སྒོ་ར་ཕུན་ཚོགས་དབང་རྒྱལ་ཀློག་པ།

བླུན་པོ་སྙུག་ཐོགས།

བོད་ཀྱི་གསར་བརྗེ་བ་ཞིག་གི་མི་ཚེའི་གཏམ་རྒྱུད།
གླེང་བ།
དུས་རབས་འདིའི་མི་རབས་ཚོས་ཁ་སང་དེ་རིང་ཁྱེད་ལ་ཁ་ཞེ་གཉིས་མེད་ཀྱིས“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པའི་ཆོ་ལོ་དེ་
གནང་གིན་འདུག་ལ།ཁྱེད་ཀྱི་རླབས་ཆེ་བའི་མཛད་པ་ནི་འདི་དང་དེའོ་ཞེས་རྗེས་སུ་ཡི་རངས་བྱེད་བཞིན་ཡོད་གི།ལྷག་པར་དུ་བོད་ཀྱི་ན་གཞོན་མང་བོ་ཞིག་དེ་རིང་ཁྱེད་ཀྱི་རྣམ་ཤེས་ལ་ཁེན་ཞིང་ཁྱེད་ཀྱི་མིང་ནས་རྒྱུན་དུ་འབོད་ཀྱིན་འདུག ངས་ཀྱང་ཁྱེད་ཀྱི་རང་རྣམ་ཧྲིལ་བོ་དང་ཁྱེད་ཀྱི་གཏམ་རྒྱུད་རེ་འགའ་ཀློག་མྱོང་ལ།ཁྱེད་ཀྱིས་བོད་ཡུལ་བཅིངས་གྲོལ་དང་བོད་ལ་དམར་ཕྱོགས་ཚོགས་པ(མ་ཡིག་ལྟར་བཞག་པ)འཛུགས་ཆེད་རང་གི་མི་ཚེ་ཧྲིལ་བོར་ལུས་སེམས་གཉིས་ཀྱིས་དཀའ་ལས་ཆེན་པོ་བརྒྱབ་ཡོད་པའང་རྟོགས་ཐུབ།འོན་ཀྱང་ངས་སྔོན་ཆད་ཁྱེད་ལ་“བོད་ཀྱི་གསར་བརྗེ་བ་ཆེན་མོ་ཞེས་གུས་འདུད་དང་ཡི་རངས་བྱེད་མ་མྱོང་ལ་རྗེས་སུ་ཡང་བྱེད་འདོད་མེད།རྒྱུ་མཚན་ནི་ང་རང་ཁྱེད་ལྟ་བུའི་བོད་པ་དག་ལ་མི་དགའ་བས་སོ།།གལ་ཏེ་ངེས་པར་དུ་དགའ་དགོས་ཟེར་ཡང་༥༨ལོར་བོད་ཡུལ་བཅིངས་གྲོལ་གྱི་ཆེད་དུ་རང་སྲོག་ཤོར་བའི་གུང་ཁྲན་ཏང་ཡོན་པ་ཁྲི་སྟོང་མང་བོ་ཡོད་པས་བླུན་པོ་སྨྱུག་འཛིན་པ་ང་ལྟ་བུ་ཚོ་དགའ་ས་མང་མེད་ན་ཉུང་མེད་དོ།།
༡ ཁྱེད་ཀྱི་མཛད་པ་ངས་ནམ་ཡང་བརྗེད་མི་སྲིད།
ལོ་དེར་ཁྱེད་ཀྱིས་ཨ་ཅག་རི་བོའི་རྩེ་ནས་སྐར་ལྔའི་དར་དམར་དགུང་ལ་ཕྱར་ཏེ“བོད་ཡུལ་བཅིངས་གྲོལ”ཞེས་ཀི་རིང་ཞིག་བཏབ་པ་དེས།ཐ་ན་བོད་ཡུལ་གྱི་ཡུལ་ལྷ་གཞི་བདག་ཚོས་ཀྱང་རང་ས་རང་ཡུལ་བསྐྱུར་ཏེ་ཕྱིའི་རྒྱ་མཚོའི་ཕ་རོལ་ཞིག་ལ་བྲོས་སོང་བ་འདྲ།གང་ལྟར་རྒྱ་ཡུལ་ནས་བོད་ཡུལ་ལ་འཐེན་པའི་ཁྱེད་ཀྱི་བཅིངས་གྲོལ་གྱི་ལམ་བུ་ཡངས་ཤིང་སྙོམས།དེ་དུས་བློ་མཐུན་མའོ་ཙེ་ཏུང་གིས་གཙོ་བྱས་པའི་ཀྲུང་གོའི་གསར་བརྗེ་བ་རྒན་པ་ཚོས་ཀྱང་ཁྱེད་ཀྱི་ལྟག་རྒྱབ་ན“ཕུན་ཆུང”ཞེས་ཁྱེད་ཀྱི་བསམ་བློ་དང་བློ་སྤོབས་ལ་ཡིད་ཆེས་ཆེན་པོ་བཅངས་འདུག