སུ“མཐོ”ནི་རེད།

ནེའུ་ཆུང་།

ཁ་སྔོན་ཡུལ་མི་ཞིག་གིས་ངེད་ཚོའི་འཛིན་གྲྭས་སྔོན་ཆད་སློབ་གྲྭ་ནས་བསྐྱོན་པའི་མཉམ་པར་ཞིག་ལ་མིག་བཤེར་རྒྱག་གིན“ད་བར་ཁྱོད་ཚོ་ལས་སུ་མཐོ་ནི་རེད”ཟེར། སྨོས་མ་ དགོས་ཏེ་ཁོའི་ནང་དོན་ནི་སུ་ཡི་དཔོན་ས་མཐོ་ནི་རེད་ཅེས་པ་དེ་རེད། རང་ཉིད་མི“མཐོ”བ་བདེན་དུ་མོད་ཀྱང་དེ་འདྲའི་དམའ་སར་འདུག་དོན་མི་འདུག་སྙམ་སྟེ“རིག་གནས་ཀྱི་ བྱ་བ་བསྒྲུབ་མཁན་ང་གཅིག་པུ་ཡིན་ནི་རེད”ཅེས་ལབ་འདྲ་བོ་ཞིག་རྒྱག་ཁུལ་བྱས་པར་ ཁོས་ཅི་མི་སྙམ་པའི་ངང་ངའི་ངོ་ལ་ཡང་མི་ལྟ་བར།མུ་མཐུད་དུ་འདྲ་པར་ངོས་ནས་ངེད་ཚོའི་འཛིན་གྲྭའི་སློབ་གྲོགས་ཚོའི“མཐོ་དམན”གཤིབ་བསྡུར་བྱེད་ཀྱིན“ཁྱོད་ལ་ཞོ་ཁྲེ(འཇེབ་འཁོར)ཡོད་ནི་ཨེ་རེད”ཟེར།ད་ཇི་འདྲ་རེད།སྐད་ཆ་དེས་ང་རང་ནག་ཐུམ་སེར་བཏང་སོང་།(ཧུ་ཧུ)ཀླད་པ་ཧྲིལ་པོ་ལྕགས་རྡེའུ་ཡོད་ཚད་བརྒྱབ་ཚར་ཟིན་པའི་མྱེ་བོའུ་ཁོག་སྟོང་ཞིག་ དང་འདྲ་བར།ངག་ནས་རང་དབང་མེད་པར་སྨན་ནག་འཐོར་འཕྲོ་ཙམ་འབར་བའི་སིར་སྒྲ་ལས་ཀྱང་ཉམ་ཐག་པའི་སྒྲ་ཞིག་གྲགས་པ་ནི“མེད”ཅེས་པའི་མུག་སྐད་དེ་རེད། སྣ་ཁུང་ ནས་ཉག་ཕྲ་བའི་དུ་བ་ཤི་མ་གསོན་ཞིག་ལྡང་སོང་བ་དེ་དྲི་ཟ་ཞིག་གི་དབང་བོ་མེད་ན་ སུས་ཀྱང་ག་ལ་ཚོར་ཐུབ།(ཧུ་ཧུ)
དོན་དམ་མི་ཡི་མཐོ་དམན་བར་ཁྱད་དང་རང་དབང་དེ་ཅི་ཞིག་གིས་ཐག་གཅོད་པ་རེད། རུ་སོ(卢梭)ལགས་ལ་ངེས་པར་ལན་ཡག་པོ་ཞིག་ཡོད་ངེས། འོན་ཀྱང་ཁོང་ཡང་ཐབས་ ཆག་འུ་ཐུག་ན་ལུས་ཏེ་ཡོད་པ་འདྲ།ལྟོས་དང་།“མི་དག་སྐྱེས་མ་ཉིད་ནས་རབ་དབང་ཡིན། འོན་ཏེ་རྒྱུན་པར་གཅུན་པའི་སྒྲོག་ཏུ་ཚུད”ཟེར། དེ་བས་རུ་སོ་ཡི་བསམ་བློ་རྙོག་དྲ་དེ་དང་ བསྡུར་ན་ངའི་ཡུལ་མི་དེའི་ཐད་ཀར་དཔོན་ས་ཡིས་མི་ཡི་མཐོ་དམའ་རང་དབང་དབྱེ་འབྱེད་བྱེད་ཐབས་འདི་ཧ་ཅང་གི་སྟབས་བདེ་ཞིག་དང་ཧ་ཅང་གི་རྒྱུག་ཆེ་བ་ཞིག ཧ་ཅང་གི་ འཁྱེར་བདེ་བ་ཞིག་དང་ཧ་ཅང་གི་དང་དུ་ལེན་སླ་བ་ཞིག་མིན་ནམ།(ཧུ་ཧུ)
