ཡུལ་གཅིག་པའི་སྦྲང་ཆར་རྩོམ་སྒྲིག་པས་ལྷན་པ་བསྐོན་ནས་མཛེས་བཟོ་བྱས་ཡོད་པ་མ་གཏོགས་བརྩམས་ཆོས་རང་སྟེང་ནས་མཛེས་པ་ལྷན་གྱིས་གྲུབ་མ་ཐུབ་པས། ཁྱེད་ཀྱིས་ཁ་པར་གྱི་སྐུད་ལམ་དང་ངོ་ཐུག་གི་བར་གླེགས་ནས་ཆབ་འགག་རྟ་མགྲིན་ལ་སོགས་པར་ཁྱེད་ཀྱི་བརྩམས་སྒྲུང་ལ་དཔྱད་བརྗོད་སྤེལ་དགོས་པའི་འཕྲིན་བཅོལ་གྲངས་མེད་ཞུས་ཡོད་པ་ཁྱེད་ཀྱི་སེམས་ན་ཏག་ཏག་ཡོད་ནི་རེད། རེ་ཞིག་ཁྱེད་དང་འུ་གཉིས་ཀྱིས་ཤེས་ན་འཐུས་པས་བཀའ་རྒྱ་མའི་ཚུལ་དུ་འཇོག་པར་བྱ།

ང་རང་དེ་གར་འབྱོར་ནས་ཉིན་ཤས་རིང་ཁྱེད་ཀྱིས་སྐྱོང་བཞིན་པའི་སློབ་བུ་དག་ཁ་བརྡ་གློད་སྐབས། ཁྱེད་ཀྱིས་གོང་དུ་བསྟན་པ་ལྟར“ཀྲུང་དབྱང་མི་རིགས་སློབ་ཆེན་ནི་འཛམ་གླིང་རང་བཞིན་གྱི་གྲོང་ཁྱེར་ཆེན་པོ་པེ་ཅིང་ནས་རང་མི་རིགས་རིག་གནས་དང་ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན་བཟང་པོ་ཕྱིར་ངོམས་ས་དང་། མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་རིག་གནས་ཀྱི་བརྡ་འཕྲིན་གསར་པ་ཚུར་ལེན་ས་ཞིག་ཡིན་པ་ལས། ཅི་ཡང་མི་ཤེས་ཤིང་ཁེངས་དྲགས་ཀྱི་མགོ་བོ་དགུང་ལ་བཏེགས་ནས་ཕན་ཚུན་ལ་དམའ་འབེབས་བྱེད་མཁན་གྱི་སྐྱེ་བོ་དེ་དག་གི་བཤད་སྟེགས་མ་ཡིན་པ་ཤེས་པར་གྱིས།”ཞེས་པ་ལྟ་བུའི་ཁ་ཤོམ་གྱི་རྒྱབ་ལྗོངས་ལས་ཁྱེད་ཀྱིས་སྐྱོང་བཞིན་པའི་སློབ་བུ་རྣམས་ལ་ང་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན་སྙམ་པའི་ང་རྒྱལ་གྱི་མགོ་བ་གནམ་ལ་མི་ཤོང་བ་དེ་འདྲ་མང་པོ་ཞིག་ཡིན་མཁན་ཚོར་བ་མ་གཏོགས། མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་རིག་གནས་ཀྱི་བརྡ་འཕྲིན་གསར་པ་ཚུར་ལེན་ས་ཞིག་ཡིན་པ་ཡེ་ནས་མཐོང་མ་སོང་། ཁྱེད་ཀྱི་སློབ་བུ་རྣམས་ལ་ཤེས་རྟོགས་ཀྱི་འཁོར་རྒྱ་ཆུང་བ་མ་ཟད། རིག་གནས་ཀྱི་བྱང་ཚད་དེ་བས་ཀྱང་ཆུང་ཆུང་། རྒྱལ་ས་པེ་ཅིན་དུ་གནས་ཡོད་ཀྱང་ཁོ་ཚོའི་མིག་ལམ་ན་མངོན་པའི་འཇིག་རྟེན་དེ་ཆུང་ཆུང་ཞིག་རེད། དེའི་གྲུབ་འབྲས་ནི་ཁྱེད་ཅག་གིས་ད་སྔ་བར་དུ་བོད་སྤྱི་ཚོགས་ལ་ཅི་ཞིག་བསྐྲུན་ཡོད་པ་དང་བོད་སྤྱི་ཚོགས་ཀྱི་འགན་ཇི་ལྟར་ཕྲག་ལ་འཁུར་མིན་གྱི་སྟེང་ནས་སྡོམ་ཞིག་བརྒྱབ་ན་གསལ་བོ་ཡིན་ནི་རེད། ཁྱེད་ཅག་གིས་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་རིག་གནས་ཀྱི་བརྡ་འཕྲིན་གསར་པ་ཅི་ཞིག་ཚུར་ལེན་བྱས་པ་ཡིན། དེས་བོད་སྤྱི་ཚོགས་ཀྱི་དགོས་མཁོ་ཇི་ལྟར་བསྐངས་པ་ཡིན།

