ཨ་ཤུ་རེ་ཁོ།

མེལ་ཚེ།


ཙོང་ཁའི་ཤར་རྒྱུད་ན་བོད་རྒྱ་ཧོས་དང་ཟ་ལར་ཧོར་སོགས་མི་རིགས་འགའ་འདྲ་མ་འདྲེས་སུ་གནས་པས། ཕན་ཚུན་བར་རིག་གནས་གོམས་སྲོལ་སོགས་ཀྱི་དབང་གིས་གཙུབ་བརྡར་འདྲ་མིན་སྣ་ཚོགས་རྒྱུན་དུ་འབྱུང་བཞིན་གདའ་སྟེ། དེ་ཡང་དམངས་ཁྲོད་ཀྱི་བཤད་རྒྱུན་རེ་འགའ་ནས་ཀྱང་མཐོང་དུ་ཡོད། བོད་པ་ཚོའི་ལྷ་སྐུར་ཕྱག་འཚལ་ཚུལ་ལ་ཅེར་ཏེ་ཟ་ཧོས་ཀྱིས་ནི“ཨ་བོད་གླེན་པ་ཚོ། འཇིམ་སྐུ་དེ་དག་ཆར་ནང་དུ་སྤྱུགས་ཚེ་ཁོ་རང་ཉིད་ཀྱི་དོན་དག་ཀྱང་ཤེས་ས་མིན་པས། ཁྱོད་ཅག་གིས་ང་ཡི་དོན་དག་ཁྱོད་ལ་གསལ་ཞེས་ཟློས་ནས་ཕན་པ་ཡོད་དམ”ཞེས་འཕྱ་བཞིན་ཡོད་ལ། བོད་པ་དག་ལ་ཡང་དེའི་ཚོད་ཀྱིས་ཟ་ཧོས་ཀྱི་ཆོས་འདོན་ཚུལ་ལ་སོགས་པར་འཕྱ་ཚུལ་འདི་འདྲ་ཡོད་དེ། “ཡང་ཁྱེད་ཚོའི་ཨ་དཔོན﹙ཆོས་དཔོན﹚ལྟོགས་བཞག་དང་ནི་མིན་ནམ་ཧེ་འདེབས་བཞིན་འདུག”ཅེས་པ་ལྟ་བུ་རེད། གང་ལྟར་དགོད་བྲོ་བའི་བཤད་ཚུལ་འདི་དག་ཁ་མཚར་ལྟ་བུ་ཞིག་ཏུ་ངོས་བཟུང་ཡང་མི་ཆོག་པ་མེད་ཀྱང་། དོན་དངོས་ཀྱི་འཚོ་བའི་གདོང་གཏུག་ཁྲོད་ན་ཁེ་ཕན་གྱི་དབང་ཆ་བརྩད་དེ་ལག་ཐུག་ངོ་ཐུག་ཙམ་དུ་མ་ཟད། ཤ་ཁྲག་གི་དོན་ཀྱང་ཕན་ཚུན་ལ་ཆད་ཀྱིན་ཡོད་ཙ་ན། དེ་ཡང་དགོད་བྲོ་བའི་རྩེད་མོ་ཞིག་ཏུ་བལྟ་ཐབས་ག་ལ་ཡོད།