ཁྲུང་ཆིན་ནས་པོ་ཏ་ལའི་ཐང་ཆེན་ལ་འཐེན་པའི་བཅིངས་གྲོལ་རྐང་ལམ་སྟེང་ན།དེ་རིང་གི་མི་རབས་འདིས་སྒོ་ར་ཕུན་ཚོགས་དབང་རྒྱལ་ལགས་“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པའི་ཐོར་ཅོག་མཐོན་པོ་ཞིག་མདུད་དེ་མི་རབས་ཤིག་གི་དཔའ་ཐུལ་དུ་ངོམ་བཞིན་འདུག
ངེད་མགོ་ནག་བོད་པ་ཚང་ལ་བཙན་པོའི་གདུང་རབས་ནས་ད་ལྟ་ལ་ཐུག་པའི་བར་དུ“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པ་ལྟ་བུའི་དཔའ་དར་འདི་ལེན་མཁན་གྱི་བོད་པ་བྱུང་མ་མྱོང་།གལ་ཏེ་བྱུང་མྱོང་ཡང་དཔའ་དར་འདི་སྟེར་མ་མྱོང་།བོད་ལ་དམར་ཕྱོགས་ཚོགས་པ་ཐོག་མར་འཛུགས་མཁན་དང་བཅིངས་གྲོལ་དམག་དཔུང་ནང་འདྲེན་བྱེད་མཁན་གྱི་སྔོན་ཐོན་པ་སྒོ་ར་ཕུན་ཚོགས་དབང་རྒྱལ་ལགས་ངེད་གདོང་དམར་བོད་པ་ཚང་གི་དཔའ་དར་འདི་ལེན་མཁན་དང་བོ་ཡིན།མི་ལོ་ལྔ་བཅུའི་སྔོན་གྱི་གསར་བུ་འདིས་བོད་ཤར་ཕྱོགས་ཀྱི་རྒྱ་སྒོ་ཆེན་མོ་(ཆབ་མདོ)གཏོར་ཏེ་གངས་དཀར་བོའི་ཁོག་ལ་ལག་པ་བསྲིངས་དུས།ཁོ་རང་ནི་སྐྱབས་ཆེན་མའོ་ཙེ་ཏུང་གི་ཐུགས་ཀྱིས་བསྐོས་པའི་མཐུར་མེད་ཀྱི་གླག་ཕྲུག་ཅིག་རེད།ཁོ་རང་ནི་བོད་ཡུལ་གྱི་དམར་ཕྱོགས་ཚོགས་པའི་དར་འཕེལ་ཕྲག་ཏུ་ཁུར་བའི་ཕོ་ཉ་ཞིག་རེད།སྐབས་དེར་ཁོའི་བསམ་པར་མའོ་ཙེ་ཏུང་གི་ཐུགས་རྗེའི་སྐྱབས་འོག་ན་བགྲོད་མི་ཐུབ་པའི་ལམ་དང་བསྒྲུབ་མི་ཐུབ་པའི་ལས་ཤིག་མེད་པར་འདོད་འདུག་ལ་དེ་ལྟར་གྱུར་ཡང་གྱུར་སོང་།ཁྱེད་ལྟ་བུའི་བོད་ཀྱི་སྔོན་ཐོན་པ་དག་གིས་དམར་དམག་ལ་བརྟེན་ཏེ་གངས་ཀྱི་གཞོང་བ་ཆེན་པོ་འདི་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་ཡི་འཐབ་ར་ཆེན་པོ་ཞིག་ཏུ་བསྐྲུན་ཞིང་།བོད་ཁམས་ཡོངས་ལ་སྐར་ལྔའི་དར་དམར་མེ་ཏོག་ལྟར་སྐྱེས་པར་བྱས་པ་དེ་ཁྱེད་ཚོའི་ཆེས་རླབས་ཆེ་བའི་མཛད་པ་ཡིན་པ་ངས་ནམ་ཡང་བརྗེད་ག་ལ་སྲིད།སྐར་ལྔའི་དར་དམར་མེད་ན་ཁྱེད་མེད་ལ།ཁྱེད་ལྟ་བུ་ཚོ་མེད་ན་ང་དང་ང་འདྲ་བ་ཚོའི་ན་ཟུག་འདིའང་ཡོད་མི་སྲིད། (བརྗོད་སྟངས་གཞན་ཞིག)