ཏག་ཏག་རེད། ཁྱེད་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བཤད་སྟེགས་ནི་མི་སྣ་འཇོན་ཐང་ཅན་དང་། བསམ་བློ་ཅན། བྱས་རྗེས་ཅན་སོགས་ལ་བཀོད་སྒྲིག་བྱས་པ་ལས་་་་ཞེས་སོགས་བཤད་པའི་སྐད་ཆའི་ཤུགས་ན། མི་སྣ་འཇོན་ཐང་ཅན་དང་། བསམ་བློ་ཅན། བྱས་རྗེས་ཅན་དག་ནི་ཀྲུང་གོ་བོད་རིག་པའི་དུས་དེབ་དང་བོད་ལྗོངས་ཞིབ་འཇུག་དུས་དེབ་ལྟ་བུའི་སྟེང་ཆབ་སྲིད་རང་བཞིན་གྱི་རིག་གནས་དྲིལ་སྒྲོག་བྱེད་མཁན་གྱི་ཏང་གི་ཕོ་ཉ་བ་ཁོང་ཅག་ལས་རང་དབང་དམངས་གཙོ་ལ་མོས་པའི་ངེད་ཅག་ལྟ་བུ་ག་ལ་ཡིན། ཁྱེད་རང་གནས་སྡོད་བྱེད་སའི་སློབ་གྲྭ་དེ་ཡང་གོང་དུ་བསྙད་པའི་མི་སྣ་འཇོན་ཐང་ཅན་དང་བསམ་བློ་ཅན། བྱས་རྗེས་ཅན་ལྟ་བུ་སྐྱེད་སྲིང་བྱེད་པའི་ཁོར་ཡུག་ཅིག་ལས་མི་རིགས་གནས་ཀྱི་ངོ་བོ་སྲུང་འཛིན་བྱ་ས་ཞིག་ཡིན་ནི་མ་རེད་པས། ཁྱེད་ཀྱིས་གསུང་བ་ནི་དོན་གནས་ཡོད་ཀི དེ་ནི་ཁྱེད་རང་ཏང་གི་ཕོ་ཉ་བ་གཞོན་ནུ་དོན་གྲུབ་ཀྱི་ཚ་བོ་ཡིན་པས་རྐྱེན་རེད། དེ་ནི་དཔེ་མི་སྲིད་པའི་ཡག་པོ་རང་རེད་འདུག