བོད་པ་ཚོས་རང་ས་གོར་མོ་སློག་སྟེ་སྨན་རྩྭ་ཅི་རིགས་སྒོར་མོར་འགུག་དུས། རྒྱ་ཧོས་ཟ་ལར་བཅས་ཀྱིས་ནི་རིན་གོང་ཚོད་འཛིན་བྱེད་ཐབས་ཀྱི་ངན་ཇུས་ཡོས་བཞིན་དཀྲུགས་ཀྱིན་ཡོད་ལ། དེ་དག་གིས་བོད་པའི་སྒོ་ཁ་ནས་ཟ་ཁང་ཕྱེས་ཏེ་ཨམ་ཕྲག་ནང་གི་ཟུངས་ཁྲག་བཞར་གྱིན་འགྲོ་དུས་བོད་པ་ཚོས་ཀྱང་ཁོག་ན་ཡི་གའི་མེ་དྲོད་འབར་གྱིད་ཡོད་རུང་ཁ་ནས་ཧོས་ཟས་མི་བཟའ་ཞེས་གླིང་ཉིན་སྲིབ་གཉི་ག་བསྒྲགས་ནས་འགྲོ་བཞིན་ཡོད་འདུག དེ་ལྟ་བུའི་འགལ་ཟླའི་ཁྲོད་ནས་བོད་པ་ཚོས་གྱོང་རེག་གིན་ཡོད་རུང་ཟ་ཧོས་རྣམས་ཀྱིས་ཀྱང་རྒྱལ་ཁ་ཆེན་པོ་ཞིག་རེག་གིན་མེད་ཚོད་ཡིན་པ་ནི“བོད་པ་ཚོར་མིང་ལ་ཨ་ཤུ་རེ་ཁོ་ཟེར་བའི་ལྷ་ནུས་མཐུ་ཅན་ཞིག་འབོད་རྒྱུ་འདུག་ལ། ལྷ་དེ་བོས་ཚེ་དེ་ཚོར་ཁ་སློག་རྒྱུ་གཏན་ནས་མི་འདུག་པར་ཁྱོད་ཀྱི་ཕམ་ཁ་རྡོ་ལོག་འདྲ་བོ་ཉོ་མི་ཉོ་བསམ་རྒྱུ་མེད་ཀི”ཞེས་ཁོ་ཚོས་གཟབ་གཟབ་ཏུ་ཡོད་ཚུལ་ལ་བལྟས་ན་ཡང་ཤེས་ཐུབ། དེ་ཡང་བོད་པ་ཚོས་ཨ་ཤུ་རེ་ཁོ་ཟེར་དུས་ནི་ཏག་ཏག་ཐབས་ཟད་ཨུ་ཐུག་གིས་དགྲ་བོར་མཐའ་མཇུག་གི་སྲོག་བསྡོས་བྱེད་རྩིས་ཀྱི་བླུན་རྟགས་འདྲ་བ་ཞིག་ཡིན་ཀྱང་། མགོ་དཀར་དེ་དག་གིས་ནི་བོད་གླེན་པ་འདི་ཚོས་ཨ་ཤུ་རེ་ཁོ་ཞེས་བོས་ཚེ་གློ་རྡེག་ཏུ་དཔའ་སྙིང་མེ་དཔུང་འདྲ་བ་རེ་འབར་རྒྱུ་ཡོད་པ་དེ། ཕལ་ཆེར་ང་ཚོ་ལྷ་ལ་དད་པ་ཆེ་བར་རྣམ་རྟོག་ལངས་ཏེ་ཨ་ཤུ་རེ་ཁོ་ཟེར་བ་ནི་ལྷ་ཞིག་གི་མིང་དུ་སྙམ་པ་མ་ཟད། དེ་ནི་གལ་ལ་ཐུག་དུས་མ་གཏོགས་མི་འབོད་པའི་མགོན་སྐྱབས་ནུས་མཐུ་ཅན་ཞིག་ཏུ་གོ་བ་ལོག་གིན་ཡོད་པ་རེད།