༢ ངས་ཁྱེད་ཀྱི་ལུས་དང་སེམས་ཀྱི་བར་ན་་བར་ཐག་ཞིག་ཀློག་གིན་ཡོད།
ཁྱེད་རང་ཆུང་དུས་ནས་རྒྱལ་དམངས་ཏང་གིས་གསོ་སྐྱོང་བྱས་པའི་ཤེས་ལྡན་མི་སྣ་ཞིག་ཡིན་ཡང་།དོན་ངོ་མར་ཁྱེད་ནི་སྔོན་ནས་དམར་ཕྱོགས་ཚོགས་པ་དང་དམར་ཕྱོགས་ཚོགས་པའི་རིང་ལུགས་ལ་ལུས་སེམས་ཕུལ་བའི་མི་སྣ་ཞིག་རེད།ཁྱེད་རང་བོད་ལ་བཀའ་དྲིན་ཆེ་བས་མི་ཚད་རྒྱ་ནག་དམར་ཕྱོགས་ཚོགས་པ་དང་མི་དམངས་བཅིངས་གྲོལ་དམག་ལ་བཀའ་དྲིན་དེ་ལས་ཆེ་བས།ཁྱེད་ལ“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེསཔའི་དཔའ་དར་འདི་ཤིན་ཏུ་ཆུང་འདུག ཁྱེད་ལ“ཀྲུང་གོའི་གསར་གསར་བརྗེ་བ་ཆེན་མོ”ཞེས་་བོས་ན་སྐུ་ཉིད་ཀྱི་མཛད་རྗེས་དེ་དངོས་སུ་མངོན་ཐུབ་ལ་དེ་ལས་ཀྱང་དོན་དང་མཐུན་ནོ་སྙམ།
དེ་རིང་ཁྱེད་ཀྱིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་འདི“བསླུ་བྲིད”ཅེས་པའི་ཐ་སྙད་འདི་གཅིག་པོའི་དམུ་འོག་ཏུ་འཇུག་བཞིན་འདུག་ན་ཡང་།ང་ལ་མཚོན་ན་
ཆེས་སྐྲག་ས་ནི“བསླུ་བྲིད”དེ་མིན་ལ“བསླུ་བྲིད”ལ་མགོ་འདོག་པ་ནི་ཆེས་བཟོད་སྲོན་བྱེད་མི་ཐུབ་པ་ཞིག་ཡིན།ཁྱེད་ཀྱིས་རང་ཉིད་བསླུ་བྲིད་ཀྱི་འོག་ཏུ་ཤོར་བ་རྟོགས་ཀྱང་བསླུ་བྲིད་ལ་མགོ་བཏགས་པ་ཨེ་ཡིན།ལྷག་པར་དུ་སྔོན་ཆད་རང་ཉིད་དང་ལྷན་དུ་སྲོག་འབེན་ལ་བཞག་སྟེ་ཡོང་མྱོང་བའི་དམར་ཕྱོགས་ཚོགས་པའི་གསར་བརྗེའི་འཐབ་གྲོགས་(ཀྲུང་གོའི་ལོ་རྒྱུས་སུ་སྔོན་གཤེགས་དཔའ་བོ་ཞེས་བཀོད་ཡོད)དེ་ཚོའི་མགོ་ལ།དེ་རིང་ཁྱེད་ཀྱིས་བསླུ་བྲིད་ཅེས་པའི་ཞྭ་མོ་ཞིག་བསྐོན་ན་འོས་འཚམས་ཤིག་ག་ལ་ཡིན།ངས་བལྟས་ན་ཁྱེད་རང་གཞན་གྱི་བསླུ་འོག་ཏུ་ཚུད་མི་འདུག