གྲོགས་གླག་སོགས་ལ་ཞོར་གྱིས་སྤྲིངས་པ།

ཞོགས་ལྗང་།

གྲོགས་པོའི་བརྩམས་ཆོས་ལ་བལྟས་ཟིན། སྙན་ངག་འབྲི་བ་ནི་ཚོགས་པ་ཞིག་གི་ཆེད་དུ་མིན་པ་བཞིན། སྙན་ངག་གི་ཚོགས་པ་གང་ལས་བུད་པ་ཡང་སྙན་ངག་གི་ཆེད་དུ་རེད་ཟེར་ན་གཏན་ཚིགས་ཀྱི་སྐད་ཆ་ཞིག་མ་རེད། དེ་བཞིན་དུ། སྙན་ངག་གི་ཚོགས་པ་གང་དེའི་འཇིགས་རྐྱེན་ནི་སྤྱི་ཚོགས་དང་སྙན་ངག་རང་སྟེང་གི་འཕེལ་འགྲིབ་ཀྱིས་དེད་ནས་འོང་རྒྱུ་ཞིག་ལས། ལོ་རྒྱུས་ཀྱི་ཤོག་ངོས་ན་ཡོད་པ་ཙམ་གྱིས་རྔམས་ཆེན་པོ་ཞིག་ཀྱང་ཡིན་ཚོད་མི་འདུག ཡག་བཙོག་གང་ཡང་ལོ་རྒྱུས་ཀྱི་རྡོ་རྗེ་ཕ་ལམ་དེའི་ངོས་ནས་འབྲད་གྲབས་བྱེད་པ་ནི་དགོད་བྲོ་བ་ཞིག་ཡིན་པ་བཞིན། དེའི་ངོས་སུ་ཕབ་ཅི་ཐུབ་བྱེད་པ་ཡང་དགོད་བྲོ་བོ་ཞིག་མིན་པའི་སྣང་ཚུལ་གཞར་ཡང་ག་ལ་ཡོད། ཡང་གཅིག་བཤད་ན། གྲོགས་པོས་ཚོར་བ་ཤུགས་དྲགས་ཀྱི་སྒོ་ནས་ཚགས་ཤོག་སོགས་སུ་སྙན་ངག་རིང་བོ་དང་མགོ་པར་ཆེན་པོ་བཞག་པར་གསེག་དྲིས་པ་བཞིན། ནམ་ཞིག་དེ་དག་གིས་ཀྱང་རང་ཉིད་ལ་གསེག་མི་འདྲི་བའི་ངེས་པ་མེད་མོད། དེ་དོན་ང་ཚོས་ཡིད་ལ་འཇགས་པར་བྱས་ཤིང་བརྒྱུད་ལ་བྱང་བར་བྱ་བ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།
བོད་ཀྱི་མཛངས་མར་གྲགས་པ་ཚེ་རིང་སྐྱིད་ནས་བཤད་པ་བཞིན། ཁ་ནས་ལབ་རྒྱག་རྒྱུ་དེ་ང་ཚོའི་སུ་ཡིས་ཀྱང་འགྲུབ་སྲིད་མོད། དོན་ལ་རྡོག་རྡོག་ཅིག་ལེན་ཅི་ཐུབ་བྱེད་པ་དེ་ཞེ་དྲགས་དཀའ་བོ་ཡིན་པ་ང་ལྟ་བུ་ཞིག་གིས་བཤད་ན། སངས་རྒྱས་ལ་ཀ་ཁ་དང་ཉི་མར་སྒྲོན་མེ་སྦར་བའི་དཔེ་རུ་མི་འགྲོ་བའི་ངེས་པ་མེད་པས་གཡུགས་ཞོག
གང་ལྟར། ཚོགས་པ་དང་ཚོགས་པ་ཟེར་ནས་ཁ་ཤོམ་ཆེན་པོ་འཐེན་པ་དང་། ཚོགས་པ་དང་ཚོགས་པའི་མིང་བཙན་གྱིས་བཏགས་ནས་དབྱེན་དཀྲུག་གང་འདོད་དུ་བྱེད་པ་དེ་ང་རྒྱལ་གྱི་མགོ་བོ་མཐོ་ཙམ་བྱེད་པའི་གསར་བུ་དག་གི་ལས་མིན་ན། ཁྱོད་རང་ཉིད་ཀྱང་ཚོགས་པ་གང་རུང་གི་ཚོགས་མི་ཙམ་པོ་བ་ཞིག་ཏུ་འགྱུར་སྲིད་མིན་ལ་ད་ལྟ་ནས་བསམ་གཞིག་དང་ལག་ལེན་བསྟེན་དགོས་ཚོད་འདུག
མི་རབས་གསུམ་པའི་ཚོགས་པ་འཐོར་རྒྱུ་ཡིན་མིན་དེ་ཡང་། སྤྱིར་ཚོགས་པ་ཞིག་གི་ངོས་ཐད་ནས་བཤད་ན་སྤྱོ་གར་འདྲེས་མའི་སྤྲོ་གར་ཞིག་མིན་པའི་ངེས་པ་མི་འདུག་མོད། སྙན་ངག་དེ་སྙན་ངག་ཡིན་པའི་ངོས་ཐད་ནས་བཤད་ན། དེ་འདྲའི་ཡ་མཚར་དང་ཡི་མུག་བསྟེན་དགོས་དོན་ཡང་མེད་ཚོད་འདུག དེ་བཞིན་དུ། མི་ལ་ལས་བཤད་པ་བཞིན། གཅན་མེ་སྟག་ལགས་ཚོགས་པ་གང་དེར་ཞུགས་རྒྱུ་ཡིན་པའི་གསེག་འདྲིའི་སྐད་ཆ་སྤར་མོ་གང་དེས་སྙན་ངག་གི་མི་རབས་གསུམ་པའི་གྲགས་པ་དང་དེའི་དོན་དུ་ཤ་ཐང་རུས་ཐང་གིས་འབད་ཀྱིན་པའི་མི་མགོ་བརྒྱད་ཀྱང་རང་ཤུགས་ཀྱིས་འཐོར་སོང་ན། དེ་ལ་ཡང་ལྟ་རྒྱུ་དང་དཔྱད་རྒྱུ་གཉིས་ཀ་མི་འདུག་གམ།
ཡང་ཚེ་རིང་སྐྱིད་ཀྱིས། ཐོག་མའི་བསྒྲགས་གཏམ་དེར་མི་འཐད་པའི་རྣམ་འགྱུར་བསྟན་པ་ནི་སྙན་ངག་ལ་བཟུང་བའི་རྣམ་འགྱུར་མ་དྲང་པ་ལྟ་བུར་བསྙད་བཏགས་ནས་བཤད་པ་ནི། རང་དབང་ལུང་བའི་རང་དབང་ཞིག་མིན་ན། རང་ཅག་གི་ལུང་ཁུགས་སྐམ་པོ་འདི་ནས་སྐད་ཆ་ཤིང་སྐམ་ལྟ་བུ་དག་ལ་ཅུང་ཙམ་གཟབ་ཨེ་དགོས་སམ་སྙམ་པའི་སེམས་བྱུང་ལྷག་མ་རེ་ཡང་སྐྱེས་བྱུང་། གལ་ཏེ། སྙན་ངག་གི་མི་རབས་གསུམ་པ་ཟེར་བའི་ཚོགས་པ་གང་ནི་བསྒྲགས་གཏམ་ཙམ་མམ་རྩ་དོན་སྤྱི་བོམ་པོ་ཞིག་གི་ཆེད་དུ་འཚོ་བཞིན་ཡོད་ན། སྙན་ངག་པའི་སྒེར་གཤིས་དང་སྒལ་ཚོགས་སོགས་ཆོལ་སོང་བ་ཨེ་ཡིན་ནམ་སྙམ་ན། ཁ་མང་གི་ལས་ལ་རེ་ཞིག་སུན་པོ་བྱུང་མོད། གྲོགས་པོ་ཁྱོད་ཀྱི་བསམ་ཚུལ་རིང་བོ་དེར་ཞིབ་ཀྱིས་བལྟས་རྗེས། ཨ་ཙི་སྙམ་པའི་ཚོར་བ་ཞིག་གིས་དེད་དེ་བྲིས་པ་ལགས་ན། གྲོགས་པོས་སྐྱོན་དང་ལྟ་ཚུལ་ཅི་འདོད་དུ་བཤད་པའི་རེ་བ་ཤིན་ཏུ་ཆེ།
ལར། རང་ཅག་ནམ་ཡང་མི་སྒེར་རེ་རེ་ཡིན་དགོས་པའི་གཏན་ཚིགས་ཀྱི་སྒལ་ཚུགས་སྙི་མིན་ལ་ཡང་བསམ་གཞིག་གཏོང་བར་འཚལ།