གོང་གི་སྣང་ཚུལ་དེ་དག་ནི་བདག་གི་ཕ་ཡུལ་དུ་དངོས་སུ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་རེད་ལ། ད་ལྟ་ཁ་མཚར་ལྟ་བུ་ཞིག་ཏུ་ཡང་གྱུར་ཚར་ཡོད་ཀྱང་། འདི་ལྟ་བུའི་ཁ་མཚར་དངོས་མ་ནི་ད་དུང་མུ་མཐུད་དུ་འབྱུང་ངེས་ཏེ། རྒྱུ་མཚན་ནི་བོད་པ་ཚོའི་རྗེས་ལུས་ཉམ་ཆུང་གི་གནས་བབ་འདི་དུས་ཡུན་རིང་བོ་ཞིག་ལ་འགྱུར་བ་ཡོད་མི་སྲིད་པས་སོ། འདིར་རྗེས་ལུས་ཞེ་ན་ཁ་ཅིག་གིས་ནི་ང་ཚོ་ཕྱིའི་ཆ་རྐྱེན་གྱི་ཕྱོགས་ནས་རྗེས་སུ་ལུས་ཡོད་ཀྱང་ནང་བསམ་པའི་ཆ་ནས་སྔོན་ཐོན་ཡིན་རབས་སྨྲ་རུ་ཡོད་ན་ཡང་། དེ་ནི་ནང་ལོགས་ཕྱི་ལོགས་ཀྱི་གནས་སྐོར་པ་དག་གི་འཁྲུལ་སྣང་མིན་ན་རང་མགོ་གཡོག་བྱེད་ཀྱི་སྐད་ཆ་སྤྲོ་མོ་ཞིག་ངེས་པར་ཡིན་སྲིད་དེ། སྐྱ་ཆད་སྔོ་སྡུག་གི་འཚོ་བའི་ཁྲོད་ན་དམངས་བྱིངས་ཀྱི་ཤེས་ཚད་འབྱུང་སྤུས་སོགས་ནི་སྐྱ་འཐོམས་འཐོམས་སུ་ལུས་ཡོད་པ་དང་། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྟོན་པའི་རིག་གཞུང་རྒྱ་ཆེ་བ་རྣམས་ཀྱང་དོན་དུ་ལྷ་ཁང་གི་བྱམས་སྐུ་བཞིན་གསུང་ཁོལ་མ་རེ་འབྱོན་རྒྱུ་མེད་པའམ། ཡང་ན་རི་བོའི་གཏོས་དང་མཉམ་པའི་བསྟན་བཅོས་སྣ་ཚོགས་ཀྱང་ཆོས་ཁང་ནས་མཆོད་དེ་རུལ་ཟགས་སུ་འགྱུར་འཇུག་པ་ལས་དེ་དག་གི་དོན་གནད་ལོན་མཁན་ནི་བླ་མ་མཁས་པ་ཚོའི་ཁྲོད་ན་ཡང་ཉུང་ཙམ་གདའ་ན། ཡིག་རྨོངས་པ་ས་ཁྱབ་རྡོ་ཁྱབ་ཀྱི་མི་རིགས་འདིའི་ནང་སེམས་ཀྱི་སྔོན་ཐོན་དེ་གང་གིས་ཐོན་ནམ། འདི་ལ་ཡང་ཡི་གེ་ཤེས་པ་ཙམ་གྱིས་བསམ་པ་སྔོན་ཐོན་ཡིན་པ་མཚོན་མི་ཐུབ་ཞེས་ཀྱང་ཐལ་བར་འགྱུར་ངེས་ཀྱང་། དེ་ནི་ལྷག་ཏུ་གནས་ལུགས་ཀྱིས་ཚུགས་དཀའ་བའི་སྐད་ཆ་ཨུ་ཐུག་ཅིག་ཡིན་ཏེ། ཕྱི་ནང་གང་གི་ཆ་ནས་བཤད