རྒྱ་ནག་དམར་ཕྱོགས་ཚོགས་པ་དང་མི་དམངས་བཅིངས་གྲོལ་དམག་ལ་བརྟེན་ཏེ་བོད་ཁམས་གཅིག་གྱུར་བྱེད་པ་དེ་ཁྱེད་ཀྱི་རླབས་ཆེ་བའི་ཕུགས་འདུན་མ་ཡིན་ནམ།ཁྱེད་ཀྱིས་མ་རེད་ཟེར་ན།ངས་ཁྱེད་ཀྱི་ལུས་དང་སེམས་ཀྱི་བར།སེམས་དང་ཁ་ཡི་བར།ཁ་དང་ལུས་ཀྱི་བར་ནས་བར་ཐག་ཞིག་མི་འཚོལ་ག་མེད་རེད།ལྷག་པར་དུ་དེ་རིང་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་མི་ཞིག་དང་མི་དམངས་བཅིངས་གྲོལ་དམག་གི་གསར་བརྗེའི་དཔའ་བོ་ཞིག་གིས།རང་གི་གསར་བརྗེའི་འོད་སྟོང་ལྡན་པའི་རྐང་ལམ་ལ་ཕྱི་མིག་བལྟས་ཏེ“ང་རང་ནོར་སོང”ཞེས་བརྗོད་ན།ནོར་འཁྲུལ་དེ་ཁྱེད་ཀྱིས་འཁུར་དགོས་པ་ཡིན་ནམ།
ཁྱེད་ཀྱི་ཚོགས་པ་དེས་འཁུར་དགོས་པ་ཡིན།ངས་དེ་ལྟ་བུའི་བོད་པ་ཞིག་ལ“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པའི་དཔའ་དར་རླབས་པོ་ཆེ་དེ་ཁ་བཏགས་བཞིན་ཡར་འབུལ་ན་མི་འདོད་གི གལ་ཏེ་ཁྱེད་རང་དོན་ངོ་མས་བསླུ་བྲིད་ཀྱི་འོག་ཏུ་ཚུད་ཡོད་པ་བདེན་ན་ཡང་།ངས་བསླུ་བྲིད་ཀྱི་འོག་ཏུ་ཚུད་པའི་གསར་བརྗེ་བ་ཞིག་“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པའི་ཆོ་ལོ་འདི་སྟེར་མི་འདོད་དེ།༥༨ལོར་འདི་ལྟ་བུའི་གསར་བརྗེ་བ་བགྲང་གིས་མི་ལོན་པ་གོང་ནས་བཤད་ཟིན་པས་སོ།

༣ རང་གི་འགྱོད་གདུང་གིས་ཀློག་བཞིན་པའི་ཁྱེད།
ལོ་འདི་ཚོར་ཁྱེད་ཀྱིས་སྤེལ་བའི་བརྩམས་ཆོས་རེ་འགའ་ལས་ངས་ནམ་ཡང་འགྱོད་གདུང་ཞིག་དང་ཡང་ན་བསླུ་བྲིད་ཀྱི་གདོང་བ་རེ་རྙེད་ཀྱིན་འདུག་ཀྱང་།ཁྱེད་ཀྱིས་བོད་ཡུལ་ནས་བོད་ཡིག་མ་སྦྱངས་པར་རྒྱ་ཡུལ་ལ་རྒྱ་ཡིག་སྦྱོང་བར་སོང་བ་བདེན།ཁྱེད་རང་བོད་པ་ཚང་ལ་ཁོ་ཐག་ཆད་དེ་རྒྱ་ནག་ལ་རེ་བ་བཅོལ་བ་ཡང་བདེན།ཁྱེད་ཀྱིས་བོད་ཡུལ་ནས་སྐྱབས་ས་མ་རྙེད་པར་རྒྱ་ཡུལ་དུ་སྐྱབས་ས་འཚོལ་བར་སོང་བ་ཡང་བདེན།དེ་དུས་ངེད་གདོང་དམར་བོད་པ་ཚང་ལ་མའོ་ཙེ་ཏུང་ལྟ་བུའི་གསར་བརྗེ་བ་ཞིག་མ་ཡོད་པ་ཡང་བདེན།དེ་དུས་ཁྱེད་ཀྱིས་བོད་ཡུལ་ནས་མི་དམངས་བཅིངས་གྲོལ་དམག་ལྟ་བུའི་ཡང་དག་པའི་དམག་དཔུང་ཞིག་མ་མཐོང་བ་ཡང་བདེན།དེ་དུས་ཁྱེད་ཀྱིས་བོད་ཡུལ་ནས་རྒྱ་ནག་དམར་ཕྱོགས་ཚོགས་པ་ལྟ་བུའི་བསམ་བློའི་དཔུང་གྲོགས་ཤིག་མ་རྙེད་པ་ཡང་བདེན།ཁྱེད་ཀྱིས་ཁྲུང་ཆིན་ནས་རྒྱ་དམག་བོད་ལ་དྲངས་པ་