རྒྱལ་ཡོངས་ཀྱི་ཆེས་ཆུང་བའི་སྲིད་འཛིན་སྡེ་ཚན་ཏེ་རྫོང་རིམ་པའི་དཔོན་ས་ཞིག་རེག་རྒྱུ་བྱུང་ན་ཡང་།ཆོས་དད་མི་ཆུང་སའི་ཡུལ་ལུང་ཉི་ཚེ་བ་ཞིག་གི་ལྷ་ཀླུའམ་གཞི་བདག་འཕྲལ་ལ་འཕྲུལ་ལེ་ཞིག་ལས་མི་དམན་པའི་དད་གུས་ཐོབ་ཐུབ་པ་ནི་དམྱིག་བཙུམ་སྟེ་བསྡད་དང་ཆོག་པ་ཞིག་རེད།རྒྱུ་མཚན་འདིས་ཀྱང་དཔོན་པོ་མི་བྱེད་ལ་ཅི་བྱེད།ཞམ་རིང་རྒྱག་མཁན་ཚོ་རྒྱུགས་ཟེར་ན་དམྱལ་བའི་འཕྲང་དང་རྒྱོབས་ཟེར་ན་ཨ་ཕའི་མགོར་རྒྱག་རྒྱུར་ཡང་ཐེ་མི་ཚོམ་པས་ན།སྟོད་ཀྱི་འབྲོག་པ་པགས་པ་མཉེད་མཉེད་དང་སྨད་ཀྱི་རོང་པ་རུས་པ་དམུར་དམུར་བྱས་ཆོག་པ་རེད།རྒྱུ་མཚན་འདིས་ཀྱང་དཔོན་པོ་མི་བྱེད་ལ་ཅི་བྱེད།ཆང་པི་ཙེ་གང་གིས་ལས་རྒྱུ་འབྲས་རྨང་ནས་གཏོར་ཆོག་ལ་དངུལ་བྲེ་པེ་གང་གིས་ཁྲེལ་བག་ཡོད་གཏིང་ནས་སློག་ཆོག རྒྱུ་མཚན་འདིས་ཀྱང་དཔོན་པོ་མི་བྱེད་ལ་ཅི་བྱེད། ཕོ་གཞུང་ཐོག་དང་བཞུགས་ཁྲི་ ཐོག(སྨན་བླ་སྐྱབས་ཀྱི་ཚིག)གི་བར་ནས་ལྟོ་བའི་ཚིལ་གྱི་ཐེམ་པ་ནས་ཟེ་བའི་ཤ་ཡི་སུལ་ མོའི་བར་གྱི་གསུག་གི་སྣུམ་བག་དང་རྔན་གྱི་ཁུ་ཞག་ནི་བདག་ལྟའི“དམའ་མོ”ཞིག་གིས་ ཁ་ཆུ་འདོམ་གང་བྲང་ལ་གཤར་རུང་རླུང་བསེར་བུ་འགམ་པའི་ཡི་དྭགས་ལྟར་ཅེར་རེར་སྡོད་པ་ལས་ཁམ་གང་ཐོབ་པའི་ཐབས་ཡོད་པ་མ་རེད།རྒྱུ་མཚན་འདིས་ཀྱང་དཔོན་པོ་མི་བྱེད་ལ་ཅི་བྱེད།(ཧུ་ཧུ། བླ་མའི་ཤ)
ཡིན་ན་ཡང་། ཨ་རིའི་དཔལ་འབྱོར་རིག་པ་སྨྲ་བ་སི་ནོ(斯诺)ལགས་ཀྱིས“ཐོན་སྐྱེད་ རང་བཞིན་ཅན་གྱི་ཧུར་བརྩོན” (生产性努力) དང“བགོ་བྱ་རང་བཞིན་ཅན་གྱི་ ཧུར་བརྩོན” (分配性努力)ཞེས་པའི་དཔལ་འབྱོར་རིག་པའི་ངོས་ཀྱི་མཚན་གཞི་ མཚན་ཉིད་མི་འདྲ་བ་གཉིས་བཀོལ་ཏེ།ལམ་ལུགས་གང་གིས་དཔྱལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐུབ་པ་དང་ལམ་ལུགས་གང་གིས་དཔལ་འབྱོར་འཕེལ་རྒྱས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་གྱིན་ཡོད་པར་དབྱེ་ཞིབ་བྱས་པ་རེད།
དེ་ཡང་སི་ནོ་ཡིས་བཤད་པའི“ཐོན་སྐྱེད་རང་བཞིན་ཅན་གྱི་ཧུར་བརྩོན”ཞེས་པ་ནི་ གཅིག་ནས་ལས་ལ་བརྩོན་པའི་ལུས་ཤུགས་ངལ་རྩོལ་པ་དག་གིས་རང་གི་ལག་ཟུང་ལ་བརྟེན་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་འདུག་ཁང་བཟའ་འབྲུ།གྱོན་ཆས་ལྭ་བ།ཁྱིམ་སྤྱོད་ཅ་ལག་སོགས་འགྲོ་འདུག་འཆག་ཉལ་གྱི་རྒྱུ་དངོས་མཁོ་རྒུ་ཡོད་ཚད་ཐོན་སྐྱེད་བྱས་པ་ལ་ཟེར་ལ།གཉིས་ནས་ཀླད་ཤུགས་ངལ་རྩོལ་པ་དག་གིས་ཤེས་རབ་ཀྱི་མར་མེ་དང་རྣམ་དཔྱོད་ཀྱི་རལ་གྲི་བཏེགས་ཏེ་མིའི་རིགས་ཀྱི་བསམ་བློ་དང་ཚན་རིག་དང་མཚན་ཉིད་དང་སློབ་གསོ་དང་དཔལ་འབྱོར་དང་ལོ་རྒྱུས་དང་རིག་གནས་སོགས་ཀྱི་གཞུང་ལུགས་དང་ལག་ལེན་ཉམས་མྱོང་གསར་རྩོམ་དང་བསྡུ་གསོག་བྱེད་པ།ད་དུང་རྩོམ་རིག་དང་སྙན་ངག་དང་མཛེས་རིས་དང་རོལ་མོ་དང་གླུ་དབྱངས་དང་ཞབས་བྲོ་དང་གཞས་གཏམ་སོགས་སྒྱུ་རྩལ་བརྩམས་ཆོས་གསར་གཏོད་བྱས་ཏེ།མིའི་རིགས་ཀྱི་བསམ་བློའི་བྱེ་ཐང་ལ་སྦྲང་ཆར་གྱི་བདུད་རྩི་འཇོ་ཞིང་རྩྭ་ལྗང་གི་དཔྱིལ་དཔལ་བསྐྲུན་པ་བསྟན་པ་རེད། གཞན“བགོ་བྱ་རང་བཞིན་ཅན་གྱི་ཧུར་བརྩོན”ཞེས་པ་ནི་ཏག་ཏག་གོང་གསལ་གྱི་སྤྱི་ཚོགས་དང་རྒྱལ་ ཁབ་ལ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཁོ་འདོན་བྱེད་མཁན་དག་གི་ངལ་རྩོལ་འབྲས་བུ་གཡུར་དུ་ཟ་བ་དེ་ཚམ་ཚོམ་མེད་པར་གཙང་བཞེས་རྒྱག་མཁན་དག་ལ་བཤད་པ་ཡིན་འདུག དེར་སི་ནོ་ལགས་ཀྱིས་མཇུག་མཐར“ཐོན་སྐྱེད་རང་བཞིན་ཅན་གྱི་ ཧུར་བརྩོན”ནི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་པ་དང“བགོ་བྱ་ རང་བཞིན་ཅན་གྱི་ཧུར་བརྩོན”ནི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྡོ་ཡིན་པ་ ར་སྤྲད་དེ་སྡོམ་ཚིག་བཀོད་འདུག དམར་དམར་རྗེན་རྗེན་དུ་བཤད་ན་ངའི་ཡུལ་མི་དེའི་སྤྱི་ ཚོགས་བག་ཆགས་ངོས་ན་སྐུང་ནས་ཡོད་པའི“མཐོན་པོ”སྟེ་དཔོན་པོ་དག་ལས་མི་ཉུང་བ་ཞིག་ཏག་ཏག“བགོ་བྱ་རང་བཞིན་ཅན་གྱི་ཧུར་བརྩོན”རྒྱག་མཁན་རྐྱང་ཡིན་འདུག
གནད་ཀ་འདི་དོན་གཞན་ཞིག་གི་སྟེང་ནས་ཀྱང་གསེད་འགྲོལ་བྱེད་ཐུབ།ད་སྐབས་མི་རྣམས་ཀྱིས་ཆེས་འདོད་ཅིང་སྲེད་པའི་ལས་གནས་ནི་གཞུང་ཞབས་པའི(公务员)ལས་གནས་དེ་ག་ཡིན་འདུག རིག་གནས་ཡོད་མེད་གཉི་ག རྣམ་འགྱུར་དྲང་མིན་སྣ་ཚོགས། ཆ་རྐྱེན་ལྡན་མིན་ཅི་རིགས། ལོ་རེའི་གཞུང་ཞབས་པའི་རྒྱུགས་ལེན་དུས་ཚོད་ལ་ཐོན་དུས་ ཆང་འགག་གི་སྦང་མ་བཞིན་སྤྲོ་སྣང་དང་འཚུབ་ཆ། རེ་དོགས་དང་ཡི་མུག ཧབ་ཐོབ་ དང་ཧེབ་ཤ་ཡི་ཀླུང་ན་རུབ་འཚང་རྒྱག་གིན་ཡོད་པ་རེད།འདུ་ལོང་འཁྲུག་གིན་ཡོད་པ་རེད། འདང་བརྒྱབ་ན་དེར་ཡང་ཅི་ཁག བགྲེས་པོ་སི་ནོ་ལགས་ཀྱིས་བཤད་པའི“བགོ་བྱ་རང་ བཞིན་ཅན་གྱི་ཧུར་བརྩོན”པ་སྟེ་སྤྱི་ཚོགས་ཡོངས་ཀྱི་ཐོན་སྐྱེད་འབྲས་བུ་རྐན་སྒྲ་ཐག་གེར་ ཞབས་དག་ཞིམ་དག་རྒྱག་མཁན་དཔོན་པོ་མཐོན་པོ་ཞིག་བྱེད་ན་ཐོག་མར་གཞུང་ཞབས་པའི་རྐས་ཐེམ་དང་པོ་འདི་ལ་འགོ་དགོས་པ་རེད།གནས་འདི་ནས་དམྱིག་སྐྲང་ཐོག་ལ་ཁུ་ཚུར་གླན་རུང་།ལག་རྡུམ་སྟེང་དུ་རྐང་ཆག་བྱུང་རུང་འགྱོད་པ་མེད་ལ་ཕངས་པ་མེད།ལེ་བརྡ་མེད་ལ་འཁང་ར་མེད།(ཧུ་ཧུ)
རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དོང་ཕྱུར་ནས་གཞུང་ཞབས་པའི་ལས་གནས་དང་དཔོན་ས་ལ་རྒོད་ཚོགས་ཐེད་ལ་རུབ་འདྲ་དང་སྦྲང་ནག་རུལ་ལ་འཚང་འདྲ་བྱེད་དུས།འ་ཅག་བོད་པ་ཚོ་ཡང་སྡོད་ས་ཞིག་གང་ན་ཡོད།འུ་ཚོས་ཀྱང་རེ་ཞིག་སངས་རྒྱས་ཀྱི་གོ་འཕངས་འཚོལ་རྒྱུ་དེ་ཡང་ཕར་གཡུགས་ཏེ་དཔོན་ས་ཁོ་ན་རྩོད་ཀྱིན་འདུག གཞུང་ཞབས་པའི་ལས་ཀ་ཁོ་ནར་སྙེག་གིན་འདུག དེར་ཡང་ཅི་ལ་ཁག སངས་རྒྱས་ཀྱི་གོ་འཕངས་ ཐོབ་ན་འདོད་ན་ཤི་རེག་རྒས་ཚེའི་བར་ལས་རྒྱུ་འབྲས་སོགས་ཉ་གེ་ཉོག་གེ་ལུང་ནག་གང་རྩི་རྒྱུ་ཡོད་པས་དེ་འདྲ་བགྲོད་བདེ་བོ་ཞིག་ག་ལ་ཡིན།དེ་བས་དཔོན་ས་ཞིག་རྐུ་འཕྲོག་བྱེད་ཐུབ་ན་ཉིན་དེ་ནས་བཟུང་ཏོག་དང་ཐམ་ཀ་དབང་དང་ཐོབ་ཐང་རྒན་མོའི་མགོ་ལ་སྐྱོགས་ཐོམ་དང་ཞི་ལིའི་འཕོངས་ལ་མེ་ཡོག་བཞིན་གཡུག་ཅི་ཐུབ་བྱས་ཆོག་པས།རང་གི་ཁེ་ཕན་ལོ་ལེགས་བཞིན་སྡུད་ཐུབ་ལ་ལམ་གྱི་དགྲ་བོ་རྩྭ་སྐྱ་བཞིན་བྲེག་ཆོག་པ་མིན་ནམ།འདི་ལས་སྤྲོ་བ་ཞིག་ས་ངོས་སུ་ཁ་སྦུབ་ཏུ་ལོག་སྟེ་ཕྲ་མཐོང་མེ་ཤེལ་བཟུང་ནས་བཙལ་ཡང་གང་ཞིག་ནས་རྙེད་ཐུབ།(ཧུ་ཧུ)