་ཀྱང་སྔོན་ཐོན་ཟེར་ན་དེ་ལ་དེ་འཚམ་གྱི་ཆ་རྐྱེན་ཞིག་ངེས་པར་ཚང་དགོས་པ་དང་། ནང་བསམ་པའི་ཆ་ནས་སྔོན་ཐོན་ཡིན་ཟེར་དགོས་ན་ལྷག་ཏུ་དེ་འདྲ་ཡིན་འོས་སྙམ། དེ་ཡང་ནང་བསམ་པའི་ཆ་ནས་ཕྱུག་ན་ད་གཟོད་དོན་དམ་གྱི་ཕྱུག་པོར་བརྩི་བ་ནི་ཕྱི་ནང་གི་མཁས་པ་སུས་ཀྱང་ཁས་ལེན་ངེས་ཡིན་ལ། འགྲོ་མིའི་ཤེས་རབ་ཀྱི་མུ་ལ་མཐའ་མེད་ཚུལ་ཀྱང་དམ་པ་དག་གི་ཁས་ལེན་པ་ཡིན་ཚེ། རང་ཅག་གི་དད་པ་བཏེགས་པ་ཕྱི་མིའི་དོན། ཕྱི་མ་བསམ་ནས་ཚེ་འདི་བཏང་། ཚེ་འདི་བཏང་བས་སྒྱིད་ལུག་བསྐྱེད། སྒྱིད་ལུག་བསྐྱེད་པས་ཕག་ལྟར་གྱུར་བ་དག་གི་རང་འགུལ་གྱི་ཆ་ཧ་ཅང་ཞན་ཅིང་ཨ་འཐས་གོམས་སྲོལ་ལྟ་བུར་ཆགས་པའི་བསམ་པའི་འཁྱེར་སོ་འདིའི་སྟེང་ན་གཞལ་དུ་མེད་པའི་ནང་བསམ་པའི་སྔོན་ཐོན་གྱི་ཆ་ནི་མེད་ཅེས་ངས་གཏན་ཁེལ་བྱས་པ་ཡིན། དེ་མིན་འགའ་རེས་ང་ཚོའི་རིག་གཞུང་ངམ་ཆོས་གཞུང་ནི་བསམ་པའི་རིག་གཞུང་སྔོན་ཐོན་ཅན་ཞིག་ཡིན་ཞེས་ན། དེ་ངས་མི་ཤེས་ཟེར་རྒྱུ་ཡིན་ལ་ཤེས་ཀྱང་མི་ཤེས། འོན་ཀྱང་གསལ་ཁ་འདོན་རྒྱུ་ཞིག་ལ་མིའི་སྟེང་ལ་བབས་མེད་པའི་རིག་གཞུང་དེས་ནི་མིའི་རིགས་གང་དེའི་ནང་བསམ་པའི་ཆ་ནས་སྔོན་ཐོན་ཡིན་པ་གཏན་ནས་བསྒྲུབས་ཐུབ་པ་མིན་པ་ནི་གོ་བར་གྱིས་ཞེས་པ་འདི་ནི་བར་བཅུག་གི་འཕྲོས་དོན་ཙམ་ཡིན་ལ། གལ་ཏེ་བསྒྲུབས་ཐུབ་ཟེར་ན་ཡང་རིག་གཞུང་འདི་དག་དར་སྐབས་ཀྱི་གནའི་ལོ་རྒྱུས་ལ་དབང་བ་ལས་ད་ལྟའི་རྗེས་ལུས་ཀྱི་ང་ཚོར་འབྲེལ་བ་མེད་དེ། མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད་དོ།།
འོ་ན་ཕྱི་དངོས་པོའི་ཆ་ནས་ག་འདྲ་རེད་ཟེར་ན་བཤད་ག་ལ་དགོས་ཏེ་ཀུན་པོའི་ལྟ་ཚུལ་གཅིག་མཚུངས་རེད་ལ། ཨ་ཤུ་རེ་ཁོ་འདོད་དགོས་ཚོད་རེད།