ཡང་བདེན།ཁྱེད་ཀྱིས་སྐར་ལྔའི་དར་དམར་སྲོག་གིས་བསྲུངས་ཏེ་བཙན་པོའི་ཕོ་བྲང་གི་ཐང་ཆེན་དུ་ཐོག་མར་ཕྱར་བ་ཡང་བདེན།ཁྱེད་ནི་མདོ་དབུས་ཁམས་གསུམ་གྱི་ཐུའུ་ཧྥེ(བཅིངས་གྲོལ་སྐབས་སུ་རི་མགོར་བྲོས་པའི་བོད་པ)ཁྲི་སྟོང་མང་བོའི་ཕ་གསོད་དང་མ་གསོད་ཀྱི་ལག་དམར་དུ་གྱུར་བའང་བདེན།འོན་ཀྱང་འདི་དག་ཚང་མ་ཁྱེད་ཀྱིས་བརྗོད་བཞིན་པའི་གསར་བརྗེའི་ལས་ཀ་དེ་ཡི་ཆེད་དུ་ཡིན་ལ།“བོད་ཀྱི་གསར་བརྗེ་བ་
ཆེན་མོ”ཞེས་པའི་ཆོ་ལོ་འདི་ཡང་དེ་ལས་འོངས་པ་ཡིན་པས་ན།བདེན་པ་གྲངས་མེད་ཅིག་གི་མདུན་ནས་ཁྱེད་ལ་མི་བདེན་པའི་འགྱོད་པ་ཞིག་གང་ནས་
འོང་བ་ཡིན་ནམ།གསར་བརྗེ་བྱེད་འདོད་ཀྱང་གསར་བརྗེ་བྱེད་མ་ཐུབ་ན་ཁྱེད་རང་གསར་བརྗེ་བ་མ་རེད།ཁྱེད་ཀྱི་གསར་བརྗེ་ཡི་ལམ་ཕྱོགས་དྲང་བདེན་ནས་ལྡོག་ཕྱོགས་དང་ནོར་འཁྲུལ་གྱི་ལམ་དུ་སོང་ན་ཁྱེད་རང་སྔར་བཞིན་གསར་བརྗེ་བ་མ་རེད།མི་ལོ་ལྔ་བཅུ་འདས་པའི་དེ་རིང་ཁྱེད་ཀྱིས་ཐ་ན་རང་གི་མི་ཚེ་དང་གྲུབ་འབྲས་ཚང་མ་ཡང་འགྱོད་གདུང་དང་བསླུ་བྲིད་ཙམ་གྱི་རྡོག་འོག་ཏུ་བཅུག་ཡོད་ན།ངས་ཁྱེད་ལ་ཅིའི་ཕྱིར“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པའི་ཆོ་ལོ་འདི་ཕུལ་དགོས་པ་ཡིན་ནམ།
དེའི་ཕྱིར་དུ་ངས་ཁྱེད་ལ་ནམ་ཡང“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པའི་རླབས་ཆེ་བའི་དཔའ་དར་འདི་འབུལ་མི་འདོད་དེ།རྒྱུ་མཚན་ནི་ཁྱེད་ཀྱི་བསླུ་བྲིད་ཀྱི་རྐྱེན་གྱིས་རང་སྲོག་དོན་མེད་དུ་ཤོར་བའི་བོད་པ་ཁྲི་སྟོང་མང་བོར་ངས་ཤ་རིན་ཁྲག་རིན་ཙམ་བརྩི་བའི་ཆེད་དུ་ཡིན་ལགས།
༤ ཁྱེད་བཀླགས་རྗེས་ཀྱི་ན་ཟུག
ཁྱེད་ཀྱིས་བོད་ཀྱི་མངའ་བདག་གྲལ་རིམ་གྱི་ནག་ཉེས་ལ་ཐེར་འདོན་དང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྩ་གཏོར་བཏང་རྗེས་ངེད་བོད་པ་ཚང་ལ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལག་བསྟར་བྱས་ཏེ་མི་དམངས་དམངས་གཙོའི་བོད་ལྗོངས་གསར་བ་ཞིག་འཛུགས་སྐྲུན་བྱེད་འདོད་ཀྱི་ཕུགས་འདུན་ཡོད་ཀྱང་།ཁྱེད་ཀྱི་ཕུགས་འདུན་དེས་ཁྲིད་ཡོང་བ་ནི་རང་ཉིད་ཀྱིས་ནམ་ཡང་མྱང་མི་ཚར་བའི་ཚེ་གཅིག་གི་ན་ཟུག་དེ་རེད།ལྷག་པར་དུ་ཁྱེད་ཀྱི་མི་ལོ་ཉེར་གསུམ་གྱི་བཙོན་མའི་འཚོ་བ་ཡིས་གནམ་འོག་གི་རྐང་གཉིས་ཡོངས་ལ་འཇིགས་སྐྲག་གི་ཚ་ཙག་ཅིག་སྦྱིན་སྲིད་ཀྱང་།བཙོན་ཁང་གི་རྒྱ་སྒོ་དེ་ཕྱེ་མཁན་ཡང་ཕལ་ཆེར་ཁྱེད་རང་ཉིད་ཀྱི་ནོར་འཁྲུལ་ཞིག་དང་འགྱོད་གདུང་གི་ན་ཟུག་དེ་རེད་འདོད་གི
གལ་ཏེ་དེ་རིང་ཁྱེད་ལ་ངེས་པར་དུ་དཔའ་དར་ཞིག་འདོག་དགོས་ཀྱང་ཆོག་མོད།འོན་ཀྱང་ངས་ཁྱེད་ཀྱི་མཛད་རྗེས་གང་ལ་དཔའ་དར་འདོག ཁྱེད་ལ་རླབས་ཆེ་བའི་མཛད་པ་གང་དག་ཡོད།ཁྱེད་ཀྱིས་བོད་མི་རིགས་ལ་ཕན་བདེ་ཅི་ཞིག་བསྐྲུན་ཡོད།ཁྱེད་ཀྱིས་བོད་མི་
རིགས་ཀྱི་ལོ་རྒྱུས་གར་སྟེགས་སྟེང་ནས་ཕྱོགས་ཁག་གང་གི་མི་སྣ་ཞིག་འཁྲབ་སྟོན་བྱས་ཡོད།ང་ཚོས་མི་ལོ་ལྔ་བཅུ་ལྷག་འདས་རྗེས་ཀྱི་དེ་རིང་ཁྱེད་ཀྱིས་ཁ་ན་བརྗོད་བཞིན་པའི་གཟུགས་མེད་ཀྱི་ལྷག་བསམ་དེ་ལ་དཔའ་དར་འདོག་དགོས་པ་ཨེ་རེད།ཡང་ན་གང་འདོད་ཀྱིས་བྲིས་པའི་ཁྱེད་ཀྱི་རང་རྣམ་ཙམ་ལ་བལྟས་ཏེ་ཁྱེད་ལ“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པའི་དཔའ་དར་འདི་བཏགས་ན།ང་ཚོའི་མགོ་ལ་རྡོས་བརྒྱབ་པ་མ་ཡིན་ནམ།ཁྱེད་ཀྱི་ན་ཟུག་ཀློག་གིན་ང་རང་
ལའང་ནམ་ཡང་ན་ཟུག་ཅིག་སྐྱེ་བཞིན་པ་འདི་ནི་ངེད་གཉིས་རིགས་མཐུན་གྱི་སྤུན་ཟླ་ཞིག་ཡིན་པས་རེད་སྙམ།ལྷག་པར་དུ་ངའི་དེ་རིང་གི་ན་ཟུག་འདིའི་འབྱུང་ཁུངས་ནི་སྔོན་ཆད་བསླུ་བྲིད་ཀྱི་འོག་ཏུ་ཤོར་བའི་བོད་པ་གསར་བརྗེ་བ་དེ་དག་གི་ནག་ཉེས་དང་ད་ལྟའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འོག་ན་མི་རིགས་རང་སྐྱོང་ཁྲིམས་ལུགས་འཆད་ཀྱིན་པའི་མི་རིགས་ས་ཁུལ་གྱི་ལས་བྱེད་པ་དེ་ཚོའི་ནོར་འཁྲུལ་དང་སྒེར་གཅོད་རེད།མ་འོངས་པའི་ཉིན་ཞིག་ལ་དེ་རིང་གི་བོད་ཀྱི་ལས་བྱེད་པ་འདི་ཚོས་ཀྱང་ང་རང་བསླུ་བྲིད་ཅིག་གི་འོག་ཏུ་ཚུད་སོང་ཞེས་བརྗོད་བཞིན་ཡོད་དམ།ངས་འདི་ལྟ་བུའི་ན་ཟུག་དག་ཀློག་གིན་ཀློག་གིན་གཞན་ལ་རང་ནུས་གང་ལྕོགས་ཀྱིས་ན་ཟུག་གཞན་ཞིག་བརྗོད་འདོད་ཡོད།