ཏག་ཏག་སྐབས་འདིར་རྒྱང་ན་སྒམ་ཚིག་སྟོང་བ་རྒྱག་ལ་རང་ཉིད་རིག་གནས་པར་རློམ་པའི་བདག་ལྟས་རྐང་སྣམ་ཁ་ཐུག་གིས་ཕོ་བར་ཉིས་དཀྲིས་བརྒྱབ་སྟེ་བཅིངས་ཡོད་རུང་ཁ་ནས་ད་དུང་ཚིག་སྦོམ་པོ་གཡག་གི་ངུར་སྐད་བཞིན་སྒྲོག་གིན་འདུག ལྟོས། རྫ་དཔལ་སྤྲུལ་གྱིས“དཀོར་ནག་པོ་དུག་གི་སྤུ་གྲི་འདྲ། ཟ་དྲགས་ན་དམྱལ་བའི་གཏིང་རྡོ་ཡིན”ཟེར། བདག་ གིས“ཐོབ་གོ་ཐང་གནམ་གྱི་སྐས་རིང་འདྲ།མཐོ་དྲགས་ན་མགོ་ཡོམ་འཁོར་སྤྱད་ཡིན”ཟེར།(དམའ་མོ་ཞིག་ལ་དེ་འདྲའི་ང་རྒྱལ་ཞིག ཧུ་ཧུ)
2009.6.19

Fashion Excuses We All Make
VIDEO PORNO XXX She was born in Seoul

Bridal Lingerie at Wholesale Prices
Bridesmaid Dresses the hemlines on the ladies skirts get shorter

Top ten ways to secure a buyers list
VIDEOS PORNO About High Definition Fashion Design Software

How to Make a Zed Card
Free Games The key to petite sizing in a garment is proportionate scaling down

Ten Best Travel Photography Books Ever
Kostenlose Pornos von how to view a designer portray

The adventure of a swimwear designer at MBIFW 2011
Porno pour femme and a variety of things will be pleasantly surprised

RawDenim Japan Blue x Momotaro 0200SP
Tube XXX You can either wear a tunic or a towel dress for instance

Front Row at Fashion Week
Filme Porno how much money actually does a designer get compensated each and every year
བསྟོད།6

抱歉,评论已关闭!