གང་ལྟར་བཤད་ཀྱང་ཆོག་གི ད་ལྟ་ང་ཚོའི་སྣང་ཡུལ་གང་ལ་ཡང་སྐྱོ་ཉམས་ཤིག་གིས་བརྟས་ཡོད་ཀྱང་། མགོ་དཀར་དེ་དག་གིས་ང་ཚོས་ཨ་ཤུ་རེ་ཁོ་ཟེར་ནས་རང་སྲོག་གཏའ་མར་འཇོག་དུས། བོད་ཟེར་བ་འདི་ནི་སུམ་གཉིས་ས་ཡི་དཀྱིལ་འཁོར་མངའ་དབང་དུ་མཛད་མྱོང་བའི་མི་རིགས་དཔའ་བོ་ཞིག་ཡིན་པ་གཞར་ནས་ཤེས་ཀྱིན་མེད་ལ། གར་ཡོང་ཆ་མེད་ཀྱི་སྟོབས་ཤུགས་འདི་ཡང་ཨ་ཤུ་རེ་ཁོ་ཟེར་བའི་ལྷ་ནུས་མཐུ་ཅན་ཞིག་གི་རྫུ་འཕྲུལ་དུ་འདོད་ཀྱིན་ཡོད་ན། དེ་དག་ལ་ཡང་དངོས་ནས་འདྲ་ཚོད་ཅང་མི་འདུག འོན་ཀྱང་། བསམ་དགོས་པ་ཞིག་ནི་ང་ཚོར་ལོ་རྒྱུས་ག་འདྲ་ཡོད་ཀྱང་དངོས་ཡོད་ཀྱི་ཁྲོད་ནས་དངོས་ཡོད་ཀྱི་ཐབས་དང་རྩལ་ལ་མ་བརྟེན་པར་མགོ་ལག་པས་སྐྱོར་ས་ཞིག་ནམ་ཡང་ཡོད་མིན་ཏེ། མགོ་ལག་པས་སྐྱོར་ནས་གཉོམ་ཆུང་འདུག་ཤེས་ན་བཙན་པོས་སྒུལ་མི་ཐུབ་འདོད་ན། འགྲན་རྩོད་ཀྱི་དུས་རབས་འདི་ལ་ཁོག་ན་ཁོང་དགོད་སྟེགས་བཞིན་ཕ་བཟང་གི་བུ་ཁྱོད་ལ་བརྙས་འདོད་ཀྱི་སྡར་མའི་རིགས་ཀྱང་མང་པོ་ཡོད་དེ། ཟ་ཧོས་དེ་དག་ཀྱང་དེའི་རིགས་སུ་གཏོགས་པ་རེད།
རེད་དེ། ཟ་ཧོས་དེ་དག་གིས་ཨ་ཤུ་རེ་ཁོ་ནི་ལྷ་ནུས་མཐུ་ཅན་ཞིག་ཏུ་གོ་བ་ནི་ཁོ་ཚོས་ཀློའུ་འདང་བརྒྱབ་པ་ཡིན་འདུག་ཟེར་ན་ཆོག་ཀྱང་། ང་ཚོས་ཕུ་རུང་ལག་རྩར་དེད་དེ་སེང་གེ་གངས་ནས་མཆོངས་འདྲའི་ཞེ་སྡང་གི་ཟིལ་ཤུགས་ངོམ་པ་ན་ཁོ་ཚོ་སྐྲག་ཐག་ཆོད་པ་ནི་དོན་དངོས་ཡིན་ཏེ། དེ་མིན་ན་ཨ་ཤུ་རེ་ཁོ་ཞེས་བོས་པས་ད་གཟོད་བོད་པ་ཚོས་དཔའ་སྙིང་འབར་བ་རེད་ཟེར་ན་དགོད་ཁ་འཆོར་བ་ཞིག་མིན་ནམ། འོན་ཏེ། ཐབས་ཟད་ཨུ་ཐུག་ཏུ་གྱུར་ཚེ་སུ་ལ་ཡང་སྐྱབས་མི་བཅོལ་བར་དགྲ་ཐོག་ལ་སྲོག་འཇོག་ཐུབ་པ་འདི་ཡང་བསམ་ཞིང་བསམས་ན་བླུན་རྟགས་ཙམ་དུ་མིན་སྣང་སྐྱེས་ལ། མཚམས་དང་མཚམས་སུ་བཙན་པོའི་རྒྱུད་པ་ཡིན་པས་བཙན་པོའི་བཙན་སྙིང་ཞིག་ད་དུང་ང་ཚོའི་སེམས་ཀྱི་ག་ཤེད་ཅིག་ན་བག་ལ་ཉལ་ཡོད་པ་མིན་ནམ་སྙམ་ནས་ངར་ལངས་པ་ཞིག་ཀྱང་རེད། གང་ལྟར་གནད་འགག་གི་སྐབས་སུ་བུ་རང་ལ་མ་བརྟེན་པར་སྐྱབས་གནས་སུ་ཡང་ཡོད་མི་སྲིད་པའི་གནད་ཀ་དེ་ག་ལེར་ཨེན་ཙམ་རེ་རྟོགས་འོང་གི་རེད་ལ། ཨ་ཤུ་རེ་ཁོ་ཟེར་བ་ཡང་ལྷ་ནུས་མཐུ་ཅན་ཞིག་ག་ནས་ཡིན་ཏེ་གཞར་ནས་མིན་ཡང་། བུ་རང་ཉིད་ལ་བརྟེན་རྒྱུའི་ཆོད་སེམས་གློ་བུར་བ་ཞིག་ཡིན་ཁོ་ཐག་རེད་པས། ང་ཚོའི་མགོན་སྐྱབས་ནི་ནམ་ཡང་རང་ཉིད་ལས་མེད་ཅེས་པའི་གཏམ་འདི་ལ་ཡང་བདེན་ཤེས་རེ་རྙེད་སྲིད།

བོད་བཙན་པོའི་སྐབས་སུ་དགྱ་ནག་པོའི་སྙིང་རྩ་འདར་དུ་འཇུག་དུས། གདོང་དམར་བ་དེ་དག་གིས་ཨ་ཤུ་རེ་ཁོ་ཞེས་བོས་མ་མྱོང་བ་ཡིན་སྲིད། དེ་མིན་ན་བོད་ལ་ཨ་ཤུ་རེ་ཁོ་ཟེར་བའི་ལྷ་ནུས་མཐུ་ཅན་ཞིག་གི་བཤད་རྒྱུན་སྒྲུང་འདྲ་བ་རེ་ཡོད་ངེས་ལ། རྗེས་རབས་པ་རྣམས་ཀྱིས་ཀྱང་ཨ་ཤུ་རེ་ཁོ་ཟེར་བའི་ལྷ་ཞིག་གི་འཇིམ་སྐུའམ་ཐང་ག་བཞེངས་ནས་མཆོད་བཀུར་དང་ཕྱག་བྱེད་ཀྱིན་ཡོད་ངེས་ཆེ། དེ་ལྟར་ཡིན་ཚེ་ད་ལྟ་ང་ཚོས་ཨ་ཤུ་རེ་ཁོ་ཞེས་ཅི་ལྟར་བོས་ཀྱང་སེང་གེ་གངས་ནས་མཆོངས་འདྲའི་ཞེ་སྡང་དེ་ལངས་ཐབས་ཡོད་རྒྱུ་མ་རེད་ལ། ཟ་ཧོས་དེ་དག་གིས་ཀྱང་དེ་ནི་འཇིམ་སྐུ་ཙམ་དུ་ངོས་བཟུང་ནས་སྐྲག་སྣང་གང་ཡང་སྐྱེ་རྒྱུ་མ་རེད། རྒྱུ་མཚན་ནི་སྐབས་དེར་ང་ཚོས་འབོད་ཀྱིན་པ་དེ་ནི་རང་སེམས་ཀྱི་ལ་རྒྱ་དང་ངོ་ཚས་དེད་པའི་དཔའ་སྙིང་གི་གད་རྒྱངས་དེ་མིན་པར། རང་གཤིས་ཀྱི་རྩིས་ཐང་འབུལ་ཚར་བའི་མགོན་སྐྱབས་སུ་ཞིག་ཡིན་པས། གཉོམ་ཆུང་གི་ལག་པས་རང་མགོ་སྐྱོར་ཏེ་སེམས་ལ་འདོད་པ་ནི་བཙན་པོ་གང་དེ་མ་འགུལ་ན་སྙམ་པའི་ཨ་ཁིའུ་ཡི་དྲན་ཚུལ་སྐྱོ་བོ་དེ་ཡིན་སྲིད།
ལྷ་ཚོགས་ཀྱིས་དབང་དུ་བསྡུས་ཤིང་། ཚེ་ཕྱི་མར་དམིགས་པ་གཏད་པའི་མི་མ་ཡིན་པ་དག་གིས་སྡུག་ལ་སྦྱར་ཞིང་ཨུ་ལ་ཐུག་ནས་ཨ་ཤུ་རེ་ཁོ་ཟེར་བ་ཙམ་གྱིས་ཀྱང་། ཟ་ཧོས་དག་གི་སྙིང་ཁམས་འདར་དུ་བཅུག་ཡོད་ན། ངོ་མ་བོད་བཙན་པོའི་སྐབས་ཀྱི་དཔའ་བོ་གདོང་དམར་ཅན་དག་གིས་དགྱ་ནག་པོར་འཐབ་འཛིང་གི་གཡུལ་འགྱེད་དུས། རང་ལུས་མདུང་མགོར་བསྐོན་ནས་ཁྲག་དམར་རྒྱང་ཁ་བྱས་ཀྱང་ད་དུང་ཡང་ཀི་རིང་ཞིག་གིས་རི་ལུང་སྒུལ་ཙམ་བྱས་ཤིང་། ཚེ་སྲོག་གི་མཇུག་མཐའི་འགྱེལ་ཚུལ་ལ་ཡང་འཕྱ་དགོད་སྟེགས་ནས་དགྱ་ཡའི་སྙིང་བཀད་དུ་བཅུག་ཡོད་རྒྱུ་རེད། ཨ་ལ་དེ་ནི་བློ་བཟོས་ཀུ་རེ་ཙམ་ཡིན་གྱི། ང་ཚོས་ནམ་ཞར་དུ་ཡང་ཨ་ཤུ་རེ་ཁོ་འདོད་ནས་རང་བབས་ཀྱི་ལས་ཀར་ཧུར་བརྩོན་གྱིས་འཇུག་པ་ཡིན་ན། མཐོ་སྒང་འདིའི་བདག་པོ་ནམ་ཡང་ང་ཚོ་ལས་གཞན་སུ་ཡང་ཡོད་མ་ཡིན་ལ། ང་ཚོ་རང་ཉིད་ཀྱི་མགོན་སྐྱབས་ཀྱང་ནམ་ཡང་རང་ཁོ་ན་མ་གཏོགས་མེད་པ་སངས་རྒྱས་ཀྱིས་ཀྱང་གསུངས་པ་བདེན་ན། རང་གི་ངོ་ཚ་དང་ལ་རྒྱ་ཤེས་པར་གྱིས་ཏེ་ཨ་ཤུ་རེ་ཁོ་ཞེས་པའི་རང་གི་མགོན་སྐྱབས་དེ་ནམ་ཡང་འདོར་དུ་མི་བྱ་རྒྱུ་གལ་ཆེ་ཨང་།
ཨ་ཤུ་རེ་ཁོ། ང་ཚོ་ཡང་དེ་འདྲ་སྡུག་ཐུག་ཅིག་ག་ལ་ཡིན། བཙན་པོ་བོད་ཀྱི་གདུང་རྒྱུད་རེད་ཡ།

How To Structure A Yoga Class Video
PORNO With an emerging middle class and growing taste for Western culture

Fashion Accessories Will Always Be In Demand
Bridesmaid Dresses ladylike and classic seen on Gucci and Miu Miu runways

off at Belk's Customer Appreciation Sale through Sunday
VIDEOS PORNO Reserve a few berries for garnish

Tacori Bridal Evening Hair Pin Featured In Bride Wars
Free Games even though we sometimes cringe

Up Games for Teens and Girls
Kostenlose Pornos von we spend the bulk of it in America

How to Sew Your Own Clothes
Pornofilme Steer clear of rounded toe shoes

boreal canada goose parka Europe style wholesale
Tube XXX but here are top five things that could help you start

Vaser Lipo is Much Better Alternative
Filme Porno pantyhose not required with that skirt
བསྟོད།4

抱歉,评论已关闭!