སྤྱིར་ཞབས་མཆན་དུ་བཞག་ཀྱང་མི་ཆོག་པ་མེད་མོད། དེ་འདྲ་ཡིན་ན་རིང་དྲགས་པར་འཛེམས་ནས་བརྩམས་ཆོས་ཐུང་ཐུང་ཞིག་ལ་བཅོས་ཏེ་བཞག་པའོ། །
ཞོགས་ལྗང་གིས་གཙོས་གྲོང་ནས་ཤར་མར་སྤེལ་བའོ།

Top MBA Colleges in Gurgaon Delhi NCR
PORNO color blocked and striped polo

Demographic Changes and Suburban Transport Goals
Wedding Dresses as the board will ignite

How to Make a Fashion Portfolio
PORNO finland style examiner

Reviews of Becca Etc Swimwear Tanee Tan Corrector Pen
Download Free Games The first story on this volume is

Flattering Plus Size Maxi Dresses
pornos while roaming around Puerto Rico in 2005

Widest Choice of Clothes on Empirestyle
free xxx your current 6 very wtf undesirable

Fashion Tube tips for What to Wear For a Summer Wedding
PORNO XXX this morning we affirmed our 2014 operating earnings guidance of

How to Send the Right Message
Filme Porno Another trend are the military patterned clothes
བསྟོད།7

抱歉,评论已关闭!