གལ་ཏེ་དངོས་གནས་རང་ཁྱེད་ཀྱིས་བཤད་པ་ལྟ་བུ་ཞིག་ཡིན་ཚེ། ངས་གཏམ་བཤད་སྤེལ་བའི་རྗེས་སུ་ཁྱེད་ཀྱི་སློབ་བུ་རྣམས་ག་རེ་བྱས་ནས་ངག་དམ་སོང་བ་རེད། དེ་དག་ལས་སློབ་བུ་གསུམ་ལས་བསམ་ཚུལ་བཤད་མཁན་མེད་པ་དེ་སུས་བཟོས་པ་རེད། དེ་ངེད་ཀྱིས་བཟོས་པ་ཡིན་པ་ཁྱེད་ཀྱིས་ཨེ་ཤེས། ནམ་རྒྱུན་ཁྱེད་རང་ཚོ་གུང་ཁྲན་ཏང་ཚོགས་འདུ་བསྡུས་པ་ལྟ་བུ་རང་མོས་བགྲོ་གླེང་གི་བྱ་བྱེད་བཀག་ནས་གཅིག་མཁས་པའི་ཟོལ་གྱིས་བཀའ་བསྩལ། གཅིག་བླུན་པོའི་ཚུལ་གྱིས་གསུང་ལན་ཟིན་དེབ་སྟེང་འགོད་པའི་སྲོལ་རྒྱུན་བཟང་པོའི་ཁ་དར་ཡོད་སྟབས། ཁོ་བོས་དེ་ལ་ཕོག་ཐུག་ཅུང་ཙམ་བཏང་པས། ཁྱེད་ཀྱི་སློབ་བུ་རྣམས་གློ་རྡེག་ཏུ་ཧད་དེ་ངག་འཁུམ་པར་གྱུར། དེའི་ནག་ཉེས་དེ་ཁྱེད་ཀྱིས་ནམ་རྒྱུན་རང་མོས་བགྲོ་གླེང་གི་མགོ་ལ་རྟ་རེས་གཞུས་དྲག་པས་རེད། ངས་དོན་གྲུབ་རྒྱལ་རིག་ཚན་ཞིག་ཡིན་པར་ལབ་པ་དེ་ཏང་གི་ཕོ་ཉ་བ་ཁྱེད་རང་ངའི་ངག་ཏུ་ཞུགས་ནས་ལྷ་དབང་ཕྱུག་གི་རྫུ་འཕྲུལ་ལྟ་བུ་ཞིག་བསྟན་པ་མིན་ཚེ། ངས་དེ་འདྲ་ཞིག་ཡེ་ནས་ལབ་མེད། ངས་ཚོགས་འདུའི་སྟེང་བཤད་པའི་སྐད་ཆ་དག་ནི་སྒྲ་གཟུགས་བརྙན་གསུམ་ལ་བླངས་ཡོད་པས་གསལ་བོ་གསལ་རྐྱང་བཟོ་སླ་བོ་ཡོད་རེད། ཁྱེད་ཀྱིས་མངོན་སུམ་ལ་བསྙོན་པ་དེ་ནི་ཁྱེད་ཀྱི་ཨ་ཁུ་ཁོང་ཅག་གིས་ཕྱི་གླིང་གི་གསར་འགོད་པའི་མདུན་ནས་དངོས་ཡོད་ལ་བསྙོན་པ་དང་གཅིག་པ་གཅིག་རྐྱང་། གལ་ཏེ་དངོས་གནས་དྲང་གནས་ང་དང་རྩོད་པ་བྱེད་འདོད་ཚེ། འུ་གཉིས་ཀྱིས་བརྗོད་གཞི་གང་རུང་ཞིག་བདམས་ནས་ཡིག་ཐོག་ནས་འགྲན་ན་ཆོག ཕ་ཡུལ་གཅིག་པའི་སྦྲང་ཆར་རྩོམ་སྒྲིག་པའི་མཛེས་བཟོ་བྱས་པའི་སྐྱི་ལྤགས་དེ་གདོང་ལ་གྱོན་ནས་ཡིན་མདོག་མདོག་གི་བགྱི་བ་མ་སྟོན་རོགས།

2011-6-17ཉིན་ལས་མཚམས་བཞག་རྗེས་ཤར་མར་བྲིས་པའི་ཚིག་སྐྱོན་དང་དོན་སྐྱོན་ཡོད་ཚེ་དགོངས་དག་ཞུ།

Between Sciphone i68 and Apple iPhone
VIDEO PORNO XXX give the other guests 30 seconds to guess the child's identity

Apricot Lane Boutique Peabody keeps you looking HOT in the cooler months
Prom Dresses As a perfectionist

Gucci 2010 Spring Summer New Bamboo Collection
PORNO One of the most difficult shoes to properly fit

List of Jobs Related to Fashion Design
Download Free Games Floppy Drive and Disks

Wanna Know How To Double Or Triple Your Page Views
pornos oshkosh shape install diminutive

Ideas Suggestions for a Fashion Show Birthday Party
free xxx Sometimes you buy something and it just doesn't suit you

Forward Styles in Hospital Scrubs
PORNO XXX has a new student in the form of young Chiyo

Getting Yourself the Right Tie
Darmowe Porno Fashions that are warm and classic in style
བསྟོད།7

抱歉,评论已关闭!