ཁྱེད་ཀྱིས་སྔོན་ཆད་ཀྱི་ན་ཟུག་དེ་ངས་དེ་རིང་ཕལ་ཆེར་རྟོགས་སྲིད་པ་འདྲ་ལ།ཁྱེད་ཀྱིས་རང་གི་ན་ཟུག་གི་ཆེད་དུ་བསླངས་པའི་བོད་ཁ་བ་ཅན་གྱི་ན་ཟུག་དེ།ངས་དེ་རིང་ཁྱེད་བཀླགས་རྗེས་ཀྱི་ཆེས་ཆེ་བའི་ན་ཟུག་དང་ཆེས་བརྗོད་འདོད་པའི་ན་ཟུག་ཏུ་བགྲང་ཆོག་ཆོག་ཡིན་སྙམ་གྱི་ཡོད།དེའི་ཕྱིར་དུ་སྔོན་ཆད་རང་གི་ཆེད་དུ་བོད་ཁ་བ་ཅན་གྱི་ལུས་སེམས་ལ་ན་ཟུག་སློང་མཁན་གྱི་མི་སྣ་ཞིག་དང་མི་ཚེ་ཧྲིལ་བོ་བསླུ་བྲིད་ཀྱི་འོག་ཏུ་ཤོར་བའི་གུང་ཁྲན་ཏང་ཡོན་པ་ཞིག་ལ་ངས་དེ་རིང“བོད་ཀྱི་གསར་བརྗེ་བ་ཆེན་མོ”ཞེས་པའི་རླབས་ཆེ་བའི་དཔའ་དར་འདི་འདོག་མི་འདོད་དོ། །

Jennifer Lopez Dresses Like a School Bus
VIDEO PORNO XXX white button down shirt

The Status Of An Individual In Superior Profile Social Gatherings
Prom Dresses How to Apply an MBA Degree to a Fashion Job

talks about fashion and style
VIDEOS PORNO p it does not necessarily further help one represent a young person

the Non Operative Facial Rejuvenation
Free Games my family was worth it

Start A Business With Wholesale Clothing Distributors
pornos how to choose harley davidson buckskin coats

Adding Style Sense With Best Qual Montblanc Watches
free xxx paid for by the State but rigorously independent

Cloud Plays Critical Role in NCOIC Disaster Response Demonstration
free porno far east textile and cloth fashion 2013 summer version came out in shenzhen

From New York Fashion week
Free Porno Wife hairstyle beauty tips for and more sort of aging a woman
བསྟོད།9

抱歉,评论已关闭!